Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྦུར་པས་མགོར་བརྡུང་པ། དངོས་བྱུང་མཚར་གཏམ།

Posted on 2010-03-052010-03-05 By ཁ་བརྡ་ 4 Comments on སྦུར་པས་མགོར་བརྡུང་པ། དངོས་བྱུང་མཚར་གཏམ།

སྨྱུག་རྒོད་གངས་བུ་དཔལ།

བོད་ཀྱི་ལུང་པ་ཞིག་ལ་མི་ཚང་ཆེན་པོ་ཞིག་ཡོད་པ་དེར་བུ་ཞིག་ཡོད།
ཐེངས་ཤིག་ལུང་པ་དེ་གཞན་དང་དཁྲུག་པ་ཤོར་བས་མཚན་མོ་ཞིག་བུ་དེ་གྲོང་མི་མང་པོ་དང་ལྷན་དུ་མེ་མདའ་ཁུར་ནས་འཛིང་སར་སོང་བ་རེད།
དཁྲུག་འཛིང་བྱེད་བཞིན་པའི་སྐབས་སྦུར་པ་((འབུ་སྒལ་པ་འཁྲེགས་པོ་ཞིག))ཞིག་འཕུར་ཡོང་ནས་བུ་དེའི་མགོ་བོར་ཤུགས་ཆེན་པོས་བརྡུང་པས།
ཁོའི་བསམ་པར་དཱ་མེ་མདའ་ཕོག་སོང་དྲན་ནས་མགོ་བོ་རས་ཞིག་གིས་ཡག་པོ་བསྡམས་ནས་མི་ཚོར་མགོ་ལ་མེ་མདའ་ཕོག་སོང་ལབ་ནས་ལོག་ཡོང་བས་གྲོང་མི་ཚང་མ་ཧང་སངས་ནས་བལྟ་བར་སླེབས།
མི་ཚང་མ་འཛོམས་སར་དེར་གཅིག་གིས་ཁོའི་མགོའི་རས་དེ་ག་ལེར་བཀྲོལ་བས་དེའི་ནང་སྦུར་པ་ཆེན་པོ་ཞིག་མ་གཏོགས་མགོ་བོར་རྨ་ཤུལ་གང་ཡང་མེད་པས་མི་ཚོ་གད་མོ་ཤོར་བ་དང༌།
ཁོ་རང་ངོ་ཚ་པོ་བྱུང་བ་རེད།

མཚར་གཏམ།

Post navigation

Previous Post: ཆོས་བརྒྱུད་སྤྱི་འཐུས་མི་དགོས།
Next Post: སྐྱ་རེངས་ཤར་སྟངས་འདི་ལ་གཟིགས་ཤིག

Comments (4) on “སྦུར་པས་མགོར་བརྡུང་པ། དངོས་བྱུང་མཚར་གཏམ།”

  1. རྩམ་དགའ་ says:
    2010-03-05 at 6:30 pm

    རྒོད་སྤྲོ་བོ་ཞིག་བྲིས་འདུག་ཐུགས་རྗེ་ཆེ།

  2. གཞོན་ནུ་ཟླ་མེད says:
    2010-03-05 at 7:19 pm

    མགོ་བོ་ཀ་བར་རྡུང་ནས་ས་ལ་འགྱེལ།།
    སྐྱེ་སྨན་རྒྱུགས་པས་རྡུང་ནས་བསོད་ལ་ཁད།།

    བོད་ལ་མི་གཅིག་གིས་་རང་གི་སྐྱེ་སྨན་ལ་ལབ་པ། སྙིང་སྡུག་ལགས། ངེད་གཉིས་ཀྱི་ད་ལྟའི་བར་དུ་འཆམ་པོ་བྱས་སྟངས་འདྲ་མི་འདྲའི་ཐོག་ནས་ཆགས་པ་སྤྱོད་པ་རེད། ཡིན་ན་ཡང་རྟ་ཡི་བྱས་སྟངས་ལྟར་བྱས་མ་མྱོང་བས། དེ་རིང་ངེད་གཉིས་ཀྱི་རྟ་ཡི་བྱས་སྟངས་བྱས་ན་ག་འདྲས་འདུག་ཅེས་དྲིས་དུས། སྐྱེ་སྨན་གྱིས་ཁྱོད་འདི་དེ་འདྲའི་དྲན་རྒྱུ་རྒོད་པ་ལ་ཟེར་ཞོར་དུ་འཐད་པའི་རྣམ་འགྱུར་བསྟན། སྐྱེ་སྨན་སོང་ན་རྟ་ལ་རྩྭ་སྟེར་སའི་ཁ་རའི་ནང་ནས་ཁ་ཕར་ལ་འཁོར་ནས་རྒོད་མའི་འཚར་སྐད་ལྷང་ལྷང་རང་གི་ཁྱོ་ཀ་མགྱོགས་སུ་ཡོང་དགོས་པའི་བརྡ་བརྒྱབ་པ་ན། ཁྱོད་ཀ་ཡང་རྟ་ཡི་འགྲོ་སྟངས་ལྟར་ཀོག་ནས་རྒྱུགས། རྟ་ར་ནང་དུ་མ་སླེབས་སྔོན་ལ་མགོ་བོ་ཀ་ལ་རྡུང་ཐུག་རྒྱབ་པའི་ཐོད་པའི་ནང་ནས་སྐར་མ་ཁྲ་ཐང་ཐང་ཤར་ནས་ས་ལ་འགྱེལ།
    གང་འཚམ་སོང་བ་ན་སྐྱེ་སྨན་གྱིས་ཡང་བསྐྱར་འཚར་སྐད་ལྷང་ལྷང་གིས་ཡོང་དགོས་པའི་འབོད་པ་བཏང་། ཁྱོ་ཀ་འཐམ་མ་འཐོམ་མེར་ཡར་ལངས་ནས་འཚིག་པ་ཟ་ཐག་ཆོད་ནས། རྒྱུགས་པ་ཞིག་ཁས་ནས་སྐྱེ་སྨན་གྱི་རྐུབ་ལ་ཚ་ཐག་ཆོད་ཅིག་བཞུས་ནས་གཏེ་ངན་ཁྱོད་ཀྱིས་ཉིན་གཅིག་ང་གསོད་ས་རེད། ཅེས་བཤེ་བཤེ་བཏང་། སྐྱེ་དམན་གྱིས་ཅི་ཡིན་འདི་ཡིན་མ་ཤེས་པར་ངུ་ཤོར་རོ།།

  3. མི་རྐང་གླིང་བུ། says:
    2010-03-06 at 2:10 pm

    ཏོག་ཙམ་ཆད་འདུག ཁྱོ་གས་མགོ་ལག་པས་འཕུར་ནས་ངུ་གྲབས་བྱས། ཡང་བསྐྱར་སྐྱེས་སྨན་དེས་རྟ་ཡི་སྐད་ལྟར། ཨུ་ཧུ་ཧུ། ཨུ་ཧུ་ཧུ་ཟེར་ནས་བོས། ཁྱོ་ག་ག་ལེར་ཡར་ལངས་ཞོར་དུ། རོ་ཧུ་ཧུ། གྱོད་ཧུ་ཧུ་ཁྱོད་ཀྱི་ཉི་མ་གཅིག་ང་གསོད་ས་རེད་ཟེར་། རྒྱུགས་པས་ཤེད་ཀྱིས་ཞུས། ་་ཧཧཧཧཧཧཧཧཧཧཧ

  4. lord says:
    2010-03-26 at 4:29 am

    གསར་འབྱོར་གྱི་བུ་ཉམས་ཆུང་ཞིག་དང་གཞིས་ཆགས་ཀྱི་བོུ་ཞིག་དགའ་བོ་ཆགས་པ་རེད། བོུ་དེར་དེ་སྔོན་བུ་གཉིས་དང་དགའ་བོ་བྱས་ཟིན་ཅིང༌། མི་མང་པོར་མཐོང་ཚུལ་ཡག་པོ་དེ་ཙམ་མེད། གསར་འབྱོར་བུ་དེས་གནས་ཚུལ་དེ་ཚོ་ཚང་མ་གསལ་གསལ་ཐིང་ཐིང་ཤེས་ཀྱི་ཡོད། འོན་ཀྱང་དགའ་བོ་ཆགས་པ་རེད། འོན་ཀྱང་ཁོ་རང་གི་གྲོགས་པོ་ཚོ་སེམས་པས་མ་བཟོད་ནས་སློབ་གསོ་གང་ཐུབ་ཅི་ཐུབ་བརྒྱབས་ཀྱང་རྩ་བ་ནས་ཁ་ལ་ཉན་གྱི་མེད།
    ཉིན་ཅིག་ཁོ་འུ་ཐུག་པ་མིན་ནམ། གང་ཡིན་རུང་ཁོས་རང་གི་སེམས་ཁྲལ་ཅན་གྱི་གྲོགས་པོ་རྣམས་ལ་དེ་ལྟར་ལན་འདེབས་བྱས་པ་རེད།
    ཁྱོད་ཚོ་གསར་འབྱོར་ཕོ་གསར་ཚོ། གཞིས་ཆགས་བུ་མོས་ཁྱོད་ཚོར་མིག་ཟུར་ཙམ་ཞིག་བལྟས་ཀྱང༌། དེ་ལ་བསོད་བདེ་ཡིན་བསམས་དགའ་བ་སྒོམ་དགོ་རེད། ཅེས་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme