Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨན་རྩ་དུག་མིང་ཅན། མཱ་རི་འཇུ་ན།

Posted on 2019-05-292019-05-30 By ཁ་བརྡ 7 Comments on སྨན་རྩ་དུག་མིང་ཅན། མཱ་རི་འཇུ་ན།

བསྟན་འཛིན་རབ་བརྟན།

ཚོར་བ།
རྩ་འདི་སྨན་དང་དུག་གི་ངོ་མ་ཆོད། །
དཀྲོག་གཏམ་ཆ་ལེ་ཆོལ་ལེ་རྫབ་ཆེ་བས། །
རང་འབྱུང་རྩ་དང་མིའི་རང་དབང་འཕྲོག། །
འོན༌ཀྱང༌ཉལ་ཐས༌ཞི་བདེ༌སྟེར༌བ་ཚོར། །

དགའ་བ།
མོས་པའི་གླུ་གཞས་རྣ་པར་ཉན་གྱུར་ན། །
རོལ་མོའི་འགྱུར་དང་ཁུག་ལ་བློ་གཏད་དེ། །
སྙན་འཇེབས་ཚིག་དོན་ངང་གིས་ཡིད་ལ་འབབ། །
དེ་ཚེ་རང་སྣང་དགའ་བ་འབུམ་གྱིས་འདེགས། །

རིག་པ།
གནད་ཅིག་ཡིད་ལ་བཟུང་ཏེ་བློ་རྩེ་སྒྲིམ། །
གཟུགས་གཅིག་མིག་ལ་འཆར་ནས་ཅེར་ལྟ་བ། །
བློ་སེམས་གཡོ་མེད་གནད་དེར་ཞིབ་དཔྱོད་ཅིང་། །
རང་བཞིན་རིག་པ་བརྡར་བ་སྤུ་གྲིའི་རྣོ། །

རྒོད་པ།
རྩིབ་ཀྱི་མྱི་ཡིས་ལབ་གླེང་གང་བྱས་པ། །
ཐོས་འཛིན་དབང་པོས་མི་ལྷོད་རབ་མྱོང་ཞིང་། །
གྲོགས་ཀྱི་རྣམ་འགྱུར་མཚར་དུ་སྣང་བ་ཡིས། །
ཡང་ཡང་རྒོད་སྒྲའི་ལྷན་དུ་སྐྱིད་དེ་རོལ། །

བཟི་བ།
ཐོད་པའི་མཚམས་ཀྱི་མིག་ཀོང་ཆ་གཅིག་པོ། །
ཡ་པགས་ལྷུང་ཏེ་མིག་རིལ་མདོག་འགྱུར་ཞིང་། །
ངག་གིས་སྨྲ་བ་ཉུང་ཞིང་སྐད་དམའ་བ། །
དེ་དུས་དུ་བ་ཧུབ་ཀྱིས་བཟི་རྟགས་མངོན། །

ཁྲོ་བ།
རང་གཤིས་བརྩན་པའི་རིགས་ཀྱི་རྒྱུད་དེ་ཀོ །
བཟི་བའི་གཤིས་སུ་ཁྲོ་བ་གཏན་ནས་མེད། །
རང་ཉིད་ས་ལ་ངག་ཉུང་ཁུ་སེམས་པོ། །
མ་རི་འཇུ་ན་ཁོ་ནས་བཅོམ་ནུས་སོ། །

གནོངས་པ།
ཕོ༌བླ༌གངས༌རི༌མདངས༌ལྡན༌ཆག་པས་ན། །
གངས༌ལ༌དུག༌རླངས༌འབགས༌བཙོག༌ཟིན༌ནས་ཡོད། །
ཞུམ༌པའི༌ཚོར༌སྣང༌སྡུག༌མོ༌སྐྱེས༌ཡོང༌དུས། །
ཁོག༌ལ༌སྨྱོས༌རྩའི༌དུ༌ནག༌དེ༌འཁྲིག༌ནས༌ཡོད། །

འཛེམས་པ་།
བཟང་ངན་གནས་ལུགས་ཇི་མ་རྨོངས་ནའང་། །
སྤྱི་ཚོགས་མི་ཁ་ནག་པོས་མཐར་སྤྲད་པས། །
རང་འབྱུང་སྨན་རྩ་དུག་ལ་སྦྱར་བ་ཡིས། །
ཟློག་མེད་འཛེམས་དགོས་ཆག་པ་རྩ་མོ་མིན། །

སྨྲ་བ།
ཨ་རག་དུ་བ་སྨྱོས་རྫས་ངན་གོམས་ལས། །
ཐད་ཀར་དབང་རྩ་གཅོད་བྱེད་དུ་རག་ཡིན། །
སྨན་རྫས་ཁབ་སོགས་སྤྱོད་པ་ཐལ་ཆེ་ཡང་། །
མ་རིས་འཇུ་ན་བསྙོན་མེད་སྨན་གྱི་རྒྱུ། །

2019/05/10

སྙན་ངག

Post navigation

Previous Post: རྒྱ་གར་གློག་བརྙན་(Hare Rama Hare Krishna)་དགའ་བྱེད་མཁྱེན་ནག་པོ་མཁྱེན་ཞེས་པའི་གླུ་ཞིག །
Next Post: ཐའེ་ལན་ཌུར་ཉིན་བཅུའི་རིང་འགྲུལ་བཞུད།(6)

Comments (7) on “སྨན་རྩ་དུག་མིང་ཅན། མཱ་རི་འཇུ་ན།”

  1. ཀརྡོ་རབ་འབྱམས་པ་ says:
    2019-05-30 at 4:13 am

    མ་རིས་འཇུ་ན་བསྙོན་མེད་སྨན་གྱི་རྒྱུ། །
    སྨན་ནི་ནད་པ་ཀུན་ལ་མཁོ་ན་ཡང་། །
    དོན་མེད་སྨྱོ་རྫས་སྤྱོད་པ་སྨྱོ་བའི་རྒྱུ། །
    མ་རིས་འཇུ་ན་བསྙོན་མེད་སྨྱོ་བའི་རྒྱུ། །
    ་
    ཧིབ་པི་འདུ་ཤེས་གསུམ་པའི་ཉེས་ཐག་ལ། །
    མ་རིས་འཇུ་ན་བསྙོན་མེད་ཀུན་ལ་གྲགས། །
    མ་རིས་འཇུ་ན་བསྙོན་མེད་དྲན་ཉམས་རྒྱུ། །
    དེས་ན་བློ་ལྡན་ཀུན་གྱིས་རིང་བོརད་ཅིག །

  2. ཀླུ་སྨྱོན། says:
    2019-05-30 at 5:04 pm

    མེ་རོ་ཝ་ན་ཟེར།

  3. རྟ་བདུན་དབང་བོ says:
    2019-05-30 at 5:22 pm

    འདི་དུག་མིང་ཅན་ཡིན་པའི་རྒྱུ་མཚན་ཅི་ཡོད། བོད་སྐད་དུ་གསོ་མ་ཟེར། ངེད་ཀྱི་ཕ་ཡུལ་ན་འདི་མང་པོ་འདེབས་ཀྱི་ཡོད། འོན་ཀྱང་ཐ་མག་གི་ཆེད་དུ་བེད་སྤྱོད་བྱེད་མཁན་མེད། འདིའི་ཤུན་པའི་ཐག་པ་བཟོ་ཆོག འབྲས་བུ་ནི་འོ་མའི་བཅུད་དང་ལྡན། ང་ཆུང་དུས་འདི་མང་པོ་ཟ་མྱོང་། འབྲས་བུ་ལ་སྦྲིད་བྱེད་ཀྱི་ནུས་པ་གང་ཡང་མེད། འདིའི་འབྲས་བུ་ནས་དང་མཉམ་དུ་བསྲེས་ནས་རྩམ་པའང་ཐག་བཞིན་ཡོད། དབྱིན་ཡིག་ཏུ། Marijuana སྒྲ་གདངས་ནི་ཨ་རི་ཀློག་སྟངས་བྱེད་ན། ༼མད་རི་བ་ན༽ཟེར་ན་ཕལ་ཆེར་སྒྲ་གདངས་ཇི་མ་ཇི་བཞིན་ཐོན་གྱི་ཡོད། །

  4. གཞུང་པ་ཚེ་དབང་བསོིད་ནམས་ says:
    2019-05-30 at 6:15 pm

    རི་སྐྱེས་རྩ་རིགས་མི་འདྲ་གྲངས་ལས་འདས།
    སྨན་དུག་ཇི་ཡིན་སྨན་པས་དཔྱད་ན་ཤེས།
    དུད་འགྲོའི་ལས་དབང་སྨན་དུག་གཉིས་ཀྱི་འོག།
    སོ་མ་ར་རྩ་དུག་ཆེན་གང་ནས་ཡིན། ཧཧཧ

  5. Tib boy says:
    2019-05-31 at 11:50 pm

    ངོ་མ་སྙན་པོ་བྲིས་འདུག མི་ཞིག་གིས་རང་ཉིས་ཀྱིས་དངོས་སུ་བྲོ་བ་མྱོང་ནས་བཤད་པ་དང་། ད་ག་ས་ཚོད་ཚོད་བཤད་པ་གཉིས་ལ་ཁྱེད་པར་ཆོན་པོ་ཡོད་རེད། མ་རི་ཝ་ན་ནི་དུས་རབས་དུ་མའི་གོང་ནས་སྨན་རྩ་ཆེན་ཞིག་ཡིན་པ་རྒྱ་ནག་གི་སྨན་པ་མཁས་ཅན་ཚོས་རྟོགས་ཟིན། དུས་རབས་ཉི་ཤུའི་ནང་འཛམ་གླིང་ཤར་ནུབ་ཀྱི་སྒྱུ་རྩལ་བ་གྲགས་ཅན་མང་པོས་མ་རི་ཝ་ནར་བརྟན་ནས་རང་ཉིད་སྒྱུ་རྩལ་ལ་ཤུགས་རྐྱེན་ཐེབས་པ་བྱས་པའི་ལོ་རྒྱུས་གང་ཙམ་ཡོད། ཕྱིས་སུ་ཁྲིམས་མཐུན་མ་ཡིན་བཟོས་ནའང་ད་ཆ་ནུབ་ཕྱོགས་ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོས་མ་རི་ཝ་ན་ཁྲིམས་མཐུན་བཟོས་དང་བཟོ་བཞིན་པ་རེད། བེད་སྤྱོད་བཏང་ཤེས་པ་དང་འཐེན་ཤེས་ན་སྨན་དང་སྨན་ལས་ལྷག་པ་ཡོད་ཀྱང་ཚོད་མེད་ན་སྨྱོས་རྩ་དང་དུག་རྩ་ལ་ངོས་འཛིན་བྱ་ཆོག་པ་ཡིན།

  6. Tib boy says:
    2019-05-31 at 11:53 pm

    ང་ཚོ་བོད་པའི་སྤྱི་ཚོགས་ནང་ཐ་མག་ནག་པོ་དང་ཉལ་ཐ། ཡང་ན་འབང་སོགས་ཟེར་ནས་ཧ་ཅང་རྫབ་ཆེན་རྩི་བཞིན་པ་འདི་ང་ཚོའི་སྤྱི་ཚོགས་འདི་རྣམ་སྤྱོད་དང་ཤེས་ཚད་སོགས་ཀྱི་གནས་སྟངས་སྟོན་གྱི་ཡོད།

  7. ཀརྡོ་གཉེར་ཕྱག་པ་ says:
    2019-06-01 at 11:34 pm

    སྔར། བོད་ནང་སྣ་ཐག་ལྟས་ངན་དེ། འཐེན་མཁན་ཡོད་པ་མ་གཏོགས། ཐ་མག་དང་སྨྱོ་རྫས་གཞན་འཐེན་སྲོལ་མེད་པ་དེ། བོད་རིགས་རྣམས་བསོད་ནམས་ཆེན་པོ་རེད་སྙམ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme