Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྦས་ཡུལ་བོད་དང་ཅི་བྱ་གཏོལ་བྲལ།

Posted on 2008-05-13 By དགེ་རབ་ No Comments on སྦས་ཡུལ་བོད་དང་ཅི་བྱ་གཏོལ་བྲལ།

དགེ་འདུན་རབ་གསལ་གྱིས།
བོད་དུ་འདི་ལོའི་གྱེན་ལོག་ཆེན་མོ་བྱུང་བ་ནས་བརྩིས་ན་ཧ་ལམ་ཟླ་བ་གཉིས་ལྷག་ཕྱིན་ཡོད། དུས་ཚོད་འདིའི་ནང་བོད་མི་ཁྲི་ཕྲག་ནས་འབུམ་ཕྲག་སྐོར་གྱེན་ལོག་ནང་ཞུགས་ཏེ་དགོས་འདུན་དོན་ཚན་གསུམ་བཏོན་པ་རེད། དོན་ཚན་དེ་གསུམ་ནི། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། བོད་རང་བཙན་ཡིན་པ། པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་གཏོང་དགོས་པ་བཅས་རེད། ང་ཚོ་ཕྱི་ལོགས་ན་སྡོད་མཁན་ཚོས་བོད་མིའི་ངོ་རྒོལ་དང་རེ་འདུན་འདི་ཚོ་གསལ་ལེར་མཐོང་ཐུབ་ཡོད།
གྱེན་ལོག་བྱུང་རྗེས་ཀྱི་གནས་ཚུལ་རྣམས་གང་འདྲ་རེད། ང་ཚོ་གྲོགས་པོ་ནང་ཁུལ་དུ་སྐད་ཆ་བཤད་སྐབས་སུ་ཤེས་པའི་གནས་ཚུལ་ལྟར་ན། ད་ཆ་བོད་ཀྱི་གྲོང་ཁྱེར་ནས་གྲོང་གསེབ་བར་དུ་རྒྱ་གཞུང་གི་ལས་དོན་རུ་ཁག་བཏང་ནས་ཚ་ཚ་འུར་འུར་བྱེད་གིན་ཡོད། གྲོགས་པོ་མང་པོ་ལ་གཞིས་ལུས་ཀྱི་སྤུན་ཉེ་ཚོས། “ད་ལྟ་གནས་ཚུལ་ཛ་དྲག་འདུག གནས་སྐབས་རིང་ཁ་པར་མ་གཏོང་།” ཅེས་བཤད་ཡོད། ཡང་ལག་འཁྱེར་ཁ་པར་ཡོད་མཁན་ཚོར་འབྲེལ་བ་བྱས་སྐབས། “ཁ་པར་འདི་སྒོ་བརྒྱབ་འདུག རྗེས་ནས་འབྲེལ་བ་བྱེད་རོགས།”ཞེས་པའི་ལན་འདི་རྒྱ་སྐད་དང་དབྱིན་སྐད་གཉིས་ཀྱི་ཐོག་ནས་ཐོས་པར་འགྱུར་བ་མ་གཏོགས། ཁ་པར་ཐོག་སྐད་ཆ་བཤད་མི་ཐུབ། སྐབས་རེ་ལན་རེར་ང་ཚོ་ལ་གནས་ཚུལ་ཟུར་ཙམ་རེ་འབྱོར་སྐབས་༼འདི་ཨ་མདོ་ནས་ཡིན།༽འདི་ལྟར། “ད་ཆ་བོད་མི་ཚོས་ ང་བརྒྱད་ལོ་སླར་ཡང་སླེབས་སོང་ཟེར་གིན་འདུག་”ཅེས་པ་ལྟ་བུ་ཡིན། དེ་ལྟར་ང་ཚོས་འདས་པའི་ལོ་ངོ་བཅུ་ཙམ་རིང་ལོངས་སྤྱད་པའི་ཁ་པར་གྱི་འབྲེལ་ལམ་དེ་ད་ཆ་ཧ་ལམ་ཆད་པར་གྱུར།
རྒྱ་གར་ན་ཡོད་པའི་ངེད་ཀྱི་གྲོགས་པོ་ཅིག་གིས་ང་ལ་ཁ་པར་བཏང་ནས། “ད་ཆ་བོད་ནང་དུ་བོད་མི་འཛིན་བཟུང་བྱས་པ་དེ་ཚོར་ལག་ལྕགས་རྒྱག་རྒྱུའི་ཚབ་ཏུ་ལྕགས་སྐུད་ཀྱིས་ལག་པ་གཉིས་རྒྱབ་ཏུ་བཀྱིགས་ཤིང་། དེ་ནས་སྐམ་པས་ལྕགས་སྐུད་དམ་པོར་གཅུས། རྐང་ལག་དེ་ལྟར་བསྡམས་རྗེས། མགོ་ས་ལ་བརླན་ནས་དེའི་སྟེང་དུ་ལས་བྱེད་པས་རྐང་བརྫིས་གཏོང་གིན་འདུག” ཅེས་གསུངས་བྱུང་། འདི་འདྲའི་མནར་གཅོད་ཀྱི་ལག་ལེན་ནི་གང་སར་ཁྱབ་ཡོད་པ་ནི་ཚོད་དཔག་ཐུབ་པ་ཡིན།
འཛམ་གླིང་གི་ཐད་ནས་བཤད་ན། གྱེན་ལོག་བྱུང་རྗེས་ནས་ད་བར་དུ་ཕྱི་རྒྱལ་གྱི་གསར་འགོད་པ་ཐེངས་གཉིས་གསུམ་ཞིག་ལས་འགྲོ་ཐུབ་མེད་ལ། ཕྱིན་པ་དེ་ཚོ་ཡང་ས་ཁུལ་རེ་ཟུང་ཞིག་ལས་སླེབས་མེད། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལྟ་བུ་གསར་འགྱུར་སྡེ་ཚན་གྱིས་ཁྱད་དུ་ཐོན་པའི་གསར་འགྱུར་སྤེལ་ཐུབ་པ་བྱུང་ན་ཡང་། དེ་ཚོ་གྲོང་གསེབ་ནས་གྲོང་གསེབ་བར་དུ་ཁྱབ་པའི་ད་ལྟའི་གནས་ཚུལ་རྣམས་ལ་ཁྱབ་ཚད་ཆུང་བར་མངོན། འདི་ལྟར་བསམ་བློ་བཏང་སྐབས་ད་ཆ་ང་ཚོའི་ཕ་ཡུལ་བོད་ནི། སྦས་ཡུལ་བོད་ཅིག་སྟེ། འཛམ་གླིང་ཕྱི་ལོགས་ཀྱིས་ཅི་བྱུང་གི་གནས་ཚུལ་ཤེས་ཀྱི་མེད་ལ། ཧ་ལམ་རྒྱ་ནག་གཞུང་གིས་གདུག་རྩུབ་མནར་གཅོད་གང་བཏང་ཡང་རང་འདོད་ལྟར་བྱེད་ཆོག་པའི་ཁོར་ཡུག་ཅིག་ཏུ་གྱུར་ཡོད།
བཙན་བྱོལ་བོད་མིས་ཅི་ཞིག་བྱེད་ཐུབ་བམ། ང་ཚོས་གདུང་སེམས་མཉམ་བསྐྱེད་བྱས་ཡོད། ང་ཚོས་ཤི་གསོན་གཉིས་ཀ་ལ་སྨོན་ལམ་བརྒྱབ་ཡོད། དེ་ལས་བརྒལ་ཏེ་ད་ལྟའི་མནར་གཅོད་འོག་གི་བོད་མི་ཚོའི་དཀའ་སྡུག་ཇེ་ཡངས་སུ་གཏོང་བ་དང་། གཞིས་ལུས་བོད་མི་ཚོའི་རེ་འདུན་རྣམས་འགྲུབ་ཐབས་བྱེད་པ་ལ་ནུས་པ་ཐོན་མེད་ལ། སྐུ་ཚབ་ཚོ་རྒྱ་ནག་ལ་ཕེབས་ནས་དེ་འདྲའི་གནས་སྟངས་ལ་ནུས་པའི་ཐོན་པའི་སྐད་ཆ་ཡང་མི་འདུག འདི་ལྟར་བསམ་བློ་བཏང་སྐབས། ང་ཚོ་བྱེས་སྡོད་བོད་མི་ཚོའི་གནས་སྟངས་ནི་ངོ་མ་ཅི་བྱ་གཏོལ་བྲལ་གྱི་གནས་སྟངས་ཤིག་ཆགས་འདུག

རྩོམ་རིག

Post navigation

Previous Post: སྙན་ངག་གིས་སྤྱི་ཚོགས་ལ་འགན་ཅི་ཞིག་ཁུར་ཐུབ།
Next Post: རྩོམ་སྒྲིག་པ་དང་ཁོའི་བརྒྱུད་ལམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme