Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨན་རྫས་སྒ་སེར་རམ་ཡུང་བའི་ཕན་ཡོན་ཕྱོགས་བསྡུས།

Posted on 2022-05-132022-05-14 By འཚོ་བྱེད་བུ 1 Comment on སྨན་རྫས་སྒ་སེར་རམ་ཡུང་བའི་ཕན་ཡོན་ཕྱོགས་བསྡུས།

སྨན་རམས་པ་བསྟན་འཛིན་མཐའ་ཡས།

དང་པོ། བོད་ཀྱི་གསོ་བ་རིག་པ་ལས།
རོ། 
ཚ་ལ་ཁ་བ། ཞུ་རྗེས། བསིལ་བ། 
ནུས་པ། 
རྒྱུད་བཞི་ལས། ཡུང་བས་དུག་སེལ་རུལ་གཅོད་གཉན་ནད་འཇོམས། །ཞེས་གསུངས་པ་བཞིན་ལུས་ཀྱི་ཟུངས་ཁྲག་གསོ་ཞིང་གཙང་མ་བཟོ་བ་དང་། གཅིན་སྙིའི་ནད། ཁ་ཟས་མ་འཕྲོད་པ་དང་སྨན་རྫས་སོགས་ཀྱི་དུག་བཅས་ལ་ཕན་ཞིང་། པགས་པའི་ཟ་འཕྲུག་དང་། རྨ་གསོ། རྨ་རྙིང་གི་རུལ་མྱག་གཅོད་པ། གཉན་འཇོམས་ཀྱི་ནུས་པ་ཆེ་བས་སོ་རྙིལ་དང་། ཕོ་ནད། གཞང་འབྲུམ། དྲེག་གྲུམ་རུས་ཚིགས་

སོགས་ཀྱི་གཉན་ཁའི་རིགས་ཐམས་ཅད་འཇོམས་པར་བྱེད། མཆིན་ནུས་གསོ་ལ་མཁྲིས་ཁུ་རྒྱུ་བར་བྱེད།  ཁྱད་པར་ཕོ་བའི་རྨ་རྙིང་དང་། འབྲས་སྐྲན་གྱི་རྨ་རྙིང་པར་གྱུར་བའི་རུལ་མྱག་གཅོད། མདོར་ན་མིའི་ལུས་ཀྱི་ནད་འགོག་མ་ལག་གི་བྱེད་ནུས་སྐྱེད་ཅིང་ནད་རིགས་མང་པོ་སྔོན་འགོག་བྱེད་པར་ཕན་ཐོགས་ཆེན་པོ་ཡོད་པས་རྒྱུན་དུ་ཚད་རན་པོ་བསྟེན་ཏེ་ལུས་ཀྱི་བདེ་ཐང་གོང་འཕེལ་དུ་གཏོང་དགོས།
གཉིས་པ། ཀྲུང་ལུགས་སྨན་གཞུང་ལས།

རོ། ཚ་ལ་ཁ་བ། རང་བཞིན། དྲོ་བ།
ནུས་པ། ཁྲག་འཇུ་ལ་རླུང་རྒྱུ་བར་བྱེད། རྩ་ལམ་འབྱེད་ཅིང་ན་ཟུག་གཅོག ཁྱད་པར་རྩིབ་ལོགས་ཀྱི་ཟུག་གཟེར་དང་། བྲང་ཁོག་ཁེངས་པ། སྙིང་གཟེར་རྒྱག་པ། ཟླ་མཚན་འགག་པ། ཟླ་མཚན་སྐབས་ན་ཟུག་བྱེད་པ། མངལ་སྐྲན། གྲང་རླུང་གིས་ཚིགས་གཞི་ན་བ། རྡབ་སྐྱོན་གྱི་སྐྲངས་ཟུག་སོགས་ལ་ཕན་པ་དང་། མཆིན་པ་གསོ་ལ་མཁྲིས་ཁུ་རྒྱུ་བར་བྱེད།   
གསུམ་པ། རྒྱ་གར་ཚེ་ཡི་རིག་བྱེད་ལས།
རོ།
ཁ་ལ་བསྐ་བ། རང་བཞིན། ཡང་བ་དང་སྐམ་པ། ནུས་པ། དྲོ་བ།བཏུང་ན་རླུང་མཁྲིས་བད་ཀན་གསུམ་སྙོམས་པར་བྱེད། ཟུངས་ཁྲག་གསོ་བ་དང་། ཁྲག་གཙང་མ་བཟོ་བ། ཁྲག་ཞག་གཅོག གཅིན་སྙི་དང་། དུག་ནད། ཕོ་བ་དང་གཅིན་ལམ་སོགས་ཀྱི་གཉན་ཁ་ཐམས་ཅད་གཅོག ན་ཟུག་སེལ། ཕོ་བའི་མེ་དྲོད་དང་འཇུ་སྟོབས་སྐྱེད། བཤང་འགག་དང་། བརྗེད་ངས་ཆེ་བ། སེམས་ངལ། པགས་ནད་ཟ་འཕྲུག་སོགས་སེལ་ལ་པགས་མདངས་གསོ། རྨ་ཁ་གསོ། ཕོ་བ་རྒྱུ་ལོང་གི་རྨ་རྙིང་གསོ། ནད་དུག་དང་སྲིན་ནད་སེལ། མཆིན་ནད། དྲེག་གྲུམ་གྱི་ནད་བཅས་སེལ་བ། ན་ཟུག་རིགས་གཅོག་ལ་ལུས་ཤ་སྐེམ་པར་བྱེད། ལུས་ལ་བྱུག་ན་འབུ་སྲིན་གྱིས་སོ་རྒྱབ་པ་དང་། སྐྲངས་པ་ཞི་བར་བྱེད། ཁྱད་པར་པགས་འབྲས་དང་ནུ་འབྲས་སོགས་མང་པོར་ཕན་ཞིང་། མིའི་ལུས་ཀྱི་ནད་འགོག་མ་ལག་གི་བྱེད་ནུས་སྐྱེད་པས་རྒྱུན་དུ་ཚད་རན་པར་བསྟེན་ན་ནད་རིགས་མང་པོ་སྔོན་འགོག་བྱེད་པར་ཕན་ཆེ་བ་ཡིན།
ཐུན་ཚད་མང་དྲགས་ན།རླུང་དང་མཁྲིས་པ་འཕེལ་བར་བྱེད།
བཞི་པ། དེང་དུས་ཚན་རིག་པས་ཞིབ་འཇུག་བྱས་པར།

ཁྲུར་མེ་རིག་(Turmeric)གམ་སྒ་སེར་ནང་དུ་ཀུར་ཁུ་མིན་(Curcumin)ཞེས་པའི་རྫས་ཡོད་པས། གཉན་ཁའི་རིགས་གཅོག་པ་དང་། འཇུ་བྱེད་མ་ལག་གི་ནུས་པ་སྐྱེད་པ། ཁྲག་ཞག་གཅོག་ལ་ཁྲག་གི་འཁོར་སྐྱོད་ཇེ་ལེགས་སུ་གཏོང་བས་དོན་ལྔའི་ཆ་ཤས་སྙིང་སྲུང་སྐྱོབ་བྱེད་ཅིང་། མཆིན་པའི་ནུས་པ་གསོ་བ། ཟ་འཕྲུག་སེལ་ཞིང་པགས་པ་གསོ་བ། རྒས་ཁ་སྲ་བ། སེམས་ངལ་སེལ་ཞིང་གཅིན་སྙི་དང་རྨ་གསོ་བ། དྲེག་གྲུམ་རུས་ཚིགས་ཀྱི་ན་ཟུག་གཅོག་པ།  ཀླད་པའི་བྱེད་ལས་ཇེ་ལེགས་སུ་གཏོང་བས་དྲན་ཤེས་བརྟན་པར་བྱེད། འབུ་སྲིན་གྱིས་སོ་རྒྱབ་པ་དང་ནད་འབུ་དང་ནད་དུག་འགོག་སྲུང་བྱེད། ལུས་སྐེམ་པར་བྱེད། འབྲས་སྐྲན་རིགས་མང་པོ་གསོ་བཅོས་དང་སྔོན་འགོག་བྱེད་པར་ཕན། མདོར་ན་མིའི་ལུས་ཀྱི་ནད་འགོག་མ་ལག་གི་ནུས་པ་གསོ་བས་ནད་རིགས་མང་པོ་སྔོན་འགོག་བྱེད་ཐུབ།
བེད་སྤྱོད་བྱ་ཚུལ།
༡། སྒ་སེར་གྱི་ཕྱེ་མ་གྷ་རམ་ ༠་༥ ནས་གྷ་རམ་ ༣ བར་སྔ་དགོང་གང་རུང་ལ་ཆུ་ཁོལ་དང་འོ་མ་སྐོལ་བ་གང་རུང་ནང་ནང་བླུགས་ནས་འཐུང་དགོས། ཡང་ན། རྒྱུན་དུ་ཁ་ཟས་གཡོ་སྦྱོར་གྱི་སྐབས་སུ་སྨན་སྣ་དང་མཉམ་དུ་འདེབས་དགོས།
༢། འོ་མ་ཕོར་བ་གཉིས་ནང་སྒ་སེར་ཕྱེ་མ་ཇ་ཐུར་གཅིག་དང་། བཅའ་སྒའི་ཕྱེ་མ་ཇ་ཐུར་གཅིག་བཅས་སྐོལ་རྗེས། དྲོ་འཇམ་ཆགས་སྐབས་སུ་སྦྲང་རྩི་ཐུར་མ་གང་བླུགས་ནས་འཐུང་བ་དང་། དགོང་མོ་ཡིན་ན་ཛ་ཏི་དང་། ཤིང་ཚ། སུག་སྨེལ་བཅས་ཀྱི་ཕྱེ་མ་ཉུང་ཙམ་རེ་དང་། དེའི་ནང་དུ་དགོས་ན་ཞུན་མར་ཐུར་མ་ ༢ བླུགས་ནས་འཐུང་ན་གཉིད་ཁུག་པར་ཕན། 
༣། སྒ་སེར་ཆ་གཅིག་ལ་སྦྲང་རྩི་ཆ་གསུམ་མཉམ་བསྲེས་ཀྱིས་འཐུང་ན་གྲང་བ་སེལ་ལ་ནད་འགོག་མ་ལག་གི་ནུས་པ་སྐྱེད་པར་བྱེད།
༣། སྔོ་ཚལ་གྱི་ཁུ་བའི་ནང་སྒ་སེར་ཕྱེ་མ་ཇ་ཐུར་གང་དང་བྱི་རུག་པའི་ལོ་མ་འགའ་བཅས་བསྣན་ཏེ་འཐུང་ན་ནད་འབུའི་རིགས་སེལ་ནས་སྔོན་འགོག་བྱེད་ཐུབ།
༤། ཆུ་སྐོལ་ཕོར་བ་གཉིས་ནང་སྒ་སེར་ཇ་ཐུར་ ༡ དང་སྦྲང་རྩི་ཇ་ཐུར་ ༡ བླུགས་པ། དེ་ནས་ལིམ་བུ་སྐྱུར་ཏོའི་ཁུ་བ་དང་ཕོ་བ་རིལ་གྱི་ཕྱེ་མ་བཅས་བསྲེས་ནས་བཏུང་དགོས།
༥། སྒ་སེར་དང་ཤིང་ཚ། ཛ་ཏི། ལི་ཤི། སུག་སྨེལ་བཅས་བག་ལེབ་ནང་བཅུག་ན་ཞིམ་པོ་ཡོད།
༦། སྒ་སེར་ནང་ཕོ་རིལ་ཉུང་ཙམ་(༢༠༠༠།༢༠)བསྲེས་ན་སྒ་སེར་གྱི་ནུས་པ་ཆ་ཚང་ཁྲག་ནང་དུ་འགྲོ་ཐུབ་པར་རམ་འདེགས་བྱེད་པའི་བཤད་སྲོལ་ཡོད།  དོ་སྣང་བྱེད་དགོས་པ། ཁྲག་སླ་བར་བྱེད་པས་བུད་མེད་སྦྲུམ་མ་དང་། ཕྲུ་གུར་འོ་མ་སྤྲོད་པའི་དུས། ཁྲག་ཤོར་སླ་བ། གཅིན་སྙིའི་མངར་ཚད་དམའ་བ་བཅས་ཀྱི་སྐབས་སུ་གཟབ་ནན་བྱ་དགོས།
ཐུན་ཚད་ཆེ་དྲགས་ན། བྲང་ཚ་ཆུ་སྐྱུར་ལངས་པ་དང་། ཞེ་མེར་ལངས་བ། མགོ་ཡ་འཁོར་བ། བཤལ་བ་བཅས་འབྱུང་བས་ཉུང་དུ་གཏོང་དགོས།
དགེ་ལེགས་འཕེལ།

གསོ་རིག, འཕྲོད་བསྟེན།

Post navigation

Previous Post: རྡོ་བཀད་ནས་སྐྱེས་པའི་གངས་ལྷ་མེ་ཏོག་ཅིག་མེར་བསྲེགས་རྗེས།
Next Post: དྲན་པའི་ནང་གི་ཆུ་ལོག

Comment (1) on “སྨན་རྫས་སྒ་སེར་རམ་ཡུང་བའི་ཕན་ཡོན་ཕྱོགས་བསྡུས།”

  1. འབྲོང་བུ་སོག་ཚ། says:
    2022-05-17 at 7:06 pm

    དེ་འདྲའི་ཡག་པོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme