Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྦྲ་ནག

Posted on 2012-10-232012-10-23 By ཁ་བརྡ་ 7 Comments on སྦྲ་ནག

སོག་མདའ།

སྔོན་བྱོན་མེས་པོས་བླ་མཁར་སྨུག་པོ་ཐོག་མར་ཕུབ་པ་སྦྲ་ནག་ཡིན།།
བཙན་པོའི་དམག་དཔུང་གཡུལ་ལ་ཆས་དུས་དཔའ་བོ་བཞུགས་གནས་སྦྲ་ནག་ཡིན།།
རྟིང་མའི་རྒྱལ་ཁ་གླིང་ལ་གྲགས་ནས་དཔའ་དར་འཐེན་ས་སྦྲ་ནག་ཡིན།།
བཙན་པོའི་གདུང་རྒྱུད་བོད་པ་ཚང་གི་ཕ་མཁར་སྨུག་པོ་སྦྲ་ནག་ཡིན།།
རྒས་མེད་འགྱུར་མེད་བྲག་བཞིན་འགྱིང་བའི་གངས་རིའི་ཕ་ཁྱིམ་སྦྲ་ནག་ཡིན།།
འཁྱགས་རླུང་ཁ་བ་བུ་ཡུག་རྒོད་ཀྱང་འཇིགས་མེད་ཞུམ་མེད་སྦྲ་ནག་ཡིན།།

ཕྱུགས་རིགས་རྐང་བཞིའི་ཕ་ཁྱིམ་དྲོན་མོ་གཡང་གི་ལྡེ་མིག་སྦྲ་ནག་ཡིན།།
འབྲུ་དྲུག་སྣ་ལྔའི་ཟས་ཀྱི་མཆོད་པའི་དོལ་པོ་བརྩིགས་ས་སྦྲ་ནག་ཡིན།།
ཇ་ཆང་འོ་མའི་བཅུད་བཟང་འཁྱིལ་བའི་མཚོ་ཆུང་ནོར་བུ་སྦྲ་ནག་ཡིན།།
ཕ་རྒན་རྒད་པོས་གནའ་གཏམ་བཤད་པའི་ལོ་རྒྱུས་བརྗོད་ས་སྦྲ་ནག་ཡིན།།
ཨ་མ་རྒན་མོའི་རྩི་སྐུད་ཁེལ་བཞིན་འཕང་ལོ་བསྐོར་ས་སྦྲ་ནག་ཡིན།།
པྲ་ཚག་བྱིས་པའི་རྩེད་མོ་རྩེ་ད་སའི་ལྷས་ར་གྲུ་བཞི་སྦྲ་ནག་ཡིན།།
ན་ཆུང་བུ་མོའི་སྙིང་གཏམ་དྲོན་མོ་རོགས་ལོར་བཤད་ས་སྦྲ་ནག་ཡིན།།
དབྱངས་གསལ་སོ་བཞི་དབྱངས་ལ་འགུགས་ནས་སློབ་ལ་བརྩོན་ས་སྦྲ་ནག་ཡིན།།
སློབ་དཔོན་མཁས་པའི་གསུང་རྒྱུན་ཟབ་མོ་ཡིད་ལ་འཇགས་ས་སྦྲ་ནག་ཡིན།།
ཕ་མ་བཟང་པོའི་བྱམས་དང་བརྩེ་བ་བུ་ལོར་གནང་ས་སྦྲ་ནག་ཡིན།།
གེ་སར་རྒྱལ་བོས་གླིང་བཞི་འདུལ་བའི་ཁྲ་མཁར་སྨུག་པོ་སྦྲ་ནག་ཡིན།།
སེང་ལྕམ་འབྲུག་མོ་གནས་ལ་ཡོང་དུས་བསུ་ཆང་འདྲེན་ས་སྦྲ་ནག་ཡིན།།
སྦྲ་ནག་གྲུ་བཞི་ཕ་མཁར་སྨུག་པོ་གདོང་དམར་བོད་པའི་བླ་མཁར་ཡིན།།

བཙན་པོའི་གདུང་རྒྱུད་གླིང་ལ་གྲགས་པའི་དཔའ་བོ་དཔའ་མོ་སྦྲ་ནང་ཡོད།།
ཡུན་རིང་ཆབ་རྒྱུན་རྗོགས་མཐའ་བྲལ་བའི་ལོ་རྒྱུས་རིང་མོ་སྦྲ་ནང་ཡོད།།
བཙན་རྒོད་རྒྱལ་སྐྱོབ་དཔའ་བོའི་རྟོགས་བརྗོད་སྙན་རྩོམ་རིང་མོ་སྦྲ་ནང་ཡོད།།
ཕྱོགས་བཞིའི་དགྲ་བཞི་ཐབས་ཀྱིས་འདུལ་བའི་དཔའ་རྒོད་ངར་མ་སྦྲ་ནང་ཡོད།།
སྲིད་གསུམ་རིག་པའི་གནས་ལུགས་རྟོགས་པའི་མཁས་ཆེན་དམ་པ་སྦྲ་ནང་ཡོད།།
ཞི་བདེའི་འོད་སྣང་གླིང་རུ་སྒྲོན་པའི་འཛམ་གླིང་ཉི་མ་སྦྲ་ནང་ཡོད།།
གནས་ལུགས་རིག་པའི་བརྡར་ཤ་བཅད་པའི་ཚད་མའི་སྐྱེས་བུ་སྦྲ་ནང་ཡོད།།
སྙན་རྩོམ་མཛེས་པའི་པི་ཝང་བཀྲོལ་བའི་དབྱངས་ཅན་ལྷ་མོ་སྦྲ་ནང་ཡོད།།
ཨ་ཅེ་ལྷ་མོའི་དབྱངས་རྟ་རིང་མོ་ཡར་ཀླུང་གཙང་བཞིན་སྦྲ་ནང་ཡོད།།
སྲོལ་རྒྱུན་ཉམས་མེད་རྒྱུན་འཛིན་བྱེད་པའི་ལུགས་བཟང་གསེར་འོད་སྦྲ་ནང་ཡོད།།
དེང་རབས་གསར་བའི་རིག་གནས་ནང་འདྲེན་དངུལ་གྱི་ཀོང་བུ་སྦྲ་ནང་ཡོད།།
མཐུན་སྒྲིལ་གོང་བུ་གཅིག་ལ་སྒྲིལ་བའི་རིགས་མཐུན་ལ་རྒྱ་སྦྲ་ནང་ཡོད།།
སྐྱིད་ན་སྐྱིད་ལ་མཉམ་ཏུ་རོལ་བའི་སེམས་ཀྱི་དགོད་སྒྲ་སྦྲ་ནང་ཡོད།།
སྡུག་ན་སྡུག་གི་ཁུར་བོ་མཉམ་འཁུར་མིག་གི་མཆི་མ་སྦྲ་ནང་ཡོད།།
དགྲ་ལ་སྡང་ཞིང་གཉེན་ལ་བྱམས་པའི་མི་གཤིས་རྣལ་མ་སྦྲ་ནང་ཡོད།།

ལོ་རྒྱུས་རིག་པའི་གནས་ལུགས་མ་རྟོགས་གཞན་གྱིས་བསླུས་པ་སྦྲ་ནང་ཡོད།།
རྒྱུ་ནོར་ཟས་ཀྱི་གཡོ་སྒྱུའི་འོག་ནས་དུག་ཆུ་དྲངས་པ་སྦྲ་ནང་ཡོད།།
ཕ་ལ་སྡང་ཞིང་མ་ལ་འཚེ་བའི་གཅན་གཟན་གཏུམ་པོ་སྦྲ་ནང་ཡོད།།
མངོན་ལྐོག་རྒྱབ་མདུན་གང་ཡིན་མེད་པར་གཞན་འོག་རྒྱུགས་ཁྱི་སྦྲ་ནང་ཡོད།།
རང་སྐད་གཙང་མ་ཕར་ལ་གཡུགས་ནས་གཞན་སྐད་མཁས་པ་སྦྲ་ནང་ཡོད།།
རང་གོས་ལུས་ལ་གྱོན་འདོད་མི་སྐྱེ་གཞན་གོས་གཡམ་རྒྱུགས་སྦྲ་ནང་ཡོད།།
སྲོལ་རྒྱུན་རིག་པའི་འདབ་བཟང་ལྗོན་པ་རྩ་ནས་འབྲེག་འདོད་སྦྲ་ནང་ཡོད།
ཡོད་ཚད་དེང་རབས་གསར་བར་བརྗེ་བའི་ཆོ་འཕྲུལ་སྟོན་མཁན་སྦྲ་ནང་ཡོད།།
རྒྱུ་དང་འབྱོར་བ་རང་ལ་ཐོབ་ན་མི་རིགས་བརྗེད་པ་སྦྲ་ནང་ཡོད།།
རིག་པའི་གནས་ལུགས་མངོན་སུམ་མ་རྟོགས་ཆོས་ལ་འཚེ་མཁན་སྦྲ་ནང་ཡོད།།
སྐྱ་མིན་སེར་མིན་གོས་གྱིས་གཡོགས་ནས་གང་སར་འཁྲབ་མཁན་སྦྲ་ནང་ཡོད།།
རང་ལུས་གཞན་ལ་སྒོར་ཆེད་བཙོང་པའི་སྨན་ཤར་བུ་མོ་སྦྲ་ནང་ཡོད།།
དུ་ཆང་བག་མེད་དུས་ཀུན་སྤྱོད་པའི་ཐ་ཤལ་བུ་ཚ་སྦྲ་ནང་ཡོད།།
ཕྱུགས་རིགས་རྗེས་སུ་མི་ཚེ་ཟད་པའི་ཤེས་བྱར་བླུན་པ་སྦྲ་ནང་ཡོད།།
ཆོ་གའི་ཕྱག་ལེན་ཙམ་ལས་མེད་པའི་དགེ་འདུན་འདུས་པ་སྦྲ་ནང་ཡོད།།
བཟང་ངན་གཉིས་ཀྱི་ཡོལ་བ་འཁྲུགས་པའི་སྦྲ་ནག་གྲུ་བཞིའི་ནང་རོལ་ནས།།
ཁྱོད་དང་ང་ཞེས་དབྱེ་འབྱེད་མེད་པར་ང་ཚོ་ཚང་མ་རིགས་རྒྱུད་གཅིག །
བཟང་པོའི་ཕྱོགས་ལ་བསམ་བློ་ཐོངས་དང་ཕན་རེ་བསམ་པའི་རྣམ་དག་སེམས།།
ཁ་བ་བོད་པའི་ལས་དབང་བསམ་བཞིན་འབྲི་ཁུལ་བྱས་པའི་ཚིག་ཉོག་ཡིན།།

སྙན་ངག

Post navigation

Previous Post: ཨ་རིའི་འཇིགས་མེད་བློ་གྲོས་དང་རྒྱ་གར་གྱི་འཇིགས་མེད་བློ་གྲོས།
Next Post: རང་ལུས་མེར་སྲེག་ཐད་ཀྱི་རྩོམ་བརྡ།

Comments (7) on “སྦྲ་ནག”

  1. བསྟན་འོད says:
    2012-10-23 at 12:59 pm

    ཡ་ཐོག་སྲིད་པའི་ཁུག་སོ་ཞིག་ནས་།
    སྦྲ་ནག་གྲུ་བཞི་ས་ལ་ཕུབས་ཡོད་།
    ཕ་དང་ཨ་ཁུའི་རྒོད་སྒྲ་ལྷང་ས་།
    མ་དང་སྲུ་མོའི་འཛུམ་ཆུང་ངོམ་ས་།

    དབྱར་གསུམ་མེ་ཏོག་ཁྲོད་ན་སྦྲ་ནག་གྲུ་བཞི་།
    དགུན་གསུམ་ཁ་བའི་ཀློང་ན་སྦྲ་ནག་གྲུ་བཞི་།
    དཀར་ནག་ཕྱུགས་གི་ཕ་ས་སྦྲ་ནག་གྲུ་བཞི་།
    འབྲུ་རིག་ཟས་ཀྱི་མཛོད་ཁང་སྦྲ་ནག་གྲུ་བཞི་།

  2. གཡག་རྫི། says:
    2012-10-23 at 10:28 pm

    ཧ་ཅང་གི་སྙན་མོ་བྲིས་འདུག

  3. གཡག་རྫི། says:
    2012-10-23 at 10:29 pm

    ཁྱེ་འདྲ་བའི་རྩོམ་པ་པོ་ཚོ་ནི་ངའི་དགེ་རྒན་ཡིན་།

  4. མེ་ཏོག་དཀར་པོ says:
    2012-10-24 at 5:41 am

    སྦྲ་ནག་ཟེར་བ་ག་རེ་རེད། film རེད་དམ་་ software རེད།

  5. གནམ says:
    2012-10-24 at 6:07 am

    ཡོད་ཡོད་ཡོད་ལ་ཡོད་དགུ།
    མེད་མེད་མེད་ལ་མེད་དགུ།
    ཨ་མཚར་མཚར་ལ་མཚར་དགུ།
    ཨ་སྐྱིད་སྐྱིད་ལ་སྐྱིད་དགུ།
    ཨ་འཐུས་འཐུས་ལ་འཐུས་དགུ།
    ཨ་ལ་ལ་འི་ལ་དགུ།
    མི་ཤེས་ན་རྒན་ལ་དྲིས། མ་གོ་ན་སྐལ་ཆད་རེད།
    མི་རིག་ན་སྒང་ལ་བུད། མ་ཐོན་ན་སྒྱིད་ལུག་རེད།

  6. མེ་ཏོག་དཀར་པོ says:
    2012-10-24 at 11:30 am

    ངའི་གྲོགས་པ་ཞིག་གི་བཤད་རྒྱུར། འདི་ནི་software, film, གང་ཡང་མིན་ཏེ་གཡག་ཕོ་དང་གཡག་མོ་སོགས་ཀྱི་སྤུ་ཡིས་བཟོས་པའི་གུར་རེད་ཟེར། དྲོད་ཞེ་པུ་ཡོད་རེད་ཟེར།

  7. རྡོ་རྗེ་རྒྱལ་མཚན། says:
    2012-10-24 at 11:44 am

    སོག་མདའ་ནས་ངོ་མ་སྙན་ངག་དོན་སྙིང་ལྡན་པ་ཅིག་སྤེལ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (18)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme