Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨོན་གསོལ་དྲང་སྲོང་བདེན་ཚིག་གི་ལྷ་དར་བཀྲ་ཤིས་རྟགས་བརྒྱད།།

Posted on 2017-05-042017-05-05 By ཁ་བརྡ No Comments on སྨོན་གསོལ་དྲང་སྲོང་བདེན་ཚིག་གི་ལྷ་དར་བཀྲ་ཤིས་རྟགས་བརྒྱད།།

༄༅།།འཛམ་གླིང་ཞི་བདེའི་ཆོས་རྒྱལ་ཆེན་པོ་༧རྒྱལ་དབང་༧ཀརྨ་པ་༧ཨོ་རྒྱན་མཐའ་ཡས་རྡོ་རྗེའི་འཁྲུངས་སྐར་སྨོན་གསོལ་དྲང་སྲོང་བདེན་ཚིག་གི་ལྷ་དར་བཀྲ་ཤིས་རྟགས་བརྒྱད།།

 

ཨེ་མ་ཧོ།

ན་མོ་མ་ཧཱ་གུ་རུ་བུདྡྷ་ཀརྨ་ས་ཏྭ་ཡེ།།
ཕྱོགས་དུས་རྒྱལ་ཀུན་འདུས་ཞལ་ཨོ་རྒྱན་རྗེ་དང་དབྱེར་མེད་ཀུན་ཏུ་བཟང་།།
མཐའ་ཡས་རྡོ་རྗེ་འཆང་དབང་དུས་གསུམ་མཁྱེན་པའི་བདེ་ཆེན་དཔལ།།
འགྲོ་མགོན་བཀའ་བརྒྱུད་བསྟན་པ་སྤེལ་མཁས་རྒྱལ་བའི་དབང་པོ་ཀརྨ་པ།།
ཕྲིན་ལས་རབ་འབྱམས་ས་གསུམ་ཁྱབ་ནས་འཁོར་བའི་རྒྱ་མཚོ་དོང་སྤྲུགས་མཛོད།།

༼༡༽
འཛམ་གླིང་ཡོངས་སུ་ཆོས་འཁོར་བསྐོར་བའི་ཆོས་རྒྱལ་ཆེན་པོ་རྟ་བདུན་དབང་།།
འོད་སྣང་ཞི་བདེ་མངོན་པར་འགྱེད་པའི་དམ་ཆོས་སྟོན་མཛད་མཚན་མོའི་མགོན།།
གངས་ལྗོངས་ལྷ་སའི་མཐིལ་ནས་འཁྲུངས་པའི་འ྄ཁྲུལ་མེད་རྒྱལ་དབང་ཀརྨ་པ།།
ཀུན་གཟིགས་ཞྭ་དམར་དགོངས་དོན་ཇི་བཞིན་ཆོས་རྒྱལ་པདྨ་དཀར་པོ་རྒྱལ།།
༼༢༽
མི་ཕམ་རྒྱ་མཚོའི་ལྷ་སྲས་གཞོན་ནུ་མ་སྨད་གསར་བའི་ལང་ཚོ་ཅན།།
གྲུ་འཛིན་བདག་པོས་དམ་བཅའ་མ་འདོར་ཁ་བའི་ལྗོངས་སུ་སྤྲུལ་པའི་སྐུ།།
ཆོས་རྒྱལ་ཆེན་པོ་རྡོ་རྗེ་འཆང་དབང་བསྒྲུབ་བརྒྱུད་བསྟན་པའི་བཤད་སྒྲུབ་དཔལ།།
ཆོས་བཞིན་སྤྱོད་པའི་འཇམ་དཔལ་དཔའ་བོ་ཞིང་འདིར་བྱོན་པའི་རྒྱལ་མཚན་རྒྱལ།།
༼༣༽
ཀླ་ཀློའི་དཔུང་དང་གཡོ་ཟོལ་གླང་ཆེན་སྨྱོན་པའི་གཏུམ་དྲག་འཇོམས་ལ་མཁས།།
ལས་འབྲས་བདེན་པའི་གདུགས་དཀར་འོག་ནས་འཛམ་གླིང་ཆོས་ལ་བཀོད་པའི་དཔལ།།
བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པའི་རྒྱལ་སྲས་ཡིད་བཞིན་ནོར་བུ་ཉིད།།
སྐུ་ཚེ་བརྟན་ཅིང་བཞེད་དོན་ལྷུན་འགྲུབ་ཆོས་དུང་ནོར་བུ་གཡས་འཁྱིལ་གྲགས།།
༼༤༽
དམར་ཕྱོགས་བདུད་སྡེའི་དངུལ་ལ་མ་ཆགས་བཀའ་བརྒྱུད་གོང་མའི་རྒྱལ་སར་བཤེགས།།
འགྲིགས་འཛུགས་ལྷ་འདྲེའི་གཡུལ་ལ་མ་ཞུགས་རང་ཚུགས་ཟིན་པའི་རྒྱལ་བའི་སྲས།།
མི་རིགས་སེམས་ཅན་ཁྱད་པར་མ་བལྟས་སྙིང་བརྩེ་ལྡན་པའི་མ་མ་དངོས།།
མདོ་སྔགས་ཆོས་ལ་ཕྱོགས་རིས་མ་བྱས་ཀུན་འདུས་བུམ་པ་བཟང་པོ་རྒྱལ།།
༼༥༽
སྒྲོ་བཀུར་གཡོ་འཕྲུལ་དུག་ཆུས་མ་གོས་མཁྱེན་བརྩེའི་སྤྱན་ཟུང་འོད་དུ་གསལ།།
འཁོར་འདས་གཉིས་ལ་ཆགས་ཐོག་བྲལ་བས་ཐབས་ཤེས་གཤོག་ཟུང་བདེ་མྱུར་ངང་།།
ཕན་བདེའི་ཆོས་སྦྱིན་འགྲོ་ལ་སྟོན་པའི་སངས་རྒྱས་མཛད་པའི་ཕྲིན་ལས་ཅན།།
འཛམ་གླིང་རྒྱ་མཚོར་རླབས་ཀྱིས་བསྐྱོད་པའི་ཚོགས་གཉིས་གསེར་ཉ་རིན་ཆེན་རྒྱལ།།
༼༦༽
སྐྱབས་གནས་དམ་པ་འགྲོ་འདུལ་རྒྱལ་བ་མི་དབང་ཆེན་པོ་ལྷ་ཡི་རིགས།།
དོན་ཀུན་གྲུབ་པའི་ཤཱཀྱའི་རྒྱལ་བཞིན་དམ་ཆོས་བསྟན་པ་སྤེལ་བའི་མགོན།།
ཉམས་ཐག་ཡོངས་ལ་བུ་བཞིན་བྱམས་པའི་ངེས་དོན་སེམས་དཔའ་ཆེན་པོ་ཉིད།།
ཐོས་བསམ་སྒོམ་པར་བྱང་ཆུབ་ཐོབ་པའི་ཐེག་གསུམ་ཆོས་འཁོར་རིན་ཆེན་རྒྱལ།།
༼༧༽
ཤར་ནུབ་འཛམ་གླིང་དམ་ཆོས་གསུང་གི་སྦྲང་ཆར་བསྙིལ་བའི་གཡུ་འབྲུག་གྲགས།།
དད་བརྩོན་སྙིང་བརྩེ་ཤེས་རབ་ལྡན་པ་ཕྱག་རྒྱའི་ཟློས་གར་ཁྱུང་ཆེན་རྩེད།།
བསྟན་སྲིད་སྟག་སེང་རྩལ་དྲུག་མ་ཉམས་རླུང་རྟ་ཀུན་གསལ་དབྱིངས་དང་མཉམ།།
མཁྱེན་བརྩེ་ནུས་པའི་མཐུ་སྟོབས་མངོན་པའི་གཡུང་དྲུང་དཔལ་བེའུའི་རྣམ་པར་རྒྱལ།།
༼༨༽
ཨོ་རྒྱན་རིག་འཛིན་བརྒྱུད་པ་ཀུན་འདུས་སྙིགས་དུས་འདྲེན་པའི་དེད་དཔོན་མཆོག།
མཐའ་ཡས་འགྲོ་བའི་མོས་བློ་དང་མཚུངས་གང་འདུལ་མཛད་པའི་྄ཕྲིན་ལས་གར།།
རྡོ་རྗེ་འཆང་ཆེན་སྒྱུ་འཕྲུལ་རྣམ་རོལ་བཅུ་བདུན་༧རྒྱལ་དབང་༧ཀརྨ་པ།།
མདོ་སྔགསབསྟན་པའི་ཆོས་རྒྱལ་ཆེན་པོ་ཆོས་བདུན་ངོ་བོར་བཞུགས་གསོལ་འདེབས།།
ཞེས་པ་འདི་ཡང་རབ་གནས་མེ་བྱའི་དུས་ཟླའི་གཟའ་ཚེས་དགེ་བར་ཡར་ངོས་ཚེས་པ་བཅུ་ལ་༧རྒྱལ་དབང་ཀརྨ་པའི་འཁྲུངས་སྐར་ལ་འགྲོ་མགོན་བཀའ་བརྒྱུད་པའི་བླ་མ་གཞན་ཕན་མཐའ་ཡས་སོགས་ཀྱིས་གསུང་སྐུལ་ངོར་༢༠༡༧ ཟླ་༥ ཚེས་༦ ཉིན་ཕྱི་ནང་གྲུབ་མཐའ་རྒྱ་མཚོར་མངོན་པར་ཤེས་ཤིང་ལྷག་བསམ་བདེན་པའི་ལམ་སྟོན་ལ་རང་བྱན་ཆུབ་པའི་མཁན་ཆེན་བླ་མ་འམ་རིག་བྱེད་པའི་བཏགས་མིང་ཤྲཱིཿ་ཨེ་མ་ཧོས་གང་ཤར་དུ་དབྱིན་ཡུལ་ཨ་ཏིའི་དགོན་པ་འམ་ཨེ་ཝ་ྃརྫོགས་ཆེན་དུས་འཁོར་འོད་གསལ་ཆོས་གླིང་གི་རི་ཁྲོད་ནས་བྲིས་པར་དགེའོ།།
ཤྲཱིཿསརྦ་ལོ་ཀ་བི་ཛ་ཡནྟུ།།

སྙན་ངག

Post navigation

Previous Post: ཆོས་པ་དང་། ཆོས་ལུགས།
Next Post: ཉིས་སྟོང་བཅུ་བཞི་ཤིང་རྟ་ལོར་རྒྱ་གར་དབུས་དང་བྱང་ཤར་དུ་བསྐྱོད་པའི་ཟིན་ཐོ། (༣)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme