Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྦེལ་ལྗམ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད།

Posted on 2012-09-182012-09-18 By ཁ་བརྡ་ 4 Comments on སྦེལ་ལྗམ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད།

གསར་འགྱུར་མཁོ་གཏོང་བ། སྦེལ་ལྗམ་བོད་ཚོགས་དྲུང་གཞོན་ས་དཀར་བཀྲ་ཤིས།

ཕྱི་ཟླ་༩ པའི་ཚེས་༡༧ ཉིན་གྱི་ཞོགས་པ་ཆུ་ཚོད་༡༡ སྟེང་སྦེལ་ལྗམ་རྒྱལ་ས་སྦར་སིལ་གྱི་ཡུ་རོབ་གྲོས་ཚོགས་མདུན་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྣེ་ཁྲིད་པའི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་བསུ་ལེན་གྱི་མཛད་སྒོ་བསྐྱངས་བ་དང་། མཛད་སྒོའི་ཐོག་མར་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་(Mr. Thomas Mann, the President of Tibet Intergroup, European Parliament)ལགས་ནས་སྣང་གསལ་མར་མེ་ཞལ་འབྱེད་གནང་བ་དང་། དེའི་རྗེས་སྐུ་ཞབས་ཐོ་མ་སི་མན་དང་དང་ཡུ་རོབ་གྲོས་ཚོགས་འཐུས་མི་ཊོ་ནན་ཀེའུ་ལན(TunneKelan)། སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་བཅས་ནས་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་གྱི་ཕྱག་ནས་བདེན་པའི་མེ་ལྕེ་བསུ་ལེན་གནང་བ་དང་། སྐུ་ཞབས་ཐོ་མ་སི་མན་དང་ཡུ་རོབ་གྲོས་ཚོགས་འཐུས་མི་ཊོ་ནན་ཀེའུ་ལན་གཉིས་ནས་བདེན་པའི་མེ་ལྕེ་ལས་འགུལ་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྐྱོན་རྗེས། དེར་འདུས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཡུ་རོབ་གྲོས་ཚོགས་ཀྱི་ལས་བྱེད་མི་སྣ་ཁག་ཅིག་བཅས་ནས་བོད་རང་དབང་ཆེད་རང་སྲོག་བློས་བཏང་བའི་དཔའ་བོ་དཔའ་མོ་ཚོའི་ཆེད་དུ་སྐར་གཅིག་རིང་མྱ་ངན་ངག་བཅད་ཞུས། དེ་ནས་བོད་མི་ཚོས་བདེན་ཚིག་སྨོན་ལམ་དང་མི་མང་ལངས་གླུ་གྱེར། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ནས་ཡུ་རོབ་རྒྱལ་ཁབ་ཉེར་གསུམ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་བརྒྱུད་བོད་ནང་གི་ཛ་དྲག་གནས་སྟངས་འཛམ་གླིང་མི་མང་ལ་གསལ་བཤད་དང་བཅས་མཐར་དགོས་འདུན་དོན་ཚན་གསུམ་ཅན་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུ་ཡིན་སྐོར་ངོ་སྤྲོད་གནང་བ་དང་། སྤེལ་ལྗམ་ཧྥུ་ལ་མིའུ་ཤྲི་བོད་ཀྱི་གྲོགས་པོ་ཚོགས་པའི་ཚོགས་གཙོ་དན་ནེའུ་སི་(Dennis Barbion)ལགས་ཀྱིས་རྒྱ་གཞུང་གིས་བོད་མི་ཚོར་དྲག་གནོན་དང་རྡུང་རྡེག མནར་གཅོད། ཉེས་མེད་བཙོན་འཇུག་བྱེད་བཞིན་པར་མཚམས་འཇོག་དགོས་བ་དང་། དུས་རབས་ཉེར་གཅིག་ལ་སླེབས་ནའང་ད་རུང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་བ་དང་རང་དབང་མེད་པ་ནི་ཧ་ལས་དགོས་བའི་གནས་ཚུལ་ཞིག་རེད་བཅས་བརྗོད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་སྦར་སིལ་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་སྐུ་ཞབས་བན་སན་ཊི་མེས་ཊན་(Vincent Metten)ལགས་ཀྱིས་བོད་ནང་རང་ལུས་མེར་བསྲེགས་བྱུང་བའི་རྒྱུ་རྐྱེན་དང་རང་ལུས་མེར་བསྲེགས་གནང་མཁན་གྱི་དགོས་འདུན་ཅི་ཡིན་ངོ་སྤྲོད་གནང་བ་དང་། ཁོ་ཚོས་ཡུ་རོབ་གྲོས་མཉམ་འབྲེལ་གྱི་ཕྱི་སྲིད་བློན་ཆེན་ལྕམ་ཨ་ཧྲི་ཏོན་དང་ཡུ་རོབ་མཉམ་འབྲེལ་གྱི་སྲིད་འཛིན་སྐུ་ཞབས་བྷ་རོ་སོ། ཡུ་རོབ་འགྲོ་བ་མིའི་ཐོབ་ཐང་གི་སྐུ་ཚབ་གསར་བ་བཅས་ལ་རིང་མིན་རྒྱ་ནག་གི་སྲིད་བློན་ཝུན་ཅྰ་པོ་དང་གྲོས་མོལ་སྐབས་བོད་དོན་སྐོར་ཐད་ཀར་གླེང་དགོས་བའི་འབོད་སྐུལ་ཞུས་ཡོད་ཚུལ་བརྗོད། སྦེལ་ལྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་ནས་བོད་ནང་གི་རང་ལུས་མེར་བསྲེགས་མཁན་རྒྱལ་གཅེས་དཔའ་བོ་རྣམ་པའི་འབོད་སྒྲ་དང་ཁ་ཆེམས་ལ་བོད་མི་ཚོའི་བདག་པོ་རྒྱག་དགོས་བ་དང་། ཉིན་བཞིའི་རིང་བདེན་པའི་མེ་ལྕེ་ལས་འགུལ་སྤེལ་ལྗམ་ནང་སྤེལ་སྐབས་བོད་མི་ཚང་མ་ངེས་བར་མཉམ་ཞུགས་གནང་དགོས་བའི་འབོད་སྐུལ་གནང་། སྦར་སིལ་སྐུ་ཚབ་དོན་གཅོད་དངོས་གྲུབ་དངོས་གྲུབ་རྡོ་རྗེ་ལགས་ནས་དམིགས་བསལ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་གཞུང་གིས་བོད་མི་ཕྱིར་འབུད་དང་། དགེ་འདུན་པ་ལས་རྒྱ་མིའི་དམག་མི་དང་ཉེན་རྟོག་པ་མང་པ། སྒེའུ་ཁུང་ལས་གསང་བའི་ལྟ་རྟོགས་ཀྱི་བརྙན་ཆས་མང་པ། བོད་མི་ཚོ་འགྲོ་འདུག་གི་རང་དབང་མེད་པ་བཅས་ངོ་སྤྲོད་དང་། རྒྱ་གཞུང་གིས་བོད་མིའི་སྒྲིག་འཛུགས་དང་ལྷན་གྲོས་མོལ་འགོ་འཛུགས་དགོས་བ། བོད་ནང་གསར་འགོད་པ་དང་རང་དབང་གི་རྟོག་ཞིབ་པ་བསྐྱོད་ཆོག་པ། བོད་མི་དྲག་གནོན་མཚམས་འཇོག་དགོས་བ་བཅས་དགོས་འདུན་དོན་ཚན་ཁག་ཅིག་གསལ་བསྒྲགས་གནང་།
སྐུ་མགྲོན་གཙོ་བོ་ཡུ་རོབ་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མ་སི་མན་ལགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འདི་འདྲ་བསམ་བློ་འཁོར་བ་ནི་ཧ་ལས་བའི་ཡག་པོ་འདུག་ལ། ལྷག་པར་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ལ་ཡུ་རོབ་གྲོས་ཚོགས་འཐུས་མི་༧༠༠ལྷག་ལ་འབོད་སྐུལ་ཞུ་འཆར་ཡོད་པ་དང་། ཡུ་རོབ་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆུང་ལ་ཚོགས་མི་༡༢༠ ལྷག་ཡོད་པ་དེ་ད་རུང་ཤུགས་ཆེ་པོ་མིན་པས་བོད་པ་ཚོའི་ལས་འགུལ་འདི་ལྟ་བུ་སྤེལ་ཚེ་ང་ཚོའི་ལས་དོན་མང་ཙམ་སྒྲུབ་ཐུབ་པ་དང་། རྒྱལ་ཁབ་མང་པོིའི་སྲིད་གཞུང་གིས་བོད་པ་ཚོར་རྒྱབ་སྐྱོར་གནང་རྒྱུ་ཐེ་ཚོམ་སྐྱེས་བཞིན་ཡོད་ལ་ཁོ་ཚོས་རྒྱ་ནག་དང་ལྷན་འབྲེལ་ལམ་བརྟན་པོ་བཟོ་བཞིན་ཡོད། ཡིན་ནའང་གྲོས་ཚོགས་འཐུས་མི་རྣམས་ལ་སྲིད་གཞུང་དབང་བསྒྱུར་ཐུབ་པའི་ནུས་བ་དང་སྲིད་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པའི་ནུས་བ་ཡོད་པས་ཡུ་རོབ་གྲོས་ཚོགས་བརྒྱུད་སྲིད་གཞུང་དེ་དག་གིས་བོད་དོན་སྐོར་ལ་ད་དུང་སྒྱུད་ལུག་དང་ལེ་ལོའི་བྱ་སྤྱོད་མི་གནང་རྒྱུའི་འབོད་སྐུལ་ཞུ་ཐུབ་ཚུལ་བརྗོད། རྒྱལ་ཁོངས་ཊོ་ནི་ཞི་ཡ་ནས་ཡིན་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཊོ་ནས་ཀེའུ་ལན་ལགས་ཀྱིས་སྔོན་མ་ཊོ་ནི་ཞི་ཡ་རྒྱལ་ཁབ་དེ་བཞིན་གཞན་གྱི་དབང་བསྒྱུར་དང་མི་སེར་སྤེལ་བའི་རིང་ལུགས་འོག་གྲངས་ཉུང་མི་རིགས་ཆགས་པའི་ཉེན་ཁར་ལྷུང་བ་དང་། མི་རིགས་ཀྱི་རྩ་ཆེན་རིག་གཞུང་ཆགས་འཇིག་གི་སོ་མཚམས་ལ་སླེབས་མྱོང་ཚུལ་ངོ་སྤྲོད་དང་། གཞན་དབང་ནས་ཐར་ཆེད་མཉམ་འབྲེལ་རྒྱལ་ཚོགས་ལ་ཞུ་གཏུགས་ཀྱི་ལམ་ཁ་བརྒྱུད་སྐབས་ང་ཚོ་མང་པོ་ཞིག་འཛིན་བཟུང་ཐེབས་མྱོང་ནའང་མཐར་ཊོ་ནེས་ཞི་ཡར་རང་དབང་ཐོབ་པ་དང་། སྟོབས་ཆེན་རྒྱལ་ཁབ་གཞན་པ་ཚོ་ལས་ང་ཚོས་བོད་ཀྱི་ཛ་དྲག་གནས་སྟངས་མྱོང་ཚོར་ཐུབ་ལ། ད་ལྟ་ང་ཚོ་རང་དབང་གི་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་བོད་མི་ཚོར་རྒྱབ་སྐྱོར་བྱེད་དགོས་བ་ང་ཚོའི་འགན་འཁྲི་ཡིན་ལ། བོད་དེ་ནམ་ཡང་གསོན་པོར་གནས་ཐུབ་ལ་བོད་པ་ཚོར་རྒྱལ་ཁ་ཐོབ་ངེས་རེད་ཅེས་བརྗོད།
མཐར་སྦར་སིལ་སྐུ་ཚབ་སྐུ་དོན་གཅོད་ལས་རོགས་རིག་འཛིན་ཆོས་སྒྲོན་ལགས་ཀྱིས་ཐུགས་རྗེ་ཆེ་གཏམ་བཤད་གནང་བ་དང་སྤྲགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་མཛད་སྒོ་མཇུག་སྒྲིལ།

གསར་འགྱུར།

Post navigation

Previous Post: རྒྱལ་གཅེས་བསམ་བློ་སྤེལ་བའི་ནུས་ཤུགས།
Next Post: སྦེལ་ལྗམ་དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཉིན་གཉིས་པ།

Comments (4) on “སྦེལ་ལྗམ་ནང་བདེན་པའི་མེ་ལྕེ་སྐོར་བསྐྱོད།”

  1. ཀརྡོ་གཉེར་ཕྱག་པ་ says:
    2012-09-19 at 1:54 am

    བདེན་པའི་མེ་ལྕེ།
    བདེན་རང་དབང་།
    བདེན་པའི་སེམས་ཤུགས།
    བདེན་པའི་ལས་འགུལ།

  2. གཉིས་མེད་སེངྒེ says:
    2012-09-19 at 12:45 pm

    བདེན་པའི་མེ་ལྕེའི་མཚོན་དོན་བོད་མི་ཚོས་རང་དབང་ཆེད་རང་ལུས་མེ་སྲེག་བཏང་བ་དེ་ཡིན་ནམ། ཡང་ན་་་་་་་་

  3. རང་དབང་། says:
    2012-09-19 at 6:30 pm

    འགྲོ་སོང་དེ་ཙམ་བཏང་རྗེས་བདེན་པའི་མེ་ལྕེ་དེ་ཨོ་རྩལ་སྐབས་ཀྱི་དཔལ་འབར་འདྲ་པོ་ཞིག་མ་བཟོས་པར་སྤགས་ཀྱིས་བཟོས་པ་འདྲ་པོ་དེ་དགའ་པོ་མ་བྱུང་ཡང་། འདིས་བོད་དོན་ཁྱབ་བསྒྲགས་ཡག་པོ་འགྲོ་འདུག དགེ་བཤེས་དབང་ཆེན་གྲོས་ཚོགས་ཚོགས་སར་མ་ཡོང་བར་ཡོ་རོབ་ནང་མེ་ལྕེ་ཁུར་ནས་བཞུགས་ཡོད་པ་འདྲ། བོད་ཀྱི་འདས་མ་ད་གསུམ་ཀྱི་ཁྲིམས་བཟོའི་ལས་དོན་ཆེད་སྤྱི་འཐུས་བཞེངས་པ་ཡིན་དང་མེ་ལྕེ་ཁུར་ཆེད་ཡིན་ནམ།

  4. ཐུ་བ་རྒྱ་མཚོ། says:
    2012-09-19 at 7:24 pm

    ངའི་སེམས་ལ་སྐད་གྲགས་ཆེ་བའི་བདེན་པའི་མེ་ལྕེ་དེ་འབར་བཞིན་པའི་མེ་ལྕེ་གསོན་པོ་དམར་ལམ་ལམ་པ་ཞིག་ཡིན་རྒྱུ་རེད་འདོད་ཡོད། ཡིན་ན་ཡང་དངོས་སུ་མིག་གིས་མཐོང་དུས་རྒྱུག་པའི་རྩེ་ལ་འགྱིག་གིས་བཟོས་པའི་མེ་ལྕེ་རྫུན་མ་ཞིག་རེད། སེམས་པ་དེ་དེ་འདྲ་ཞིག་ཆགས་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme