Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྦེལ་ཀོབ་ཏུ་རྒྱལ་གཅེས་དཔའ་བོའི་རྡོ་རིང་གི་དབུ་འབྱེད་མཛད་སྒོ་འཚོགས་པ།

Posted on 2015-02-152015-02-15 By ཁ་བརྡ་ 2 Comments on སྦེལ་ཀོབ་ཏུ་རྒྱལ་གཅེས་དཔའ་བོའི་རྡོ་རིང་གི་དབུ་འབྱེད་མཛད་སྒོ་འཚོགས་པ།

གནས་ཚུལ་གཏོང་མཁན། སོག་ཤོད་དར་རྒྱས།

 
ཕྱི་ལོ་༢༠༡༥ ཟླ་༢ པའི་ཚེས་༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་པའི་ཐོག་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་གྲོང་དང་པོར་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱིས་བཞེངས་པའི་རྒྱལ་གཅེས་དཔའ་བོའི་རྡོ་རིང་གི་མཛད་སྒོ་འཚོགས་ཡོད་པ་རེད།
མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང། དམིགས་བསལ་སྐུ་མགྲོན་བཀའ་ཤག་གི་སྐུ་ཚབ་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་གཞིས་འགོ་མཆོག བདེ་སྐྱིད་སླར་གསོའི་གཞིས་འགོ། སྤྱི་མཐུན་མཉམ་འབྲེལ་སྤྱི་ཁྱབ་ཚོགས་གཙོ་པདྨ་བདེ་ལེགས་ལགས། གཞིས་ཆགས་གསར་རྙིང་གཉིས་ཀྱི་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། མཉམ་འབྲེལ་ཡན་ལག་ཚོགས་གཙོ། གཞན་ཡང་ཚོགས་པ་ཁག་དང་དགོན་སྡེ་ཁག་གི་སྐུ་ཚབ་དང་མི་མང་བརྒྱ་ལྷག་འཛོམས་ཡོད་པ་རེད།

unnamed-4

ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་མཆོད་མེ་ཞལ་འབྱེད་དང། དེ་རྗེས་ངག་བཅད་མྱ་ངན། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་རྗེས། སྐུ་མགྲོན་གཙོ་བོ་དང་དམིགས་བསལ་སྐུ་མགྲོན་རྣམ་གཉིས་ནས་རྒྱལ་གཅེས་དཔའ་བོའི་རྡོ་རིང་གི་རས་ཡོལ་ཞལ་ཁ་ཕྱེས་ནས་དབུ་འབྱེད་གནང་སྟེ། སྐུ་མགྲོན་རྣམས་ཀྱིས་རིམ་པས་གུས་འདུད་ཀྱི་ཁ་གཏགས་ཕུལ་ཡོད་པ་རེད།
དེ་རྗེས་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་ཚོགས་གཙོ་འདན་མ་མཁྱེན་བརྩེ་ལགས་ཀྱིས་ཚོགས་པའི་ངོ་སྤྲོད་གསུང་བཤད་གནང་དོན། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་གནས་སྟངས་ཛ་དྲག་གི་སྐབས་སུ་བོད་ཀྱི་གཞས་པ་རྣམས་ཀྱིས་འགན་ཁུར་ནས་བོད་ཀྱི་གནས་སྟངས་ངོ་སྤྲོད་དང། གླུ་གཞས་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་གོང་འཕེལ། དེ་བཞིན་བོད་ཀྱི་གཞས་པ་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་ཡོངས་ཐབས། ༸གོང་ས་མཆོག་གི་བཀའ་དགོངས་རྣམས་གླུ་གཞས་ལ་བརྟེན་ནས་མི་མང་ངོ་སྤྲོད་ཡོངས་ཐབས་སོགས་ལ་དམིགས་པ་ཡིན། རྡོ་རིང་བཞེངས་དོན་ནི། སྐུ་ལུས་མེར་བསྲེགས་བཏང་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་དང་རྗེས་དྲན་ཞུ་བའི་ཆེད་དང། དམིགས་བསལ་བོད་ཀྱི་གཞས་པ་རྣམས་ཀྱིས་འགན་ཁུར་ནས་ལས་ཀ་བྱ་རྒྱུ་གལ་ཆེན་དུ་དམིགས་ནས་བཞེངས་པ་ཞིག་ཡིན་ཞེས་གསུངས་སོང།

དེ་རྗེས་སློབ་སྟོན་པ་ཟླ་བ་རིན་ཆེན་ལགས་ཀྱིས་གསུང་བཤད་གནང་དོན། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚང་མས་རང་དབང་གི་འཐབ་རྩོད་དང། བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ། སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཆེད་དུ་ཚེ་སྲོག་བློས་བཏང་དང་གཏོང་བཞིན་པ་རེད། བློས་བཏང་དེ་ཚོ་ང་ཚོས་རྩ་བ་ནས་བརྗེད་རྒྱུ་མེད་པར་བཀའ་དྲིན་རྗེས་དྲན་དང་གླུ་གཞས་ཀྱི་ལམ་ནས་མ་འོངས་པའི་མི་རབས་ལ་སེམས་ཤུགས་སྤར་ཐབས་དང་མིག་དཔེ་སྟོན་རྒྱུ་གལ་ཆེན་པོ་རེད། བོད་ནང་ལ་རང་དབང་མེད་རྐྱེན་རང་དབང་གི་གླུ་གཞས་ལེན་རྒྱུ་དཀའ་ལས་ཁག་པོ་རེད། དེར་བརྟེན་རོལ་དབྱངས་མཐུན་ཚོགས་ཀྱིས་བོད་ནང་གི་གཞས་པ་རྣམས་ཀྱི་མགྲིན་ཚབ་བྱས་པ་དེ་ཧ་ཅང་ཡག་པོ་རེད། ལས་འགུལ་གསར་པ་རྩོམ་མཁན་ལ་རྒྱབ་སྐྱོར་བྱེད་རྒྱུ་གལ་ཆེན་པོ་རེད། དེ་བཞིན་མི་རེ་ངོ་རེ་ནས་འགན་ཁུར་ལེན་རྒྱུ་དེ་བས་གལ་ཆེན་པོ་རེད། རྡོ་རིང་བཞེང་རྒྱུའི་ལས་འགུལ་འདིའི་འགན་ཁུར་མཁན་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང།

unnamed-7

དེ་ནས་བཀའ་ཤག་གི་སྐུ་ཚབ་ལུགས་བསམ་གཞིས་འགོ་མཆོག་གིས་རྡོ་རིང་མཛད་སྒོ་ལ་ཆེད་དུ་གནང་བའི་བཀའ་ཤག་གི་གསུང་འཕྲིན་ལྗགས་ཀློག་གནང་དོན། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ནས་མ་བསྐུལ་དང་བླངས་ཀྱིས་འཁྲབ་སྟོན་སྐོར་བསྐྱོད་ཀྱི་ལམ་ནས་ཞལ་འདེབས་བསྡུ་སློང་བྱས་ཏེ། རྒྱལ་གཅེས་དཔའ་བོའི་རྡོ་རིང་བཞེངས་རྒྱུའི་ལས་གཞི་ལེགས་པར་གྲུབ་པ་དང། ཕྱི་ལོ་༢༠༡༥ ཟླ་༢ ཚེས་༡༥ ཉིན་དངོས་སུ་སྒོ་འབྱེད་བྱ་གཏན་ཁེལ་བར་བཀའ་ཤག་ནས་ལེགས་སོའི་བསྔགས་བརྗོད་དང་འཚམས་འདྲི་ཞུ་རྒྱུ་ཡིན། རྒྱལ་གཅེས་དཔའ་བོའི་རྡོ་རིང་བཞེངས་པའི་དགོས་དོན་སྙིང་པོ། ད་བར་བོད་བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་དང་གནང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་རྣམས་རང་ཅག་སེར་སྐྱ་རྒན་གཞོན་ཡོངས་ནས་སྙིང་དབུས་སུ་བཅངས་ཏེ། ཇི་སྲིད་བོད་དོན་བདེན་མཐའ་མ་གསལ་བར་དེ་སྲིད་དུ་མུ་མཐུད་ལྷག་བསམ་ཆེར་བསྐྱེད་ཀྱིས་འབད་རྩོལ་ལྷོད་མེད་བྱ་དགོས་པའི་གོ་རྟོགས་གཏིང་ཟབ་སྤེལ་ཐུབ་པའི་རེ་བ་ཡོད་ཅེས་སྒྲོག་སྦྱངས་གནང་སོང།

དེ་ནས་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། སྤྱིར་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་དྷ་རམ་ས་ལར་རྡོ་རིང་གཅིག་བཞེངས་ཡོད་པ་རེད། དེ་རིང་འདིར་རོལ་དབྱངས་མཐུན་ཚོགས་ཀྱིས་སྦེལ་ཀོབ་གཞིས་ཆགས་ལ་གཅིག་བཞེངས་པ་རེད། དེ་བཞིན་མ་འོངས་པར་གཞིས་ཆགས་ཚང་མར་རྡོ་རིང་རེ་བཞེངས་ཐུབ་ན་ཡག་པོ་ཡོད་རེད། ཚང་མར་བཀའ་དྲིན་རྗེས་དྲན་ཆགས་ཀྱི་ཡོད་རེད།
བོད་ནང་བྱུང་བའི་རང་ལུས་མེར་སྲེག་གི་གནས་ཚུལ་དེ་འདྲ་བོ་འཛམ་བུ་གླིང་གི་ལོ་རྒྱུས་ཀྱི་ནང་ལ་ཕལ་ཆེར་བྱུང་ཡོད་མ་རེད། ལྷག་པར་དུ་འཚེ་མེད་ཞི་བའི་འཐབ་རྩོད་དེ་ཧ་ལས་པ་དང་ཧང་སང་དགོས་པ་ཞིག་ཆགས་ཡོད་རེད། རྒྱ་ནག་གིས་བོད་ནང་གི་རང་ལུས་མེར་སྲེག་གི་གནས་ཚུལ་དེ་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བརྒྱུད་སྐུལ་བྱེད་ཀྱི་ཡོད་རེད་ཅེས་བཤད་ཀྱི་ཡོད་རེད། ཡིན་ནའང་ང་ཚོས་བརྒྱུད་སྐུལ་བྱ་རྒྱུ་ཕར་ཞོག བོད་ནང་གི་བོད་མི་ཚོའི་ལྷག་བསམ་དང་སྙིང་སྟོབས་བཤད་མི་དགོས་པ་དང། ཐབས་བྱུས་ཀྱང་བསམ་ཡུལ་ལས་འདས་པ་དེ་འདྲ་འདོན་གྱི་ཡོད་རེད། དེ་འདྲ་ཡིན་དུས་ཁོ་རང་ཚོའི་མཛད་རྗེས་དེ་ཚོ་དེ་རིང་གི་རྡོ་རིང་འདི་བཞེངས་པའི་ཐོག་ནས་དྲན་གསོ་བྱེད་ཀྱི་ཡོད་རེད།

unnamed-8

ད་ལྟ་རྒྱ་ནག་གི་མི་རིགས་མཉམ་བསྲེ་སྲིད་ཇུས་དེ་སྔོན་མ་ཨུ་རུ་སུའི་སྲིད་ཇུས་རེད། ད་ལྟ་རྒྱ་ནག་གིས་བེད་སྤྱོད་གཏོང་གི་ཡོད་རེད། དེ་བཞིན་མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་ཧ་ཅང་མང་པོ་བྱེད་ཀྱི་ཡོད་རེད། དེ་ཚོའི་རྒྱ་མི་རིགས་གནས་སྤོའི་ཆེད་དུ་མ་གཏོགས་བོད་ཀྱི་ཆེད་དུ་མ་རེད། བོད་ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་བརྡལ་དེ་ཚོའི་ནང་ལ་དངུལ་བཟོ་སའི་ས་ཆ་དེ་ཚོ་ལ་རྒྱ་མི་རིགས་མང་བ་ཆགས་བསྡད་ཡོད་རེད། སྐབས་རེ་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ལ་རང་བཙན་དང་དབུ་མ་ཟེར་ནས་བཤད་ཀྱི་ཡོད་རེད། དེ་ཚོ་རྒྱུ་མཚན་ཞིག་ཡོད་ཀྱི་རེད་དེ། བསམ་བློ་ཡག་པོ་བཏང་ན་འགྱུར་ལོ་སུམ་ཅུ་བཞི་བཅུའི་ནང་བོད་ལ་ལོག་རྒྱུ་མ་རག་པ་ཡིན་ན། རང་བཙན་ཕར་ཞོག་རང་སྐྱོང་རག་པ་ཡིན་ནའང་ཕན་ཐོགས་ག་འདྲ་ཡོང་གི་ཡོད་ན་བསམ་པའི་གནས་སྟངས་དེ་འདྲ་ཆགས་བསྡད་ཡོད་རེད་ཅེས་དང། གཞན་ཡང་རྡོ་རིང་བཞེངས་མཁན་དང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞེས་སོགས་གསུངས་སོང།

མཇུག་མཐར། བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱི་གཞས་པ་རྣམས་ཀྱིས་དཔའ་བོ་རྗེས་དྲན་ཞེས་པའི་མཉམ་གཞས་ཕུལ་རྗེས། རྒྱུན་ལས་ངག་དབང་གིས་ཐུགས་རྗེ་ཞུའི་གསུང་བཤད་གནང་ནས་མཛད་སྒོ་མཇུག་བསྒྲིལ་ཡོད་པ་རེད།།

གསར་འགྱུར།

Post navigation

Previous Post: ཕ་སྐད་ཆེན་པོའི་སྤྲོ་ཚོགས།
Next Post: ལོག་རྟོག་ཚར་གཅོད།

Comments (2) on “སྦེལ་ཀོབ་ཏུ་རྒྱལ་གཅེས་དཔའ་བོའི་རྡོ་རིང་གི་དབུ་འབྱེད་མཛད་སྒོ་འཚོགས་པ།”

  1. ཇུས་ཏོག says:
    2015-02-15 at 9:11 am

    རང་ལུས་མེར་བསྲེགས་་རྒྱལ་ཁབ་མི་རིགས་དོན་།
    རང་དོན་དཀྱུར་ནས་རླབས་ཆེན་བྱ་བ་བརྩམས་།
    རང་གི་ཕ་མ་གཉེན་སྤུན་ཡོངས་བོར་ནས་།
    རང་དབང་རང་བཙན་སླར་གསོའི་སྐད་སྒྲ་གྲགས་།

    དབང་ཆེན་རྒྱ་ཡི་བོད་མིར་གནར་གཅོད་བཏང་།
    དབང་ཆེན་ཀླ་ལོའི་བོད་མིི་དམར ་བསད་བཏང་།
    དབང་ཆེན་གུང་བྲན་ནང་ཆོས་བསྟན་པ་སྣུབས་།
    དབང་ཆེ་མ་འོ་དམྱལ་ཁམས་ཐིག་ནག་ལྷུང་།

    དཔའ་བོའི་རྡོ་རིང་གཟི་བརྗིད་ཁྱད་དུ་འཕགས་ །
    དཔའ་བོ་དཔའ་མོའི་རླབས་ཆེན་གཏོང་འཕོད་དེ་།
    རྡོ་རིང་བཞེངས་པ་ཙམ་གྱི་ཆོག་ཤེས་མ་གནང་བར་།
    ཉིན་ཚན་ཀུན་ཏུ་མ་ཎི་བསོགས་ལ་རེམ་།

  2. ཀརྡོ་གཉེར་ཕྱག་པ་ says:
    2015-02-15 at 10:36 pm

    རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་གྲོང་དང་པོར་བོད་ཀྱི་རོལ་དབྱངས་མཐུན་ཚོགས་ཀྱིས་བཞེངས་པའི་རྒྱལ་གཅེས་དཔའ་བོའི་རྡོ་རིང་བཞེངས་་དང་། དེའི་མཛད་སྒོ་འཚོགས་པར་བཀའ་དྲིན་ཆེ་ཞེས་ཞུའོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme