Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྦྲ་ནག་འོག་གི་རེ་བ་ཟད་ལ་ཁད།

Posted on 2016-01-012016-01-01 By ཁ་བརྡ 1 Comment on སྦྲ་ནག་འོག་གི་རེ་བ་ཟད་ལ་ཁད།

unnamed-2—–ས་འཛིན་དཀར་པོ།

 
གངས་ཅན་བོད་མིའི་རེ་སྒུག་བདེ་སྐྱིད་ཀྱི་ཉི་མ།།
མདང་གི་རྨི་ལམ་བཞིན་དུ་ནུབ་ལ་ནི་ཁད་རན།།
གཞིས་ཀྱིས་བྱེས་ལ་རྟོན་པའི་མ་འོངས་ཀྱི་རེ་བ།།
ཁ་སང་ཆར་གྱིས་བཅོམ་པའི་མེ་ཏོག་དེར་འདྲ་ལ།།

དད་པ་ལོག་སྤྱོད་ཀུན་གྱི་རུལ་སུངས་ཀྱི་དྲི་མས།།
བླ་མས་བོད་ལ་སྟོན་པའི་དབུ་ལམ་དེ་འཛད་ཐལ།།
གཞིས་བྱེས་རེ་སྒུག་བཅོམ་པའི་མི་ངན་ནི་དེ་ཚོ།།
ན་ནིང་རྒྱ་ཡིས་སྟོན་པའི་སྲིད་བྱུས་དང་འདྲ་ལ།།

བླ་མའི་རྐང་འོག་ཉུལ་བའི་སྲིན་འབུ་ནི་དེ་ཚོས།།
རང་དབང་བོད་ཀྱི་བླ་སྲོག་མུ་མེད་དེ་ཟོས་སོང་།།
ད་ལོ་གཞོན་ནུ་ནུབ་པའི་བྱུས་ངན་དེ་ཚེས་དུས།།
ལྔ་དགུ་སླར་གསོ་བྱས་པའི་སྣང་བ་ཞིག་འདྲ་ལ།།

ཞྭ་ལ་བླ་མའི་མཚན་བྱང་རིས་མོ་དེ་མཛེས་ཀྱང་།།
སེམས་ན་མ་ཧཱ་ཙི་ནའི་རིང་ལུགས་དེ་མི་མཛའ།།
ཕྱི་ནང་མི་གཅིག་རིས་མོའི་ལྟ་བ་དེ་མཐོང་དུས།།
ཁ་སང་གྲོང་ལ་འགྲོ་བའི་གསང་ཉུལ་དེ་འདྲ་ལ།།

ངག་ནས་བླ་མའི་བཀའ་ལ་དུང་པ་དེ་ཤོད་ཀྱང་།།
ལག་གིས་ནང་དམེ་སྦྱོར་བའི་རལ་གྲི་དེ་སྟོན་དུས།།
ལུས་ངག་མི་གཅིག་སྣང་བའི་བྱ་སྤྱོད་ཀྱི་རིག་པས།།
ཁ་སང་དམར་གཞུང་ཚང་གིས་སྒོ་སྲུང་དེ་འདྲ་ལ།།

རུས་པ་བོད་རིཊ་ཡིན་པའི་སྙན་ངག་དེ་སྐྱོར་ཀྱང་།།
བོད་ལ་སྨན་པའི་དུང་སེམས་བློ་དཀར་དེ་བྲལ་ལ།།
རུས་པ་རྒྱལ་འགལ་ཤོར་བའི་ཉི་མ་ཞིག་ཡིན་དུས།།
རྣམ་ཀུན་སྒོར་ཟས་ཉུལ་བའི་རི་སྤྱང་དང་འདྲ་ལ།།

རང་ཉིད་སྙན་འདོད་གྲགས་པས་ཕུ་ནུ་དེ་སྡང་ལ།།
རང་རིགས་དུང་ཞེན་མེད་པས་བླ་མ་དེ་བཙོང་ལ།།
རང་གིས་སྒོར་མོ་ཆེད་དུ་རྒྱལ་ཁབ་ཀྱང་དོར་བས།།
རང་ལ་རུས་པ་མེད་དུས་དབུ་ལམ་དེ་འཛད་སོང་།།

ཡབ་མེས་བཙན་པོ་ཚང་གི་སྙིང་སྟོབས་རེ་ཡོད་ན།།
རུས་གཅིག་བོད་ལ་སྨན་པའི་གུ་ཡངས་དེ་བྱོས་དཱ།།
གཞིས་ལུས་བོད་མིས་རེ་བའི་མིག་ཆུ་དེ་མ་བརྗེད།།
བོད་ལ་རང་དབང་ཞི་བདེ་ཉི་མ་ཞིག་བསྐྲུན་རན།།

01-01-2016

སྙན་ངག

Post navigation

Previous Post: ཕྱི་ལོ་གསར་ཚེས་ལ་ལོ་སར་བཟང་།
Next Post: ཚ་གྲང་ཚོར་ན་མང་གཙོའི་རིན་ཐང་རྙེད།

Comment (1) on “སྦྲ་ནག་འོག་གི་རེ་བ་ཟད་ལ་ཁད།”

  1. Rinchen Dhondup says:
    2016-01-01 at 2:35 am

    སྙན་ངག་པ་ས་འཛིན་དཀར་པོའི་གནད་འཁེལ་བའི་སྙན་རྩོམ་འདིས་ད་ལྟའི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་སྐྱུག་བྲོ་བའི་ཞན་ཆ་ཁག་ཅིག་གསལ་སྟོན་གནང་འདུག བཀའ་དྲིན་ཆེ། དབུ་རང་གཉིས་ཀྱི་དགོས་མེད་ཀྱི་རྙོག་རྩོད་ཀྱིས། ང་ནི་སྦད་དེ་མགོ་ན་ནས་བསྡད་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme