Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྨན་བླ་སྐྱབས་ཀྱི་གེ་སར་རྟ་རྫི་གསར་བ་དང་དེའི་ཁྱད་ཆོས།

Posted on 2009-04-13 By ཡེ་ཤེས་ 20 Comments on སྨན་བླ་སྐྱབས་ཀྱི་གེ་སར་རྟ་རྫི་གསར་བ་དང་དེའི་ཁྱད་ཆོས།

http://tr.youtube.com/watch?v=DhSrRJTiTr4&feature=PlayList&p=C2A44625295E7E15&index=8

གསར་འགྱུར། Tags:ཨ

Post navigation

Previous Post: གློག་བརྙན་ཐུང་ཡང་ནང་དོན་ཆེན་པོ་ལྡན།
Next Post: གློག་བརྙན་རིན་མེད་བལྟ་ཐུབ་པའི་དྲ་རྒྱ་གསུམ།

Comments (20) on “སྨན་བླ་སྐྱབས་ཀྱི་གེ་སར་རྟ་རྫི་གསར་བ་དང་དེའི་ཁྱད་ཆོས།”

  1. མདོ་ལའི་འཁྱམས་པོ། says:
    2009-04-13 at 2:24 pm

    ཨ་ཁུ་སྨན་བླ་སྐྱབས་ནི་བོད་གངས་ཅན་གྱི་ཆས་ཁྱད་ཆོས་ལྡན་པའི་ཆེད་ལས་མཁས་པའམ་གསར་བཏོད་ཀྱི་བདག་པོ་ཞིག་ཡིན། ཁོང་གི་འདོན་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་མདུན་ཞུ།

  2. བློ་བཟང་ says:
    2009-04-13 at 2:34 pm

    ད་སང་སྨན་བླས་བོད་ཀྱི་སྲོལ་རྒྱུན་དང་ཆོས་ལུགས་ལ་གདེང་འཇོག་ཆེན་པོ་བྱས་འདུག་ག

  3. བློ་བཟང་ says:
    2009-04-13 at 2:37 pm

    ངོ་མ་ཞི་ལི་ཆུང་ཆུང་དེ་ལ་ཉམས་ཡོད་ཁུ་ཡ་་་་་བླ་མ་་་

  4. གསེར་སྐྱབས་འཚོ says:
    2009-04-13 at 10:57 pm

    རེད་ཡ་ངོ་མའི་བཟང་གི

  5. གསེར་སྐྱབས་འཚོ says:
    2009-04-13 at 11:04 pm

    ཨ་ཁུ་སྨན་བླའི་སྐེ་རེགས་བཤགས་ནས་ཕང་སེམས་ཤོར་རུང་ཁ་ཤགས་སྒྱུ་རྩལ་རྒྱལ་བའི་གསུང་རེད ། ལོ་རྗེས་ངས་ཡང་ཁྱོད་ལ་བཤད་རོགས་བྱེད་ཡ ། གལ་སྲིད་ཁྱེད་ལ་རོགས་པ་དགོས་ན །

  6. ཚེར་མ། says:
    2009-04-15 at 1:48 am

    ཨ་ཁུ་སྨན་བླའི་དེ་སྔོན་གྱི་ཁ་ཤགས་རུ་སྡེ་ཕྲ་མོ་ལ་དེང་སང་བསམ་བློ་གཏོང་དུས་དངོས་གནས་ལུང་བསྟན་ལྟ་བུ་འདུག་ལ། ལྷག་པར་དུ་ཟ་ལེ་རྒྱ་དེ་རྡ་ས་འདི་དངོས་སུ་བཞེངས་འདུག དེང་སང་གི་གེ་སར་རྟ་རྫི་ཡི་འཁྲབ་ཚན་རྣམས་ཀྱང་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཞིང་བཞད་གད་ཀྱི་ཉམས་ཧ་ཅང་ལྡན། བྱིས་པ་དེ་ཡིས་ཉམས་དེ་ལས་ཀྱང་ལྷག

  7. མི་འཁྱམ། says:
    2009-04-18 at 4:49 am

    ཨ་ཁུ་སྨན་བླའི་སྒྱུ་རྩལ་མདོ་ཁམས་ཕྱོགས་ལ་གྲགས་ཆེ་བ་མ་ཟད། རང་ཉིད་ཀྱི་རིགས་སྨྱུག་ཀྱང་ཕ་ཤུལ་བུ་འཛིན་ལྟར་འབྱུང་འགྱུར་སྒྱུ་རྩལ་པའི་ལམ་ཁ་སྟོན་བཞིན་འདུག་གཱ། དེ་ནི་ཁ་ཚ་དགོས་གཏུགས་ཀྱི་མ་འོངས་པའི་སོན་རྩ་ལ་བདག་རྒྱག་མིན་དང༌། མ་དཔེར་ཙམ་རེད་བསམ་སོང༌། ཡིན་ཡང་ལབ་གླེང་ཁྲོད་དབུས་ཁམས་གཉིས་ལ་སྒྱུ་རྩལ་གྱི་སྐོར་ལ་དེ་འདྲ་སྙན་གྲགས་མེད་ཟེར་བ་འདུག ཁོ་ཨ་རིར་གདན་འདྲེན་བྱས་པའི་སྐབས་མ་མདོའི་སྐད་མ་གོ་བའི་རྒྱུ་རྐྱེན་མང་ཙམ་བྱུང་པའི་ཆོད་མི་འདུག་ཟེར་ནི་མང་གི། དེའི་རྒྱུ་རྐྱེན་སྐད་གདངས་གཅིག་གྱུར་མ་བྱས་པའི་ཉེར་ལེན་མ་རེད་དམ།

  8. མགོན་པོ་ཕྱག་གཉིས་པ། says:
    2009-04-18 at 8:23 am

    ཁ་ཤག་ཉོབ་ཏོ་ཞིག་རེད། བོད་ཀྱི་སྤྱི་ཚོགས་དངོས་དང་ཡང་ཁ་ཐག་རིང་པོས་ཆོད། ཨ་མདོའི་འབྲོག་པ་རྒན་པོ་ཞིག་གིས་སྔོན་མ་སྔོན་མར་དབྱིན་ཇི་བོད་ལ་ཡོང་བའི་སྐོར་ག་བ་ཤེས་གི་རེད། དེས་ན་དབྱིན་ཇིའི་མི་ལ་སྙིང་ནད་དེ་བས་ཀྱང་ཡོད་མི་སྲིད།
    རྒྱ་ནག་གིས་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་རབས་བྱས་སྲོལ་གྱི་སྒྲུང་དེ་ཚོ་སྨན་བླ་སྐྱབས་ཀྱི་ཀླད་པའི་ནང་ཡང་ཡང་བླུགས་པའི་འབྲས་བུ་ཞིག་རེད། རྒྱ་ནག་གིས་སྨན་བླ་སྐྱབས་ཀྱི་ཀླད་པའི་ནང་ཆང་བསྙལ་བསྙལ་བྱས་ནས་བཞག་ཡོད་པའི་སྒྲུང་དེ་ཁོང་ནས་ཁ་ཤག་ལ་བསྒྱུར་འདུག
    ཁ་ཤག་ནང་གི་རྒད་པོ་དེའི་སེམས་ནང་ད་རུང་དབྱིན་ཇི་ལ་འཁོན་ཞིག་ཡོད་པ་དེ་དང་། ་བོད་མི་མང་གི་གནས་རྩ་ཆེན་ལ་འཛིན་པའི་འདུ་ཤེས་དེ་སྟོན་ཐབས་བྱས་འདུག་པ་དེ་རེད། ཡིན་ན་ཡང་། རྒོད་གཏམ་ཧྲིལ་བོ་ལས་ཤེས་ཐུབ་པ་ནི་འབྲོག་མི་དེའི་གླེན་རྟགས་དང་རྨོངས་དད་ལ་འཕྱ་ལས་རྒྱག་གི་ཡོད་པ་ཙམ་རེད། གླེན་རྟགས་དང་རྨོངས་དད་ལ་འཕྱ་ལས་རྒྱབ་ན་འགྲིགས་གི་མི་འདུག་ཟེར་ནས་བཤད་མི་ཐུབ་ཀྱང་། འདི་ཡང་གུང་ཁྲན་ཏང་གིས་སྨན་ལ་སྐྱབས་ཀྱི་ཀླད་པར་བླུགས་པའི་ཆང་རྩི་རེད། འདིའི་སྨན་བླ་སྐྱབས་ནི་སྨན་བླ་སྐྱབས་མིན་པར་བོད་ཀྱི་ཤེས་ལྡན་མང་པོ་ཞིག་གི་ཚབ་མཚོན་དུ་བཀོད་པའི་སྨན་བླ་སྐྱབས་ཡིན།
    དམར་པོའི་ཤུགས་རྐྱེན་མང་པོ་ཞིག་རྒྱ་ནག་ནང་སློབ་གྲྭར་འགྲོ་མྱོང་མཁན་ཤེས་ལྡན་པ་མང་པོ་ཞིག་གི་རྒྱུད་ལ་སླ་ང་དང་འགྲོགས་ན་དྲེ་ནག་གི་ཚུལ་དུ་འགོས་བསྡད་ཡོད་པ་མ་ཟད་ཕྱི་རུ་ཡོང་ནས་མང་པོ་སོང་བ་ང་རང་གི་སྟེང་དུའང་བཀྲུས་ཀྱང་མ་དག་པར་ད་རུང་ལུས་འདུག་པར་འཚམས་རེར་དོ་སྣང་ཡོང་གི་འདུག
    སྨན་ལ་སྐྱབས་ལ་སྔོན་མ་ཞིག་ལ་ཐུག་མྱོང་། ཁ་བརྡ་ཡང་ཅུང་ཟད་བྱེད་མྱོང་། སྨན་བླ་སྐྱབས་ཀྱི་སྤྱི་ཚོགས་ནང་ཐོན་པའི་ཁ་ཤག་གི་ནུས་པ་དེ་དོན་གྲུབ་རྒྱལ་གྱི་བྲིས་རྩོམ་གྱི་ནུས་པ་ལས་ཡོངས་སུ་འགོངས་ཡོད་ཅེས་བརྗོད་ཆོག ཁོང་གི་ཁ་ཤག་དེ་ཡི་གེ་ཤེས་མི་ཤེས་ཚང་མས་ཉམས་སུ་མྱོང་གི་ཡོད་པ་དང་། དོན་རྒྱལ་གྱི་རྩོམ་དེ་ཤེས་ལྡན་པ་གཅིག་པོ་དང་། ཡང་ན་རྩོམ་རིག་ལ་དགའ་མཁན་གཅིག་པོའི་ཁྱབ་ཁོངས་ཙམ་ལས་འདས་མེད།

  9. བློ་བཟང་ says:
    2009-04-18 at 12:28 pm

    གསེར་ཡུམ་ཟིག་གོ་་ ཕྱག་གཉིས་པ་འདི་ཇེ་ཧྲ་ཡིར་ཟིག་ཡོང་མི་ཁུ་ན།

  10. ཀླུ་སྨྱོན། says:
    2009-04-18 at 1:54 pm

    ངས་ཁ་ཤགས་དེའི་བསྟན་དོན་ཧྲིལ་བོ་རྒྱ་མིས་བོད་ས་འཛིན་སྐབས་སྤྱད་པའི་དྲག་ཤུགས་ཀྱི་རྣམ་པ་དེ་དབྱིན་རྒོལ་དམག་འཁྲུག་གི་ཕྱི་ཁེབས་ཤིག་གིས་གཡོགས་འདུག་བསམས་བྱུང་། འདིའི་ཕྱོགས་ནས་ང་ལ་ཉམས་མྱོང་ཞིག་ཡོད། ལོ་མང་སྔོན་ངས་༡༩༥༨ལོར་ངའི་ཕ་ཡུལ་གྱི་བརྗིད་པར་རྫ་གསེང་ནས་བོད་མི་སྟོང་ཕྲག་ཙམ་རྒྱ་མིས་དམར་གསོད་བཏང་བའི་སྐོར་གྱི་སྙན་ངག་ཁ་བྱང་ལ་དམར་པོ་ཁྲག་གི་སྙན་ངག་ཟེར་བ་ཞིག་བྲིས་ནས་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་ལ་བསྐུར་པ་ཡིན། རྗེས་སུ་སྙན་ངག་དེའི་ཁ་བྱང་གི་འོག་ཏུ་དབྱིན་རྒོལ་དམག་འཁྲུག་གི་སྣང་བརྙན་ཞེས་པའི་གསལ་བཤད་ཐུང་ཐུང་ཞིག་དང་མཉམ་དུ་པར་ངོས་དེའི་སྙན་ངག་ཀུན་གྱི་ཐོག་མར་བཀོད་འདུག་པས། ངས་རྩོམ་སྒྲིག་པ་སྤྱང་བོ་ཞིག་དང་ཐུག་འདུག་བསམས་བྱུང་ལ། དེ་དང་མཉམ་དུ་རྩོམ་ཡིག་དེའི་ནང་གི་ས་མིང་ཆུ་མིང་ལྟ་བུ་ངའི་ཕ་ཡུལ་གྱི་རི་ཆུའི་མིང་ཤ་སྟག་ཡིན་པས་དགོད་བྲོ་བ་ཞིག་ཀྱང་བྱུང་མྱོང་། གང་ལྟར་སྨན་བླས་ཀྱང་འདི་ལྟ་བུའི་ཐབས་ལམ་བེད་སྤྱད་ནས་གར་ཆུང་དེ་འཁྲབ་བཞིན་པའི་ཚོར་སྣང་ཞིག་ང་ལ་དབང་མེད་དུ་སྤྲད་བྱུང་། ད་ལྟ་བོད་རིགས་རྩོམ་པ་པོ་ཞིག་དང་སྒྱུ་རྩལ་པ་ཞིག་གིས་རྒྱ་མིས་བོད་ལ་དྲག་གནོན་བྱས་པའི་སྐབས་ཀྱི་གནས་ཚུལ་མཚོན་པའི་བརྩམས་ཆོས་ཤིག་འབྲི་བའམ་འཁྲབ་སྟོན་བྱེད་དུས་ཁ་གཡར་སའམ་འགེབ་རས་ཡག་ཤོས་དེ་ནི་དབྱིན་འགོག་དམག་འཁྲུག་དེ་ལས་གཞན་ཅི་ཞིག་ཡོད་ཨང་། ཆོས་རྒྱལ་ཚོའི་སྐབས་ཀྱི་རྒྱ་བོད་དམག་འཁྲུག་དང་སྦྱར་ན་དེ་མི་འགྲིག གཞན་ཅི་ཞིག་ཡོད་ཨང་།

  11. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2009-04-18 at 2:55 pm

    དགའ་ནི་ཞིག་ལ། དྲ་གྲོགས་ཚོའི་རྩོམ་འབྲི་དང་མཆན་འདེབས་ཀྱི་ཀུན་སྤྱོད་ཡར་རྒྱས་ཕྱིན་འདུག་ག
    དགའ་བ་ལ་དང་སྐྱིད་པ་ལ………………….. དགའ་བ་ལ་དང་སྐྱིད་པ་ལ…………………..

    ཨོ། ད་དེའི་འཕྲོར་དྲན་གྱི་མི་འདུག དགོངས་དག

  12. དཀོན་མཆོག says:
    2009-04-18 at 3:25 pm

    མཁས་པས་བཤད་ན་ཅི་ཡང་བདེན་ཟེར་བ་ནི་ངོ་མ་རེད་བཞག གོང་གི་མགོན་ཕྱག་དང་ཀླུ་སྨྱོན་གཉིས་ཀྱི་སུ་ལ་བདེན་ཁ་སྟེར་རྒྱུའང་ཤེས་ཀྱི་མི་འདུག ཡིན་ནའང་ང་རང་གིས་ཀླུ་སྨྱོན་གྱིས་བཤད་པ་ནང་བཞིན་བལྟ་ཉན་བྱས་པ་ཡིན་པས། དྲོ་བ་ཡོད་ཐལ། ད་དུང་ཞི་ལི་དེའི་འཁྲབ་ཉམས་ལ་ང་ཧ་ལས་སོང་། མགོན་ཕྱག་གི་བསམ་བློ་གཏོང་སྟངས་ལྟར་ན་ངོ་མ་ཁ་ཤགས་འདི་ཉོབ་ཏོ་ཡིན་རྒྱུ་རེད་ལ། དྲོ་བའང་ཡོད་རྒྱུ་མ་རེད། དགུན་ཁར་རྡོ་འཁྱག་རུམ་པ་ནང་བཞིན་ཡིན་འགྲོ། གང་ལྟར་གཙོ་བོ་བརྩམས་ཆོས་རང་ངོས་ནས་རྟག་བརྟན་གྱི་བརྗོད་སྙིང་ཞིག་ཚུར་སྣང་བྱས་པ་མ་ཡིན་པར་བལྟ་ཉན་བྱེད་མཁན་རང་ངོས་ནས་ཕར་ལ་རྟོག་བཏགས་གང་བྱས་དྲོ་བའང་དེའི་ཚོད་ཀྱི་ཁག་ཁག་ཡིན་རྒྱུ་རེད་འདོད་ཀི། གཅིག་ཐང་ན་སྐུ་ཞབས་སྨན་བླས་ཀྱང་ཨ་ལགས་ཀླུ་སྨྱོན་གྱིས་བཤད་པ་བཞིན་བསམ་བློར་དེ་འདྲ་ཞིག་དྲན་བཞིན་འཁྲབ་སྟོན་འདི་འདྲ་ཞིག་བྱས་པ་མིན་འགྲོ།

  13. རིག་རང་སྐྱེས says:
    2009-04-19 at 2:24 pm

    ཨ་ཁུ་སྨན་བླའི་ཁ་ཤགས་མང་ཆེ་བའི་ནང་དོན་ནི་བོད་མི་རིགས་ཀྱི་ལས་དབང་གླེང་གིན་འདུག གེ་སར་རྟ་རྫིའི་ནང་དངོས་བསྟན་ལ་དབྱིན་ཇི་བཙན་རྒྱལ་རིང་ལུགས་ཀྱིས་བོད་ཁུལ་བཙན་འཛུལ་བྱེད་རྩིས་བྱས་བ་དང་ཤུགས་བསྟན་ལ་རྒྱ་ནག་གིས་བོད་འདི་བཙན་འཛུལ་བྱས་བ་དང་བོད་འདི་བཙན་འཛུལ་མ་བྱས་གོང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་བསྟན་གྱི་འདུག

  14. ཚེར་མ། says:
    2009-04-20 at 1:22 am

    ཨ་ཨ་ཨ་ཨ་ ཡང་མགོན་ཕྱག་དང་ཀླུ་སྨྱོན་གཉིས་ཀྱིས་དྲ་ཐོག་ནས་མཁས་མདོག་སྟོན་གྱིན་འདུག ངོ་མ་ཀླད་མེད་བླུན་པོ་ཟེར་བ་རང་རེད། གཅིག་གིས་བཤད་ན་རྩོམ་པ་པོའི་ཀླད་པའི་ནང་དུ་རྒ་གཞུང་གིས་སློབ་གསོ་ཆ་བསྙལ་བསྙལ་བྱས་ཡོད་རབས་དང། ཁ་ཤགས་དེའི་ནང་སྙིང་ནི་རྒྱ་གཞུང་གིས་བསྙལ་བའི་ཆང་རྩི་ཡིན་རབས་དང་རིན་ཐང་མེད་ཚུལ། ད་དུང་རྩོམ་པ་པོར་ཐུགས་འཕྲད་བྱས་མྱོང་ཚུལ། ད་དུང་དོན་གྲུབ་རྒྱལ་དང་ཞིབ་བསྡུར་བྱས་ཁུལ་སོགས་རྒྱུས་ཡོད་མེད་ཀྱི་བླུན་གཏམ་མང་པོ་ཞིག་བཤད། མ་ཤེས་པ་ནི་མ་ཤེས་པ་རང་ཡིན་པར་ཆ་བཞག་ཞོག

    ཀླུན་སྨྱོན་གྱིས་ཤེས་ཁུལ་གྱིས་ཁ་ཤགས་དེའི་རྒྱལ་ལྗོངས་སོགས་ཞིབ་འགྲེལ་བྱ་ཁུལ་གྱིས་དོན་དུ། སྒྱུ་རྩལ་པ་ཁོང་རྒྱ་གཞུང་ལ་ཡག་པོ་བྱས་ནས་རྩིས་སྤྲོད་ལྟ་བུ་ཞིག་བྱས་མི་འདུག་གམ དྲ་གྲོགས་ཚོས་ཅིག་གཟིགས་དང༌།

    ད་དུང་ཀླུ་སྨྱོན་ཁོ་བོས་སྙན་ངག་ཅིག་བྲིས་པ་མཚོ་སྔོན་བོད་ཡིག་གསར་འགྱུར་(ཚོགས་པའི་མིང་དངོས་སུ་བཏོན་པ་ནི་སྨྱོན་པ་ཁོས་བསམ་གཟས་ནས་མ་ཡིན་ནམ། )ཁང་གིས་བཏོན་པ་མ་ཟད། རྩོམ་སྒྲིག་པ་སྤྱང་པོ་ཡིན་ན་ཅིག་ཟེར། སྙིང་རྗེ། དཀའ་གི་ཨེ་ཡོད་ཐ། ཀླུ་སྨྱོན་ཡ། ཅི་འདྲའི་མི་ཐབ་ཆགས་ཅིག་རེད་ཨང༌། ད་དུང་སྨྱན་བླ་སྐྱབས་ཀྱིས་ཀྱང་ཐབས་ལམ་འད་ལྟ་བུ་སྤྱད་ནས་ཡིན་ན་ཅིག་ཟེར་ནས། ཁྱོད་ཀྱིས་རྒྱ་གཞུང་གིས་གཞིས་བཞུགས་ཤེས་ལྡན་པ་དག་ཀ་ལག་ཇི་ལྟར་བཙིར་བཞིན་པ་མི་ཤེས་སམ། སྨནབླ་སྐྱབས་ཁོ་རང་བཙོན་ཁང་དུ་ཐེངསཅི་ཙལ་སོང་བ་རེད། ཅི་ཕྱིར་སོང་བ་རེད། ས་ཞིག་གིས་རྩིས་སྤྲད་པ་རེད། ཁྱོད་གཉིས་ལ་ཤེས་རྒྱ་ཅུང་ཙམ་རེ་ཡོད་ན་དཔྱད་གླེང་འི་འདྲ་བཤད་སོལ་ཡོད་དམ། ཁོ་ཚོའི་ལས་དབང་ལ་བསམ་བློ་ཅུང་ཙང་ཡང་བཏང་མ་མྱོང་ངམ། ན་ནིང་གི་ཤར་དུང་རི་ནི་ཡོངས་གྲགས་ཀྱི་རྩོམ་དེབ་ཅིག་རེད། དེའི་ནང་གི་རྩོམ་པ་པོ་ཚོས་ཅི་ཞིག་བློས་བཏངས་ཏེ་རྩོམ་ཡིག་དེ་འདྲ་ཞིག་བྲིས་འདུག (ཁོང་ཚོའི་རྩོམ་ཡིག་གི་ནང་དུ་གསལ་མི་འདུག་གམ།) རྩོམ་ཡིག་གི་ནང་དོན་འདི་འདྲ་དང་དེ་འདྲ་རེད། འདི་ཐབས་ལམ་རེད། གན་དོན་སྙིང་རེད་ཟེར་ན་དངོས་ནས་རྩིས་སྤྲད་པ་ལྟ་བུ་མ་ཡིན་ནམ། ངས་ཁྱོད་ཀྱིས་འགྲེལ་བ་དོན་ལ་གནས་མིན་བཤད་ཀི་མེད། བོད་ཡིག་དྲ་རྒྱ་འདི་ཀློག་མཁན་རྒྱ་མི་མེད་པ་རེད་དམ། བོད་པའི་ནང་དུ་རྒྱའི་གསང་ཉུལ་བ་མེད་པ་རེད་དམ། ཡོད་ན་ཁྱོད་ཀྱིས་བསམ་བཞིན་དུ་ཁོ་ཚོར་རྩིས་སྤྲོད་བྱས་པ་དང་གཅིག་མཚུངས་མ་རེད་དམ། ད་དུང་གཞིས་བཞུགས་རྩོམ་པ་པོ་ཚོས་འདི་འདྲ་ལ་ཁ་མ་གཡར་ན་རྩོམ་ཡིག་སྤེལ་ཐབས་མེད་རབས་བཤད་ཀི འོ་ན་ཁྱོད་ཀྱིས་ཁོང་ཚོའི་ཐབས་ལམ་དང་གསང་བ་ཕྱིར་བསྒྲགས་བྱས་མི་འདུག་གམ། ཀླུ་སྨྱོན་ལགས།

    ད་དུང་རིག་རང་སྐྱེས་ལགས། རྒྱ་ནག་གིས་བོད་བཙན་འཛུལ་མ་བྱས་གོང་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་བསྟན་ཡོད་རབས་བཤད་ཀི་ ངས་གོང་དུ་བཤདཔ་བཞིན་རང་ཚོས་ཤེས་རུང་ཕྱིར་སྒྲག་བྱ་དགོས་པ་མ་རེད། ཐུགསརྗེ་གཟིགས། ཁོང་ཚོ་སྡོད་ས་རྒྱ་ནག་གི་མེ་མདའི་འོག་རེད། ང་ཚོ་ནང་བཞིན་གང་འདོད་སྟོང་བཤད་བྱས་ཆོག་པའི་ས་མཐའ་ཉི་མ་གཏོང་ས་དང་མི་འདྲ་གི

    དེང་སང་བོད་ནང་དུ་རྒྱུ་གཞུང་གིས་ཅིག་ཅིག་ལ་འབྲེལ་བ་ཡོད་ཚུལ་དང༌། མིག་མིག་ལ་འབྲེལ་བ་ཡོད་ཚུལ་གྱིས་གཞིས་བཞུགས་རྩོམ་པ་པོ་དང་ཤེས་ལྡན་མི་སྣ་མང་པོ་མང་པོ་ཞིག་ལ་དཀའ་ངལ་སྤྲད་དང་སྤྲོད་བཞིན་པའང་ང་ཚོས་གསར་ལམ་ཁག་ནས་རྒྱུན་མཐོང་གི་གནས་ཚུལ་ཞིག་མ་ཡིན་ནམ། བོད་ནང་གི་དྲ་བ་འགའ་ཤོས་ཡང་ཡང་སྒོ་བརྒྱབས་དང་རྒྱག་བཞིན་པའང་དོན་དག་འདི་འདྲའི་སྐོར་ནས་སྒོ་རྒྱག་གི་ཡོད་པ་མི་ཤེས་སམ།

    འཇུག་མཐར་ངས་བཤད་པའི་སྐད་ཆ་འདི་དོན་སྙིང་ཅུང་རེ་ཡོད་ན་དྲ་ངོས་ཟིན་བྲིས་པ་དང་མཆན་བུ་པ་དག་གིས་ཉམས་སུ་ལེན་རྒྱུ་དང་། དེ་མིན་སྙིགས་རོ་བཞིན་རྒྱང་དུ་འདོར་རོགས། ཀླུ་སྨྱོན་སོགས་ལ་ཞེ་ནས་སྡང་དོན་ཁབ་རྩེ་ཙམ་ཡང་མེད་པས་དོན་གོ་བ་ལོག་མི་ཉན། བོད་ནང་གི་རྩོམ་ཡིག་དང་གཞས་ཚིག་དག་ལ་ཉན་རྗེས་གྲོགས་པོ་འགའ་དང་ལྷན་དུ་མིག་ཆུ་ཡང་བཡང་མྱོང་མོད། ཁོང་ཚོའི་ཚིག་དོན་ལ་འགྲེལ་བཤད་ཀྱིས་དྲ་ངོས་སུ་གཏོང་བ་ནི་ལེགས་པའི་ལས་སུ་ནམ་ཡང་མ་མཐོང་བས། འདིར་ཚིག་རྩུབ་འགའ་དབང་མེད་དུ་ཤོང་བར་ཐུགས་ཁྲོ་མི་ཉན།

    ཡང་གཞན་ཞིག་ནི། ཁ་བརྡ་དྲ་བ་འདི་གནད་དོན་གང་མང་ཞིག་བགྲོ་གླེང་བྱེད་ས་ཡིན་པས་དགའ་མོད། ཉེ་ཆར་འཕྲོ་རིམ་འཕྲོར་སྐུ་གཤེགས་རྩོམ་པ་པོ་དོན་གྲུབ་རྒྱལ་དང་གཞིས་བཞུགས་རྩོམ་པ་པོ་ནོར་སྡེ། སྨན་བླ་སྐྱབས་སོགས་ཀྱི་རྩོམ་ཡིག་དངོས་སུ་དྲ་ངོས་སུ་བཞག་སྟེ་ཤེས་མི་ཤེས་མཁན་ཚང་མས་དོན་ལ་གནས་མིན་དང་འབྱོར་མིན་གྱིས་”འགྲེལ་ལོག”མང་པོ་བྱས་དང་བྱེད་བཞིན་པ་དང་གཅིག པད་ནོར་རིན་པོ་ཆེ་སྐུ་གཤེགས་པར་འཆལ་གཏམ་འདྲ་མིན་གྱིས་དཔྱད་གླེང་གི་རིམ་པ་དང་གཉིས། བོད་ཀྱི་བླ་སྤྲུལ་སྐོར་གྱི་རྨོངས་འཆར་འདྲ་མིན་སོགས་དྲ་བ་འདིས་ཚུལ་མིན་གྱི་ཆེད་ལས་མང་པོར་ཞབས་འདེགས་ཞུས་ཟིན་པ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་འབྲེལ། རྗེས་ཕྱོགས་འདྲི་འདྲའི་རིགས་ལ་དོགས་ཟོན་དང་བཀག་འགོག་སྟངས་འཛིན་ནན་མོ་བྱ་དགོས་པ་མ་ཟད། ལྷག་པར་དུ་བོད་བཞུགས་རྩོམ་པ་པོ་ཚོའི་རྩོམ་ཡིག་ལ་ཆབ་སྲིད་གྱི་ལམ་ནས་བགྲོ་གླེང་གི་གོ་སྐབས་བབ་དཔྱད་གླེང་གི་ལས་རིམ་དུ་མི་འཇོག་རྒྱུའི་རེ་བ་སྙིང་ནས་ཞུ། གཞིས་བཞུགས་རྩོམ་མཁན་ཚོས་འཇོན་མིན་དང་བོད་ཞེན་ཡོད་མེད་ཀྱི་བགྲོ་གླེང་བྱ་རྒྱུ་དེ་ང་ཚོ་ཕྱི་སྡོད་པའི་ལས་ཞིག་མ་རེད་སྙམ། དྲ་དཔོན་གྱི་གྲས་སུ་”མཁས་པའི་མིང་ཐོབ་ཅན་”དགེ་འདུན་རབ་གསལ་དང༌། རྡོ་རྗེ་དབང་ཕྱུག་ ད་དུང་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ། གཞན་ཚངས་དབྱངས་སོགས་ནི་རྒྱལ་ཁབ་འདྲ་མིན་དུ་གནས་སྡོད་བྱེད་པའི་བོད་རིགས་”ཤེས་ཡོན་པ་”དང་སྐྱབས་བཅོལ་པ་རེད། སོ་སོའི་ལག་པ་བྲང་ཁར་བཞག་སྟེ་འདང་ཞིབ་མོ་རེ་རྒྱོབས་དང༌། ང་ཚོས་ཕྱི་ལོག་ནས་བོད་དོན་སྐོར་ལ་རྩོམ་ཡིག་ཅི་བྲིས་འདུག་ཡོད་དམ། བོད་མིའི་སེམས་ལ་བག་ཆགས་ཅི་ཙམ་བཞག་འདུག་གམ། ཐ་ན་བཙལ་བྱོལ་གཅིག་པུར། དེ་བས་བོད་བཞུགས་ཤེས་ལྡན་པ་ཚོའི་ལྕི་ཡང་དང་དྲང་འཁྱོག་གི་ཚད་འཇལ་རྒྱུ་དེ་ང་ཚོ་(བསམ་བློའི་འཁོར་རྒྱ་མེད་མཁན)ལྟ་བུའི་ལས་སུ་མི་འོས་སྙམ། ད་དུང་ཁ་སྔོན་དྲ་གྲོགས་ཤིག་གིས་བཤད་པ་བཞིན། ཁ་བརྡ་དྲ་ངོས་ཀྱི་རྩོམ་ཡིག་དང་མཆུན་བུ་ལ་སྟངས་འཛིན་ནན་མོ་བྱ་རོགས་ཞུ་རྒྱུ་དང༌། དེ་མིན་ཁྱི་ངན་སྔོན་ལ་རུས་ཏོ་ནང་བཞིན་ཤེས་མི་ཤེས་ཚང་མས་རུབ་བརྒྱབས་ཏེ་དོན་ལ་དབབས་མིན་དང་ཕོགས་མིན་གང་ལའང་མི་ལྟ་བར་གང་འདོད་བྱུང་རྒྱལ་དུ་སྨྲས་ལ་ན་མི་ལེགས། འདོར་ན་ཁ་བརྡ་དྲ་ངོས་ཀྱི་རྩོམ་ཡིག་དང་དེ་དག་གི་མཆན་བུའི་རིན་ཐང་ངམ་གྲུབ་འབྲས་སོགས་ལའང་སྤྱི་སྡོམ་ཞིག་གནང་དགོས་བར་སྙམ།

    མཇུག་མཐར་དྲ་ངོས་སུ་རྩོམ་ཡིག་སྤེལ་སྐབས་དཔྱད་གླེང་གི་རིན་ཐང་ཡོད་ལ་ལྟ་བ་ལས་གཞན་གང་བྱུང་དྲངོས་སུ་མི་འགོད་པའི་རེ་སྐུལ་དང་བདག་གི་རྩོམ་འཁྱོག་འདིས་དྲ་དཔོན་དག་གཙོ་བྱས་དྲ་གྲོགས་མང་པོ་ཞིག་ལ་ཁ་རྡུང་ཕོགས་ཡོད་ངེས་ན། ཉེས་པ་དང་ནོངས་པ་འདྲཡོད་ན་བཟོད་པར་གསོལ་ལོ།་
    ལས་ཀའི་བར་གསེང་ནས་བྲིས་པ་ཡིས་པས་ཡིག་ནོར་འདྲ་ཡོད་སྲིད་ན་དགོགས་དག་ཞུ་ཞུ་ཞུ།

  15. སྟག་འབུམ says:
    2010-11-02 at 6:56 pm

    བཀྲ་ཤིས་བདེ་ལེཊ་ཞུ

  16. སྟག་འབུམ says:
    2010-11-02 at 7:41 pm

    ཨ་ཁུ་སྨན་བླ་ནི་འཕྲལ་ཕུགས་རྒྱང་གསུམ་ལ་གཟིཊ་ཐུབ་མཁན་གྱི་བསམ་བློའི་སྣེ་ཁྲིད་པ་ཞིག་དང་། རྣམ་དཔྱོད་ཅན་གྱི་བོད་མིས་གྱེན་དུ་འདེགས་འོས་པའི་མི་རིཊ་ཀྱི་ལ་རྒྱའི་དར་ཆེན་ཞིག་ཏུ་ངས་འཛིན་བྱེད་ཀྱིན་ཡོད ། གོང་དུ་དྲ་གྲོཊ་ཚེར་མས་དགོངས་ཚུལ་ལ་ང་ཧ་ཅང་འཐད་ཀི གང་ཞེ་ན ། ང་ཚོ་རང་དབང་ལུང་པའི་ནང་འགན་འཁུར་མེད་པར་གཞིས་བཞུགས་བོད་མིའི་རྩོམ་རིགས་དང་སྒྱུ་རྩལ །གཞས་ཚིག་སོགས་དྲ་ངོས་སུ་བཀོད་དེ་དེ་ལ་འགྲེལ་རྗོད་དང་ལེགས་ཉེས་ཀྱི་དབྱེ་འབྱེད་བྱས་ཚེ །མཐར་གྱོང་རང་རིགས་ལ་ཡོང་རྒྱུ་ལས་མ་འདས་པས་ཡིད་གཟབ་གནང་བར་འབོད་སྐུལ་ཞུ་རྒྱུ་ཡིན །

  17. སྟག་འབུམ says:
    2010-11-02 at 8:03 pm

    དྲ་ཚིགས་སྟངས་འཛིན་པར་ཐོག་མར་དགོངས་འགལ་མེད་པར་ཞུ་རྒྱུ་ཞིག་ལ ། དྲ་ངོས་འདིའི་མགོ་མཇུག་བར་གསུམ་དུ་( ཚེར་མ་ནས ། སྟག་འབུམ་ནས ) ཞེས་མང་བོ་བྲིས་འདུག་པ་རང་ཅག་གི་བརྡ་སྤྲོད་ཀྱི་གཞུང་དང་གཏན་ནས་མི་མཐུན་པས་སླད་མར་ཐུགས་སྣང་སྐུ་མཁྱེན་ཞུ་བ་ལཊ་སོ །།

  18. སྟག་འབུམ says:
    2010-11-02 at 8:20 pm

    གོང་དུ་དྲ་གྲོཊ་ཞིག་ལ་མགོན་པོ་ཞེས་པ་དོན་ལ་གནས་མིན་གང་ལྟར་ཡང་ །ཡ་ཡི་ལྡོག་ཟླ་ཡིན་པ་དོན་ལ་གནས་སོ །། ཨ་ལ་ཀུ་རེ་ཡིན །

  19. ཤ་ཟན་དམར་པོ། says:
    2010-11-02 at 8:49 pm

    ཁ་སང་དེ་རིང་ཞིག་ལ་དྲ་ཐོག་ཏུ་མི་ལྐུགས་པ་སེམས་ཆུང་སྐོར་ཞིག་སླེབས་ནས། ཡར་བཤད་མི་ཉན། མར་བཤད་མི་ཉན། ཁོང་ཚོར་གནོད་པ་བསྐྱལ་ཡོང་ཟེར་ནས་མ་ཤེས་ཤེས་མདོག་མང་པོ་བྱེད་ཀྱི་འདུག་པར་ང་ཧང་སངས་ཀྱི་འདུག ལྷག་པར་དུ། ཉེ་སྔོན་གྱི་སློབ་ཕྲུག་ཚོའི་སྐད་འབོད་སྐབས་སུ།
    བོད་ནང་དུ་ལས་ཀ་བྱེད་མཁན་དང་སྐད་ཆ་བཤད་མཁན། རྩོམ་འབྲི་མཁན། ཡང་ན་གཞས་གཏོང་མཁན་སུ་ཞིག་ཡིན་ནའང་ཉེས་ཅན་ཡིན་དང་མིན་དེ། རྒྱ་མིའི་ཁྲིམས་ཐོག་ན་ས་ར་དགའ་ར་བྱས་ནས་ཡོད་པ་རེད། གཙོ་བོ་དོ་བདག་སོ་སོའི་རྣམ་འགྱུར་དང་སྐད་ཆ་བྱེད་སྤྱོད་ལ་ཐུག་ཡོད་པ་རེད།
    ལས་འགུལ་ཅི་འདྲ་ཞིག་སྤེལ་ཡང་སྤྱི་ཚོགས་མི་འདྲ་བའི་ནང་དེ་ལ་འགྲེལ་བཤད་འདྲ་མི་འདྲ་ཡོད་སྲིད་པ་ཞིག་རེད། སྤྱི་ཚོགས་ནང་གི་བཤད་ཚུལ་ལ་བལྟས་ནས་མི་གང་ཞིག་ཉེས་ཅན་དུ་སྒྲུབ་མཁན་གྱི་ཁྲིམས་ཁང་ཞིག་ཕལ་ཆེར་འཛམ་བུ་གླིང་འདིའི་ནང་ཨེ་ཡོད་ན་ཨ་བྱིས་པ་ཀླད་མེད་མིག་རྒྱང་ཐུང་ཐུང་བློ་རྒྱ་དོག་མོ་རྣམས།
    བྱིས་པ་སྣབས་བླུགས་ཁྱེད་ཚོ་ལ་ཡང་ཁག་མེད། གུང་ཁྲན་འདི་བ་ཚང་གིས་ཉེས་མེད་ལ་ཉེས་འཛུགས་བྱས་ནས་ཁྲིམས་མུན་དུ་བཅུག་པ་ཉུང་ཉུང་ཡིན་རྒྱུ་མ་རེད། ཡིན་ནའང་། ཁྱེད་ཚོས་སེམས་ཁྲལ་མི་དགོས་ས་སེམས་ཁྲལ་མ་བྱེད་པར་ཁྱི་ཁ་བཙུམ་བསྡད་ན་ལན་པོར་མཐོང་། གུང་བྲན་གྱིས་ཉེས་པ་འཛུགས་ཉེ་བྲོ་ན། ཕྱི་ཕྱོགས་སུ་ཡག་པོ་ག་ཚོད་ཅིག་བཤད་ནའང་ཉེས་པ་འཛུགས་ཀྱི་རེད། གུང་བྲན་གྱིས་ཉེས་པ་འཛུགས་ཉེ་མ་བྲོ་ན། ཁོ་ང་ཚོའི་རང་བཙན་གྱི་སྣེ་ཁྲིད་པ་ཡིན་ཟེར་ནས་ཕྱི་ལོགས་སུ་འུར་སྒྲོགས་ཞེས་དང་རྒྱ་མིའི་ཡ་ཁོ་རང་བྱེད་ཀྱི་མ་རེད།
    རྒྱ་དམར་ཚང་། ག་ཚོད་ཁྲིམས་མེད་ལུགས་མེད་ཡིན་ནའང་། དྲ་འབུ་རྐྱང་རྐྱང་གི་ཚིག་བདེན་པར་བཟུང་ནས་མི་ལ་ཁྲིམས་ཐག་གཅོད་སྲིད་ཀྱི་མ་རེད། དྲ་འབུ་ཚོའི་ཁ་ལ་ཉན་ནས་ད་སྔ་མི་ག་ཚོད་ཅིག་ལ་ཁྲིམས་ཐོག་བཅད་པ་རེད། ཁྱེད་ལ་ཁུངས་སྐྱེལ་ག་ཚོད་ཅིག་ཡོད། རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཟེར་བ་དེ་ཁ་སང་དེ་རིང་མི་ཁ་ཤས་ཀྱི་མགོ་ཐོག་བབས་འདུག སྙིང་རྗེ། ཨོྃ་མ་ཎྀ་པདྨེ་ཧྰུྃ།། ཁྱེད་ཚོས་ཕྱི་ལོགས་སུ་ཁ་བཙུམ་བསྡད་ན་བོད་ནང་བཙོན་པ་ཉུང་དུ་འགྲོ་གི་མ་རེད་ད། ཁྱེད་ཚོས་ཕྱི་ལོགས་སུ་འགྲེལ་བཤད་འདྲ་མི་འདྲ་མང་པོ་རྒྱབ་ནས་བོད་ནང་བཙོན་པ་མང་དུའང་འགྲོ་གི་མ་རེད་ད།

  20. སྟག་འབུམ says:
    2010-11-02 at 9:17 pm

    ཡིག་ཆད ངས་(ངོས་)འཛིན་བྱེད་ཀྱིན་ཡོད

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme