Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨིན་གླིང་མཁན་ཆེན་ལ་གཟེངས་རྟཊ།

Posted on 2010-12-09 By དབང་ཕྱུག་ 27 Comments on སྨིན་གླིང་མཁན་ཆེན་ལ་གཟེངས་རྟཊ།

minling
ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་རྒྱ་གར་རྒྱལ་སྤྱིའི་མཛའ་འབྲེལ་མཐུན་ཚོགས་ཀྱིས། ཚོགས་པ་དེའི་འདི་ལོའི་སྤྱི་ཚོགས་ཞབས་ཞུའི་ལས་དོན་གཟེངས་ཐོན་བྱ་དགའ་བྷ་རི་ཊ་ཇོ་ཊེ་ Bharat Jyoti Award ཞེས་པ་དེ། བོད་ཀྱི་སྨིན་གྲོལ་གླིང་སྔ་འགྱུར་རྙིང་མ་དགོན་གྱི་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་ལ་ཕུལ་ཡོད་ཅིང་། དེ་ནི་རིན་པོ་ཆེ་མཆོག་གིས་ལོ་མང་རིང་རྒྱ་གར་གྱི་སྤྱི་ཚོགས་ཞབས་ཞུའི་ལས་རིགས་ཐོག་ཕྱག་ལས་རླབས་ཆེན་གནང་བར་ངོས་འཛིན་གྱིས་ཆེ་བསྟོད་བྱས་པ་ཞིག་ཡིན་འདུག
གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྟེང་། རྒྱ་གར་ལྷོ་ཕྱོགས་ཊ་མེལ་ཎ་ཌོ་ Tamil nadu མངའ་སྡེའི་སྲིད་སྐྱོང་མཆོག་དང་དེ་མིན་ཚོགས་པ་གཞན་གྱི་གནད་ཡོད་མི་སྣ་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་འདུག་ལ། ཚོགས་ཐོག་ཏུ་རིན་པོ་ཆེ་མཆོག་གིས། གཟེངས་རྟགས་དེ་ནི་ང་རང་ཁོ་ན་ཙམ་མིན་པར་ཕྱག་རོགས་ཚོའི་མཉམ་རུབ་ལས་བྱུང་བའི་གྲུབ་འབྲས་ཞིག་ཡིན་ཞེས་དང་། རྒྱ་གར་དང་མི་རིགས་སུ་ཡིན་རུང་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཐད་ངེས་པར་དུ་རྡོག་རྩ་གཅིག་སྒྲིལ་བྱ་དགོས་ཞེས་འབོད་སྐུལ་ཡང་ཞུས་ཡོད་འདུག གཟེངས་རྟགས་འདི་དེ་སྔ་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཡེ་ཤུའི་བཙུན་མ་མཱ་ཌི་ཊི་རེ་སི་མཆོག་དང་། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག དེ་བཞིན་བོད་ཀྱི་བླ་ཆེན་འབྲུག་ཆེན་རིན་པོ་ཆེ་མཆོག་བཅས་ལ་ཕུལ་མྱོང་ཡོད་འདུག

༼བོད་ཀྱི་དུས་བབ་དྲ་ཚིགས་ནས་ཚུར་འདྲེན་བྱས།༽

གསར་འགྱུར།

Post navigation

Previous Post: གཞིས་ཀྱི་སློབ་ཆེན་སློབ་མ་སྐོར་གིས་བཀའ་ཁྲིའི་དོན་ལ་ཕུལ་བའི་སྙན་ཞུ།
Next Post: བརྩེ་དུང་། ཐ་སྙད་འདི་མི་རྣམས་འཆིང་བྱེད་ཡིན།

Comments (27) on “སྨིན་གླིང་མཁན་ཆེན་ལ་གཟེངས་རྟཊ།”

  1. འཇམ་དཔལ་རྣོན་པོ། says:
    2010-12-09 at 5:44 am

    ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་རབས་དགུ་པ་ ༡༠ ངག་དབང་མཁྱེན་རབ་རྒྱ་མཚོ་མཆོག་ལ་གཟེངས་རྟགས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ།

    སྨིང་གླིང་མཁན་རབས་རིན་བྱོན་ནི།
    མཁན་རབས་དང་པོ་། རྒྱལ་སྲས་བསྟན་པའི་ཉི་མ།
    གཉིས་པ། ལོ་ཆེན་དྷརྨ་ཤྲཱི
    གསུམ་པ། ཨོ་རྒྱན་བསྟན་འཛིན་རྡོ་རྗེ།
    བཞི་པ། གསང་སྔགས་བསྟན་འཛིན།
    ལྔ་པ། ཨོ་རྒྱན་ཆོས་འཕེལ།
    དྲུག་པ། རིག་འཛིན་བཟང་པོ།
    བདུན་པ། ཀུན་དཀའ་ཚུལ་ཁྲིམས་རྡོ་རྗེ།
    བརྒྱད་པ། ངག་དབང་མཁྱེན་བརྩེ་ནོར་བུ།
    དགུ་པ་ ངག་དབང་མཁྱེན་རབ་རྒྱ་མཚོ། བཅས་སོ།
    མཁན་རབས་བརྒྱད་པ་ངག་དབང་མཁྱེན་བརྩེ་ནོར་བུ་ནི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་སྨིན་གླིང་མཁན་ཆེན་ལ་ཕྱག་གསུམ་ཤོར་སོང་གསུངས་དེ་ཡིན་པ་རེད།

  2. འཇམ་དཔལ་རྣོན་པོ། says:
    2010-12-09 at 5:50 am

    ཨོ་རྒྱན་སྨིན་གྲོལ་གླིང་གི་མཁན་རབས་དགུ་པ་ 9 ངག་དབང་མཁྱེན་རབ་རྒྱ་མཚོ་མཆོག་ལ་གཟེངས་རྟགས་ཐོབ་པར་བཀྲ་ཤིས་བདེ་ལེགས་ཞུ། བཅུ་པ་༡༠དགུ་པ ༩ ལ་ནོར་བཅོས།

  3. སངས་རྒྱས། says:
    2010-12-09 at 8:59 am

    མཁན་ཆེན་རིན་པོ་ཆེས་གཟེངས་རྟགས་ཞེས་པར་བཀྲ་ཤིས་བདེ་ལེགས་འབུམ་ཡོད།།

  4. བློ་གྲོས་མཐའ་ཡས། says:
    2010-12-09 at 9:10 am

    བོད་པའི་བླ་མ་ཚོ་ལ་རྒྱབ་ཁབ་གཞན་གྱི་གཟེངས་རྟགས་མང་པོ་ཐོབ་བཞིན་པ་དེ་དོན་ཡག་པོ་ཞིག་རེད།    བཀྲ་ཤིས་བདེ་ལེགས་ཡོད།    ༧སྐྱབས་མགོན་ཡིད་བཞིན་ནོར་བུས་དབུ་བྱས།    དེ་རྗེས་གཞིས་ནང་ལོ་ཞིག་ལ་ཨ་རི་ནས་ས་སྐྱའི་བླ་མ་ཞིག་ལ་གཟེངས་རྟགས་ཤིག་ཐོབ་བྱུང་ང་།    དེ་ནས་སྐྱབས་རྗེ་པད་ནོར་རིན་པོ་ཆེ་དང་།     ད་ལོ་འབྲུག་ཆེན་རིན་པོ་ཆེ་དང་།    སྨིན་གླིང་མཁན་ཆེན་མཆོག་བཅས་ལ་གཟེངས་རྟགས་ཐོབ་པ་རེད།    ངོ་མ་ཡག་གི   ད་དུང་བོད་པའི་བླ་མའི་ནང་ན་གཟེངས་རྟགས་ཐོབ་མཁན་མང་པོ་བྱུང་ན་བོད་པའི་མིག་ལྟོས་ལ་ཕན་གྱི་རེད།

  5. དམག་ལོག་ says:
    2010-12-09 at 10:14 am

    ནེའུ་ཡོག་དང་ནེའུ་ལྗ་སེ་བོད་རིགས་སྤྱི་མཐུན་ཚོགས་པའི་མི་མང་གི་ལག་ནས་པེ་ཞ་མང་པོ་བསྡུས་ནས་ཚོགས་ཁང་ཉོ་ཡ་རག་མི་འདུག་ཟེར། ཕང་ང་ལ།

  6. ཇ་མ་ says:
    2010-12-09 at 10:26 am

    གཉིས་སྟོང་བཞིའམ་ལྔའི་ལོར་༧རྒྱལ་བ་རིན་པོ་ཆེས་ལུང་བསྟན་ཞིག་གནང་ཡོད་པ་དེའི་སྟེང་ལ་མི་འགྲོ་བར་སྨོན།

  7. ཤ་རུས་གཅིག་པ། says:
    2010-12-09 at 11:07 am

    སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་ལ་རྒྱ་གར་གཞུངས་མང་ཡོངས་ནས་གྲགས་ཆེན་གྱི་གཟིངས་རྟགས་དེ་དགའ་སྤྲོ་གསུམ་གྱིས་སྒོ་ནས་ཕུལ་བ་དེ་དངོས་གནས་སྐལ་བ་བཟངཔོ་རེད་ལ་ཉམས་ཐག་ལ་རོགས་རམ་གནང་རྒྱུ་དེ་ང་ཚོ་ནང་སངས་རྒྱས་པའི་དོར་དུ་པའི་ལས་འགན་ཆེན་པོ་ཞིག་པའི་བརྡ་ལན་ཞིག་སྤྲད་འདུག་བསམ།

  8. དོལ་སྨྱོན། says:
    2010-12-09 at 11:14 am

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།

  9. བྱང་ཐང་གཡག་རྒོད། says:
    2010-12-09 at 11:47 am

    མཁན་རིན་པོ་ཆེ་ལ་གཟིངས་རྟགས་ཐུབ་པ་བཅོས་མིན་གྱི་བཀྲ་ཤེས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།

  10. འཇམ་དཔལ་རྣོན་པོ། says:
    2010-12-09 at 12:13 pm

    སྨིན་གླིང་ཁྲི་རབས་རིམ་བྱོན།
    ཁྲི་རབས་དང་པོ། ཨོ་རྒྱན་གཏེར་བདག་གླིང་པ་རིག་འཛིན་འགྱུར་མེད་རྡོ་རྗེ།
    ཁྲི་རབས་གཉིས་པ། པདྨ་འགྱུར་མེད་རྒྱ་མཚོ། ༼གཏེར་སྲས།༽
    ཁྲི་རབས་གསུམ་པ། རྒྱལ་སྲས་རིན་ཆེན་རྣམ་རྒྱལ། ༼གཏེར་སྲས།༽
    ཁྲི་རབས་བཞི་པ། འགྱུར་མེད་པདྨ་བསྟན་འཛིན།
    ཁྲི་རབས་ལྔ་པ། འགྱུར་མེད་འཕྲིན་ལས་རྣམ་རྒྱལ།
    ཁྲི་རབས་དྲུག་པ། འགྱུར་མེད་པདྨ་དབང་རྒྱལ།
    ཁྲི་རབས་བདུན་པ། འགྱུར་མེད་སངས་རྒྱས་ཀུན་དགའ།
    ཁྲི་རབས་བརྒྱད་པ། འགྱུར་མེད་ཡིད་བཞིན་དབང་རྒྱལ།
    ཁྲི་རབས་དགུ་པ། འགྱུར་མེད་བདེ་ཆེན་མཆོག་གྲུབ།
    ཁྲི་རབས་བཅུ་པ། འགྱུར་མེད་དོན་འགྲུང་དབང་རྒྱལ།
    ཁྲི་རབས་བཅུ་གཅིག་པ། འགྱུར་མེད་ཀུན་བཟང་དབང་རྒྱལ། བཅས་སོ།
    དེང་སང་ཡང་ཁྲི་ཆེན་གྱི་གདུང་སྲས་དགྲ་ལྷ་རིན་པོ་ཆེ་ལྷ་སར་ཞལ་བཞུགས་པའོ། །

  11. BONPO says:
    2010-12-09 at 1:42 pm

    འཇམ་དཔལ་རྣོན་པོ་ལགས། ཁྱེད་ཀྱིས་སྨིན་གླིང་ཁྲི་རབས་རིམ་བྱོན་ཞལ་གྲངས་བཅུ་གཉིས་འདིར་བཀོད་འདུག་པས། རྒྱ་གར་རྡེ་ར་རྡུན་དུ་སྐུ་ཞི་བར་གཤེགས་པའི་སྨིན་གླིང་ཁྲི་ཆེན་མཆོག་་ཞལ་གྲངས་བཅུ་གཉིས་འདི་ཡི་ནང་འཁོད་ཡོད་དམ། །

  12. ཀརྡོ་རབ་འབྱམས་པ་ says:
    2010-12-09 at 2:03 pm

    བླ་མའི་བསྟན་པ་རྒྱས་འགྱུར་ཅིག །

  13. ཚངས་དབྱངས། says:
    2010-12-09 at 3:18 pm

    འདིར་ཕེབས་མཁན་ཚོས། མཁན་རིན་པོ་ཆེས། སྤྱི་ཚོགས་ལ་ཞབས་འདེགས་གང་དང་གང་སྒྲུབ་ཡོད་པ་ཞིབ་ཕྲ་ཞིག་འབྲི་ཐུབ་ན་ལེགས། འདིའི་ནང་ནས་ང་ཚོས་ཁོང་གི་བྱས་རྗེས་རྣམས་རྟོགས་ཐུབ། གསར་འགྱུར་འདིའི་ནང་དོན་ཤིན་དུ་བསྡུས་པས་གསལ་པོ་མིན་འདུག

    དཔེ་བཟང་གཅིག་པུ་འཐོབ་པར་ཧ་ལས་ཡག་གང་མིན་འདུག གངས་ཅན་བླ་མ་ཟེར་བ་འདི་ལ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔེ་བཟང་མིང་ཆེན་པོ་ཞིག་འཐོབ་ནས། ཁོ་ག་པར་ཕྱིན་ནའང་དེའི་སྐོར་ལ་ཁྱབ་བསྒྲགས་བྱེད་ཀྱི་འདུག དོན་དངོས་གངས་ཅན་བླ་མ་སྤྱི་ཚོགས་ལ་ཕན་པ་གང་སྒྲུབ་པ་ཁོ་རང་ལ་ཡང་བཤད་ཡག་མིན་འདུག

    ངོ་མ་སྤྱི་ཚོགས་ལ་ཕན་པའི་བྱ་བ་གང་སྒྲུབ་ཡོད་པ་རྣམས་གསལ་བཤད་གནང་ན་ལེགས། དེ་ནས་ང་ཚོས་བློ་གཟུར་གནས་ཐོག་དཔྱད་ཐུབ།

    ཐུགས་རྗེ་ཆེ།

  14. བོན says:
    2010-12-09 at 3:40 pm

    དེ་འདྲ་རེད། ཕན་བདེ་ཞི་བའི་གཟེངས་རྟགས་ཐོབ་པ་ལ་ཡི་རང་དང་བསྔགས་བརྗོད་ཡོད། མཁན་ཆེན་བཞེད་དོན་འགྲུབ་པར་པར་སྨོན་ནོ། །

  15. འཇམ་དཔལ་རྣོན་པོ། says:
    2010-12-09 at 9:52 pm

    དྲ་གྲོགས་Bonpoལགས། རྒྱ་གར་རྡེ་རྡུན་དུ་སྐུ་ཞི་བར་གཤེགསས་པའི་ཁྲི་ཆེན་རིན་པོ་ཆེ་མཆོག་ནི་། ཁྲི་རབས་བཅུ་གཅིག་པ་འགྱུར་མེད་ཀུན་བཟང་དབང་རྒྱལ་རེད་ལགས། ཁྲི་ཆེན་འདི་པ་ཡན་ཆོད་ལ་ཁྲི་རབས་བཅུ་གཅིག་ཏུ་བགྲངས་སྲོལ་འདུག ཁོང་གི་གདུང་སྲས་ད་ལྟ་ལྷ་སར་བཞུགས་པའི་གདུང་སྲས་དགྲ་ལྷ་རིན་ཆེ་མཆོག་དང་། སྲས་མོ་བཅས་བཞུགས་བབཞིན་པ་ལགས་སོ།

  16. ལ་སྟོད་བུ། says:
    2010-12-09 at 10:07 pm

    ས྄ྐ྄ྱབས་ར྄ྗེ་ས྄ྨིན་ག྄ླིང་མཁན་རིན་པོ་ཆེ་མཆོག་ལ་ལེགས་ས྄ྐ྄ྱེས་ཀ྄ྱི་ར྄ྟགས་མ་ཕུལ་པར་དགའ་བསུའི་ཡི་རངས་དང་ར྄ྒ྄ྱ་གར་ག྄ྱི་ཚོགས་ས྄ྡེ་དག་ལའང་ཐུགས་ར྄ྗེ་ཆེ་ཞུ།
    བོད་པའི་ས྄ྤ྄ྱི་ཚོགས་ནང་ནས་བ྄ླ་ཆེན་དང་ས྄ྤ྄ྲུལ་ས྄ྐུ་དགེ་བཤེས་སོགས་ལ་ར྄ྟག་ཏུ་ས྄ྐ྄ྱོན་བར྄ྗོད་ཀ྄ྱིན་ཡོད་མོད་ས྄ྤ྄ྱི་ཚོགས་གཞན་ནས་དེ་དག་ལ་ར྄ྟགས་མ་འད྄ྲ་མིན་ཕུལ་དང་འབུལ་བཞིན་པ་ནི་དེ་བས་ཀ྄ྱང་ལེགས་པའི་མཚན་མ་ཞིག་ཏུ་མཐོང༌།
    མཁན་རིན་པོ་ཆེ་ཁ྄ྱེད་ཀ྄ྱི་གསང་གསུམ་ག྄ྱི་མཛད་འཕ྄ྲིན་གོང་ནས་གོང་དུ་འཕེལ་ཏེ་བས྄ྟན་འག྄ྲོའི་དོན་དུ་ས྄ྐུ་ཚེ་མི་བཤིག་གཡུང་ད྄ྲུང་གི་ཁམས་སུ་ར྄ྟན་པར་ག྄ྱུར་ཅིག

  17. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2010-12-09 at 10:55 pm

    དམག་ལོག་ལགས་ཞུ་བགྱི་ ནེའུ་ཡོག་དང་ནེའུ་རྗེར་སུའི་བོད་རིགས་སྤྱི་འཐུས་ཚོགས་པའི་ ཚོགས་ཁང་ཉོ་མ་ཐུབ་པ་དེ་ ས་གནས་སྤྱི་འཐུས་ཚོགས་པའི་ཚོགས་གཞོན་དཀྱིལ་བྲང་བསོ་ད་ནམ་གིས་བཀག་འགོགས་བྱེད་ནས་ཉོ་མ་ཐུབ་རེད་ ཚོགས་ཁང་དེའི་ནང་དུ་མི་ཁྲི་གཅིག་ཙམ་ཤོང་པ་རེད་ ས་བབས་ཡག་པ་འགྲོ་ལམ་བདེ་བ་གོང་ཚད་རིན་པ་སོགས་ཆེས་ཕུན་སུམ་ཚོགས་པའི་ཁང་པ་ཞིག་ཡིན་ཡང་ སྟབས་མ་ལེགས་ཞིག་ལ་ དཀྱིལ་བྲང་བསོད་ནམ་གིས་ས་འོག་གི་དར་ཐག་དེ་གང་འདྲ་ཡིན་མིན་ལྐོག་གྱུར་རེད་ གལ་སྲིད་ཚོགས་ཁང་དེ་ཉོ་ཐུབ་ན་ང་ཚོ་བོད་མི་རིགས་ལ་ཁེ་ཕན་ཆེ་བ་དང་ ས་གནས་མི་མང་དང་༧་གོང་ས་མཆོག་གིས་དགོངས་གཞི་ཡང་འགྲུབ་པ་རེད་ ཡིན་ཡང་ད་རེས་གིས་གནས་ཚུལ་དེ་ཉེ་སྔོན་རྒྱ་ནག་གཞུང་གིས་ སྤྱི་ལོ་༢༠༡༠ལོའི་ཟླ་དགུ་བའི་ནང་། པེ་ཅིང་གིས་ཀྲུང་གོའི་བོད་ལྗོངས་དྲ་བ་ཟེར་བ་དེར་དོན་ཚན་གཙོ་བོ་དྲུག་འཁོད་པའི་གནས་ཚུལ་ཞིག་སྤེལ་ཡོད་པ་དེ་དང་འགྲེལ་བ་ཡོད་མེད་དེ་དྲ་གྲོགས་ཚང་མིའི་བཏགས་དཔྱད་དང་དགོངས་ཚུལ་གང་ཡོད་གསུངས་རོག

  18. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2010-12-09 at 10:58 pm

    སྨིན་གླིང་མཁན་ཆེན་མཆོག་ལ་བཀྲ་ཤིས་བདེ་ལེགས་གྲང་མེད་ཞུ་བ་དང་ཆབ་གཅིག་ཏུ་ མཆོག་ཉིད་ལ་གཟེངས་རྟགས་ཐོབ་པ་དེ་ཧ་ཅང་གི་དགའ་འོས་པའི་ལས་ཞིག་རེད།།

  19. འཇམ་དཔལ་རྣོན་པོ། says:
    2010-12-10 at 12:07 am

    ལ་སྟོད་བུའི་མཆན་བུ་དེའི་ཡི་གི་ཡག་པོ་མཐོང་གི་མི་འདུག་པས་བསྐྱར་དུ་གཏོང་རོགས།

  20. ཤེས་རབ། says:
    2010-12-10 at 12:13 am

    ཚངས་དབྱངས་ཀྱིས་བཤད་པ་འདི་ལ་རྒྱུ་མཚན་འདུག་མོད། ངེས་པར་དུ་མཁན་རིན་པོ་ཆེས་བྱས་རྗེས་གང་བྱས་པ་འདི་ཤེས་འདོད་འདུག 

  21. འཇམ་དཔལ་རྣོན་པོ། says:
    2010-12-10 at 12:20 am

    ཤེས་རབ་ལགས་ཀྱི་མཆན་བུ་དེའི་ནང་དོན་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་མཐུན་གྱི་མི་འདུག་ལགས།

  22. BONPO says:
    2010-12-10 at 1:33 am

    འཇམ་དཔལ་རྣོན་པོ་ལགས་བཀའ་དྲིན་ཆེ།

  23. དོན་གྲུབ། says:
    2010-12-10 at 2:50 am

    དགའ་བསུ་ཞུ་ཡི་ཡིན།

  24. དབང་འདུས། says:
    2010-12-10 at 7:27 am

    རེད་རེད་དེ་ག་རང་རེད། གཟེངས་རྟགས་ཡག་པོ་རེད། ཆོ་ལོ་ཡག་པོ་རེད། བླ་མ་རྣམས་ཀྱིས་སྤྱི་ཚོགས་ཀྱི་ཕྱག་ལས་གནང་སྟེ་གཟེངས་རྟགས་ལེན་རྒྱུ་དེ་ཕྱོགས་གཅིག་ནས་བལྟས་ནས་བླ་མའི་ལས་འགན་མིན་པ་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་དེ་བྱང་ཆུབ་སེམས་དཔའི་གཞན་ཕན་གྱི་གྲངས་སུ་བགྲང་ཆོག་པར་ཤོག གཟེངས་རྟགས་དང་ཆེ་བརྗོད་ཙམ་གྱིས་ཚིམ་པ་ནི་ང་ཚོའི་མི་རིགས་འདིའི་ཁྱད་ཆོས་རེད། ཁྱད་ཆོས་བླ་ན་མེད་པ་རེད། གཞན་སུ་ལའང་མེད་པའི་ཁྱད་ཆོས་རེད། མི་རིགས་ཤིག་གི་གོམས་གཤིས་སམ། ཡང་ན་ཆོས་ལུགས་ཤིག་གི་བག་ཆགས་ལས་བསྐྲུན་པ་ལོས་ཡིན། གང་ལྟར་བརྟགས་དཔྱད་མ་བྱེད་ལོག་ལྟ་མ་བསྐྱེད་དང་འབྲས་བུ་འགྲུབ་ངེས་ཡིན། གདམས་པ་ལག་བླངས་མའོ།།

  25. གཤིན་རྗེ་ཆོས་རྒྱལ says:
    2010-12-10 at 1:48 pm

    རེད་རེད་ ང་ཚོའི་མི་ཞིག་གི་ཚུལ་མིན་བྱ་སྤྱོད་ཐོག་གཞན་ཞིག་བསད་ནས་ཁོའི་ཕྱོག་བཏོག་ཚོའི་བྱ་དགའ་ཞིག་སྤྲད་ན་དེ་ཚད་ལྡན་དང་ཚུལ་འཐུན་ཡིན་མདོག་མདོག་བྱེད་གི་རེད་ རང་དང་ལྟ་བ་མི་འཐུན་པའམ་གཞན་ཕྱོགས་ནས་སྤྱི་ཚོགས་ནང་ཚད་ལྡན་དང་ཚུལ་མཐུན་གི་ཕྱགས་ལས་གནང་ནས་བྱ་དགའ་ཐོབ་ན་ཡང་ད་དུང་མ་ཡིན་འདོག་འདོག་བཤད་པ་དེ་བོད་པའི་ཆོས་ཉིད་རེད

  26. ལ་སྟོད་བུ། says:
    2010-12-11 at 10:39 am

    འཇམ་དཔལ་རྣོན་པོ་ལགས་ཁ་སྔོན་ངས་འདི་ཡི་སྐོར་ལ་བྲིས་པ་དེར་དྲྭ་རྒྱའི་ཡིག་གཟུགས་གཞན་ཞིག་བེད་སྤྱོད་ཀྱིས་ཡིག་གེ་གསལ་པོར་མ་བྱུང་བར་བརྟེན་ཁྱེད་ནས་དེ་སླར་ཡང་གཏོང་རོགས་གསུངས་པར་འདིར་སླར་ཡང་ཇི་བཞིན་བཀོད་ཡོད་པས་གཟགས་པའི་རེ་བ་ཡོད།

    སྐྱབས་རྗེ་སྨིན་གླིང་མཁན་རིན་པོ་ཆེ་མཆོག་ལ་ལེགས་སྐྱེས་ཀྱི་རྟགས་མ་ཕུལ་བར་དགའ་བསུའི་ཡི་རངས་དང་རྒྱ་གར་གྱི་ཚོགས་སྡེ་དག་ལའང་ཐུགས་རྗེ་ཆེ་ཞུ།
    བོད་པའི་སྤྱི་ཚོགས་ཀྱི་ནང་ནས་བླ་ཆེན་དང་སྤྲུལ་སྐུ་དགེ་བཤེས་སོགས་ལ་རྟག་ཏུ་སྐྱོན་བརྗོད་ཀྱིན་ཡོད་མོད་སྤྱི་ཚོགས་གཞན་ནས་དེ་དག་ལ་རྟགས་མ་འདྲ་མིན་ཕུལ་དང་འབུལ་བཞིན་པ་ནི་དེ་བས་ཀྱང་ལེགས་པའི་མཚན་མ་ཞིག་ཏུ་མཐོང།
    མཁན་རིན་པོ་ཆེ་ཁྱེད་ཀྱིས་གསང་གསུམ་གྱི་མཛད་འཕྲིན་གོང་ནས་གོང་དུ་འཕེལ་ཏེ་བསྟན་འགྲོའི་དོན་དུ་སྐུ་ཚེ་མི་ཤིག་གཡུང་དྲུང་གི་ཁམས་སུ་བརྟན་པར་གྱུར་ཅིག

  27. དབང་འདུས། says:
    2010-12-11 at 2:22 pm

    ༄།། གཟེངས་རྟགས་འདི་སྨིན་གླིང་དགོན་པ་སྤྱིས་སྤྱི་ཚོགས་ཞབས་ཞུ་ལ་དམིགས་ནས་ཕུལ་བ་རེད་དམ། ཡང་ན་དམིགས་བསལ་མཁན་རིན་པོ་ཆེ་མཆོག་གིས་སྤྱི་ཚོགས་ཞབས་ཞུ་གནང་བ་ལ་ཕུལ་བ་རེད། ཁོང་གི་ཕྱག་ལས་གཙོ་བོ་གང་གནང་ཡོད་མེད་སྐོར་དྲྭ་ཐོག་ཏུ་འགོད་ཐུབ་ན་ལེགས་པར་སེམས། བོད་རིགས་མང་པོ་ཞིག་གི་སེམས་ནང་ལ་བླ་མ་དང་གྲྭ་པས་སྤྱི་ཚོགས་ལ་ཕན་ཐོགས་བཞིན་ཡོད་པར་མི་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme