Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲུལ་སྐུས་ནང་པ་དོར།

Posted on 2009-06-072009-06-15 By དགེ་རབ་ 78 Comments on སྤྲུལ་སྐུས་ནང་པ་དོར།

lama_osel_06041༢༠༠༩ ཕྱི་ཟླ་ ༦ ཚེས་ ༡༥ འཁོད་ཊ་ཡེམ་དུས་དེབ་སྟེང་གི་ “གསུང་ཇི་བཞིན་ -Verbatim”ཞེས་པའི་ལེ་ཚན་དུ། ༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་བྱིས་པ་ འོད་གསལ་ ཧེ་ཊ་ ཊོ་རེ་སི་(Osel Hita Torres) ཡིས་ རང་གིས་ནང་པ་དོར་བའི་ཐག་གཅོད་ཀྱི་སྐོར་ལ། “དེ་ནི་རྫུན་གྱི་ནང་འཚོ་བ་ཞིག་དང་མཚུངས།”ཞེས་གསུངས་ལུགས་བཀོད་འདུག ཞིབ་གསལ་གྱི་གནས་ཚུལ་ནི་གཤམ་གསལ་གྱི་དྲ་ཐག་ཁག་ན་འདུག  ཁོང་གི་སྐད་ཆ་ཆ་ཚང་བ་དེ་ནི་འདི་ལྟར། “ང་ནི་ངའི་ཁྱིམ་མི་ལས་ཁ་ཕྲལ་ཏེ་སྲོལ་རྙིང་གི་གནས་སྟངས་འོག་བཅུག་ཅིང་། དེར་ངས་སྡུག་བསྔལ་མང་པོ་མྱངས། དེ་ནི་རྫུན་གྱི་ཁྲོད་འཚོ་བ་དང་མཚུངས། I was taken away from my family and put in a medieval situation in which I suffered a lot. It was like living a lie.” ཞེས་གསུངས་ལུགས་བཀོད་འདུག བླ་མ་འདི་ནི་བླ་མ་ཐུབ་བསྟན་ཡེ་ཤེས་ཀྱི་སྤྲུལ་སྐུར་ངོས་འཛིན་བྱས་པའི་བླ་མ་དེ་རེད་ལགས།
http://www.time.com/time/world/article/0,8599,1903076,00.html?xid=rss-world-cnn
http://www.guardian.co.uk/world/2009/may/31/dalai-lama-osel-hita-torres

གསར་འགྱུར།

Post navigation

Previous Post: གཟའ་ལྷག་པའི་སྙན་ངག
Next Post: རྒྱ་ནག་དང་རང་དབང་།

Comments (78) on “སྤྲུལ་སྐུས་ནང་པ་དོར།”

  1. འདོད་ལྷའི་བུ། says:
    2009-06-07 at 1:52 pm

    སྤྲེའུ་ཕྲུག་མགོ་སེར་དེ་ལ་ཅི་བྱུང་ན་བྱུང་། ཁྱད་པར་གང་ཡང་མེད། འོན་ཀྱང་བླ་མ་བཟོད་པ་རིན་པོ་ཆེ་འདི་དངོས་གནས་བསམ་གྱིས་མི་ཁྱབ་པའི་དགེ་བའི་བཤེས་གཉེན་ཞིག་ཡིན་པས། ཁོང་ཐུགས་ཕམ་བྱུང་ན་ཧ་ཅང་ཡིད་ཕངས་པོ་རེད།

  2. གཞོན་ནུ། says:
    2009-06-07 at 2:48 pm

    དྲ་གྲོགས་འདོད་ལྷ་ལགས།
    ངས་བལྟས་ན་བླ་མ་བཟོད་པ་ཟེར་བ་འདི་ཡང་ཚད་ལྡན་གྱི་བཤེས་གཉེན་ཅིག་ཨེ་ཡིན་སྙམ།   གལ་ཏེ་ཁོང་ཚད་ལྡན་གྱི་བཤེས་གཉེན་ཞིག་ཡིན་ན།  ཁོ་རང་གི་བླ་མའི་ཡང་སྤྲུལ་མ་ནོར་བ་ཞིག་འཚོལ་ཐབས་བྱེད་རྒྱུ་རེད་མོད།   དེང་དུས་ཀྱི་བླ་རྒན་འདི་ཚོས་ཨ་སྒོར་ཅུང་ཡོད་སའི་བུ་ཕྲུག་ཕོ་མོ་ཁྱད་པར་མེད་པར་སྤྲུལ་སྐུའི་མིང་ཞིག་འདོགས་ཐབས་ཨེ་འགྲིག་བྱེད་ཀྱིན་ཡོད་པ་ཕྱི་གསལ་ནང་གསལ་རེད།   དཔེར་ན་སྤྲེའུ་ཕྲུག་ཅོ་སེར་འདི་བླ་མ་ཡེ་ཤེས་ཀྱི་སྤྲུལ་སྐུ་ངོ་མ་ཡིན་ན།   མི་རྒྱུད་ཀྱི་དབང་གིས་འདོད་ཆགས་ཆེན་པོ་ཡོད་ཀྱང་།   ནང་པ་ལ་ངོ་ལོག་བྱེད་མི་སྲིད་པ་རེད། དེ་འདྲ་ཡིན་དུས་རྩ་བའི་ཆ་ནས་ནོར་འཁྲུལ་བཟོ་མཁན་བླ་མ་བཟོད་པ་ཁོ་རང་ཡིན་པས།   གནམ་རྡོ་རང་གི་སྟེང་དུ་བབ་ན་འགྱོད་པ་བྱེད་རྒྱུ་གང་ཡོད།   དེ་ལ་སྐྱོན་མི་འདུག    གཙོ་བོ་བླ་རྒན་འདི་དག་གིས་རང་གིས་བཤད་པའི་རྫུན་གྱི་རྒྱབ་རྟེན་དུ་༧གོང་ས་ཐམས་ཅད་མཁྱེན་པའི་རྒྱབ་གཉེར་ཡི་གེ་ཞུས་ཏེ།   ༧གོང་ས་མཆོག་གིས་ངོས་འཛིན་གནང་བ་རེད་ཅེས་རྫུན་གྱི་ནག་ཉེས་ཡོད་ཚད་༧གོང་ས་ཐམས་ཅད་མཁྱེན་པའི་དབུར་འགེལ་གྱིན་ཡོད་པ་འདི་ངོ་མ་ཡག་པོ་མི་འདུག   གནས་ཚུལ་འདི་དག་གསལ་བོར་མི་ཤེས་མཁན་ཞིག་གིས་བལྟས་ན།   ༧གོང་ས་མཆོག་གིས་སྤྲུལ་སྐུ་ངོས་འཛིན་གནང་བ་ནོར་བ་ཡིན་པ་དང་།   ཁོང་གིས་ངོས་འཛིན་གནང་བའི་སྤྲུལ་སྐུ་ལ་ཡང་ཡིད་ཆེས་བྱེད་རྒྱུ་མེད་སྙམ་པའི་དོགས་པ་བྱེད་སྲིད་པ་རེད།   དེ་འདྲ་ཡིན་དུས་ད་ནས་བཟུང་བླ་རྒན་རྣམས་ཀྱིས་སོ་སོའི་བཟའ་ཟླ་དང་བུ་ཕྲུག  ཡང་ན་རང་གི་བླ་མའི་སྤྲུལ་སྐུ་ངོས་འཛིན་བྱེད་འདོད་ཡོད་ན་རང་དབང་རེད།   འདི་ལ་ཁྲིམས་ཐོག་ནས་དགག་པ་ཡོད་པ་མ་རེད།   འོན་ཀྱང་འདིའི་ནང་དུ་བོད་མི་ས་ཡ་དྲུག་གི་འདི་ཕྱིའི་སྐྱབས་གནས་འཕགས་མཆོག་ཕྱག་ན་པད་མོ་མིའི་རྣམ་པར་བྱོན་པ།   ༧རྒྱལ་དབང་ཐམས་ཅད་མཁྱེན་པའི་དབུར་ནག་ཉེས་མ་འགེལ་རོགས།   ཁྱོད་ཀྱི་རྫུན་གྱི་རྒྱབ་རྟེན་དུ་༧གོང་ས་ཐམས་ཅད་མཁྱེན་པ་བེད་སྤྱོད་མ་གནང་རོགས་ཞེས་ལག་ཐལ་མོ་སྦྱར་ཏེ་ཞུ་བ་ཡིན།
    དེ་ཙམ་ཞུ།
        

  3. བོད། ལྷ་ཀླུ་གཉན་གསུམ། says:
    2009-06-07 at 5:06 pm

    དྲ་གྲོགས་གཞོན་ནུ་ལགས་ཀྱིས་སྐད་ཆ་དེའི་ནང་གི་༧གོང་ས་མཆོག་བེད་སྤྱོད་མ་གཏོང་རོགས་ཟེར་བ་འདི་ལ་དངོས་ནས་རྒྱབ་སྐྱོར་ཡོད། ལྷག་པར་དུ་༧སྐྱབས་མགོན་རིན་པོ་ཆེ་ཁོང་གིས་ཀྱང་འདི་འདྲ་ཞིག་གསུང་བ་ང་རང་གིས་གསུང་ཆོས་སྐབས་སུ་ངོས་སུ་གོ་བ་ཡིན། དེང་སང་མང་བོ་ཞིག་རྒྱལ་བ་རིན་པོ་ཆེའི་གསུང་རེད་ཟེར་ནས་ང་རང་ལག་པ་ཕྱི་ས་བྱེད་ཀྱི་འདུག་དེ་ནི་དངོས་ནས་ཡག་པོ་མ་རེད། གལ་སྲིད་དངོས་ནས་དྲང་བདེན་དང་བདེན་པའི་དོན་དུ་ང་རང་གིས་མིང་བེད་སྤྱོད་བཏང་ན་ཡང་ང་རང་གིས་རྒྱབ་སྐྱོར་ཡོད་ཅེས་གསུང་སོང་། ཁོང་གིས་འདི་འདྲ་བྱེད་ཀྱི་མཁྱེན་ནས་གསུང་བ་ལོས་ཡིན། ཞབས་འདེགས་ཞུ་མི་ཐུབ་རང་། ཞབས་འདྲེན་མ་ཞུ་རོགས།

  4. འོས་ལངས། says:
    2009-06-07 at 5:25 pm

    གནས་ཚུལ་དེ་མཐོང་དུས་ཚངས་དབྱངས་རྒྱ་མཚོའི་མགུར་གཞས་་་་་སྤྲིན་པ་ཁ་སེར་གཏིང་ནག ། སད་དང་སེར་པའི་གཞི་མ།། བན་དེ་སྐྱ་མིན་སེར་མིན།། སངས་རྒྱས་བསྟན་པའི་དགྲ་བོ།། ཞེས་པ་འདི་འདྲ་ཞིག་དྲན་ཡོང་། ལྷ་རབ་བྱུང་ན་སྤྲུལ་སྐུའི་ལམ་ལུགས་རྩ་མེད་བཟོས་ན་ལེགས་པར་མཐོང་། གལ་སྲིད་དེ་མ་བྱུང་ཡང་འབྲེལ་ཡོད་སྐུ་སྒེར་ཡིག་ཚང་དང་། བོད་ཀྱི་བླ་ཆེན་ཚོས་བླ་སྤྲུལ་ཁག་གི་ཡང་སྲིད་འདེམས་སྟངས་ཐད་ལ་ཧ་ཅང་གཟབ་ནན་གནང་དགོས་གལ་ཆེ། མ་འོངས་པར་༧གོང་ས་མཆོག་གི་མཚན་གནས་དང་འབྲེལ་ཏེ་བཀྲ་མི་ཤིས་པའི་གཏམ་ངན་མང་པོ་ཞིག་ཁྱབ་གདལ་འབྱུང་མི་སྲིད་པ་མ་རེད།

  5. དཔལ་དགྱེས་པ་རྡོ་རྗེ says:
    2009-06-07 at 5:49 pm

    དྲ་གྲོགས་ལགས།
    ངས་སྔོན་ནས་བླ་མ་བཟོད་པ་ཟེར་བའི་ལོ་རྒྱུས་ཞུ་ཚར། གཙོ་བོ་ཁྱེད་ཚོས་༧ གོང་ས་མཆོག་གིས་ངོས་འཛིན་གནང་བ་རེད་ཅེས་རྫུན་གྱི་ནག་ཉེས་ཡོད་ཚད་༧གོང་ས་ཐམས་ཅད་མཁྱེན་པའི་དབུ་ལ་རྫུན་གྱི་ཞྭ་ནག་དང་མཚན་ལ་མི་སྙན་པའི་ནག་ཉེས་དེ་མི་འགེལ་བར་མཁྱེན་མཁྱེནན་། ཁོ་ཚོས་རྫུན་གྱི་རྒྱབ་རྟེན་དུ་༧གོང་ས་ཐམས་ཅད་མཁྱེན་པའི་མཚན་ལ་བེད་སྤྱོད་མ་གནང་རོགས་ཞེས་ལག་ཐལ་མོ་སྦྱར་ཏེ་ཞུ་བ་ཡིན་ནོ།
    རིག་འཛིན་དཔལ་དགྱེས་པ་རྡོ་རྗེས

  6. ཚངས་དབྱངས། says:
    2009-06-07 at 9:31 pm

    དྲ་གྲོགས་ཚོ།

    མི་རེ་གཉིས་ཤིག་གིས་སྤྱོད་ལོག་བྱེད་པར་གནད་འགག་མིན་འདུག དེ་འདྲ་ཡོང་གི་རེད། དེས་ངེད་ཚོར་ཉམས་མྱོང་དང་བསླབ་བྱ་གསར་པ་ཡང་བརྙེད་སྲིད། སྤྲུལ་སྐུ་ཟེར་བ་འདི་སྤྲུལ་པ་རང་ཡིན་སྟབས། ག་རེ་ཡིན་ནའི་ཡོང་སྲིད་པ་རེད། རྒྱལ་བ་རིན་པོ་ཆེའི་ནོར་འཁྲུལ་མ་རེད། བླ་མ་བཟོད་པའི་ནོར་འཁྲུལ་མ་རེད། སྤྲུལ་སྐུ་དེའི་ནོར་འཁྲུལ་ཡང་མ་རེད། གཙོ་བོ། གང་ཟག་རེ་ལ་འདོད་པ་རེ་ཡོད། འདོད་པ་འདི་གསོ་བྱེད། ཚང་མས་ཐབས་དང་སྤྱོད་པ་མི་འདྲ་བ་རེ་བཏོན་ནས་ཡོང་། 

    གཙོ་བོ་འདི་གང་རེད་ཅེས་ན། སྡུག་བསྔལ་མེད་ན་ཆོས་མེད། སློབ་མ་མེད་ན་བླ་མ་མེད་ཟེར་བ་བཞིན། ཇི་སྲིད་སྡུག་བསྔལ་འདི་ངེད་ཚོའི་འཇིག་བརྟེན་འདིར་གནས་ན། དེ་སྲིད་ཆོས་འདི་གནས་ཀྱི་རེད། ཇི་སྲིད་སྡུག་བསྔལ་ནང་ནས་ཐར་འདོད་ཀྱི་གང་ཟག་འཕེལ་བ་དེས། དེ་སྲིད་ཁོང་ཚོར་ལམ་འདོན་མཁན་གྱི་བཤེས་གཉེན་ཡོང་གི་རེད། གནས་ཚུལ་འདི་འདྲས་ནང་ཆོས་ལ་གནོད་ཀྱི་མ་རེད། 

    ཕྲུ་གུ་འོད་གསལ་འདི་ལོ་ན་གསོན་པའི་སྐབས། སེམས་ནང་དཀའ་ངལ་འདྲ་མིན་འཕྲད་ཀྱི་རེད། དེ་དུས་ཐབས་ཤེས་མང་པོ་འདོན་ནས་སྡུག་བསྔལ་དེ་དག་ལ་ཁ་གཏད་ཅོག་གི་རེད། སྐབས་དེ་དུས་ཁོ་པས་ཆོས་ཀྱི་ཉམས་ལེན་ལ་སྡུག་བསྔལ་མེད་པ་བཟོ་བའི་ནུས་པ་ཡོད་པ་ཤེས་ཀྱི་རེད། དེ་དུས་ཡང་བསྐྱར་ཆོས་ལ་བློ་འཚུར་འཁོར་གྱི་རེད། ད་ཟོད་ཁོ་པས་ཆོས་འདི་གནད་འགག་ཡོད་པ་ཤེས་ཀྱི་རེད། དེ་དུས་རྨོངས་དད་མིན་པར་མྱོང་ཤེས་ཀྱི་དད་པ་སྐྱེས་ཀྱི་རེད། སྐབས་དེ་དུས་ཁོ་པའི་དད་པ་འདི་གཏན་པོ་ཞིག་ཡོང་གི་རེད།

    གནས་ཚུལ་འདི་ཚོ་བསམ་བློ་གཏོང་སྐབས། རྒྱལ་བ་རིན་པོ་ཆེ་འདི་ངོ་མ་ཤེས་གཉེན་མི་འདྲ་བ་ཞིག་ཡིན་པ་རྟོགས་ཐུབ་ཀྱི་འདུག ཁོང་གིས་ག་དུས་ཡིན་ནའི། དཔྱད་པ་བྱེད། རིགས་པར་གཏོད། རྒྱུ་མཚན་ལ་ལྟོས། བསམ་བློ་གཏོང་། དག་བཤེར་གཏོང་། བྱི་དོར་བྱེད་གསུངས་པ་འདི་ཤིན་དུ་རྩ་བ་ཆེན་པོ་རེད་སྙམ། 

    གོང་གི་ཕྲུ་གུ་ཞིག་གིས་ནང་ཆོས་ཀྱི་དགོན་པ་དོར་བར། གནས་ཚུལ་ཆུང་ཆུང་རེད། སེམས་པ་སྐྱིད་པོ་བྱོས། དཔྱད་པ་ཡག་པོ་བྱོས། 

  7. བསམ་གཏན། says:
    2009-06-07 at 9:31 pm

    ནང་པའི་ཆོས་ཀྱི་དགོངས་དོན་ལྟར་ན་འབྲས་བུ་ལྔའི་ནང་གི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཟེར་བ་དེ་བྱེད་ལས་མཐུན་པར་སྐྱེ་བ་ལེན་པ་ལ་གསུངས་ཀྱི་ཡོད། དེས་ན་ལྟ་བ་ལོག་པའི་སྤྲེའུ་ཕྲུག་དེ་བླ་མ་ཐུབ་བསྟན་ཡེ་ཤེས་ཀྱི་སྤྲུལ་སྐུ་ནི་མིན་ཁོ་ཐག་རེད། གཞན་དེང་སང་སྤྱིར་གྲྭ་རྒན་ཚོ་དང་། ལྷག་པར་དགེ་ལུགས་པའི་གྲྭ་རྒན་ཚོས་ནང་པའི་ཆོས་པ་ཞིག་ཡིན་མིན་དེ་མཇེ་ལ་སྒོ་ལྕགས་བརྒྱབ་ཡོད་མེད་ཁོ་ནས་ཐག་གཅོད་དགོས་སྣང་ཞིག་ཤར་འདུག་སྟབས། ཆོས་པ་ཞིག་ཡོང་རེ་བྱེད་དུས་དགོན་ཕུག་རེ་ན་བཟང་བཙོན་བྱས་ནས་བཀག་གི་འདུག་པས་དེ་འདྲ་ལོས་ཡོང་། ཁོ་གྲ་སར་བསྡད་པའི་རིང་གྲྭ་རྒོད་འདོད་ཆགས་ཅན་ཚོས་བརླ་རྒྱག་བྱེད་རྩིས་བྱས་མེད་པའི་སྨོན་ལམ། གལ་ཏེ་དེ་འདྲ་བྱས་ཡོད་ན་ཁོས་ནུབ་ཕྱོགས་པའི་སྤྱི་ཚོགས་ཁྲོད་དུ་ཁྱབ་བསྒྲགས་ཡག་ཐག་ཆོད་ཅིག་བྱེད་ངེས་ཡིན།

  8. བསྟན་འཛིན་ཟླ་བ། says:
    2009-06-07 at 10:35 pm

    ཕྱི་ཕྲུག་འདི་ངོ་མ་སྤྲུལ་སྐུ་ཡིན་མིན་ཐག་གཅོད་དཀའ་མོ་རེད། གཙོ་བོ་ཁོས་ང་ཚོར་ཉམས་མྱོང་དང་སློབ་སྦྱོང་ཞིག་སྤྲད་ཡོད་པ་རེད། རྗེས་ཕྱོགས་སུ་བླ་སྤྲུལ་ཆེ་ཁག་གིས་བླ་སྤྲུལ་རྣམས་ཀྱི་ཡང་སྤྲུལ་ངོས་འཛིན་གནང་སྐབས་ཐུགས་གཟབ་གནང་རྒྱུ་གལ་ཆེ། ལྷག་པརདུ་སྐུ་སྒེར་ཡིག་ཚང་ནས་༧གོང་ས་མཆོག་གི་མཚན་ཐོག་ནས་སྤྲུལ་སྐུ་ཚོར་རྒྱབ་གཉེར་གནང་དུས་ངེས་པར་དུ་གཟབ་གཟབ་གནང་ན་བཟང་། འདི་གཅིག་པོ་མ་རེད། བོད་ཕྱི་ནང་གཉིས་དང་། ཐ་ན་ཕྱི་རྒྱལ་གྱི་ཕྲུ་གུ་ཚུན་ཆད་ལ་སྤྲུལ་སྐུའི་འགོས་ནད་འདིས་ཁྱབ་ཡོད་པས། འདི་ངེས་པར་དུ་བཤགས་བཅོས་བྱེད་མ་ཐུབ་ཀྱང་། ༧གོང་ས་མཆོག་གི་མཚན་བེད་སྤྱོད་མ་གནང་རོགས་ཞེས་ངས་ཀྱང་འབོད་བསྐུལ་ཞུ་བ་ཡིན། མ་གཞི་སྒོར་མོར་བལྟས་ནས་སྤྲུལ་སྐུ་ཐག་གཅོད་བྱས་ན་འདི་མ་གཏོགས་ཡོང་རྒྱུ་ཆེ་ཡོད། ལྷག་པར་དུ་མགོ་སེར་ཚོ་འདོད་ཆགས་གཞན་ལས་ཆེ་ཞིང་།   རྣ་བས་གང་ཐོས་དང་མིག་གིས་གང་མཐོང་ལག་ལེན་བྱེད་དགོས་པ་ཁོ་རང་ཚོའི་ཁྱད་ཆོས་རེད།   ལྷག་པར་དུ་དགེ་ལུགས་པའི་དགོན་སྡེའི་དགེ་ལས་ཀྱིས་ཁོའི་འདོད་པ་རྩ་བ་ནས་མི་ཚིམ་པ་མ་ཟད།    ཁོའི་འདོད་ཆགས་དང་ཞེ་སྡང་གི་ཁ་སྣོན་ལྟ་བུར་གྱུར་ཡོད་པ་རེད།   གཞི་རྩའི་ནོར་འཁྲུལ་འདི་བླ་མ་བཟོད་པས་བཟོས་པ་རེད།   དེ་མ་ཟད་༧གོང་ས་མཆོག་ལ་ཡང་ནག་ཐིག་ཅིག་བགོས་ཡོད་པ་རེད།   གལ་ཏེ་བླ་མ་བཟོད་པས་༧གོང་ས་མཆོག་ལ་རྒྱབ་གཉེར་ཞུས་མེད་ན།   ནོར་འཁྲུལ་འདི་བཟོ་མཁན་བླ་མ་བཟོད་པ་ཁོ་རང་གཅིག་པོ་ཡིན་མོད།   ད་སྐབས་རྒྱུ་མཚན་གསལ་བོར་མི་ཤེས་མཁན་རྣམས་ཀྱིས་༧གོང་ས་མཆོག་གིས་སྤྲུལ་སྐུ་ངོས་འཛིན་གནང་སྟངས་ལ་ཡང་དོགས་པ་ཞིག་སླེབས་མི་སྲིད་པ་ག་ལ་སྲིད།    དེར་བརྟེན་བླ་མ་བཟོད་པས་༧གོང་ས་མཆོག་ལ་རྒྱབ་གཉེར་ཞུས་པ་ལས།   ཁོང་གིས་ངོས་འཛིན་གནང་བ་མ་རེད་ཅེས་ཕྱི་རྒྱལ་མགོ་སེར་ཚོར་གསལ་བཤད་གནང་རྒྱུ་གལ་ཆེ་སྙམ།    སྤྱིར་བཏང་འདི་ཙམ་གྱིས་༧གོང་ས་མཆོག་གི་མཛད་འཕྲིན་དང་།    ནང་བསྟན་འཕེལ་རྒྱས་ལ་མི་གནོད་ཀྱང་།    མི་རེ་ཟུང་གི་སེམས་ལ་དད་ལོག་དང་།    ཐེ་ཚོམ་སྐྱེ་མི་སྲིད་པ་མིན་པས་འདིའི་འགན་ཡོངས་རྫོགས་བླ་མ་བཟོད་པས་ཁུར་ནས་དག་སྐྱེལ་གནང་དགོས།

  9. བློ་བཟང་ says:
    2009-06-08 at 12:44 am

    འོད་གསལ་གྱི་ཡི་གེ་ངོ་མ་འདི་རེད། The person recognized as the incarnation of FPMT’s founder, Lama Thubten Yeshe, was in his early life known as Lama Osel. Today he prefers to be called simply “Osel”. Osel is completing a course of Western studies in Europe, at which he is doing extremely well. The following is a current message from Osel;
    June 2009
    Dear Friends,

    It is important to have a good experience of what life is. I have been really lucky to be able to experience both western and eastern cultures and I am so grateful to everyone who has helped me in both cultures. In combination, being in India and the West has been a rich experience that I’ve been privileged to absorb from both sides.

    There were times in India when it was hard to accept the destiny. Being treated differently, and feeling apart. But that experience was really good and I so appreciate it.

    However, certain media find ways to sensationalize and exaggerate an unusual story. So I hope that what appears in news print is not read and taken too literally. Don’t believe everything that is written!

    Experience shows that however hard one tries in interviews to sincerely and honestly convey key information, the printed result can tend towards sensationalism to get the most attention.

    FPMT is doing a great job and Lama Zopa is an immensely special person – very inspiring and a great yogi.

    Personally, my job is to find new ways in which to discover the true nature of our being. There is no separation between myself and FPMT – we are all working together in so many aspects and terrains. Humanity is our office. Besides, I don’t really qualify very much in Buddhist studies, because I didn’t finish them, so working together is the clue. Courtesy of OselSo I’m trying to find a different way for this future generation. One of the ways is through music, movies and audio-visual techniques. In a movie you can condense so many different stories. You can put in music, you can put in different situations and messages. Even just the sunset can be enough to give you peace to find a moment of meditation in yourself. There are so many different millions of possibilities in movies.
    And not just movies, but documentaries actually going somewhere and interviewing people who may have reached a level on their path where they are at peace with themselves, and so much more….!!!

    That’s kind of what I’m planning to do. But it is one thing is to plan and another for things to actually happen. So we’re back to mental projections. But for now, that’s what I am hoping to do.

    Big Love

    Osel

  10. འཇའ་མཚོན་ཆུ་མིག says:
    2009-06-08 at 1:46 am

    ངས་བལྟས་ན་སྤྲུལ་སྐུ་དེ་ངོས་འཛིན་ཞུས་རྗེས་སློབ་གཉེར་ཕུལ་མཁན་གྱི་དགེ་རྒན་ཚད་ལྡན་ཞིག་མ་བྱུང་བ་མིན་འགྲོ དེ་འདྲས་རྐྱེན་པས་སློབ་གཉེར་ཡག་པོ་ཞིག་མ་ཐུབ་པར་བརྟེན་ནང་ཆོས་ཉམས་ལེན་བྱ་སྐབས་བསུན་སྣང་སྐྱེས་ཏེ་ཁོང་པ་རྦད་དེ་ཐེ་ཚོམ་དུ་ལྷུངས་པ་ཡིན་སྲིད། ནོར་འཁྲུལ་དེ་སུ་ལའང་ཡོང་སྲིད། དེར་༸གོང་ས་མཆོག་དང། བླ་མ་བཟོད་པ་རིན་པོ་ཆེ་རྣམ་པ་གཉིས་ཀར་ནོར་འཁྲུལ་མེད། བླ་་མའི་མཛད་འཕྲིན་ཁག་ནི་བསམ་གྱི་མི ཁྱབ་པར་མི་ཕལ་པས་དཔྱད་བརྗོད་བྱེད་དཀའ་བ་ཞིག་རེད། ་ལར་ནས་སྤྲུལ་སྐུའི་ཡབ་ཡུམ་གཉིས་ཀར་ནང་ ཆོས་ཀྱི་མྱོང་ཚད་སོགས་་མེད་ཤུགས་རྐྱེན་གྱི་བསླབ་བྱའི་ཐོག་ནས་ནོར་འཁྲུལ་ཐེབས་ཡོད་སྲིད། གང་ལྟར་ང་ཚོ་ནང་པའི་སྤྲུལ་སྐུ་དེས་ནང་ཆོས་དོར་ཡོད་པའི་ངོས་འཛིན་བྱ་གི་ཡོད་ན། ང་ཚོས་འདི་ནི་ཁོང་ནས་དེང་དུས་ཆོས་དད་རང་དབང་གི་བརྒྱུད་་རིམ་ཐོག་ནས་ ཐག་གཅོད་བྱས་པར་ཡིད་ཆེས་བྱས་ཆོག འོན་ཏེ་ཁོང་གི་གསུངས་ཟིན་པའི་བཀའ་མོལ་ཚིག་འགའ་ཏེ་འདི་ནི་རྫུན་གྱི་ནང་དུ་འཚོ་བ་དང་མཚུངས་ཞེས་པ་ལས་གསལ་ཤེས་ཐུབ་རྒྱུར་སྤྲུལ་སྐུས་སློབ་གཉེར་ཚུལ་བཞིན་མ་ལེན་པར་རྫུན་གྱི་དུས་འབུད་དེ་བསྡད་རྗེས་ནར་སོན་སྐབས་ནང་པའི་དགོས་ངེས་ཀྱི་ཤེས་ཡོན་མ་ཐོབ་པར་བརྟེན་ད་ཆ་དགོངས་པ་དེ་འདྲ་འཁོར་བ་ཡིན་སྲིད། དེར་དོན་་དངོས་ཀྱི་རྒྱུ་་མཚན་ཡོད་སྲིད་ལ། ཐ་ན་མིང་གྲགས་ཆེ་ཙམ་ཡོང་ཆེད་དུ་བརྒྱུད་ལམ་ཁག་ནང་ཐོན་ཏེ་དོ་སྣང་ཡོང་རྒྱུར་ཕྱི་གླིང་བ་ཚོས་མི་མང་པོས་བཤད་མི་ཕོད་པ་དང་བྱེད་མ་ཕོད་པ་མང་པོ་ཞིག་ལག་ལེན་བསྟར་ཏེ་སྒེར་གྱི་མཚན་སྙན་ཡོང་ཐབས་ལའང་འབད་བརྩོན་བྱ་གི་ཡོད་པ་ཡོངས་གྲགས་ཡིན་སྟབས་ང་ ཚོས་ངེས་པར་དུ་དེར་དོ་སྣང་བྱས་ཏེ་མ་འོངས་པའི་སྤྲུལ་སྐུའི་འཕེལ་རིམ་ནང་ཚད་མཐོའི་ཤེས་ཡོན་ལྡེང་ངེས་ཀྱི་མཐུན་རྐྱེན་མེད་པ་ཞིག་ལ་ཞབས་སྟེགས་གང་བྱུང་ཕུལ་རྒྱུ་མེད་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་ལ། དད་པ་བྱེད་རྒྱུར་ཡང་ཚད་འཛིན་བྱེད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན། ༸གོང་ས་མཆོག་ནས་རྒྱུན་དུ་རང་ཉིད་སོ་སོ་ཐོག་མ་ནས་ཆོས་ཁུངས་གང་ཞིག་ཡིན་པ་དེ་རང་ཉམས་ལེན་བྱས་ཚེ་རྒྱུད་ལ་ཕན་ཐོགས་ཆེ་་བ་ཡོད་པ་བསླབ་བྱ་གནང་མུས་ལྟར། ནང་ཆོས་ལ་དོན་གཉེར་བྱེད་མཁན་ཞིག་ལ་ལམ་སྟོན་གནང་མཁན་གྱི་སྤྲུལ་སྐུ་དགེ་བཤེས་སུ་ཞིག་ཡིན་ནའང་རྒྱུད་ལ་ནང་ཆོས་ཀྱི་ཤན་དེ་ཙམ་ཞུགས་མེད་པའི་རིགས་རྒྱུད་ཅིག་ལམ་སེང་སྤྲུལ་སྐུའི་འོས་ཆོས་ནང་འཁུར་རྒྱུ་དེ་སྔ་དྲག་རྒྱུ་མེད་པའི་སྔོན་བརྡ་དང་ཉེན་བརྡ་ཁ་གསལ་ཞིག་རེད་སྙམ་པས། དེ་འདྲ་སོང་ཙང་ངེས་པར་དུ་ཆོས་ལུགས་གང་ཞིག་གི་དད་གུས་ ཞུ་ཡུལ་དུ་གྱུར་རྒྱུར་དམིགས་པའི་བྱེད་པོ་འདི་ཆོས་ལུགས་འདིའི་རྒྱུད་དུ་ཡུན་རིང་ནས་གོམས་འདྲིས་དང་དད་ཞེན་ཡོད་དགོས་པ་ཞིག་ཡིན་དགོས་པའི་བསླབ་བྱ་ཞིག་ང་ཚོར་ར་འཕྲོད་བྱུང་བ་འདིས་ང་ཚོ་བོད་མི་ཚོར་མཚོན་ན་རང་ཉིད་ནི་མགོན་ནི་རང་ཉིད་ཀྱི་རིགས་ལས་སྐྱེ་སྲིད་པ་ལས། ཕྱི་གླིང་གི་ཕྲུ་གུ་ཞིག་གིས་ང་ཚོའི་རྒྱུད་ལ་ནམ་ཡིན་ཡང་ལམ་སྟོན་གནང་མ་ཐུབ་པ་འདི་བསླབ་བྱ་ལེན་ཏེ་མ་འོངས་པར་བསམ་གཞིགས་བྱ་དགོས་པ་བཏོན་མི་འདུག་གམ།།

  11. བློ་བཟང་ says:
    2009-06-08 at 3:05 am

    བོད་ཀྱི་རྒྱལ་བ་ཀརྨ་བ་ཚང་ཡང་འདི་འདྲ་མི་ཆགས་པར་བསམ་བློ་གཏོང་དགོས་པའི་དུས་ལ་བབ་ཡོད། ཁོང་གིས་གསུང་ལྟངས་མང་པོ་ཞིག་ལ་སེམས་ཕྲད་འདུག ཁོང་གིས་ནུབ་ཕྱོགས་ནས་སློབ་གཉེར་བྱེད་དགོས་མིན་དང་ཁོང་ལ་དགེ་རྒན་དང་སློབ་སྟོན་པ་ཡག་པོ་རེ་དགོས་པ་ལ་བསམ་བློ་གཏོང་དགོས།

  12. བྱ་རྒོད་རྒྱལ་པོ། says:
    2009-06-08 at 3:09 am

    སྤྲུལ་སྐུ་ལ་ཁ་མ་བཏང་རོགས་བྱེད། སྤྲུལ་སྐུས་མཛད་པ་ལ་བསམ་གྱི་མི་ཁྱབ་པ་ཡོད་པས་ཇི་ལྟར་ཡིན་སོ་སྐྱེ་
    ཐ་མལ་བས་བཤད་དཀའ་བ་ཡིན། མ་གཞི་སྤྲུལ་སྐུ་འོད་གསལ་དེ་ཆུང་ཆུང་དུས་བླ་མ་ཡག་པོ་ཞིག་ཡོད་རེད། འོན་ཀྱང་འཁོར་གཡོག་གི་རྐྱེན་པས་ཁོང་རང་ཆུང་ཆུང་ནས་བག་ཆགས་མ་གསལ་བར་ཕྱི་གླིང་པའི་བདེ་སྐྱིད་དེ་ཚོ་མཐོང་བས་རེད།

    ཕྱོགས་གཞན་ནས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་ད་ལྟ་ཞུགས་ཡོད་པ་གཞིར་བཞག་བྱས་ནས་བརྗོད་ན། ཁོང་ལ་རྒྱ་ནག་གིས་བསླབ་བྱ་ངན་པ་རྒྱབ་པ་དང་གྲོགས་ངན་པའི་བར་བཞག་པ་སོགས་བྱས་ནས་ད་ཆ་ཕྱི་ཚུལ་ལ་ཀླ་ཀློ་ཞེ་པོ་ཞིག་ཆགས་མེད་པ་བརྗོད་མི་ཐུབ། གལ་སྲིད་དེ་ལྟར་ཆགས་ཡོད་ན་ཁོང་རྫུན་མ་རེད་ལབ་བམ། ཡང་ན། ༸ གོང་ས་ནོར་བ་རེད་ལབ། བསམ་བློ་ཡག་པོ་མཐོང་དང་། སྤྲུལ་སྐུ་ཡིན་ན་ཡང་དང་པོ་ནས་ཡོན་ཏན་ཡོད་པ་དང་སྐྱོན་མེད་པ་དེ་འདྲ་ཡོད་མ་རེད། ཚང་མ་སྦྱང་དགོས་རེད།

    འོས་ལངས་ཟེར་མཁན་དེས་་སྤྲུལ་ལམ་ལུགས་རྩ་མེད་བཟོས་ཟེར་བ་ནི་མ་བརྟགས་པའི་བབ་ཅོལ་རེད། དེ་ནི་རྒྱ་གུང་བྲན་གྱི་ཕྱོགས་སུ་རློམ་པ་རེད། ཉིན་ཅིག་ཁོས་གྲྭ་པ་ཚོས་ཞབས་འདྲེན་ཞུ་གི་འདུག བྱས་གཙང་གྲྭ་པ་ཟེར་བ་དེ་མེད་པ་བཟོ་དགོས་ལབ་ངེས་རེད། གཅིག་ནས་སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོས་ན། ད་ལྟ་སྤྲུལ་སྐུའི་མིང་འཛིན་པ་དེ་ཚོ་ཡང་མིང་མེད་པ་བཟོ་དགོས་རེད། དེས་ན། ཁྱོད་ཀྱིས་བཤད་པ་དེ་དངོས་གནས་མེས་པོ་ཚོ་བྱས་རྗེས་སུབ་ཐབས་བྱས་པ་ཞིག་རེད་ཨ།

  13. བྱ་རྒོད་རྒྱལ་པོ། says:
    2009-06-08 at 3:14 am

    རང་ལོ་༢༤་ལ་གསོན་པའི་སྤྲུལ་སྐུ་འོད་གསལ་གྱིས་རང་མིང་ཨོ་གསལ་ཧེ་ཊ་ ཊོ་རེ་སི་(Osel Hita Torres)བསྒྱུར་པ་དང་། ཁོང་རང་གློག་བརྙན་འཁྲབ་མཁན་ཞིག་བྱ་འདོད་ཡོད་ལབ་འདུག་པས་ད་ལྟ་དགོན་པའི་གྲྭ་ཕྲུག་ཚོས་བསམ་བློ་དང་ཆ་མཚུངས་རེད་ཤག།

  14. མེ་སྒྱོགས་རྒྱ་མཚོ། says:
    2009-06-08 at 11:10 am

    ཡིད་ཆེས་རྐྱང་པའི་ཐོག་ནས་འགྲོ་དགོས་དུས་འདིའི་ཐད་ལ་ཁ་མཚོན་བཅད་ནས་ཤོད་ཁག་པོ་འདུག
    ངའི་མཐོང་ཚུལ་ཞིག་ལ་སྤྲུལ་སྐུ་མང་དྲག་ན་བོད་ཀྱི་ནང་བསྟན་འདི་བླ་མའི་ཆོས་ལུགས་ཀྱི་ཕྱོགས་སུ་འགྲོ་ཤུགས་ཆེ་རུ་སོང་ནས་བསྟན་པ་སྤྱིར་ཉམ་རྒུད་འགྲོ་བའིརྐྱེན་དུ་མཐོང་། དེ་དང་སྐུ་སྒེར་ཡིག་ཚང་ནས་ངོ་ཆེ་ཆུང་ལ་བལྟས་ནས་བརྟག་དཔྱད་མེད་པ་རྒྱབ་གཉེར་ཕྱག་ཡིག་སྤྲོད་རྐྱང་བྱེད་ཀྱིན་སྡོད་ན་ཡིག་ཚང་གི་རིན་ཐང་བརླག་པའི་རྒྱུ་ལས་གཞན་དགེ་མཚན་ཅང་མ་མཆིས།
    གལ་ཏེ་ “སྤྲུལ་སྐུ”ཞིག་དགོན་པ་རུ་མ་སྡོད་པ་དང་བསྡོམ་ཁྲིམས་མ་བསྲུང་མཁན་ཞིག་ཆག་སོང་ན་དེ་ནས་བཟུང་དེའི་ “ཡང་སྤྲུལ”ངོས་འཛིན་བྱེད་མི་ཆོག་པ་ཞིག་བཟོ་ན་ཡག་པོ་འདུག་སྙམ།
    མ་གཞི་ནས་གཟན་རིལ་ནང་དུ་སྒྲོལ་ལོ་བླུགས་ནས་དཀྲུག་དཀྲུག་བཏང་ན་ཟག་ས་མགོ་སེར་མ་གཏོགས་སུ་ཡོད།

  15. མྱིག་རྫོད་ says:
    2009-06-08 at 11:52 am

    བསམས་བློ་རེ་རེ་བཏངས་དུས་སྤྲུལ་སྐུ་ཟེར་བ་འདི་དགོས་སྒྱུ་ཞིག་རེད། སྤྲུལ་སྐུ་ཚོས་དགོན་པ་བརྒྱབ། སྤྲུལ་སྐུ་ཚོས་བཤད་གྲ་འཛུགས། སྤྲུལ་སྐུ་ཚོས་སློབ་གྲ་བརྒྱབ། སྤྲུལ་སྐུ་ཚོས་མི་སྐྱོ་བོ་རོགས་རམ་གནང་། རྒྱ་ནག་མར་བཤིག་བ་དང་མེད་པ་བཟོས་ཟད་སྤྲུལ་སྐུ་ཚོས་ཡར་བཞེང་ནས་བདག་པོ་བརྒྱབ། ད་དུང་བོད་ཀྱི་ཆོས་དང་རིག་གཞུང་གི་སྲོག་རྩ་མ་ཉམ་པར་གནས་པ་དེ་ཞིབ་ཏུ་དཔྱད་ན་བརྒྱ་ཆའི་དགུ་བཅོ་གོ་དགུ་སྤྲུལ་སྐུ་ཚོར་ཐུགས་འདུག་པས་སྐུ་དྲིན་གཞན་ལས་ཆེ། ཆེ་ས་ནས་ཞུས་ན་༧གོང་ས་མཆོག་གི་མཛད་པ་འཕྲིན་ནས་ནམ་མཁའི་མཐའ་དང་མཉམ་པ་འདི་ཡང་མགོ་སྤྲུལ་སྐུའི་ཐོག་ནས་བཙུགས་པ་རེད། ཡང་ཕྱོགས་གཞན་ཞིག་ནས་བཤད་ན་སྤྲུལ་སྐུ་ཟེར་བ་འདི་རྙོག་དྲའི་རྒྱ་མཚོ་ཞིག་རེད། ངོས་མས་འོད་གསལ་གྱིས་བཤད་པ་བཞིན་རྫུན་མའི་འཚོ་བ་ཞིག་དང་མཚུངས་ཀྱི་འདུག གཡག་བཤའ་དང་ལུག་བཤའ་རྒད་པོ་རྗེས་ནས་ཤིང་འདྲུད་མོ་ཊའི་ཁ་ལོ་བ། དངུལ་ཕྲན་བུ་རེ་རག་ན་ཡོད་ཚད་རྒྱ་མོ་གཞང་ཚོང་མ་ཚོའི་རྐུབ་ཏུ་གཏོང་མཁན། ད་དུང་འཁྲིག་སྤྱོད་གཅིག་པོས་འདོད་པ་མི་ཚིམ་པར་སྒོར་མོའི་ཤུགས་ལ་བསྡུར་ནས་གཞང་ཚོང་མ་ཚོར་བརྙས་བཅོས་ཀྱིས་ཕོ་རྟགས་ཁ་ཡིས་འཇིབ་ཏུ་འཇུག་མཁན།  སེམས་ཀྱི་རྒྱུད་ལ་ཆོས་སེམས་ཕར་ཞོག་ཁྱི་ཁོག་དྲང་མོ་ཞིག་ཀྱང་མེད་མཁན།  སྐད་ཆའི་བརྒྱ་ཆའི་དགུ་བཅུ་གོ་དགུ་དང་གྲངས་ཆུང་དགུ་བཅུ་གོ་དགུ་ལ་ཡིད་ཆེས་མི་ཆོག་མཁན།  ཀ་ཁ་ག་ང་ཡག་པོ་ངོ་མི་ཤེས་མཁན། སྔ་མོ་ཕ་ཡུལ་དུ་ཡོད་དུས་མི་གྲལ་དུ་མི་ཐོན་མཁན་ཞིག་ཀྱང་དེང་སང་ཕྱི་རྒྱལ་དུ་ཐོན་ནས་དངུལ་མང་པོ་རག་འདུག་པས་ཕྱིར་བོད་དུ་ཕྱིན་དུས་དགོན་པས་སེར་ཕྲེང་དང་། དུང་རྒྱ་གླིང་བྱས་ནས་བསུ་བ་བྱེད་ཀྱི་འདུག ལོ་ལྔ་བཅུར་སླེབས་ལ་ཉེ་དུས་སྤྲུལ་སྐུ་ཆེན་པོ་ཞིག་ཀྱང་རེད་ཟེར། དགོད་ཤོར་ནས་མིག་ཆུ་ཐོན་ཐལ།

  16. དཔལ་དགྱེས་པ་རྡོ་རྗེ says:
    2009-06-08 at 1:55 pm

    སྤྱིར་བཏང་ཁ་ཙམ་གྱིས་ནང་པ་དོར་ཟེར་བས་དོར་འགྲོ་བའི་ངེས་པ་མེད། དཔེར་ན་ཁ་ནས་སྨད་པ་དང་ཁོག་ནས་ལྷག་བསམ་ཟོལ་མེད་ཡིན་མིན་ལ་དཔྱད་དགོས། དཔེར་ན་བོད་ནང་དུ་ལྷག་བསམ་ཅན་གྱི་ཤེས་ཡོན་ཅན་ཚོས་ཐབས་ཇུས་སྣ་ཚོགས་ཀྱིས་བསྟན་སྲིད་ལ་བསམ་པ་མངོན་སུམ་རེད། ཧི་གཟུགས་མཁན་པོ་སེང་རྡོར་ལ་མཚོན་ན་ཡང་རང་ལ་མ་བསམ་པར་བོད་བསྟན་སྲིད་ཁོ་ནའི་དོན་དུ་སྲིད་སྒྲུབ་ཀྱི་སྙན་ངག་རྟུལ་ཕོད་སོགས་ལ་ལྟོས་དང་བསལ། །ཁོག་ནས་དེ་འདྲ་རེད་དྲན་ནས་སྒྲུབ་པ་ཚོ་ལ་ལྟོས་ནས་དཔྱོད་དང་ཤེས་ངེས། །
    ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ། །
    སེང་རྡོར་ལགས། ཕེབས་ཤོག
    རྟོག་བཏགས་ཀྱི་དབྱངས་རྟ་རིང་མོ་ཞིག་གིས།
    ཧི་མ་ལ་ཡི་ལྷིང་འཇགས་ཀྱི་ཁོར་ཡུག་དཀྲོགས་ཤིང༌།
    ཧི་གཟུགས་ཀྱི་གྲུ་ཁ་ལ་བསྟོད་སྨད་སྨྲེ་སྔགས་ཀྱི་རྒྱ་མཚོ་རུ་བསྒྱུར་སོང༌།
    ཧི་མ་ལ་ཡི་མེས་པོས་ཁྲག་རྒྱུན་རུལ་དུ་མི་གཅུག་པ་བདེན་མོད། །
    ཁྱེད་ཕེབས་རྗེས་སུ།
    ཨུ་ཚུགས་དང་ངེས་འབྱུང་ནོར་བའི་མི་ཕོ་འགའ་རེས། །
    གཡང་དཀར་མ་མོའི་འབའ་སྒྲ་ལ་ཉན་ན་ཁྲོམ་པོ་མང་དགོས་ཟེར་ཀི
    གཡག་རྒོད་འབྲི་མོ་ངུར་སྒྲ་ལ་ཉན་ན་ནོར་མ་མང་དགོས་ཟེར་ཀི
    ཚད་ལྡན་ཚུལ་ལྡན་མེད་པའི་མཐོང་སྣང་འདི་ཁྱེད་ཀྱི་དགོངས་པ་ཡིན་ནམ། །
    ལྷོ་ཕྱོགས་ཀྱི་མཐོངས་དབྱིངས་སུ་གསེར་མདོག་གི་ཉི་མ་ཤར་བ་འདི་ཤིན་ཏུ་གསལ།
    འདི་རྨི་ལམ་མིན་ཉམ་ཆུང་ང་ཚོའི་རྣམ་ཤེས་ཀྱིས་བརྟེན་ས་ཡིན།
    འདི་ཕྱི་སེམས་ཀྱི་འཁྲི་ཤིང་དང་སྐྱབས་གནས་ཡིན།
    མང་པོ་ཞིག་གིས་ད་དུང་མེས་པོ་ཡབ་མེས་ཚོ་འཁྲུལ་འདུག་ཟེར་ཀི
    མངའ་བདག་རྒྱལ་པོ་དང་བློན་ཆེན་ཐུ་མིའི་བཀའ་དྲིན་སྣང་མེད་དུ་བཞག་གི
    རྒྱལ་བའི་བཀའ་དང་བསྟན་འགྱུར་འདི་ཚོ་ཡང་ཡིག་ནོར་དང་དོན་ནོར་རེད་ཟེར་ཀི
    བོད་ཡིག་དག་མ་དང་བོད་སྐད་གཙང་མ་ཞིག་ལབ་ཤེས་པ་ཁྱོད་ཁོ་ན་ཡིན་ཟེར་ཀི
    སུན་འབོད་ཁྲི་ཕྲག་གི་ཁུགས་སོ་ན།
    ཆགས་སྡང་གི་གླུ་དབྱངས་སུ་གྱེར་བཞིན།
    སྐྱ་སེར་བར་གྱི་བསྟན་འཁྲུག་གི་ཉེན་ཁ་ཆེ་ཁི།
    གདོང་དམར་བོད་པ་སྤྲེལ་རྒན་གྱི་བུ་དང་བུ་མོ་འགའ་རེས།
    ཆོས་ཚོང་དང་སྨད་ཚོང་བྱས་ན་ཡང་ལ་རྒྱ་ཡིན་ཟེར་ཀི
    དུད་ཆང་གི་ཁྱིམ་གཞི་གང་ན་མཁའ་རླངས་གཙང་མ་ཡིན་ཟེར་ཀི
    ནམ་ཞིག་ན་མ་སྲིང་བར་གྱི་འདུ་ཤེས་དེ་ཡང་བརླག་ནས་ཉེན་ཁ་ཡོད་ཀི
    ང་ཚོའི་ཡ་མེས་ལས་ཕྱི་རོལ་བ་འགའ་དང་ཁ་ཆེ་བའི་ལ་རྒྱ་འདི་བཟང་ཟེར་བའི་ཉེན་ཀ་ཡོད་ཀི
    སྔོན་ཚེ་འཇམ་དཔལ་དབྱངས་ཀྱི་གླེང་གཞི་ཇི་བཞིན་བརྟག་དཔྱད་རེ་བསྐུལ་གྱི་སྙན་ཆར་ཞིག་གནང་ན་མི་ལེགས་སམ།
    གངས་བཙོན་དང་རྡེའུ་མིག
    འགའ་རེའི་མི་གཞི་དང་གང་ཟག་འདི་གལ་ཆེ་ཟེར་ཀི
    རྒྱ་གར་ཤྰཀྱའི་དོན་གྲུབ་དང་བོད་ཀྱི་མི་ལ་རས་པ་ཚོ་ལ་སྒེར་བརྗོད་ཆོག་ན།
    དེང་དུས་རྐུབ་སེར་ཚོ་ལ་བརྗོད་ན་མི་སྐྱོན་འདོད་ཀི
    ང་ཡིས་ནི་སྒྲུང་གཏམ་དང་ཐང་ཡིག་གི་ཕུང་པོ་གཏོས་ཆེ་བའི་ཁྲོད་ནས།
    ཡབ་མེས་ཉིད་ཀྱི་སྐྱེས་རབས་རྣམ་པར་ཐར་བ་ལ་གཏན་དུ་རྗེས་དྲན་ཞུ་ཞིང་ཡོད།
    ཁྱོད་ནི་རྒན་མོ་བྲོས་ཤོར་ཞིག་དང་གཏན་ནས་མི་འདྲ་འཁོན་འཛིན་དང་ཕྲག་དོག་མེད།
    ཁྱོད་ནི་ཡུག་མོས་སྡུག་ཡུས་ཞིག་དང་གཏན་ནས་མི་འདྲ་དྲ་གཞི་ཆ་ཚང་ཡོད།
    ཁྱོད་ནི་ངར་མོ་ཁ་འཁོར་མ་ཞིག་དང་གཏན་ནས་མི་འདྲ་ཡབ་ཡུམ་བསླུ་མེད་ཡོད། །
    ཁྱོད་ནི་ཚུལ་འཆོས་མཁན་གྱི་གར་མཁན་ཞིག་དང་གཏན་ནས་མི་འདྲ་ལྷག་བསམ་དྲི་མེད་ཡོད། །
    ཁྱོད་ནི་དེང་དུས་ཀྱི་སྡུག་བཙོན་ཚོ་དང་གཏན་ནས་མི་འདྲ་རང་དབང་ཡོད་པས།
    བྱམས་བརྩེ་ཀྱི་བདེན་དྲང་དང་བཅས་ཏེ།
    དུས་བབས་ཀྱི་མཆོངས་སྟངས་ཤིག་གིས།
    ཁྱོད་ནི་བྱ་རྒྱལ་བཞིན་ཟིན་མཁར་ནས་འཕུར་ལ་ཤོག
    ཁྱོད་ནི་གངས་སེང་བཞིན་ཟིན་མཁར་ནས་འགྱིང་ལ་ཤོག
    ཁྱོད་ནི་གཡུ་འབྲུག་བཞིན་ཟིན་མཁར་ནས་གྲགས་ལ་ཤོག
    ཁྱོད་ནི་རྒྱ་སྟག་བཞིན་ཟིན་མཁར་ནས་མཆོངས་ལ་ཤོག
    ཁྱོད་ནི་རྟ་མཆོག་བཞིན་ཟིན་མཁར་ནས་རྒྱུགས་ལ་ཤོག
    སེང་རྡོར་ལགས། ཕེབས་ཤོག
    ཁྱོད་ཀྱི་རྟུལ་ཕོད་དཔལ་ཆེན་གྱི་འཛུམ་དྲུག་མ་ཡལ་བས་ཕེབས་ཤོག
    ང་ལ་ཇི་ལྟར་བརྗོད་ཀྱང་དངོས་ནས་མི་སྐྱོན། སྐྱོན་ན་ཡང་ང་རང་སྒེར་སྐྱོན་རེད།
    སེང་རྡོར་ལགས། ཕེབས་ཤོག
    ཅེས་དེང་དུས་ཀྱི་སྙན་ངག་ཟེར་བ་དང་འཚམས་པར་ཤྲྰི་སྨྱོན་པས་༢༠༠༩ ༦ ༩ལ་བྲིས་པ་དགེའོ། །
    ཤྲྰི་སརྦ་ཀེ་ལ་ཤ་ལོ་ཀ་བི་ཛ་ཡནྟུ།། །།

  17. སུ་རུག་ཚང་། མི་རྐང་གླིང་བུ། says:
    2009-06-08 at 3:09 pm

    གོང་གི་མེ་སྒྱོགས་ཀྱི་བསམ་འཆར་དེ་ལ་ཡག་པོ་འདུག བླ་མ་སུས་དགོན་པའི་ནང་ནས་བུད་ན་དེ་ནས་བཟུང་ཁོ་པའི་ཡང་སྲིད་དགོན་པའི་ནང་དུ་རྩད་གཅོད་དང་ཁྲི་སྟོན་མི་ཆོག་པ་བཟོས་ན་རིམ་པས་བླ་མའི་གྲངས་ཀ་ཉུང་དུ་འགྲོ་བ་དང་། དེས་སྤུས་ཚད་མཐོ་རུ་འགྲོ་བ་དང་། དེས་ཆེ་མཐོང་གོང་དུ་འགྲོ་བ་བཅས་བླ་དང་མི་སེར་གཉིས་ཀ་ལ་ཕན་པར་བསམ། གཞན་དུ་ན་སྤྲུལ་སྐུ་མཛད་པ་བསམ་གྱི་མི་ཁྱབ་ཟེར་ཏེ་བཞག་ན་བསམ་གྱིས་མི་ཁྱབ་པ་གཟོ་བ་གཏན་ཁེལ་ནས་འདུག

  18. བོད། ལྷ་ཀླུ་གཉན་གསུམ། says:
    2009-06-08 at 6:22 pm

    བླ་མས་ནག་མོ་བླངས་ན་མཛད་པ་ཟེར། གྲ་བས་སྡོམ་པ་ཤོར་ན་གྲ་ལོག་ཟེར་ནས་དམའ་འབེབས་བྱེད། རེད་རེད། ད་ནི་ཚང་མ་སྒོར་མོ་ཡོད་མེད་ཅིག་ལ་ཐུག་ཡོད་པ་འདྲ། གྲ་ལོག་སྒོར་མོ་ཅན་ཞིག་ཡིན་ན་དེ་ཡང་བྱས་རྗེས་ཅན་དུ་བཀུར། བླ་ལོག་ཕྱུག་བདག་ཞིག་ཡིན་ན་དེ་ནི་བླ་མ་རིན་པོ་ཆེ་ཟེར་ནས་ཕྱག་འཚལ། ད་ནི་བོད་པ་ཚང་གི་མི་ཁ་ཤས་ཀྱི་གང་ཞིག་བྱེད་ཀྱི་ཡོད་མེད་དེ་ནི་དངོས་ནས་ཁ་ལྕེ་གསད་རེག་བར་དུ་གླེང་ན་ཡང་རྫོགས་རྒྱུ་མ་རེད། དེ་འདྲ་འབྲེལ་ནས་འོང་བའི་མི་རིགས་གཞན་གྱི་ནང་དུ་སྤྲུལ་སྐུ་བཙལ་ལུགས་འདི་ཡང་གསར་བ་གང་ཡང་མ་རེད། དཔེར་ན་༧རྒྱལ་བ་སྐུ་ཕྲེང་རེ་ཟུང་ཡང་མི་རིགས་གཞན་གྱིས་ནང་དུ་འཁྲུངས་ཡོད་ཀྱང་། འདི་འདྲའི་ནང་ཆོས་ལ་ཁ་གཏོང་མཁན་བྱུང་ཡོད་པ་མ་རེད། འདི་ནི་དངོས་ནས་ནང་ཆོས་མ་ཤེས་པའི་སྤྲུལ་མིང་འཛིན་མཁན་དར་མ་ཞིག་གི་སྟོང་གཏམ་བཤད་པ་ཡིན་པས་ཧ་ལས་དགོས་པ་གང་ཡང་མི་འདུག་གོ

  19. མགོན་པོ་ཕྱག་གཉིས་པ། says:
    2009-06-08 at 11:40 pm

    དྲ་གྲོགས་ཚང་མས་མགོ་ཚོས་ལ་མ་ཚོས་པ་བྱས་ནས་གཏམ་མང་པོ་མང་པོ་ཤོད་ཀྱི་འདུག་པ་འདི་མཚང་་ཆེ། འོད་གསལ་གྱིས་ནང་ཆོས་འདོར་གྱི་ཡིན་ལབ་མི་འདུག་ག ཁོ་རང་གིས་ལམ་ཁ་གསར་བ་ཞིག་འདེམས་གི་ཡིན་ལབ་འདུག གྲྭ་བ་ལོག་པ་དང་ལམ་ཁ་གསར་པ་འདེམས་པ་ཡིན་ན་ནང་ཆོས་དོར་བ་ཡིན་ནམ།
    བླ་སྤྲུལ་ཞིག་ཡིན་ན་ཡིན་གཅིག་མིན་གཅིག་མགོ་རིལ་བཟོས་། གཟན་ཤམ་དམར་པོ་ཞིག་གོན། མར་གྱུར་སེམས་ཅན་ཐམས་ཅད་ཟེར་ནས་མིག་བཙུམས་ཁ་བྱས་སྨོན་ལམ་སྐམ་པོ་རེ་རྒྱབ། གསུངས་ཆོས་རིང་པོ་རེ་གནང་ནས་འགྲོ་དགོས་པ་རེད་དམ། དེ་ངོ་མ་རྫུན་གྱི་འཇིག་རྟེན་ཞིག་དང་འདྲ་སེ་འདུག་ག
    དུས་ཚོད་འགྱུར་གི་ཡོད་པ་རེད། མིའི་སྤྱི་ཚོགས་ཀྱང་འགྱུར་གི་ཡོད་པ་རེད། ད་ལྟ་བར་བོད་ཁོ་ནའི་གོམས་སྲོལ་དུ་གྱུར་བའི་སྤྲུལ་སྐུའི་ལམ་ལུགས་དེས་མུ་མཐུད་མིའི་སྤྱི་ཚོགས་ལ་ཞབས་ཞུ་བྱེད་ཐུབ་པའི་ངེས་པ་ཡང་ཤིན་ཏུ་ནས་ཆུང་།
    ང་ཚོའི་མིའི་སྤྱི་ཚོགས་འདི་ལྷའི་དབང་སྒྱུར་དང་ལྷ་སྒྲུང་གི་འཇིག་རྟེན་ལས་མིའི་དབང་སྒྱུར་དང་དངོས་ཡོད་ལ་ཕྱོགས་བཞིན་པའི་སྐབས་འདིར་སྤྲུལ་སྐུ་དང་སྤྲུལ་སྐུ་དང་འབྲེལ་བའི་དོན་དག་མང་པོ་ཞིག་ནི་བརྒྱ་ཆའི་དགུ་བཅུ་གོ་དགུ་མི་ཕལ་བ་ཡིན་པའི་སྤྱི་ཚོགས་འདིར་མཚོན་ན་དངོས་གནས་རྫུན་མ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད་པ་རེད། དངོས་གནས་མངོན་མཁྱེན་ལ་ཐོགས་པ་མེད་པའི་འཇིག་རྟེན་ལས་འདས་པའི་སྐྱེས་བུ་དམ་པ་ཞིག་ཡོད་པ་ཡིན་ན་ང་ཚོ་བྱིས་པའི་རྩེད་མོ་ལྟ་བུའི་འཇིག་རྟེན་གྱི་བྱ་བྱེད་འདི་ཚོར་གད་མོ་ཤོར་གི་རེད། འདིའི་ནང་སྤྲུལ་སྐུའི་ལམ་ལུགས་ཀྱང་ཚུད་ཡོད་པ་བཤད་མ་དགོས།
    སྤྲུལ་སྐུ་འོད་གསལ་ལྟ་བུ་འདི་འདྲ་རེ་ཟུང་རེ་བྱུང་ན་དགུང་སྔོན་པོའི་ངོ་སོ་ཡར་ལ་བསྟོད། ཁོའི་ལམ་ཁ་གསར་བ་དེར་ངས་སྔོན་མ་ནས་བསམ་བློ་གཏོང་མྱོང་། ང་ཚོའི་མིའི་སྤྱི་ཚོགས་ནད་པ་ལྟ་བུ་འདི་ཚོར་ཁྱེད་ཚོས་དངོས་གནས་སྨན་ཐུན་རེས་ཞབས་ཞུ་ཞུ་འདོད་ཡོད་ན། ང་ཚོ་གླུ་གཞས་ལ་དང་དོད་ཆེ་སྐབས་ཁྱེད་ཚོའི་ཆོས་ཀྱི་སྙིང་བོ་རྣམས་གླུ་གཞས་ནང་བསྲེས་ནས་ཁྱེར་ཤོག ང་ཚོ་གློག་བརྙན་ལ་དང་དོད་ཆེ་སྐབས་ཁྱེད་ཚོའི་རིན་ཐང་ཅན་གྱི་དངོས་པོ་དེ་ཚོ་གློག་བརྙན་ནང་བསྲེས་ནས་ཁྱེར་ཤོག ཁྱེད་ཚོའི་ནང་ཆོས་ཟེར་ནས་རྩ་ཆེ་མདོག་ཁ་བོ་ཞིག་ཤོད་བཞིན་པ་དེ་ཡང་མདོར་དེད་ན་མིའི་སྤྱི་ཚོགས་ཀྱི་ཆེད་ཡིན་རྒྱུ་རེད། དེ་མིན་ན་ང་ཚོ་དང་འབྲེལ་མེད་རེད་ལ་དེའི་སྐོར་གླེང་དགོས་པ་ཡང་མི་འདུག
    འོད་གསལ་གྱི་རྒྱུད་ལ་ནང་ཆོས་ཀྱི་ཤན་ཞུགས་གཏིང་ཟབ་པོ་ཐེབས་ཡོད་པ་ཁོའི་ཡི་གེ་དེའི་ནང་ནས་ཤེས་ཐུབ་ལ། ཁོའི་ཤར་ནུབ་གཉིས་ནས་ཐོབ་པའི་རིག་གཞུང་གི་ལེགས་ཆ་དེ་ཁྱེར་ནས་གློག་བརྙན་དང་གླུ་གཞས་གང་རུང་ལ་བརྟེན་ནས་མིའི་སྤྱི་ཚོགས་ལ་ཞབས་ཞུ་ཞུ་འདོད་ཡོད་པ་འདྲ། སྤྲུལ་སྐུ་འོད་གསལ་རྒྱལ་གྱུར་ཅིག

  20. བོད། ལྷ་ཀླུ་གཉན་གསུམ། says:
    2009-06-09 at 4:45 am

    ཁྱེད་་ཀྱིས་བསམ་དོན་བཞིན་འགྲུབ་པར་ཤོག

  21. སྨྱག་རྒོད་གངས་བུ་དཔལ། says:
    2009-06-09 at 5:59 am

    གྲོགས་པོ་ཁ་ཤས་ཀྱིས་སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོས་དགོས་པ་དང་། ཡང་ཁ་ཤས་ཀྱིས་སྤྲུལ་སྐུ་ཞིག་གིས་སྡོམ་ཁྲིམས་མ་སྲུང་བ་དང་། དགོན་པ་ནས་ཕྱིར་བུད་བྱས་སོང་ན་དེ་ནས་ཡང་སྲིད་མེད་པ་བཟོ་དགོས་ལབ་འདུག་པ་དེ་ཚོ་དངོས་གནས་བསམ་བློ་མ་བཏང་པ་རེད། ཁོང་ཚོའི་བསམ་པར་དེ་ནི་སྤྲུལ་སྐུ་ཉུང་དུ་འགྲོ་རྒྱུ་ཐབས་ལམ་ཡིན་སྙམ་པ་རེད། གལ་ཏེ་སྤྲུལ་སྐུ་ཉུང་དུ་གཏོང་འདོད་ན་དེང་སང་ཕ་མ་ཕུད་པའི་དགེ་རྒན་དང་དགེ་བཤེས་ཡོད་ཚད་ཀྱི་ཡང་སྲིད་ངོས་འཛིན་བྱེད་བཞིན་པ་དེ་འཚམས་འཇོག་དགོས་ལ། གཉིས་ནས་༸གོང་ས་མཆོག་མིན་པའི་བླ་མ་དགེ་བཤེས་ཚོར་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུའི་ཐོབ་ཐང་མེད་པ་བཟོ་དགོས་ས་རེད།

    དེ་མིན་སྐུ་ཕྲེང་གཅིག་གིས་སྡོམ་པ་ཤོར་ན་དེ་ནས་བཟུང་ཡང་སྲིད་མེད་པ་བཟོས་ན་དྲང་བདེན་མ་རེད་ལ། གཉིས་ནས་མི་རིགས་ཀྱི་རིག་གཞུང་ལ་གནོད་ཀྱི་རེད།

    དོན་དངོས་སྤྲུལ་སྐུ་ཆུང་ཆུང་དེ་ཚོ་དང་པོ་ཡང་སྲིད་ངོས་འཛིན་བྱེད་དུས་ཕལ་ཆེ་བར་སྤྲུལ་སྐུ་བྱ་རྒྱུར་དམིགས་གསལ་གྱི་དགའ་མོས་གང་ཡོད་རྒྱུ་མ་རེད། དེ་ན་སྤྲུལ་སྐུ་ཞིག་གྲྭ་པ་ལོག་པ་དང་ཞབས་འདྲེན་ཞུ་གི་འདུག་ན་དེ་ནས་ཁོ་ལ་སྤྲུལ་སྐུ་མིན་པའི་ངོས་འཛྀན་བྱེད་ན་འགྲིགས་ཀྱི་རེད།

    མདོར་ན། དང་པོ་ནས་ནང་པ་མིན་པའི་སྐུ་ཞིག་གིས་ཁོ་རང་ནང་པ་བྱེད་ཀྱི་མིན་ཞེས་ལབ་པ་དེར་དམའ་འབེབ་བྱ་རྒྱུ་གང་ཡང་མེད། དེ་ལས་༸གོང་ས་མཆོག་དང་བོད་གཞུང་ལ་རྒྱབ་བལྟོས་བྱེད་མཁན་དེ་ཚོར་སྤྲུལ་སྐུ་མ་རེད་ཞབས་འདྲེན་རེད་ལབ་ཐུབ་ན་ཡག་པོ་འདུག་ག།

  22. སྨྱུག་རྒོད་གངས་བུ་དཔལ། says:
    2009-06-09 at 6:01 am

    ཨ་ཁྱད་མཚར། ད་གིན་གྱི་ངའི་མཆན་དེར་མིང་ནོར་ཡང་བཀོད་འདུག

    གྲོགས་པོ་ཁ་ཤས་ཀྱིས་སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོས་དགོས་པ་དང་། ཡང་ཁ་ཤས་ཀྱིས་སྤྲུལ་སྐུ་ཞིག་གིས་སྡོམ་ཁྲིམས་མ་སྲུང་བ་དང་། དགོན་པ་ནས་ཕྱིར་བུད་བྱས་སོང་ན་དེ་ནས་ཡང་སྲིད་མེད་པ་བཟོ་དགོས་ལབ་འདུག་པ་དེ་ཚོ་དངོས་གནས་བསམ་བློ་མ་བཏང་པ་རེད། ཁོང་ཚོའི་བསམ་པར་དེ་ནི་སྤྲུལ་སྐུ་ཉུང་དུ་འགྲོ་རྒྱུ་ཐབས་ལམ་ཡིན་སྙམ་པ་རེད། གལ་ཏེ་སྤྲུལ་སྐུ་ཉུང་དུ་གཏོང་འདོད་ན་དེང་སང་ཕ་མ་ཕུད་པའི་དགེ་རྒན་དང་དགེ་བཤེས་ཡོད་ཚད་ཀྱི་ཡང་སྲིད་ངོས་འཛིན་བྱེད་བཞིན་པ་དེ་འཚམས་འཇོག་དགོས་ལ། གཉིས་ནས་༸གོང་ས་མཆོག་མིན་པའི་བླ་མ་དགེ་བཤེས་ཚོར་སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུའི་ཐོབ་ཐང་མེད་པ་བཟོ་དགོས་ས་རེད།

    དེ་མིན་སྐུ་ཕྲེང་གཅིག་གིས་སྡོམ་པ་ཤོར་ན་དེ་ནས་བཟུང་ཡང་སྲིད་མེད་པ་བཟོས་ན་དྲང་བདེན་མ་རེད་ལ། གཉིས་ནས་མི་རིགས་ཀྱི་རིག་གཞུང་ལ་གནོད་ཀྱི་རེད།

    དོན་དངོས་སྤྲུལ་སྐུ་ཆུང་ཆུང་དེ་ཚོ་དང་པོ་ཡང་སྲིད་ངོས་འཛིན་བྱེད་དུས་ཕལ་ཆེ་བར་སྤྲུལ་སྐུ་བྱ་རྒྱུར་དམིགས་གསལ་གྱི་དགའ་མོས་གང་ཡོད་རྒྱུ་མ་རེད། དེ་ན་སྤྲུལ་སྐུ་ཞིག་གྲྭ་པ་ལོག་པ་དང་ཞབས་འདྲེན་ཞུ་གི་འདུག་ན་དེ་ནས་ཁོ་ལ་སྤྲུལ་སྐུ་མིན་པའི་ངོས་འཛྀན་བྱེད་ན་འགྲིགས་ཀྱི་རེད།

    མདོར་ན། དང་པོ་ནས་ནང་པ་མིན་པའི་སྐུ་ཞིག་གིས་ཁོ་རང་ནང་པ་བྱེད་ཀྱི་མིན་ཞེས་ལབ་པ་དེར་དམའ་འབེབ་བྱ་རྒྱུ་གང་ཡང་མེད། དེ་ལས་༸གོང་ས་མཆོག་དང་བོད་གཞུང་ལ་རྒྱབ་བལྟོས་བྱེད་མཁན་དེ་ཚོར་སྤྲུལ་སྐུ་མ་རེད་ཞབས་འདྲེན་རེད་ལབ་ཐུབ་ན་ཡག་པོ་འདུག་ག།

  23. སྨྱུག་རྒོད་གངས་བུ་དཔལ། says:
    2009-06-09 at 6:02 am

    ཨོ་ད་བསུབ་ཚར་འདུག

  24. མེ་སྒྱོགས་རྒྱ་མཚོ། says:
    2009-06-09 at 2:00 pm

    མགོན་པོ་ཕྱག་གཉིས་པ་ལགས་སུ།
    འོད་གསལ་གྱིས་ནང་ཆོས་དོར་མི་དོར་གྱི་སྐད་ཆ་ཞིག་མ་རེད་། སྤྲུལ་ལོག་ཆགས་ནས་ནང་ཆོས་བྱེད་ཐུབ་མིན་གྱི་སྐད་ཆའང་མ་རེད། སྤྲུལ་སྐུ་ཟེར་བའི་གོ་མིང་འདི་ལ་བོད་མི་དམངས་ཀྱི་དད་པ་དང་དམ་ཚིག་འབྲེལ་ས་ཞིག་ཏུ་གྱུར་ཡོད་དུས་དེའི་གོ་མིང་ལ་ཕོག་ཐུག་ཤོར་བ་ཡིན་ན་བོད་མི་དམངས་ཀྱི་བསམ་བློ་ནང་དུ་གོ་མིང་འདི་ལ་ཕྱོགས་པའི་ཡིད་ཆེས་དང་དད་པ་ལ་བར་ཆད་ཡོང་རྒྱུ་རེད། དེ་ལྟར་བྱུང་ན་ཚད་ལྡན་གྱི་སྤྲུལ་སྐུ་ཚོ་ལའང་མི་དམངས་ཀྱི་ཕྱོགས་ནས་དགོས་མིན་གྱིས་དོགས་པ་དང་རྣམ་རྟོག་ཡོང་ངེས་རེད།
    དེ་ནི་མི་དམངས་བྱིངས་ཀྱི་བསམ་བློ་ལ་བསམ་གཞིགས་བྱས་ནས་བཤད་པ་ཞིག་ཡིན་མ་གཏོགས་སྤྲུལ་སྐུའི་ཐད་ལ་དོགས་པ་མེད་ལ་རྣམ་རྟོག་ཀྱང་མེད་པ་མ་ཟད་ཤེས་ནས་ཡིད་ཆེས་བརྙེད་པའང་ཅང་མེད།

  25. མེ་སྒྱོགས་རྒྱ་མཚོ། says:
    2009-06-09 at 2:04 pm

    བསམ་གཏན་ལགས་སུ།
    “ནང་པའི་ཆོས་ཀྱི་དགོངས་ དོན་ལྟར་ན་འབྲས་བུ་ལྔའི་ནང་གི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཟེར་བ་དེ་བྱེད་ ལས་མཐུན་པར་སྐྱེ་བ་ལེན་པ་ལ་གསུངས་ཀྱི་ཡོད།” ཟེར་འདུག གལ་སྲིད་ངས་ཚེ་འདིར་སྤྲུལ་སྐུ་ག་གེ་མོ་ཞིག་ལས་ལྷག་པའི་མི་དམངས་ལ་ཞབས་ཞུ་བསྒྲུབ་ཐུབ་ཡོད་ན། ངའི་ཡང་སྲིད་འཚོལ་མཁན་ཡོད་མིན་ཙམ་ལས་དོན་དངོས་སུ་ང་ལ་ཡང་ “འབྲས་བུ་ལྔའི་ནང་གི་བྱེད་པ་རྒྱུ་མཐུན་གྱི་འབྲས་བུ་ཟེར་བ་དེ་བྱེད་ ལས་མཐུན་པར་སྐྱེ་བ་ལེན་པ་”རྒྱུ་ཡོད་པ་རེད་དམ། ང་ལ་དེའི་ཐོབ་ཐང་མེད་ན་སྤྲུལ་སྐུ་དེ་ཚོའི་ཚེ་སྔོན་མ་དང་ད་ལྟ་བར་གྱི་རྒྱུ་འབྲས་མཐུད་བརྒྱབ་མཁན་དེ་གཟན་རིལ་རེད་དམ་མོ་རེད་དམ་ཤོ་རེད་དམ་རྣམ་རྟོག་རེད་དམ་དད་པ་རེད་དམ་རིག་གཞུང་རེད་དམ་གོམས་སྲོལ་རེད་དམ་ཆབ་སྲིད་རེད་དམ་གང་རེད་དམ། དྲི་བ་བཏང་སྟངས་ཅུང་བདེ་མོ་ཞིག་བྱུང་མ་སོང་ཡང་ཀྱིས་གང་ཤེས་ལན་ཞིག་གནང་རོགས། ངས་འདིའི་སྐོར་ངོ་མ་མི་ཤེས།

  26. མེ་སྒྱོགས་རྒྱ་མཚོ། says:
    2009-06-09 at 2:05 pm

    སྨྱུག་རྒོད་གངས་བུ་དཔལ་ལགས་སུ།
    སྤྲུལ་སྐུ་ཉུང་དུ་བཏང་ནས་སྤྲུལ་སྐུའི་སྤུས་ཚད་ལེགས་སུ་སོང་ན་ཡག་པོ་རེད། ཁྱེད་རང་གིས་ཐབས་ལམ་དེ་ཡག་པོ་འདུག
    ཁྱེད་རང་གིས་“དེ་མིན་སྐུ་ཕྲེང་གཅིག་ གིས་སྡོམ་པ་ཤོར་ན་དེ་ནས་བཟུང་ཡང་སྲིད་མེད་པ་བཟོས་ན་དྲང་བདེན་མ་རེད་ལ། གཉིས་ནས་མི་རིགས་ཀྱི་རིག་གཞུང་ལ་གནོད་ཀྱི་རེད།” ཟེར་འདུག
    ངས་བཤད་པ་དེ་ཆོས་འཇིག་རྟེན་གཉིས་ཀྱི་རྒྱུ་འབྲས་དང་མཐུན་གྱི་འདུག་སྙམ། གལ་སྲིད་ཚེ་ཕྱི་མ་ལ་ཡང་བསྐྱར་སྤྲུལ་སྐུའི་ཐོབ་ཐང་ལེན་འདོད་ཡོད་ན་ཚེ་འདིའི་བྱ་སྤྱོད་ལ་གཟབ་དགོས།

  27. སུ་རུག་ཚང་། མི་རྐང་གླིང་བུ། says:
    2009-06-09 at 2:59 pm

    སྤྲུལ་སྐུས་ཐབས་ཐང་མུ་མཐུད་སྐྱོང་འདོད་ཡོད་ན་ཚེ་འདི་ལ་གཟབ་དགོས། གལ་ཏེ་སྐྱེ་བ་ཕྱི་མ་ཡང་སྲིད་ཙམ་རག་སྲིད་ཀྱང་ཆེ་མཐོང་སོགས་ཅི་ཡང་མེད་པར་འགྱུར་ཉེས་ཆེ། སྤྲུལ་སྐུའི་སྤུས་ཚད་མཐོ་རུ་གཏོང་བའི་ཐབས་ལམ་ཡོད་ན་རང་གཞན་ཚང་མས་འབད་འབུང་བྱ་དགོས། གཞན་སྤྲུལ་སྐུ་མང་དུ་སོང་བ་ཙམ་ནི་དགོན་པ་དང། མང་ཚོགས་ཀྱི་ཁུར་པོ་རེད།

  28. བསམ་ཤེས། says:
    2009-06-09 at 3:10 pm

    སྤྲུལ་སྐུ་དེ་བྱ་དགའ་དང་ལེགས་བཟོ་ཤིག་ལ་འགྱུར་ནས། མི་རིགས་དང་ཆོས་ལུགས་ལ་བྱས་རྗེས་འཇོག་ཐུབ་མཁན་གྱི་མི་ལ་སྤྲོད་ཐུབ་ན་ཕན་གྱི་རེད། དཔེར་ན། ཡེ་ཤུ་གནམ་གཏགས་ཆོས་ལུགས་ནང་། སྦི་ཤོབ་ཟེར་བ་འདི་ཚོ། བྱས་རྗེས་དང་ཤེས་ཡོན་ལ་བལྟོས་ནས་སྤྲོད་པ་ལས། སྐྱེ་དུས་ནས་མིང་བཏགས་མ་ཡིན། ལམ་ལུགས་འདི་ལ་ཁྱད་ཆོས་ཆེན་པོ་གསུམ་སྣང་།

    ༡༽ འགྲོ་སོང་ཆུང་ཆུང་། སྤྲུལ་སྐུ་ལྟ་བུ་མིན་པར། མི་ཤེས་ཡོན་དང་བྱས་རྗེས་ཅན་ལ་ལེགས་བཟོ་བྱེད་པ་ནི་གསོ་སྐྱོང་གི་འགྲོ་སོང་ཆེན་པོ་གཏོང་དགོས་མེད། 

    ༢༽ བདམས་ཟིན་པའི་མི་དེ་ཤེས་ཡོན་དང་ཉམས་མྱོང་ཕུན་གསུམ་ཚོགས་པ་ཡོད་སྟབས། སྤྱི་ཚོགས་ལ་ཞབས་འདེགས་ཆེ་བ་སྒྲུབ་ཐུབ། སྤྲུལ་སྐུ་དེ་ཚོ་རདང་པོ་སྐྱག་གཡོག་དང་། དེ་ནས་ལྟོ་གཡོག དེ་ནས། རྐུབ་གཡོག་རྒྱུག་དགོས་ཀྱི་ཡོད་སྟབས། ཁོང་ཚོ་སྤྱི་ཚོགས་ལ་ཕན་པ་སྒྲུབ་པའི་དུས་ལ་སླེབས་དུས། ལམ་ག་པར་འགྲོ་མིན་ཤོད་དཀའ་མོ་རེད།

    ༣༽ ཚང་མས་མོས་པ་ཡོད་པའི་མི་ཞིག་ལ་མིང་ག་གེ་མོ་ཞིག་སྤྲད་ནས་སྤྱི་ཚོགས་ཀྱིས་ཆེ་མཐོངས་བྱེད་ཐུབ་ན། མི་འདིའི་རིགས་ངེད་ཚོའི་སྤྱི་ཚོགས་ནང་མང་དུ་འཕེལ་ཐུབ།

    ག་འདྲ་འདུག 

  29. བུད་མེད་འཚོ། says:
    2009-06-09 at 3:46 pm

    ཨཨ་ ཁ་བརྡ་མ་རེད་ཁ་ཉོག་རེད། ཁ་ཉོག་ཁ་དེ་ཚོ་ལོ་ལོན་རེད། ལོ་ལོན་ནས་ལ་མགོའི་ཉི་མ་རེད། བློ་རྨོངས་ནས་ལ་རྟིང་གྲུབ་མ་རེད།

  30. སྨྱུག་རྒོད་གངས་བུ་དཔལ། says:
    2009-06-09 at 4:44 pm

    ང་ཚོ་ཚང་མས་ཤེས་དགོས་པ་ཞིག་ལ་སྤྲུལ་སྐུ་ཞེས་པ་དེ་ནི་ཡོན་ཏན་ཆེན་པོ་དང་ཐོབ་གོ་ས་ཡོད་པའི་དོན་མ་རེད། དེའི་དོན་ནི་སེམས་ཅན་གྱི་དོན་གྲུབ་པའི་ཕྱིར་དུ་སྐྱེ་བ་ལེན་པའི་སངས་རྒྱས་དམ་བྱང་ཆུབ་སེམས་དཔའ་འམ་སྐྱེས་བུ་དམ་པ་ཞིག་གི་ཡང་སྲིད་ལ་གོ་དགོས། དེས་ན་ཡི་ཤུ་སྦི་ཤོབ་ཟེར་བ་དེ་ཚོ་དང་མི་འདྲ་བ་རེད། མ་གཞི་དགེ་ལུགས་པའི་ནང་སྤྲུལ་སྐུ་ཐོབ་གོ་ས་ཆེན་པོ་ཡོད་མཁན་ཡིན་ན་ཡང་དགེ་བཤེས་ལྷ་རམས་ཚོགས་རམས་རྡོ་རམས་སོགས་ཀྱི་མཚན་གནས་རང་གི་ཡོན་ཏན་ལ་དཔག་ནས་ཕུལ་གྱི་ཡོད་པས་ཡི་ཤུ་ལས་ཞན་པ་མེད།

    སྤྱིར་བཏང་དེང་སང་སྤྲུལ་སྐུ་ཡང་སྲིད་རྫུན་མའམ། ཡང་ན་སྐུ་གོང་མའི་ངོ་ཚབ་ལྟ་བུ་དེ་འདྲ་མང་པོ་ཡོང་བཞིན་ཡོད་དུས་ངོ་ཚབ་དེས་ཞབས་འདྲེན་ཞུས་པའི་ཉེས་པ་ངོ་མ་དེ་ལ་གཡོག་ན་དྲང་བདེན་མ་རེད་ལ། ལར་ནས་༸གོང་ས་མཆོག་གི་སྐུ་ཕྲེང་ནས་མཚོན་སེམས་ཅན་གྱི་དོན་དུ་སྡོམ་པ་ཕུལ་བ་སོགས་བྱུང་ཡོད་པས། བྱུང་འགྱུར་སྤྲུལ་སྐུ་ཚང་མར་སྐུ་ཕྲེང་གཅིག་ལ་སྡོམ་པ་མ་སྲུང་བ་དེ་འདྲ་ཡོང་སྲིད་དུས། སྐྱེ་ཕྲེང་རིམ་བྱོན་ནས་བྱས་རྗེས་ཡོད་པའི་སྤྲུལ་སྐུ་དེ་ཚོ་སྐུ་སྐྱེས་རྒྱུན་ཆད་སྲིད་པ་ཡིན།
    གཞི་ནས་སངས་རྒྱས་ཀྱི་བསྟན་པའི་ཞབས་འདྲེན་ཞུ་མཁན་གྱི་སྤྲུལ་སྐུ་ཞིག་སླེབས་ཕྱིན་ཆད་ཁོས་སོ་སོ་སྐུ་ཕྲེང་ཕྱི་མ་ལ་བསམ་བློ་གཏོང་གི་མ་རེད་ལ། གལ་ཏེ་སྐུ་ཕྲེང་ཕྱི་མ་ཡང་སྲིད་ངོས་འཛིན་བྱེད་མི་ཆོག་པ་བཟོས་ཀྱང་སྤྲུལ་སྐུ་དེའི་མི་མང་དང་དགོན་པ་སོགས་ལ་གནོད་པ་ལས་ཁོ་རང་སླར་ཡང་སྲིད་པར་སྐྱེ་བ་སངས་རྒྱས་ཀྱིས་ཀྱང་འགོག་ཐབས་ཡོད་མ་རེད་དོ།

    གོང་སྨྲོས་ཀྱི་འོད་གསལ་ལྟ་བུ་ནི་བླ་མ་ཐུབ་བསྟན་ཡེ་ཤེས་ཀྱི་ཡང་སྲིད་ཡིན་ཞིང་། བླ་མ་ཐུབ་བསྟན་ཡེ་ཤེས་ནི་དགེ་བཤེས་ཙམ་ཞིག་ལས་སྤྲུལ་སྐུ་མིན་ཚོད་འདུག

  31. མགོན་པོ་ཕྱག་གཉིས་པ། says:
    2009-06-09 at 6:03 pm

    མེ་སྒྱོགས། ཁྱེད་ཀྱིས་བཤད་པ་དེ་འདྲ་ཡིན་ཙང་། ངས་གོང་དུ། ་་ད་ལྟ་བར་བོད་ཁོ་ནའི་གོམས་སྲོལ་དུ་གྱུར་བའི་སྤྲུལ་སྐུའི་ལམ་ལུགས་དེས་མུ་མཐུད་མིའི་སྤྱི་ཚོགས་ལ་ཞབས་ཞུ་བྱེད་ཐུབ་པའི་ངེས་པ་ཡང་ཤིན་ཏུ་ནས་ཆུང་།་་ ཞེས་བྲིས་ཡོད།
    སྤྲུལ་སྐུའི་མཛད་པ་དང་མི་མང་གི་དད་མོས་གཉིས་ལྟོས་བཅས་ཡིན་པ་དང་འགྱུར་བའི་རང་བཞིན་ཅན་ཡང་ཡིན་པ་རེད། སྤྲུལ་སྐུའི་མཛད་པ་ཉམས་པ་ཡིན་ན་མི་མང་གི་དད་མོས་ཀྱང་ཉམས་རྒྱུ་ཡིན་པ་དང་སྤྲུལ་སྐུའི་མཛད་པ་རྒྱས་པ་ཡིན་ན་མི་མང་གི་དད་མོས་ཀྱང་ཡར་འཕེལ་རྒྱུ་ཡིན་པ་རེད། ཡིན་ན་ཡང་། ངས་སྤྲུལ་སྐུའི་མཛད་པ་དེ་དད་པའི་རིགས་ཤིག་སྲུང་བའི་ཆེད་དུ་ཡིན་པར་ནམ་ཡང་བསམ་བློ་འཁོར་གི་མེད། དེ་ནི་འགྲོ་བ་མི་རིགས་ལ་ཕན་པའི་མཛད་པ་ཞིག་སྐྱོང་བའི་ཆེད་དུ་ཡིན་པར་བསམ་གི་ཡོད། མིའི་སྤྱི་ཚོགས་ལ་ཕན་ཐོགས་པའི་མཛད་པ་ཞིག་སྐྱོང་བ་ཡིན་ན་མི་མང་གི་དད་མོས་བརླག་ན་ཡང་དེར་སྐྱོན་ཅི་ཡོད།
    མི་མང་ལ་ཕན་ཐོགས་པ་ཡིན་ན་གླུ་བ་བྱས་ན་འགྲིགས་ལགློག་བརྙན་འཁྲབ་སྟོན་པ། ཡང་ན་ཡེ་ཤེས་ཆོས་དཔོན་སོགས་བྱས་ན་ཡང་ཅི་ལ་མི་ཆོག
    ང་ཚོ་མི་རྐྱང་རྐྱང་ལ་མི་ལས་འདས་པའི་སྐད་ཆ་མང་པོ་ཞིག་ཤོད་གི་བསྡད་ན་ད་བར་དུ་མི་ཡི་ཡིད་སེམས་བསླུ་ཐུབ་པ་བྱུང་ཡོད་ན་ཡང་མ་འོངས་པ་ན་དེ་ལྟར་ཡོང་རྒྱུ་ཁག་པོ་ཆགས་ཀྱི་རེད།

  32. drung says:
    2009-06-10 at 3:00 am

    སྤྲུལ་སྐུ་ནི་བོད་ཀྱི་ནང་ཆོས་ཀྱི་ནག་ཐིག་ཅིག་སྟེ། རྫུན་གྱི་ཕུང་པོ་ཞིག་རེད། སྤྲུལ་སྐུ་འདི་ཚོས་ནང་ཆོས་ངོ་མ་ཞིག་ཁྱབ་སྤེལ་བྱས་པ་མ་ཡིན་པར་རྒྱུ་ནོར་གསོག་བྱེད་ཀྱི་སྐྱིད་ཉལ་གྲལ་རིམ་ཞིག་གསར་གཏོད་བྱས་ཡོད།སྤྲུལ་སྐུ་ཐུགས་ཐག་གཅོད་པ་ནས་ཤི་བའི་བར་དུ་རྫུན་གྱི་རྣམ་ཐར་ཞིག་རེད། སྤྲུལ་སྐུ་ཡག་པོ་ཞིག་བྱུང་ན་མིའི་དེའི་མི་གཞི་ལ་རག་ལས་ཀྱི་རེད་ལ། སྡུག་ཅག་ཅིག་བྱུང་ནའང་མི་དེའི་མི་གཞི་ལ་རག་ལས་པ་རེད། རྒྱལ་བ་རིན་པོ་ཆེས་ཐུགས་ཐག་བཅད་མ་བཅད་ལའང་རག་ལས་མི་འདུག་ལ། བླ་མ་ཆུང་ཆུང་ཞིག་གིས་ཐུགས་ཐག་བཅད་མ་བཅད་ལའང་རག་ལས་ཀྱི་མེད། གཙོ་བོ་དེ་མི་གཞི་རང་ལ་ཐུག་པ་ཞིག་རེད། བླ་མ་གོང་མ་དེའི་སྤྲུལ་སྐུ་ཡིན་མིན་ཡང་གཙོ་བོ་མ་རེད། གང་ལྟར་མི་ཞིག་བླ་མ་དེའི་གོང་མའི་སྤྲུལ་སྐུ་རུ་གཏན་འཁེལ་བ་ཙམ་རེད། ཁོ་ཡག་པོ་བྱུང་མ་བྱུང་ནི་ཁོ་རང་ལ་ཐུག་པ་ཞིག་དང༌། དེའི་དགེ་རྒན་དང་སྤྱི་ཚོགས་ལ་རག་ལས་པ་ཞིག་རེད། ཡག་པོ་བྱུང་ནའང་འགྲིག་ལ་ཡག་པོ་མ་བྱུང་ནའང་འགྲིག གང་ལྟར་ཁོ་བླ་མ་གོང་མ་དེའི་སྤྲུལ་སྐུ་ཡིན་མིན་ནི་མི་ཚང་མར་གསང་བ་ཞིག་རེད། རྒྱལ་བ་རིན་པོ་ཆེ་ལའང་གསང་བ་ཞིག་རེད་ལ། པན་ཆེན་རིན་པོ་ཆེའང་གསང་བ་ཞིག་རེད། མདོར་བསྡུས་ན་ཡིད་ཆེས་ཤིག་རེད། རྒྱུ་མཚན་ནི་སྤྲུལ་སྐུ་ནི་དད་པས་བསླངས་བའི་རྫུན་གྱི་ཕུང་བོ་ཞིག་རེད། མ་གཞི་ནས་ང་སྤྲུལ་སྐུ་ཚོས་ཞབས་འདྲེན་རེ་ཞུ་ན་དགའ་བ་ཚད་མེད་སྐྱེས་ཀྱི་འདུག གངས་ལགས་ཤེ་ན། རྫུན་གྱི་ཕུང་པོ་ཇེ་གསལ་དུ་སོང་བར་དགའ་བ་སྒོམ་གྱི་ཡོད། གང་ལྟར་ལོ་རྒྱུས་ཀྱིས་ཁོང་ཚོ་མ་འོངས་པར་རྒྱང་འཕེན་ལ་གཏོང་རྒྱུ་རེད།

  33. drung says:
    2009-06-10 at 3:13 am

    སྤྲུལ་སྐུ་ནི་མ་གཞི་ནས་མི་ཞིག་ལ་བཀལ་བའི་རྫུན་གྱི་མིང་བྱང་ཞིག་རེད། འདིར་ང་ཚོར་དྲི་བ་ཞིག་ཡོད་པ་ནི་མིང་བྱང་དེ་མེད་པར་མི་ཕན་ཐོགས་ཅན་དང་སྤྱི་ཚོགས་ལ་ལེགས་པའི་ཆ་བསྐྲུན་ཐུབ་པའི་མི་མ་བྱུང་བའམ་མི་འབྱུང་བ་རེད་དམ། བོད་ལ་སྤྲུལ་སྐུ་དེ་ལྟར་མང་ཡང་སྤྱི་ཚོགས་ལ་ཕན་ཇི་ཙམ་ཕན་ཐོགས་ཡོད་དམ། རྫུན་གྱི་ཕུང་པོ་འདི་ནི་གང་ལའང་མེད་པའི་བོད་ཀྱི་རིག་གནས་ཤིག་རེད། རིག་གནས་འདི་འཛམ་གླིང་གི་བདེན་དོན་ཞིག་མིན་པས་འདི་ནི་དུས་ཚོད་ཀྱི་ཁོངས་སུ་ཚུད་པ་ཞིག་རེད། དེར་བརྟེན། དུས་ཚོད་ནི་བདེན་པ་ཆགས་རྒྱུ་ཡིན་པ་ལས་སྤྲུལ་སྐུ་བདེན་པ་ཆགས་ཀྱི་མ་རེད་ལ། བསམ་ཚུལ་དང་ཕྱོགས་རིས། ལྟ་སྟངས་གང་ཡང་བདེན་པ་ཆགས་ཐུབ་ཀྱི་མ་རེད། བདེན་དོན་འདི་ང་ཚོའི་མི་ཚེ་གཅིག་གི་མྱོང་རྟོགས་ཀྱིས་ཀྱང་ཤེས་ཐུབ་ཀྱི་མ་རེད་ལ་མི་རབས་གཅིག་ནས་བཅུ་བར་གྱི་མྱོངས་རྟོགས་ཀྱིས་ཀྱང་ཤེས་མི་ཐུབ་ཀྱང་སྲིད། འོད་ཀྱང་བདེན་དོན་ནི་དུས་ཚོད་ཀྱིས་གཏན་འཁེལ་གྱི་རེད་ལ་ལོ་རྒྱུས་ཀྱིས་རྒྱང་དུ་འཕེན་རྒྱུ་རེད།

  34. drung says:
    2009-06-10 at 3:19 am

    བོད་ཀྱི་ལོ་རྒྱུས་ནང་ལ། སྤྲུལ་སྐུ་ཚོས་ཞབས་འདྲེན་ཞུ་བ་ཞིག་མི་སུས་ཀྱང་ཞུས་མྱོང་མེད་པ་རེད། བླ་མ་དང་སྤྲུལ་སྐུ་ཁ་ཁ་རེད། བླ་མ་ནི་ཚད་གཞི་ངེས་ཅན་ཞིག་ཏུ་བདེན་པ་རེད། སྤྲུལ་སྐུ་ནི་ལྷོས་བ་མེད་པའི་རྫུན་ཞིག་རེད།

  35. བྱ་རྒོད་རྒྱལ་པོ། says:
    2009-06-10 at 3:49 am

    ཁྱེད་ཚོ་མང་པོ་དེ་འདྲ་བཤད་ནས་ཅི་བྱས། ལོ་ནས་ལོ་སངས་རྒྱས་ཀྱི་བསྟན་པ་ཉམས་འགྲོ་བ་ཡིན་པས་རིང་མིན་སྤྲུལ་སྐུ་དང་གྲྭ་པ་ཟེར་བ་དེ་ཚོ་མཐོང་ཡག་མེད་པ་ཆགས་ཀྱི་རེད།

  36. ཨརྱ says:
    2009-06-10 at 5:16 am

    ངོ་མ་སྤྲུལ་སྐུའི་མིང་ཅན་དེ་དག་ལ་ཡིད་ཆེས་ཤིག་བྱེད་ས་མི་འདུག ད་ནི་ང་ཚོ་ཚང་མས་འདི་ལ་ཞིབ་གཤེར་བྱས་ཏེ་རྩ་མེད་བཟོ་དགོས་ནའང་བཟོ་རན་རེད་ངོ་མ་བཟོ་རན་རེད།

  37. བྱ་རྒོད་རྒྱལ་པོ། says:
    2009-06-10 at 5:44 am

    རྒྱ་གུང་ཁྲེན་གྱིས་རྐུ་མ་དམར་པོ་དང་ཇག་པ་སེར་པོ་ཟེར་བ་ནང་བཞིན་ལབ་ཀྱི་འདུག

  38. མེ་སྒྱོགས་རྒྱ་མཚོ། says:
    2009-06-10 at 9:25 am

    སྨྱུག་རྒོད་དང་མགོན་ཕྱག་གཉིས་སུ།
    ངས་ངོས་ནས་སྤྲུལ་སྐུ་ཟེར་བ་དེ་ནི་མཚན་གནས་ཅིག་ལ་ངོས་བཟུང་གི་ཡོད། འདིའི་ཐད་ནང་ཆོས་ནས་བཤད་པ་དང་མི་དམངས་བྱིངས་ཀྱི་བསམ་པ་གཉིས་མི་མཐུན་པ་འདུག་སྙམ། སོང་ཙང་ཕྱོགས་གཉིས་ཐད་ནས་བསམ་བློ་བཏང་སྟེ་དཔྱད་དགོས་རྒྱུ་རེད། སྤྲུལ་སྐུའི་མཚན་གནས་འཛིན་མཁན་ཚོ་ཡང་ང་ཚོ་ནང་བཞིན་འདོད་ཆགས་ཞེ་སྡང་གཏི་མུག་གིིས་བཅིངས་པའི་གྱེན་འགྲོའི་སྤྲེལ་བརྒྱུད་ཅིག་ཡིན་པ་འདོད་། མ་གཞི་ནས་མགོན་པོ་ཕྱག་གཉིས་ཀྱིས་གསུངས་པ་ལྟར་འགྲོ་དོན་བསྒྲུབ་ཐུབ་ན་སྤྲུལ་སྐུས་གླུ་བ་བྱེད་ནའང་མི་ཆོག་པ་མེད་། དེ་ལ་སྐད་ཆ་སྙན་པོའི་ཐོག་ནས་ “མཛད་འཕྲིན་བསམ་གྱིས་མི་ཁྱབ་པ་”ནས་ཁྱབ་པ་གཅིག་ཏུ་ངོས་བཟུང་ན་ཆོག འོན་ཀྱང་གོང་གི་བརྗོད་ཚིག་འདི་དག་གསལ་ཁ་མེད་པའི་ཁྲིམས་དོན་༼unspecified clauses༽ལྟ་བུ་དང་ཁྲིམས་དོང་ ༼loopholes ༽་ལྟ་བུ་ལ་གཟིགས་ནས་སྤྲུལ་སྐུ་ཚོས་བེད་སྤྱོད་ལོག་པ་གཏོང་ཆོག་ཆོག་ཡིན་པས་ཆོག་མཆན་འདི་དག་ཁ་གསལ་དུ་གཏོང་པ་དང་ཨི་ཁུང་འདི་དག་བསུམ་ཐུབ་ན་དགེ་མཚན་ཆེན་པོ་འདུག་བསམས། འདི་འདྲའི་སྤྲུལ་ལོག་སྤྱོད་ལོག་བྱེད་མཁན་ནི་བོད་ནང་གི་རོང་འབྲུག་ནས་རྒྱ་ནག་ཏུ་མར་དར་ཁྱབ་ཆེ་རུ་འགྲོ་ཡི་ཡོད་པ་དང་། རྒྱ་བལ་འབྲུག་སོགས་ནས་ཚུར་ནུབ་ཕྱོགས་པའི་ཡུལ་གྲུ་གང་སར་ཁྱབ་ཀྱིན་ཡོད་པ་མཐོང་རྒྱུ་དང་ཐོས་རྒྱུ་ཇེ་མང་དུ་འགྲོ་བཞིན་པ་འདི་རེད། སྤྱོད་ངན་འདི་དག་ལ་མི་རིགས་གཞན་གྱིས་འཕྱ་དམོད་བྱ་རྒྱུ་འགོ་བཙུགས་སོང་ན་ང་ཚོ་ངོ་ཚ་བོ་ཆགས་ཀྱིན་རེད། རང་རིགས་ཀྱི་ཕ་མེས་ནས་གཙིགས་ཆེན་པོ་འཛིན་པའི་ལུགས་འདི་ལ་ལེགས་སྤེལ་ཉེན་འགོག་བྱེད་ཐུབ་ན་ཡག་གི་རེད།

  39. མགོན་པོ་ཕྱག་གཉིས་པ། says:
    2009-06-10 at 2:43 pm

    གྲྭ་བར་ལོག་རྒྱུ་ཡོད་པ་ལས་སྤྲུལ་སྐུར་ལོག་རྒྱུ་ཡོད་པ་ཞིག་གོ་མ་མྱོང་། ཕལ་ཆེར་ཁྱེད་རང་གིས་སྤྲུལ་རྫུན་དག་ཤོད་ཀྱི་ཡོད་པ་འདྲ། འདིར་སྤྲུལ་རྫུན་ཟེར་བ་ནི་ང་ཚོའི་ལམ་ལུགས་སྲོལ་ལྟར་ངོས་འཛིན་ཐོབ་པ་མ་ཡིན་པར་རང་ཉིད་ཀྱིས་ང་སྤྲུལ་སྐུ་ཡིན་ཟེར་ནས་སྤྱི་ཚོགས་ལ་མགོ་སྐོར་གཏོང་མཁན་རིགས་ལ་གོ་དགོས།

  40. རྒྱལ་མཚན་ says:
    2009-06-11 at 11:26 am

    ྶསྤྲུལ་སྐུ་ནི་དགོན་པ་ཞིག་ལ་མཚོན་ན་དཔཌྷལ་འབྱོར་གྱི་བཟོ་བྱེད་ཀྱི་མ་རྩ་ལྟ་བུ་ཞིག་ཆགས་ཡོད།གལ་སྲིད་དགོན་པ་དང་ཁང་ཚན་གང་རུང་ཞིག་ནང་སྤྲུལ་སྐུ་མིང་འཁུར་མཁན་གྱི་གྲྭ་པ་ཞིག་མེད་ན་དགོན་པ་དེ་རང་བཞིན་གྱི་ཉམས་རྒུད་དུ་འགྲོ་འགྱུར་ངེས་པས།སྤྲུལ་སྐུ་ངོ་མ་ཡིན་མིན་ལ་མ་ལྟོས་པར་ཕྲུ་གུ་ཞིག་བཙན་གྱིས་དགོན་པ་ག་གེ་མོ་ཞིག་གི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱེད་སྟངས་དེ་ཧ་ཅང་གི་ནོར་འཁྲུལ་ཆེན་པོ་རེད།དེར་ཆོས་དད་རང་མོས་ཅེས་མི་བརྗོད།རྒྱུ་མཚན་ནི་སྤྲུལ་སྐུར་ངོས་འཛིན་བྱས་པའི་ཕྲུ་གུ་དེ་རང་ཉིད་ཀྱིས་དགོན་པ་དེར་ཞུགས་འདོད་ཡོད་མེད་ལ་མ་ལྟོས་པར་དགོན་པ་དང་ཕ་མ་གཉིས་ཀྱི་འདོད་མོས་གཞིར་བཟུང་དགོན་པར་བཟང་བཙོན་དུ་བསྐྱེལ་བ་ཞིག་རེད།གང་ལྟར་རུང་སྤྲུལ་སྐུར་ངོས་འཛིན་བྱས་པའི་ཕྲུ་གུ་དེ་ཚོའི་མི་ལུས་རང་དབང་དང་ཆོས་དད་རང་དབང་ལ་བརྩི་འཇིག་བྱེད་དགོས་རྒྱུ་ནི་ཧ་ཅང་གི་གལ་ཆེན་པོ་རེད།སྤྱི་ཚོགས་རྙིང་པའི་སྐབས་སྡེ་པ་གཞུང་གི་སྐུ་དྲག་མི་ཉུང་བ་ཞིག་གིས་དགོན་པའི་མཁན་པོ་འམ་དགེ་བཤེས་དང་གྲོགས་བསྒྲིགས་གང་ཐུབ་བྱས་ཏེ་རང་ཉིད་ཀྱི་ཕྲུ་གུ་དེ་སྤྲུལ་སྐུ་ཞིག་བཟོ་རྒྱུའི་འབད་བརྩོན་བྱེད་མཁན་ཧ་ཅང་མང་པོ་ཡོད།སྐུ་དྲག་ཁ་ཤས་ཀྱི་བུ་ཕྲུག་གཉིས་གསུམ་དུས་གཅིག་ཏུ་སྤྲུལ་སྐུར་ངོས་འཛིན་བྱེད་མཁན་ཡང་བྱུང་ཡོད།དེ་ཚོ་ནི་ཧམ་པ་རང་རེད།དངོས་ཡོད་ཐོགས་སྤྲུལ་སྐུ་ནི་སེམས་ཅན་དོན་དུ་བསམ་བཞིན་དུ་སྐྱེ་བ་བླངས་པ་ཞིག་ཡིན་པས་ངེས་པར་དུ་མི་ཚང་ཕྱུགས་པོའི་ནང་སྐྱེ་བ་བླངས་དགོས།དཔེར་ན་གོང་ས་བཅུ་གསུམ་པ་དང་བཅུ་བཞི་པ་ལྟ་བུ་རེད།མི་ཚང་སྐྱོ་པོའི་ནང་སྐྱེ་བ་བླངས་ན་སེམས་ཅན་དོན་དེ་བས་ལེགས་པ་བྱེད་ཐུབ།རྒྱུ་མཚན་ནི་རང་ཉིད་ཀྱིས་དངོས་སུ་མི་ཉམ་ཆུང་གི་འཚོ་བར་རྒྱུས་ལོན་བྱེད་ཐུབ་པས་སོ།མདོར་བོད་པའི་སྤྱི་ཚོགས་དེ་ད་ཆ་སྐྱ་སེར་དབྱེར་མེད་ཀྱིས་དཔལ་འབྱོར་དང་མིང་གྲགས་ཁོ་ན་དོན་གཉེར་བྱེད་མཁན་ཤ་ཏག་ཅིག་ཏུ་གྱུར་འདུག་པ་དེར་ངོས་རང་སེམས་པ་ཧ་ཅང་སྐྱོ་ཡི་འདུག

  41. རྒྱལ་མཚན་ says:
    2009-06-11 at 11:36 am

    ནོར་བཅོས།
    མི་ཚང་ཕྱུགས་པོའི་ནང་སྐྱེ་བ་བླངས་དགོས་པའི་ངེས་པ་མེད།དཔེར་ན།

  42. ཀླུ་ says:
    2009-06-11 at 11:47 am

    ད་དེ་ཨ་ཞང་ཚང་གི་ལག་ཆར་གྱུར་འདུག་བལྟོས་ར
    ༄༅།།ཏཱ་ལའི་ཡིས་ཕྱིའི་རྒྱལ་ཁབ་ཏུ་ཡང་སྲིད་འཚོལ་བའི་ཚོད་ལྟར་ཕམ་ཉེས་བྱུང་བ།
    སྤེལ་དུས། 2009-06-11   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས།  
    ཧྥ་རན་སིའི་གསར་འགྱུར་ཁང་གིས་ཉེ་ལམ་བསྒྲགས་པ་ལྟར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ལོ༢༣ཡར་སྔོན་དུ་ཐག་བཅད་པའི་ཞི་པན་ཡའི་ཕྱི་རྒྱལ་གྱི་སྤྲུལ་སྐུ་དེས་རྡ་ལན་ས་ལའི་དགོན་པ་ཞིག་གི་ནང་དུ་དུས་རབས་བར་མ་ལྟར་གྱི་ཁུ་སིམ་པོའིའཚོ་བ་དང་འཁོར་བའི་སླུ་བྲིད་ཀྱི་ངང་ཚུལ་བཟོད་མ་ཐུབ་པར། ལས་སུ་བྱ་བ་གང་ཡིན་པ་དེ་བསྐྱུར་ནས་གློག་བརྙན་སློབ་པར་སོང་བ་རེད། ཏཱ་ལའི་ཡིས་ཕྱིའི་རྒྱལ་ཁབ་ཏུ་ཡང་སྲིད་འཚོལ་བའི་ཚོད་ལྟ་དེ་མི་ཀུན་གྱི་སྣང་ངོར་དགོད་བྲོ་བའི་ཟློས་གར་ཞིག་ཏུ་གྱུར་ཡོད་པ་རེད། དོན་རྐྱེན་འདིའི་ཐད་ལ་ང་རང་ཉིད་ནས་ཀྱང་བསམ་བཞིགས་གང་མང་བཏང་མྱོང་བ་ཡིན།

    ཉེ་བའི་ལོའི་ཚུན་ལ་ཏཱ་ལའི་ཡིས། ཁོས་ཕྱིའི་རྒྱལ་ཁབ་དུ་ཡང་སྲིད་བཙལ་ཆོག་པ་དང་ཡང་སྲིད་དེ་ཕྱི་རྒྱལ་པ་ཞིག་ཏུ་སྤྲུལ་ཆོག་པའི་སྒྲོག་གཏམ་ཡང་ཡང་སྤེལ་བཞིན་ཡོད་ཅིང་། ཁོས་ཨ་མེ་རི་ཁར་དགོངས་པ་རྫོགས་པའི་ཡེ་ཤེས་སྤྲུལ་སྐུས་བདམས་ཐག་བཅད་པའི་རྒྱུན་འཛིན་པ་འདིའི་ཆེད་དང་། ཡང་ན་ཏཱ་ལའི་ཡིས་མངོན་འགྱུར་བྱེད་འདོད་པའི་ཕུགས་བསམ་གྱི་ཆེད་དུ་སྟེ། ཕྱིའི་རྒྱལ་ཁབ་དུ་ཡང་སྲིད་བཙལ་ནས་ཕྱིའི་རྒྱལ་ཁབ་ཀྱི་མི་ཏཱ་ལའི་ལ་ངོས་བཟུང་སྟེ་དགེ་ལུགས་པའི་སྔར་མེད་ཀྱི་ཤིང་རྟའི་སྲོལ་གསར་པ་ཞིག་འབྱེད་པར་བསམ་ཡང་། ཕངས་སེམས་སྐྱེ་དགོས་པ་ཞིག་ནི། ཏཱ་ལའི་ཁོ་རང་གི་ཕུགས་བསམ་དེ་དོན་སྨིན་མ་བྱུང་བ་མ་ཟད། ཚོད་ལྟར་བར་ཆད་བྱུང་ནས་ཏཱ་ལའི་ཁོ་རང་གི་ཕུགས་བསམ་རྩ་བརླག་ཏུ་སོང་བ་རེད། བོད་བརྒྱུད་ནང་བསྟན་ལ་ཁྲིམས་སྲོལ་ངེས་ཅན་ཞིག་ཡོད། སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ཀྱང་དེ་ལས་མ་འདས་པ་ཉིད་དོ། དུས་རབས་བཅོ་ལྔ་པའི་སྟོད་རྒྱུད་དུ་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་འབྱེད་པ་པོ་རྗེ་ཙོང་ཁ་བ་ཆེན་པོ་མཆོག་གིས་དུས་སྐབས་དེའི་དགོན་པའི་དོ་དམ་རྙོག་དྲ་ཡིན་པ་དང་། དགེ་འདུན་པ་རྣམས་ཀྱིས་སྡོམ་ཁྲིམས་ཚུལ་བཞིན་མི་སྲུང་བའི་སྡིག་ལྟུང་གི་བྱ་སྤྱོད་མཐའ་དག་ལ་དམིགས་ནས། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའ་ལ་སྔར་མེད་ཀྱི་བྱི་དོར་ཆེན་པོ་གནང་ཞིང་། ཐེག་པ་ཆེན་མོའི་སྡོམ་ཁྲིམས་ཞེས་བྱ་བའི་གཞུང་ལུགས་མཛད་ནས། སྒྲུབ་པ་ཉམས་སུ་ལེན་སྐབས་གོ་རིམ་དེ་དག་མི་འཆོལ་བའི་བཅས་པ་མཛད་ཡོད། ༡༧༩༣ལོར་རྒྱ་ནག་གི་གོང་མ་ཆན་ལུང་གིས་ཆོག་མཆན་བཀོད་དེ་ཁྱབ་བསྒྲགས་མཛད་པའི《མངག་གཞུག་ཨམ་བན་གྱིས་གཏན་ལ་ཕབས་པའི་བོད་ཀྱི་འདས་དོན་ཐག་གཅོད་སྐོར་གྱི་སྒྲིག་ཡིག》ཞེས་བྱ་བའི་དོན་ཚན་ཉེར་དགུ་བའི་ནང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་ལམ་ལུགས་དེ་སྔར་ལས་ལྷག་པར་ཚད་ལྡན་དུ་བཏང་ཞིང་། གསེར་བུམ་དཀྲུག་པའི་ལམ་ལུགས་གསར་འཛུགས་གནང་བ་ནས་བཟུང་རིམ་བཞིན་ལོ་རྒྱུས་ཀྱི་གཏན་སྲོལ་ཞིག་ཏུ་ཆགས་ཡོད་ལ། ཏཱ་ལའི་རིམ་བྱོན་གྱི་ཡང་སྲིད་མཐའ་དག་ཀྱང་གསེར་བུམ་དཀྲུག་ནས་མ་བཙལ་བ་གཅིག་ཀྱང་མེད་པ་རེད། ད་ལྟ་བསམ་ན། གལ་ཏེ་ཏཱ་ལའི་ཡིས་ཕྱིའི་རྒྱལ་ཁབ་ཏུ་ཡང་སྲིད་འཚོལ་བ་དང་། ཡང་ན་སྐུ་ཕྲེང་ཕྱི་མའི་ཕྱི་རྒྱལ་གྱི་ཏཱ་ལའི་དེའང་སྔ་རྗེས་ཡང་འདེད་ཀྱིས་ལོག་ལམ་ཏུ་ཞུགས་ནས། བར་ཆད་གཏོར་མ་ལམ་འཁྱེར་གྱི་དཔེ་ཇི་བཞིན་དུ་བརྙན་འཕྲིན་བཟོ་མཁན་དང་། སྨན་པ། བཟོ་སྐྲུན་མཁན་པོ། གླུ་བ་སོགས་ཀྱི་ལས་སུ་ཞུགས་པ་ཡིན་ན། བོད་བརྒྱུད་ནང་བསྟན་དེ་རྣམ་པ་ཅི་འདྲ་ཞིག་ཏུ་འགྱུར་སྲིད་དམ།

    བལྟས་ཡོང་ན། ཆོས་གཞུང་དང་འགལ་ནས་མི་ལས་དགུ་ལས་བྱེད་པའི་མི་ངོ་མ་ནི་གཞན་མ་ཡིན་པར།ཏག་ཏག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཁོ་རང་ཉིད་ཡིན་པ་རེད།

    བལྟས་ཡོང་ན། རྗེ་ཙོང་ཁ་བ་ཆེན་མོ་མཆོག་གིས་དགེ་ལུགས་པའི་གྲུབ་མཐའ་ལ་བྱི་དོར་མཛད་ནས་ལོ༦༠༠ཕྱིན་རྗེས་སུ། དགེ་ལུགས་པའི་གྲུབ་མཐར་ཆོས་ལུགས་ཀྱི་བྱི་དོར་་གསར་པ་ཞིག་བྱེད་དགོས་ངེས་སུ་འདུག དེ་མིན་ན་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའ་དེ་ཆོས་སྲིད་ཟུང་འབྲེལ་དང་ཚུལ་བཞིན་དུ་མི་སྤྱོད་པ། གང་ཡིན་འདི་ཡིན་མེད་པ། ཆོས་དད་མང་ཚོགས་མེད་པའི་ལམ་ལོག་ཤིག་ཏུ་བསྐྱོད་པར་སྲིད་དོ།

  43. གཞོན་ནུ། says:
    2009-06-11 at 9:11 pm

    དྲ་གྲོགས་རྣམས་ཀྱིས་ཐུགས་གཟུ་བོས་སྒོ་ནས་དཔྱོད་དང་།   བླ་མ་བཟོད་པས་༧གོང་ས་མཆོག་ལ་དབུ་སྐོར་བཏང་བས་ནག་ཉེས་དེ་ཅི་འདྲ་འདུག   གཤམ་གྱི་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ཐོག་བཀོད་པའི་རྩོམ་ཡིག་དེར་ལྟོས་དང་ཤེས་ཐུབ།  ད་དུང་འདི་ལྟར་མུ་མཐུད་དུ་བྱས་ན།   ༧གོང་ས་མཆོག་ལ་ཐུགས་ཕམ་ཅི་འདྲ་ཡོང་གི་རེད་དམ།   རྒྱལ་སྤྱིའི་གསར་འགོད་པར་བཀའ་ལན་ཇི་ལྟར་འདེབས་དགོས་སམ།   འཛམ་གླིང་མི་མང་ལ་ཇི་ལྟར་གསུངས་དགོས་སམ།  ཕྱིར་མིག་ཅིག་བལྟས་དུས།   ༧གོང་ས་མཆོག་གི་སྐུ་ཚེ་གང་བོར་རྒྱ་ནག་ཕུད་པས་ཁོང་ལ་དཀའ་ལས་དང་འོ་བརྒྱལ་བཟོ་མཁན་དགེ་ལུགས་པ་ཚང་ཡིན་པ་ཤེས་དགོས།   དང་པོ་དགེ་ལུགས་པས་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་དགེ་ལུགས་པར་བསྒྱུར་རྒྱུའི་ངན་སེམས་བཅིངས་ཞིང་།   ནག་ཉེས་དེ་༧གོང་ས་མཆོག་གི་དབུ་ལ་འགེལ་ཐབས་བྱས་པ་རེད།   བར་དུ་དོལ་རྒྱལ་ཚོགས་པས་མི་གསོད་ཁྲག་སྦྱོར་གྱི་ལས་འགུལ་དང་།   ༧གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་ཅི་ཙམ་བྱས།   ཐ་མ་སྤྲུལ་རྫུན་རྣམས་ལ་༧གོང་ས་མཆོག་གི་རྒྱབ་གཉེར་བཀའ་ཡིག་ཞུས་ཏེ།   འབྱུང་འབྱུར་གྱི་ནག་ཉེས་ཡོད་ཚད་ཁོང་གི་དབུ་ཐོག་ཏུ་འགེལ་གྱིན་ཡོད།   
    ལྟོས་དང་།   ༧གོང་ས་མཆོག་ལ་ངོ་རྒོལ་སྐད་འབོད་བྱེད་མཁན་དགེ་ལུགས་པ་དང་རྒྱ་ནག་གཉིས་མ་གཏོགས་སུ་ཡང་མེད།   སྤྲུལ་སྐུའི་ལམ་ལུགས་མེད་པ་བཟོ་དགོས་ན།   ཐོག་མར་དགེ་ལུགས་པའི་སྤྲུལ་རྫུན་རྣམས་དང་དགེ་རྫུན་བླ་རྫུན་རྣམས་ནས་འགོ་བཙུགས་དགོས།   ཆོས་བརྒྱུད་གཞན་ལ་སྤྲུལ་རྫུན་མེད་པ་མིན་མོད།   དེ་དག་ཕལ་ཆེར་གྱིས་སོ་སོའི་སྤྲུལ་སྐུ་རྣམས་སོ་སོའི་བླ་ཆེན་ཁག་གིས་ངོས་འཛིན་གནང་གིན་ཡོད་སྟབས།   མ་འགྲིག་པ་ཞིག་བྱུང་ན་ཡང་༧གོང་ས་མཆོག་དང་འབྲེལ་བ་མེད།   
    དགེ་ལུགས་ཟེར་བ་འདིས་མི་ལོ་སུམ་བརྒྱ་ལྷག་གི་སྔོན་ནས་ད་བར་དུ།   བོད་ནང་ཁུལ་དུ་མི་གསོད་ཁྲག་གི་འཁོར་ལོ་ལན་སྟོང་དུ་བསྐོར་མྱོང་བ་མ་ཟད།   ད་དུང་སྤྱོད་ངན་རྒྱུན་འཛིན་བྱས་ཏེ།   ༧གོང་ས་མཆོག་ལ་མཛད་དཀའ་དང་།   བོད་གཞིས་བྱེས་གཉིས་ལ་སེམས་ངལ་གྲངས་མེད་པ་བཟོ་བཞིན་ཡོད་པས།   ད་ནས་བཟུང་དགེ་ལུགས་པ་རྣམས་ཀྱིས་བག་ཡོད་དང་བསམ་ཤེས་བྱེད་རོགས།   ༧གོང་ས་མཆོག་ལ་མཛད་དཀའ་མ་བཟོ་རོགས་ཞེས་སྙིང་ནས་ཞུ་བ་ཡིན།   ཐུགས་རྗེ་ཆེ།

    འོག་ཏུ་བོད་ལྗོངས་ཆ་འཕྲིན་ཐོག་བཀོད་པའི་རྩོམ་ཡིག་དེར་གཟིགས་རོགས་ཞུ།

    ༄༅།།ཏཱ་ལའི་ཡིས་ཕྱིའི་རྒྱལ་ཁབ་ཏུ་ཡང་སྲིད་འཚོལ་བའི་ཚོད་ལྟར་ཕམ་ཉེས་བྱུང་བ།

    ཧྥ་རན་སིའི་གསར་འགྱུར་ཁང་གིས་ཉེ་ལམ་བསྒྲགས་པ་ལྟར་ན། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བས་ལོ༢༣ཡར་སྔོན་དུ་ཐག་བཅད་པའི་ཞི་པན་ཡའི་ཕྱི་རྒྱལ་གྱི་སྤྲུལ་སྐུ་དེས་རྡ་ལན་ས་ལའི་དགོན་པ་ཞིག་གི་ནང་དུ་དུས་རབས་བར་མ་ལྟར་གྱི་ཁུ་སིམ་པོའིའཚོ་བ་དང་འཁོར་བའི་སླུ་བྲིད་ཀྱི་ངང་ཚུལ་བཟོད་མ་ཐུབ་པར། ལས་སུ་བྱ་བ་གང་ཡིན་པ་དེ་བསྐྱུར་ནས་གློག་བརྙན་སློབ་པར་སོང་བ་རེད། ཏཱ་ལའི་ཡིས་ཕྱིའི་རྒྱལ་ཁབ་ཏུ་ཡང་སྲིད་འཚོལ་བའི་ཚོད་ལྟ་དེ་མི་ཀུན་གྱི་སྣང་ངོར་དགོད་བྲོ་བའི་ཟློས་གར་ཞིག་ཏུ་གྱུར་ཡོད་པ་རེད། དོན་རྐྱེན་འདིའི་ཐད་ལ་ང་རང་ཉིད་ནས་ཀྱང་བསམ་བཞིགས་གང་མང་བཏང་མྱོང་བ་ཡིན།

    ཉེ་བའི་ལོའི་ཚུན་ལ་ཏཱ་ལའི་ཡིས། ཁོས་ཕྱིའི་རྒྱལ་ཁབ་དུ་ཡང་སྲིད་བཙལ་ཆོག་པ་དང་ཡང་སྲིད་དེ་ཕྱི་རྒྱལ་པ་ཞིག་ཏུ་སྤྲུལ་ཆོག་པའི་སྒྲོག་གཏམ་ཡང་ཡང་སྤེལ་བཞིན་ཡོད་ཅིང་། ཁོས་ཨ་མེ་རི་ཁར་དགོངས་པ་རྫོགས་པའི་ཡེ་ཤེས་སྤྲུལ་སྐུས་བདམས་ཐག་བཅད་པའི་རྒྱུན་འཛིན་པ་འདིའི་ཆེད་དང་། ཡང་ན་ཏཱ་ལའི་ཡིས་མངོན་འགྱུར་བྱེད་འདོད་པའི་ཕུགས་བསམ་གྱི་ཆེད་དུ་སྟེ། ཕྱིའི་རྒྱལ་ཁབ་དུ་ཡང་སྲིད་བཙལ་ནས་ཕྱིའི་རྒྱལ་ཁབ་ཀྱི་མི་ཏཱ་ལའི་ལ་ངོས་བཟུང་སྟེ་དགེ་ལུགས་པའི་སྔར་མེད་ཀྱི་ཤིང་རྟའི་སྲོལ་གསར་པ་ཞིག་འབྱེད་པར་བསམ་ཡང་། ཕངས་སེམས་སྐྱེ་དགོས་པ་ཞིག་ནི། ཏཱ་ལའི་ཁོ་རང་གི་ཕུགས་བསམ་དེ་དོན་སྨིན་མ་བྱུང་བ་མ་ཟད། ཚོད་ལྟར་བར་ཆད་བྱུང་ནས་ཏཱ་ལའི་ཁོ་རང་གི་ཕུགས་བསམ་རྩ་བརླག་ཏུ་སོང་བ་རེད། བོད་བརྒྱུད་ནང་བསྟན་ལ་ཁྲིམས་སྲོལ་ངེས་ཅན་ཞིག་ཡོད། སྤྲུལ་སྐུའི་ཡང་སྲིད་ལམ་ལུགས་ཀྱང་དེ་ལས་མ་འདས་པ་ཉིད་དོ། དུས་རབས་བཅོ་ལྔ་པའི་སྟོད་རྒྱུད་དུ་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་འབྱེད་པ་པོ་རྗེ་ཙོང་ཁ་བ་ཆེན་པོ་མཆོག་གིས་དུས་སྐབས་དེའི་དགོན་པའི་དོ་དམ་རྙོག་དྲ་ཡིན་པ་དང་། དགེ་འདུན་པ་རྣམས་ཀྱིས་སྡོམ་ཁྲིམས་ཚུལ་བཞིན་མི་སྲུང་བའི་སྡིག་ལྟུང་གི་བྱ་སྤྱོད་མཐའ་དག་ལ་དམིགས་ནས། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའ་ལ་སྔར་མེད་ཀྱི་བྱི་དོར་ཆེན་པོ་གནང་ཞིང་། ཐེག་པ་ཆེན་མོའི་སྡོམ་ཁྲིམས་ཞེས་བྱ་བའི་གཞུང་ལུགས་མཛད་ནས། སྒྲུབ་པ་ཉམས་སུ་ལེན་སྐབས་གོ་རིམ་དེ་དག་མི་འཆོལ་བའི་བཅས་པ་མཛད་ཡོད། ༡༧༩༣ལོར་རྒྱ་ནག་གི་གོང་མ་ཆན་ལུང་གིས་ཆོག་མཆན་བཀོད་དེ་ཁྱབ་བསྒྲགས་མཛད་པའི《མངག་གཞུག་ཨམ་བན་གྱིས་གཏན་ལ་ཕབས་པའི་བོད་ཀྱི་འདས་དོན་ཐག་གཅོད་སྐོར་གྱི་སྒྲིག་ཡིག》ཞེས་བྱ་བའི་དོན་ཚན་ཉེར་དགུ་བའི་ནང་། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་འཚོལ་བའི་ལམ་ལུགས་དེ་སྔར་ལས་ལྷག་པར་ཚད་ལྡན་དུ་བཏང་ཞིང་། གསེར་བུམ་དཀྲུག་པའི་ལམ་ལུགས་གསར་འཛུགས་གནང་བ་ནས་བཟུང་རིམ་བཞིན་ལོ་རྒྱུས་ཀྱི་གཏན་སྲོལ་ཞིག་ཏུ་ཆགས་ཡོད་ལ། ཏཱ་ལའི་རིམ་བྱོན་གྱི་ཡང་སྲིད་མཐའ་དག་ཀྱང་གསེར་བུམ་དཀྲུག་ནས་མ་བཙལ་བ་གཅིག་ཀྱང་མེད་པ་རེད། ད་ལྟ་བསམ་ན། གལ་ཏེ་ཏཱ་ལའི་ཡིས་ཕྱིའི་རྒྱལ་ཁབ་ཏུ་ཡང་སྲིད་འཚོལ་བ་དང་། ཡང་ན་སྐུ་ཕྲེང་ཕྱི་མའི་ཕྱི་རྒྱལ་གྱི་ཏཱ་ལའི་དེའང་སྔ་རྗེས་ཡང་འདེད་ཀྱིས་ལོག་ལམ་ཏུ་ཞུགས་ནས། བར་ཆད་གཏོར་མ་ལམ་འཁྱེར་གྱི་དཔེ་ཇི་བཞིན་དུ་བརྙན་འཕྲིན་བཟོ་མཁན་དང་། སྨན་པ། བཟོ་སྐྲུན་མཁན་པོ། གླུ་བ་སོགས་ཀྱི་ལས་སུ་ཞུགས་པ་ཡིན་ན། བོད་བརྒྱུད་ནང་བསྟན་དེ་རྣམ་པ་ཅི་འདྲ་ཞིག་ཏུ་འགྱུར་སྲིད་དམ།

    བལྟས་ཡོང་ན། ཆོས་གཞུང་དང་འགལ་ནས་མི་ལས་དགུ་ལས་བྱེད་པའི་མི་ངོ་མ་ནི་གཞན་མ་ཡིན་པར།ཏག་ཏག་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་ཁོ་རང་ཉིད་ཡིན་པ་རེད།

    བལྟས་ཡོང་ན། རྗེ་ཙོང་ཁ་བ་ཆེན་མོ་མཆོག་གིས་དགེ་ལུགས་པའི་གྲུབ་མཐའ་ལ་བྱི་དོར་མཛད་ནས་ལོ༦༠༠ཕྱིན་རྗེས་སུ། དགེ་ལུགས་པའི་གྲུབ་མཐར་ཆོས་ལུགས་ཀྱི་བྱི་དོར་་གསར་པ་ཞིག་བྱེད་དགོས་ངེས་སུ་འདུག དེ་མིན་ན་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་གྲུབ་མཐའ་དེ་ཆོས་སྲིད་ཟུང་འབྲེལ་དང་ཚུལ་བཞིན་དུ་མི་སྤྱོད་པ། གང་ཡིན་འདི་ཡིན་མེད་པ། ཆོས་དད་མང་ཚོགས་མེད་པའི་ལམ་ལོག་ཤིག་ཏུ་བསྐྱོད་པར་སྲིད་དོ།

  44. སྒོམ་སྡེ་ལྷ་རམས་པ། says:
    2009-06-11 at 11:59 pm

    འོད་གསལ་གྱི་ལན་ཁག་དེ་བླ་མ་བཟོད་པ་རིན་པོ་ཆེར་དཀྲིར་ག་ལ་རུང་།
    སྐྱེས་མཆོག་དེ་ཉིད་ནི་བཤེས་གཉེན་སྤྱི་དང་ལྷག་པར་༸རྒྱལ་དབང་ཐམས་ཅད་མཁྱེན་པའི་ཅི་གསུང་གཙུག་ཏུ་བཞེས་ཤིང་། བཀའི་ཆ་ཤས་ཙམ་ཡང་རས་སུ་མི་བོར་བར་གཙིགས་སུ་མཛད་པའི་བླ་མ་ཞིག་ཡིན་པས་དབུ་སྐོར་ག་ལ་ཞུ།

    གང་ཉིད་ལ་འཛམ་གླིང་གི་ཡུལ་གྲུ་༣༤ནང་ཆོས་ཚོགས་༡༥༦ཙམ་དང་། རྗེས་འཇུག་གི་སློབ་མ་ཆེས་མང་པོས་གཙུག་གི་རྒྱན་དུ་བཀུར་ཀྱང་། ཐུགས་རྒྱལ་དང་ཆེ་སྒྲོབ་ཀྱི་རྣམ་པ་ཅུང་ཟད་ཀྱང་མེད་ཅིང་། རང་ཉིད་ཀུན་ལས་དམན་པར་ལྟ་བའི་བཀའ་གདམས་པའི་དགེ་བཤེས་རྣམས་ཀྱི་རྣམ་ཐར་དང་རྗེས་སུ་མཐུན་ཞིང་། ཉིན་མཚན་བསྟུད་མར་ཀློག་པ་ཐོས་བསམ་དང་སྤོང་བ་བསམ་གཏན་གྱི་བྱ་བ་འབའ་ཞིག་གིས་བྲེལ་བའི་བརྟག་ཐུབ་ཚད་ཕེར་གྱི་བླ་མ་ཚད་ལྡན་ཞིག་རེད་ཅེས་ཞུ་བར་སྤོབས་སོ། །

    ང་ཚོ་ཆུ་ཚོད་ཕྱེད་ཀྱང་སྒོམ་བརྒྱག་པར་མི་སྤྲོ་ལ། ཁོང་ནི་མཚན་མོར་ཆུ་ཚོད་རེ་གཉིས་ལས་མནལ་མི་གཟིམས་པར་སྒོམ་བསྒྲུབ་ཁོ་ནས་དུས་འདའ་བའི་བླ་མ་ཞིག་ཡིན། ཕྱིས་༸རྒྱལ་དབང་མཆོག་ནས་གནས་ཚུལ་དེ་གསན་ནས་མནལ་དང་འཕྲོད་བཞེས་ལེགས་པོ་དགོས་པའི་བཀའ་སློབ་ཕེབས་ནས་གཟིམས་ཡུན་ཅུང་ཟད་རིང་དུ་སོང་སྐད།

    སྔོན་མ་གྲྭ་རྐྱང་ཚོར་ལྟོ་དོད་སྤྲོད་རྒྱུ་མ་རྙེད་ནས་དཀའ་ངལ་ཇི་ཙམ་ཡོད་སོམས་དང་། ད་ལྟའི་ཆར་བླ་མ་བཟོད་པ་རིན་པོ་ཆེའི་ཐུགས་རྗེས་སེར་བྱེས་མཁས་སྙན་གྲྭ་ཚང་གི་དགེ་འདུན་པ་སུམ་སྟོང་ལྔ་བརྒྱ་༣༥༠༠བརྒལ་བར་མི་རབས་ནས་མི་རབས་ཀྱི་བར་ལྟོ་རིན་སྤྲོད་མི་དགོས་པའི་མཛད་རྗེས་འདི་གཅིག་པུས་ཀྱང་གཞན་ལས་ཁྱད་ཞུགས་པར་དཔོག་ནུས་སོ། །

    རང་དོན་དུ་སུ་ལའང་ངོ་དཀར་འཛུམ་སྟོན་སོགས་ཆོས་བརྒྱད་ཀྱི་དྲི་ཙམ་མེད་མོད། བསྟན་པ་སྤྱི་དང་ལྷག་པར་གྲྭ་ཚང་གི་དོན་དུ་སྦྱིན་བདག་མང་པོའི་མདུན་དུ་དངོས་སུ་ཞབས་ཀྱིས་བཅགས་ནས་ཕེབས་པའི་རྣམ་ཐར་དེ་ཡང་། རང་དོན་དུ་དོན་ཉུང་བ་བྱ་བ་ཉུང་བ། གཞན་དོན་དུ་དོན་མང་བ་བྱ་བ་མང་བ་ཞེས་པའི་སྐྱེས་བུ་དམ་པའི་རྣམ་ཐར་རོ། །

    ནམ་རྒྱུན་འདི་འདྲའི་རིགས་ལ་མཆན་འཇོག་འདོད་གཏན་ནས་མེད་རུང་། འགའ་ཞིག་གིས་བཟོད་པ་རིན་པོ་ཆེར་སྐུར་འདེབས་ཞུས་ཏེ་ལས་ངན་གསོག་གྲབས་བྱས་པར། སེམས་ཀྱིས་མ་བཟོད་ནས་ཞུས་པ་ལགས་སོ། །

  45. སྒོམ་སྡེ་ལྷ་རམས་པ། says:
    2009-06-12 at 12:22 am

    ཞུ་རྒྱུ་གལ་ཆེན་ཞིག་ལྷག་འདུག
    འོད་གསལ་གྱི་ནག་ཉེས་དེ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་དང་བླ་མ་བཟོད་པ་རིན་པོ་ཆེར་འགེལ་བ་འདི། འདྲེ་ཤར་སྒོར་བཞག་ནས། གླུད་ནུབ་སྒོར་གཏོང་། ཞེས་པའི་དཔེ་དང་མཚུངས་པ་མ་ཡིན་ནམ།

  46. ÇtôzÅ-q- says:
    2009-06-12 at 1:43 am

    ལྷ་རམ་པས་དེ་རིང་ཡག་པོ་གསུང་མ་སོང་། བླ་མ་བཟོད་པ་ཡག་པོ་ཡིན་པའི་སྒྲུབ་བྱེད་ལ་བླ་མ་བཟོད་པས་སྒོམ་ཡུན་རིང་པོ་རྒྱག་གི་ཡོད་སྐོར་ཞིག་གསུངས་སོང་། རང་རེའི་གཏམ་དཔེར། མེད་པ་ཡོད་མདོག་བྱ་རྒྱ་སྒོམ་ལས་དྲག་ཅིག་མེད་ཅེས་པ་ཞིག་ཡོད། སྒོམ་རྒྱག་གི་ཡོད་མེད་དེ་ཤེས་ཐུབ་པ་ཞིག་མ་རེད། གལ་སྲིད་སྒོམ་རྒྱག་གིན་ཡོད་རུང་དེས་བླ་མ་ཡང་དག་ཡིན་པར་སྒྲུབ་མི་ཐུབ། ཕྱི་རོལ་པ་ཚོས་ཀྱང་སྒོམ་བརྟན་པོ་རྒྱག་ཐུབ་ཀྱང་སྒོམ་དེས་འཁོར་བ་ལས་མི་གྲོལ། སྲིད་རྩེའི་སེམས་ཅན་ཚོ་བསྐལ་བ་ནས་བསྐལ་བར་སྒོམ་ལ་གནས་ཀྱང་མཐར་ངན་འགྲོར་ལྟུང་།
    དཔེར་ན། མོ་ཏྲ་ཚོང་ཁང་གི་མོ་ཏྲ་འཚོང་སྐབས་དེས་འགྲོ་བསྐྱོད་ཐུབ་པའི་འགན་ལེན་དགོས་པ་རེད། འགན་ལེན་གྱི་དུས་ཚོད་མ་རྫོགས་གོང་མོ་ཏྲ་ཆག་སྐྱོན་ཤོར་སོང་ན་བཟོ་ཚོང་བདག་པོས་འགན་འཁུར་དགོས་པ་རེད། སྤྲུལ་སྐུས་སྤྲུལ་ཁུངས་མ་འཁྱོལ་ན་སྤྲུལ་སྐུ་བཟོ་མཁན་ཚོར་འགན་ཡོད་ཡོད་པ་རེད།

  47. སྨྱུག་རྒོད་གངས་བུ་དཔལ། says:
    2009-06-12 at 4:03 am

    བླ་མ་བཟོད་པ་རིན་པོ་ཆེར་ཐུགས་འགན་ཡོད་རེད་ཟེར་ན་མི་བདེན་པ་རེད་ལབ་རྒྱུ་མེད་པ་འདྲ་པོ་འདུག གང་ལགས་ཤེ་ན། སྤྲུལ་སྐུ་འོད་ཟེར་གྱི་སྐུ་གོང་མ་བླ་མ་ཐུབ་བསྟན་ཡེ་ཤེས་ཞུ་བ་དེ་ཁོང་གི་དགེ་རྒན་ངོ་མ་དེ་ཡིན་པས་འགན་ལྷག་པར་ཆེན་པོ་ཡོད་དགོས་པ་ལྟ་བུ་རེད། ཡིན་ནའང་། བླ་མ་ངོས་འཛིན་བྱེད་མཁན་ཙམ་ལ་སྤྱིར་བཏང་ནས་འགན་དེ་ཙམ་ཡོད་དགོས་དོན་གང་ཡང་མེད། བླ་མ་ངོས་འཛིན་བྱེད་དུས་བྱིས་པ་དེ་བླ་མ་ཆེ་གེ་མོ་གང་ཡིན་གཅིག་ཟེར་བ་དེའི་ཡང་སྲིད་དུ་བྱེད་ན་བཟང་ཞེས། གསུངས་པ་ཙམ་ཞིག་ལས་ངས་ཁོ་སྤྲུལ་སྐུར་བདག་པོ་རྒྱབ་ནས་སྐུ་ཡོན་ཕུལ་གྱི་ཡིན་ཞེས་གསུངས་མེད།

  48. སྒོམ་སྡེ་ལྷ་རམས་པ། says:
    2009-06-12 at 6:31 pm

    གོང་གི་ཆོས་གྲོགས་གཉིས་ནས་ཚིག་རྩུབ་མི་གསུང་བར་གནད་དོན་ཐོག་རིགས་པ་ཁོ་ནས་དཔྱོད་ཞིབ་གནང་བར། ཁོ་བོ་སླར་ཡང་བརྒལ་བརྟག་ལ་ཞུགས་པར་སྤྲོའོ། །

    གླེང་གཞི་འདིས་མཚོན་པའི་གནད་དོན་ཆེ་ཕྲ་ཐམས་ཅད་ལ་ཚུལ་འདི་དང་མཐུན་པར་ཉམས་ཞིབ་གནང་ན། ཆུ་དང་འོ་མ་དབྱེ་འབྱེད་འོང་རྒྱུ་དང་། གཞན་ཡང་མཉམ་ཞུགས་གནང་མཁན་གྱི་དཔྱོད་ལྡན་མང་པོ་ང་ཚོར་བློ་བསྐྱེད་གནང་བར་ཕེབས་ཏེ། ངེད་ཚོའི་རྩ་བའི་བསྒྲུབ་བྱ་རང་རེའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་ལ་ཞབས་འདེགས་གྱ་ནོམ་པར་བསྒྲུབ་ངེས་ལགས།

    སྤོབས་པ་ལགས་ཁྱེད་ཀྱི་མོ་ཊ་འཚོང་མཁན་དང་ཉོ་མཁན་གྱི་དཔེ་དེ་ཞེ་དྲག་སྙིང་འཇེབས་པོ་འདུག ང་ལའང་རྒོད་བྲོ་པོ་ཞིག་ཞུ་རྒྱུ་ཡོད། དཔེར་ན་ར་བཟི་ཞིག་གིས་མོ་ཊ་བཏང་ནས་བརྡབ་སྐྱོན་བྱུང་བ་ཡིན་ན། དེ་མོ་ཊ་བཟོ་འཚོང་བྱེད་མཁན་གྱིས་མ་བྱུང་བ་རེད་དམ། ར་བཟི་དེས་ལན་པ་རེད།

    དེས་ན་མཚོན་བྱ་དོན་གྱི་ར་བཟི་བླ་མའི་ཞབས་འདྲེན་པའི་སློབ་མ་ཐེབས་ཆག་ངེད་ཅག་ལྟ་བུའི་བྱས་ཉེས་རྣམས། ཚད་ལྡན་གྱི་བླ་མ་དམ་པ་དེ་དག་གི་ནོངས་པ་ཡིན་ནོ་ཞེས་ཅིས་ཀྱང་སྨྲ་བར་མི་རིགས་སོ། །


    བླ་མ་ཆེ་གེ་མོ་ཞིག་ཆོས་ཅན། ཡང་དག་མིན་ཏེ། ཁྱོད་ལ་དགེ་ཕྲུག་ཐེབས་ཆག་རེ་ཟུང་ཡོད་པའི་ཕྱིར། ཞེས་པའི་གཏན་ཚིགས་འདི་ཡང་དག་དང་ལྟར་སྣང་གང་ཡིན་ལེགས་པར་སོམས་དང་རིམ་གྱིས་ཤེས་པར་འགྱུར་རོ། །

    བླ་མ་ཇི་ལྟར་ལེགས་ཀྱང་། དགེ་ཕྲུག་ཞབས་འདྲེན་ཞུ་མཁན་རེ་ཟུང་འབྱུང་བ་ནི། དངོས་ཡོད་གནས་ཚུལ་མ་ཡིན་ནམ། 

    ཡང་བླ་མ་དེ་ལ་དགེ་ཕྲུག་གཅིག་ལས་མེད་ན་ཁྱེད་ཐུགས་བདེན། དེ་འདྲ་མིན་པར་ནི་གོང་དུ་ཞུས་ཟིན་ཏོ། །

    ཁོ་བོས་བལྟས་ན། བླ་མ་ལེགས་ཉེས་དེ་དགེ་ཕྲུག་རེ་གཉིས་ཀྱི་བྱེད་པ་ལ་མི་ལྟོས་པར། བླ་མ་དེའི་ཉམས་ལེན་དང་བཤད་སྒྲུབ་ཀྱི་ལག་རྗེས་ཡོད་མེད་ལ་བལྟ་དགོས་པ་ཡིན་ཏེ། རྗེ་གུང་ཐང་བསྟན་པའི་སྒྲོན་མེས། སྐུ་སྐྱེ་བསྟན་དོན་དུ་བྱོན་ན། །བཤད་སྒྲུབ་ལག་རྗེས་ཤིག་ཡོད་དགོས། །ཞེས་གསུངས་པ་ལྟར་རོ། །

  49. སྒོམ་སྡེ་ལྷ་རམས་པ། says:
    2009-06-12 at 6:39 pm

    ནོར་བཅོས། གཞུག་པར་སྤྲོའོ། །

  50. སུ་རུག་ཚང་། མི་རྐང་གླིང་བུ། says:
    2009-06-13 at 1:29 am

    ལྷ་རམས་པ། བཟོད་པ་རིན་པོ་ཆེ་སངས་རྒྱས་མ་ཡིན་ན་ནོར་འཁྲུལ་ཡོང་སྲིད་པ་རེད། ནོར་འཁྲུལ་དེ་ཡང་ད་ལྟའི་གནས་ཚུལ་འདི་འདྲ་བོ་ཡིན་སྲིད་པ་ཞིག་རེད།

  51. བྱ་རྒོད་རྒྱལ་པོ། says:
    2009-06-13 at 1:40 am

    མི་ལ་ཁ་རྐྱང་རྐྱང་གཏོང་མ་བསྡད། དེ་ལས་སོ་སོའི་ངོས་ནས་མི་རིགས་དང་རིག་གཞུང་ལ་ཕན་པའི་བྱ་བ་སྒྲུབས་དང་།

  52. ÇtôzÅ-q- says:
    2009-06-13 at 2:52 am

    ལྷ་རམ་པ་ལགས། དེ་སློབ་མའི་ངན་ཁག་བླ་མར་བཀལ་བ་ཙམ་ཞིག་མ་རེད། བླ་མ་དེ་ཚོས་བྱིས་པ་ཞིག་བླ་མ་སྐུ་གོང་མའི་ཡང་སྲིད་རེད་གསུངས་ནས་ཁྲི་འདོན་ཆེ་བསྟོད་བྱས་པ་རེད། ཐ་མ་ཕྲུ་གུ་དེས་བླ་མ་སྐུ་གོང་མའི་མཛད་པ་སྐྱོང་བ་ལས་ལྡོག་སྟེ་ཁོ་སྤྲུལ་སྐུ་བཟོས་པ་དེ་ལ་མ་རངས་པའི་སྐད་ཆ་ཡང་ཤོད་ཀྱིན་ཡོད་པ་རེད། ད་སྐུ་སྐྱེ་ངོས་འཛིན་བྱསེད་མཁན་གྱི་བླ་མ་དེ་ཚོས་མི་ཞིག་གི་སྐྱེ་བ་སྔོན་མ་སུ་ཡིན་ཤེས་པ་ཕར་ཞོག་ཐ་ན་ཚེ་འདིར་གྲྭ་བ་ཞིག་དང་ཆོས་པ་ཞིག་ཡོང་མིན་ཡང་མི་ཤེས་བཞིན་དུ་གང་ཟག་གི་ཚོད་གང་ཟག་གིས་བཟུང་ཁུལ་བྱས་ན་སྐུ་སྐྱེ་ངོས་འཛིན་བྱེད་མཁན་ཁོ་རང་ཚོས་འགན་འཁུར་མི་དགོས་པ་ཁྱད་མཚར་རེད། ད་རེས་གནད་དོན་འདི་ལ་བརྟེན་ནས་རྒྱ་དམར་གཞུང་གིས་ཀྱང་ཏཱ་ལའི་བླ་མས་ཕྱི་རྒྱལ་གྱི་མི་སྤྲུལ་སྐུར་ངོས་འཛིན་བྱས་པར་ཕམ་ཉེས་བྱུང་ཚུལ་གྱི་སྐྱོན་བརྗོད་བྱས་ཡོད་པ་རེད། ད་ང་ཚོས་མ་གཟབ་ན་འདི་དང་འདི་ལས་ལྷག་པའི་མི་རྐུབ་བླ་རྐུབ་ཆ་ཚང་འབུད་མི་ཡོང་བའི་ངེས་པ་མི་འདུག
    ལྷ་རམ་པ་ཁྱོད་དང་དཔལ་དགྱེས་པ་རྡོ་རྗེ་ཁྱེད་རྣམ་པ་བླ་མ་བཟོད་པ་ཟེར་བའི་འདི་ལ་ཆ་རྒྱུས་ཡོད་མཁན་ཞིག་ཡིན་ཚོད་འདུག་པས་དེ་ཡིན་ན་༡༩༩༠ མཇུག་དང་༢༠༠༠ལོའི་མགོར་ཁོང་ཚོས་རྗེ་བཙུན་བྱམས་མགོན་གྱི་སྐུ་འདྲ་ཕུ་ཏྲི་ལྔ་བརྒྱ་ཅན་ཞིག་བཞེངས་རྒྱུ་ཡིན་ཟེར་ནས་ཞལ་འདེབས་འབོར་ཆེན་བསླངས་པ་རེད། ད་བྱམས་མགོན་དེ་གང་དུ་བཞེངས་ཡོད་པ་རེད།

  53. བསམ་གཏན། says:
    2009-06-13 at 3:09 am

    སྤོབས་པ་མཐས་ཡས་ཀྱིས་སྤྲུལ་སྐུའི་སྐོར་བཤད་པ་དེ་ཚོ་བརྒྱ་ཆ་བརྒྱ་ཐམ་པ་བདེན་པ་རེད།  འོན་ཀྱང་བྱམས་མགོན་གྱི་སྐུ་དེ་རྡོ་རྗེ་གདན་དུ་གྷ་ཡ་གཞུང་གིས་བཞེངས་མ་བཅུག་ཀྱང་རྩྭ་མཆོག་དྲུང་དུ་བཞེངས་བཞིན་པ་རེད་ཟེར།   འདི་ཤེས་མཁན་ཡོད་ན་ལན་ཞིག་རྒྱག་རོགས་ཞུ།   ད་དུང་མི་གཞན་གྱིས་བཤད་ན་འཛམ་གླིང་གང་སར་སློང་མོ་རྒྱག་སྐབས་རིང་སྤྲེལ་ཡིན་ཟེར་བ་རྒྱ་གར་གྱི་རྡ་ལི་བཞིན་ལྡེར་མ་ལྡེར་མ་བྱས་ནས་འགྲེམས་སྟོན་བྱེད་གྱི་འདུག་པ་དང་།  རྗེ་ཙོང་ཁ་པའི་སྐུ་རུས་ཡིན་ཟེར་བའི་ལྷུ་མགོ་གཅིག་ཀྱང་འདུག་ཟེར།  དགྱེས་རྡོར་གྱི་ཁ་ལ་ཅི་ཡང་ཉན་རྒྱུ་མེད་ཀྱང་ལྷ་རམས་པས་དེའི་སྐོར་ཤེས་ན་ལན་ཞིག་གནང་རོགས་ཞུ།

  54. བསམ་གཏན། says:
    2009-06-13 at 3:12 am

    སྤོབས་པ་ལགས།   ལྷ་རམས་ལ་སའི་ཡང་མཇུག་ཡོད་པ་རེད།   ཁྱེད་ཀྱིས་ཡང་ནས་ཡང་དུ་ལྷ་རམ་ཞེས་འབྲི་གི་འདུག་པས་མཉམ་མ་བཞག་པ་ཡིན་ནམ།   ཧ་ཧ་ཧ་ཧ་ཧ་ཧ།

  55. karma says:
    2009-06-13 at 4:37 am

    བླ་མ་བཟོད་པ་ནི་ཆོས་བརྒྱད་མཐར་ཕྱིན་པ་ཞིག་རེད་གསང་བའི་རྣམ་ནི་མི་ཤེས།
    ཆོས་སངས་རྒྱས་ཀྱི་བསྟན་འཛིན་ཞེས་བ་ནི་འདི་ལྟ་བུ་ཞིེག་ལ་ཟེར་བ་རེད།

    དིང་རི་ན་བླ་མ་བ་རི་ལོ་ཙ་བ་ཁྲི་བརྩིགས། གདུགས་ཕུབ། དར་གྱི་ན་བཟའ་བཟང་པོ་གསོལ། གྲྭ་བུ་སློབ་རྣམས་ཀྱིས་དུང་བུས་པས། མི་མང་པོ་འདུས་ནས་མཐའ་བསྐོར། ཇ་ཆང་འདྲེན་ཞིང་འབུལ་བ་མང་པོ་བྱེད་ཅིང་འདུག་པ་མཐོང་བས། པེ་ཏའི་བསམ་པ་ལ། མི་གཞན་གྱི་ཆོས་པ་ལ་འདི་འདྲ་ཡོང་གི་འདུག་སྟེ། ངའི་ཨ་ཇོའི་ཆོས་འདི་རང་སྡུག་ལ་གཞན་གྱིས་བརྙས་པ། གཉེན་ཚན་རྣམས་ངོ་ཚ་བ་ལས་མི་འདུག་པས། ང་ཨ་ཇོ་དང་ཕྲད་ན་བླ་མ་འདིའི་ཕྱགས་ཕྱི་ལ་ཅི་ཚུད་ཀྱི་ཐབས་དང་གྲོས་ཤིག་བྱེད་དགོས་བསམ་ནས། དེར་ཚོགས་པའི་མི་འགའ་ལ་དྲིས་པས། བྲིན་ན་འདུག་ཟེར་བ་ཐོས་ཏེ། བྲིན་དུ་ཡོངས། རྩད་བཅད་ནས་སྐྱིད་ཕུག་ཏུ་ངའི་སར་བྱུང་སྟེ། ཨ་ཇོའི་ཆོས་ཁ་ལ་བཟའ་རྒྱུ་ཡང་མེད། ལུས་ལ་གྱོན་རྒྱུ་ཡང་མེད་པས་ཁྲེལ་ངོ་ཚ་ནས་བུད་པ་འདིས་མི་འོང་བར་འདུག། ད་སྣམ་བུ་འདི་ལ་སྨད་གཡོགས་ཤིག་མཛོད་ལ། ཁོང་གཞན་གྱི་ཆོས་པ་བླ་མ་བ་རི་ལོ་ཙྪ་བ་བྱ་བ་འོག་ན་ཁྲི་བརྩིགས། སྟེང་ན་གདུགས་ཕུབ་པའི་བར་དུ། སྐུ་དར་ཟབ་ཀྱི་སྦུབས་ན་ཞལ་ཇ་ཆང་གི་ངང་ལ་འགྲོ་བ། གྲྭ་བུ་སློབ་རྣམས་ཀྱིས་དུང་ཁ་སྦྱོར་དུ་བུས་པས་མི་མང་པོ་འདུས་ནས། འབུལ་བ་བསམ་གྱིས་མི་ཁྱབ་པ་ཡོང་བས། འཁོར་དང་ཉེ་ཚན་ལ་ཕན་པ། མི་ལ་ངོམ་པས་ཆོག་པའི་ཆོས་པ་བཟང་པོ་རང་ཞིག་འདུག། དེའི་ཕྱགས་ཕྱི་ལ་ཨེ་འཁྲིད་ལྟོས་དང་། ཁྲིད་ན་གྲྭ་པ་ཞན་ཤོས་ཤིག་ཐོབ་རུང་སྐྱིད་ཕོ་ཡོང་བ་འདུག་གིས། དེ་མིན་ཨ་ཇོའི་ཆོས་འདི་དང་། ངའི་འཁོས་ཀ་འདིས་འོ་ཅག་མིང་སྲིང་གི་ཚེ་མི་ཕྱིད་པར་འདུག་ཟེར་ངུ་ཞིང་འདུག་པས། ངས་པེ་ཏ་དེ་སྐད་མ་ཟེར་ཞིག། ཁྱོད་དག་ང་གོས་མེད་པ་ཆ་ལུགས་ལྡུག་པར་གནས་པ་འདི་ལ་ངོ་ཚར་བྱེད་པར་འདུག་སྟེ། ངའི་འདི་སྤྱིར་ཡོད་པ་རང་གིས་འཚེང་སྟེ་ཆོས་དང་མཇལ་བ་ཡིན་པས་ངོ་མི་ཚ། ཁྱད་པར་ཨ་མ་ལས་སྐྱེས་ཙམ་ཉིད་ན་ཡོད་པས་ངོ་ཚ་རྒྱུ་མེད། དེ་བས་སྤྱིར་སྡིག་པར་ངོ་ཤེས་ནས་མི་འཛེམ་པར་ཕ་མའི་ཐུགས་དཀྲུག། བླ་མ་དང་དཀོན་མཆོག་གི་དཀོར་ལ་འབག། རང་འདོད་སྒྲུབ་ཕྱིར་ངན་གཡོ་སྣ་ཚོགས་ཀྱི་སྒོ་ནས་སེམས་ཅན་ལ་གནོད་འཚེ་བྱེད་པ་རྣམས་རང་གཞན་ཀུན་ལ་གནོད་ཅིང་། ལྷ་མི་དམ་པ་ཀུན་གྱིས་ཐུགས་ཀྱིས་ཁྲེལ་བས་འདི་ཕྱི་གཉིས་ཀར་དུ་ངོ་ཚ། ཁྱད་པར་ལུས་ལ་ངོ་ཚ་ན། ཁྱོད་རང་ཨ་མ་ལས་སྐྱེས་དུས་མེད་པའི་བྲང་ལ་པྲངས་འབུར་ཞིག་འདུག་པ་དེ་ངོ་ཚ་མོད།། ཡང་ཁྱོད་ཀྱི་ཡིད་ལ་ང་ལྟོ་གོས་ལ་གྱོང་བསྐུར་ནས་སྒོམ་པ་འདི། ཟང་ཟིང་མ་འབྱོར་བ་ཡིན་པ་འདུག་སྙམ་སྟེ་དེ་ལྟ་མིན། སྤྱིར་གྱིས་ང་རང་འཁོར་བ་ངན་སོང་གི་སྡུག་བསྔལ་འདི་ལ་འཇིགས་དྲགས། གསོན་པོར་མེ་ནང་དུ་བཅུག་པ་ལྟ་བུའི་འཇིགས་སྐྲག་ཡོད་པས། འདུ་འཛི་དང་གཡེང་བ་ཆོས་བརྒྱད་ཀྱི་འདོར་ལེན་མཐོང་ཚེ། སྐྱུག་ནད་པ་ལ་ཟན་བྱིན་པ་ལྟར་ཞེ་ལོག། ཕ་བསད་ཀྱི་ལག་དམར་པོ་མཐོང་བ་ལྟར་སེམས་མི་དགའ་བ་ཞིག་ཡོད་པས་སྤངས་པ་ཡིན། ཁྱད་པར་ང་ལ་ལྷོ་བྲག་མར་པའི་བཀའ་ལུང་ལ། འཇིག་རྟེན་གྱི་ཆོས་བརྒྱད་འདུ་འཛིའི་གཡེང་བ་སྤོངས། གྱོང་ལྟོ་གོས་གཏམ་གསུམ་ལ་ཐོངས། གནས་ངེས་མེད་ཀྱི་དབེན་པ་འགྲིམས་ལ། ཚེ་འདི་བློས་བཏང་གི་བསམ་སྦྱོར་དྲག་པོས་སྒྲུབ་པ་གཙོ་བོར་ཐོན་ཅིག་གསུང་པ་ཡོད་པས་བླ་མའི་བཀའ་སྒྲུབ་པ་ཡིན། བཀའ་བཞིན་བསྒྲུབས་པས། རང་གི་འཁོར་དུ་བྱུང་བའི་སེམས་ཅན་འགའི་ཚེ་འདིའི་བདེ་སྐྱིད་ཙམ་དུ་མ་ཟད། རང་གཞན་སེམས་ཅན་ཀུན་གྱི་ནམ་གཞག་གཏན་གྱི་བདེ་སྐྱིད་ཡོད་པ་དང་། ནམ་འཆི་ངེས་མེད་དུ་འདུག་པས་ཚེ་འདིའི་བྱ་བ་འཇིག་རྟེན་ཆོས་བརྒྱད་ཀྱི་ཆེ་ཐབས་སྤངས་པ་ཡིན། བསྒྲུབས་ན་བླ་མ་བ་རི་བའི་ཕྱགས་ཕྱི་བ་ཞན་ཤོས་སུ་མ་ཟད། ཁོང་རང་ཙམ་ཞིག་ངས་ཀྱང་ཡོང་སྟེ། ཚེ་འདིར་སངས་རྒྱས་ཐོབ་པར་འདོད་ནས་སྒྲུབ་པ་ལ་ནན་ཏན་དང་བརྩོན་འགྲུས་བྱས་པ་ཡིན། ད་པེ་ཏ་རང་ཡང་ཆོས་བརྒྱད་སྤོངས་ལ་ཨ་ཇོའི་ཕྱི་བཞིན་ལ་ཕྱི་གངས་ལ་སྒོམ་དུ་འགྲོ། ཆོས་བརྒྱད་བློས་བཏང་ནས་སྒོམ་ནུས་ན་འདི་ཕྱི་གཉིས་ཀར་དུ་སྐྱིད་པའི་ཉི་མ་ཤར་བ་ཡིན་པས། ཨ་ཇོའི་གླུ་འདི་ཉོན་ཅིག་བྱས་གླུ་འདི་བླངས་སོ།། །།རྗེ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན།།ཆོས་བརྒྱད་སྐྱོན་གྱིས་མ་གོས་ལྟར།།བུ་བརྒྱུད་བྱིན་གྱིས་རློབ་མཛད་པ།།སྒྲ་བསྒྱུར་མར་པའི་ཞབས་ལ་འདུད།།ཚེ་འདིའི་འདོད་པས་གདུངས་པ་ཡི།།སྲིང་མོ་ཉོན་ཅིག་པེ་ཏ་ལྕམ།།གདུགས་ཡ་ཏོག་གསེར་གྱི་འགའ་རྗི་ར་བཀྲག་དང་གཅིག། མ་ཐོག་རྒྱ་མོ་དར་གྱི་ཤམ་བུ་འགྲིག་དང་གཉིས།།བར་གདུགས་རྩིབས་རྨ་བྱའི་ལྡིང་ཁང་མཛེས་དང་གསུམ།།སེང་ལྟེང་དམར་པོའི་ཡུ་བ་འདྲོངས་དང་བཞི།།འདི་བཞི་བཤམས་ན་ཨ་ཇོས་ཤོམས་ཙམ་གདའ།།ཆོས་བརྒྱད་དུ་འདུག་པ་ཨ་ཇོས་སྤངས་པ་ཡིན།།ཆོས་བརྒྱད་སྤངས་པས་སྐྱིད་པའི་ཉི་མ་ཤར།།དེ་ཕྱིར་ཆོས་བརྒྱད་སྤོངས་ཤིག་པེ་ཏ་ལྕམ།།ཆོས་བརྒྱད་སྤོངས་ལ་ལ་ཕྱི་གངས་ལ་གཤེགས།།འོ་སྐོལ་ལྕམ་སྲིང་བསྡེབས་ལ་ལ་ཕྱི་གངས་ལ་གཤེགས།།དཀར་པོ་དུང་གི་རྒྱང་གྲགས་ཆེ་དང་གཅིག།དུང་མཁན་མཁས་པའི་རྐན་དབུགས་བཟང་དང་གཉིས།།རྒྱ་མོ་དར་གྱི་མདུད་པ་ཁྲ་དང་གསུམ།།རབ་བྱུང་བཙུན་པའི་འདུ་ཚོགས་མང་དང་བཞི།།འདི་བཞི་བཤམས་ན་ཨ་ཇོས་ཤོམས་ཙམ་གདའ།།ཆོས་བརྒྱད་དུ་འདུག་པ་ཨ་ཇོས་སྤངས་པ་ཡིན།།ཆོས་བརྒྱད་སྤངས་པས་སྐྱིད་བའི་ཉི་མ་ཤར།།དེ་ཕྱིར་ཆོས་བརྒྱད་སྤོངས་ཤིག་པེ་ཏ་ལྕམ།།ཆོས་བརྒྱད་སྤོངས་ལ་ལ་ཕྱི་གངས་ལ་གཤེགས།།འོ་སྐོལ་ལྕམ་སྲིང་སྡེབས་ལ་ལ་ཕྱི་གངས་ལ་གཤེགས།།འཇིག་རྟེན་གྲོང་ལྟག་གི་དགོན་ཆུང་ཁྲ་དང་གཅིག སྟོན་ཆུང་སར་པའི་སྨྲ་ལྕེ་བདེ་དང་གཉིས།།ཡུང་མར་རྒྱ་ཇའི་ཐབ་ཀ་བཟང་དང་གསུམ།།བཙུན་ཆུང་གཞོན་ནུའི་ལག་བདེ་འཁྱུག་དང་བཞི།།འདི་བཞི་བཤམས་ན་ཨ་ཇོས་ཤོམས་ཙམ་གདའ།།ཆོས་བརྒྱད་དུ་འདུག་པ་ཨ་ཇོས་སྤངས་པ་ཡིན།།ཆོས་བརྒྱད་སྤངས་པས་སྐྱིད་པའི་ཉི་མ་ཤར།།དེ་ཕྱིར་ཆོས་བརྒྱད་སྤོངས་ཤིག་པེ་ཏ་ལྕམ།།ཆོས་བརྒྱད་སྤོངས་ལ་ལ་ཕྱི་གངས་ལ་གཤེགས།།འོ་སྐོལ་ལྕམ་སྲིང་སྡེབས་ལ་ལ་ཕྱི་གངས་ལ་གཤེགས།།མོ་བོན་རྩིས་གསུམ་གྱི་གྲོང་ཆོག་བྲིན་དང་གཅིག། མ་ཇོའི་ཚོགས་དཔོན་ཚུལ་འཆོས་མཁས་དང་གཉིས།།ཁ་ཟ་འདོད་འབར་བའི་ཚོགས་འཁོར་བསྐོར་དང་གསུམ།།ཉ་མ་མགོ་སྐོར་གྱི་གླུ་ཆུང་སྙན་དང་བཞི།།འདི་བཞི་བཤམས་ན་ཨ་ཇོས་ཤོམས་ཙམ་གདའ།།ཆོས་བརྒྱད་དུ་འདུག་པ་ཨ་ཇོས་སྤངས་པ་ཡིན།།ཆོས་བརྒྱད་སྤངས་པས་སྐྱིད་པའི་ཉི་མ་ཤར།།དེ་ཕྱིར་ཆོས་བརྒྱད་སྤོངས་ཤིག་པེ་ཏ་ལྕམ།།ཆོས་བརྒྱད་སྤོངས་ལ་ལ་ཕྱི་གངས་ལ་གཤེགས།།འོ་སྐོལ་ལྕམ་སྲིང་སྡེབས་ལ་ལ་ཕྱི་གངས་ལ་གཤེགས།།ས་མཁར་སྤེའུའི་མཐོ་བཙན་ལེགས་དང་གཅིག བཤོས་ཞིང་བཟང་པོའི་སོ་ནམ་རེམ་དང་གཉིས།།སེར་སྣས་བསོགས་པའི་ཟས་ནོར་འཛོམ་དང་གསུམ།།འཁོར་བ་སྤེལ་བའི་འཁོར་གཡོག་མང་དང་བཞི།།འདི་བཞི་བཤམས་ན་ཨ་ཇོས་ཤོམས་ཙམ་གདའ།།ཆོས་བརྒྱད་དུ་འདུག་པ་ཨ་ཇོས་སྤངས་པ་ཡིན།།ཆོས་བརྒྱད་སྤངས་པས་སྐྱིད་པའི་ཉི་མ་ཤར།།དེ་ཕྱིར་ཆོས་བརྒྱད་སྤོངས་ཤིག་པེ་ཏ་ལྕམ།།ཆོས་བརྒྱད་སྤོངས་ལ་ལ་ཕྱི་གངས་ལ་གཤེགས།།འོ་སྐོལ་ལྕམ་སྲིང་སྡེབས་ལ་ལ་ཕྱི་གངས་ལ་གཤེགས།།གྱི་ལིང་རྟ་ཕོའི་མགོ་འཕང་མཐོ་དང་གཅིག། སྒ་ཁྲ་རིན་ཆེན་རྒྱན་ཆ་མཛེས་དང་གཉིས།།སྡིག་སྤྱོད་སྐྱེས་བུའི་འཁོར་གསུམ་ཁྲ་དང་གསུམ།།དགྲ་འདུལ་གཉེན་སྐྱོང་གི་ལས་ལ་བརྩོན་དང་བཞི།།འདི་བཞི་བཤམས་ན་ཨ་ཇོས་ཤོམས་ཙམ་གདའ།།ཆོས་བརྒྱད་དུ་འདུག་པ་ཨ་ཇོས་སྤངས་པ་ཡིན།།ཆོས་བརྒྱད་སྤངས་པས་སྐྱིད་པའི་ཉི་མ་ཤར།།དེ་ཕྱིར་ཆོས་བརྒྱད་སྤོངས་ཤིག་པེ་ཏ་ལྕམ།།ཆོས་བརྒྱད་སྤོངས་ལ་ལ་ཕྱི་གངས་ལ་གཤེགས།།འོ་སྐོལ་ལྕམ་སྲིང་སྡེབས་ལ་ལ་ཕྱི་གངས་ལ་གཤེགས།།ཆོས་བརྒྱད་བློ་ཡིས་མི་ཐོངས་ཤིང་།།གནས་ལ་ཕྱི་གངས་ལ་མི་འགྲོ་ན།།གཉེན་ཉེ་དུའི་གདུང་སེམས་ཡིད་ལ་གཟན།།ང་ཚེ་འདིའི་གླེང་མོས་དགེ་སྦྱོར་གཡེང་།།ལར་སྐྱེས་ནས་ནམ་འཆི་ཆ་མེད་ལ།།ཆོས་ལོང་ཡོད་ཀྱི་ཕྱི་བཤོལ་བྱ་ལོང་མེད།།ཡེངས་མེད་དུ་སྒྲུབ་ལ་བརྩོན་འགྲུས་བྱེད།།ཕ་བླ་མའི་གདམས་ངག་སེམས་ལ་ཕན།།ཕན་པའི་གདམས་ངག་བསྒོམས་ནས་ཀྱང་།།བདེ་ཆེན་ཐར་པ་སྒྲུབ་པ་ཡིན།།དེ་ཕྱིར་ལ་ཕྱི་གངས་ལ་འགྲོ།སྲིང་མོ་ཆོས་བརྒྱད་འདོར་ལེན་གྱིས།།སྡིག་ལ་བྲེ་སོག་ཕུལ་སོག་བྱིས།།སྤྱིར་ཁམས་གསུམ་འཁོར་བར་ཅི་གནས་མཛོད།།སྒོས་ངན་སོང་གསུམ་པོ་ཅི་ཐོབ་མཛོད།།བརྒྱ་ལ་འཁོར་བས་འཇིགས་པ་ན།།འཇིག་རྟེན་ཆོས་བརྒྱད་བློས་ཐོང་ལ།།འོ་སྐོལ་ལྕམ་སྲིང་བསྡེབས་ལ་ལ་ཕྱི་གངས་ལ་གཤེགས།།ལྕམ་སྲིང་སྐལ་ལྡན་གཉིས་བསྡེབས་ལ་གངས་ཀྱི་ར་བ་ལ་གཤེགས།།

  56. གངས་རིའི་གདུགྷང་འཛིན། says:
    2009-06-13 at 6:10 am

    དྲ་གྲོགས་བསམ་གཏན་ལགས། ལྷ་རམས་པ་ཟེར་རྒྱུ་ལས་ལྷ་རམ་པ་ཞེས་ས་རྗེས་འཇུག་དེ་ཕུད་ནས་ས་ཕུད་བླ་མའི་རྗེས་དྲངས་བྱས་ན་ལེགས་སམ་སྙམ། མ་གཞི་ལྷ་རམ་ཞེས་བྲིས་ཀྱང་ཅི་སྐྱོན། ལྷ་རམ་པ་ལ་ས་ཐོབ་དགོས་པའི་རྒྱུ་མཚན་རྣམ་དག་ཅིག་ཁྱེད་ལ་འཆད་རྒྱུ་ཡོད་ན་ཤོད་རོགས་གནངགྷ་།

  57. བསམ་གྲུབ། says:
    2009-06-13 at 7:24 am

    བཟོད་པ་རིན་པོ་ཆེས་རང་གི་བླ་མའི་ཡང་སྲིད་དུ་ངོས་འཛིན་བྱས་པའི་ཨབ་པྲུག་དེའི་ཚབ་ཏུ་ང་ཡོད་ན་བྱེད་སྟངས་འདི་འདྲ་མ་གཏོགས་ཅི་ཡོང་སྙམ། རྒྱུ་མཚན་ནི་དཔལ་འབྱོར་གྱི་བེད་སྤྱོད་འོག་སྣབ་ལུད་ཕྱི་མི་ཤེས་པའི་བྱིས་པ་ཞིག་བཙན་དབང་གིས་ཁྲི་ཐོག་ཏུ་བཞག་ཏེ་འདི་ངའི་བླ་མའི་སྐྱེས་སྲིད་རེད་ཅེས་རང་བློ་རང་ལ་ལྐོག་གྱུར་མ་ཡིན་པ་ཤེས་བཞིན་དུ་བཤད་པའི་མི་ཆོས་བླ་མའི་རྫུན་ཚིག་དེའི་རྒྱབ་རྟེན་དུ་ཐབས་ཤེས་ཡོད་དགུ་རྩལ་སྟོན་བྱས་ཏེ་༧གོང་ས་བཞིན་ནོར་བུའི་ཕྱག་མཚན་བླངས་པ་ཞིག་ཡིན་པས་སོ།། རང་གི་ཡོངས་འཛིན་ག་གེ་མོའི་སྤྲུལ་སྐུ་ཡིན་པའི་གདེང་ཚོད་རང་ལ་མཆིས་ན་དེའི་རྒྱབ་རྟེན་དུ་༧གོང་ས་ཐམས་ཅད་མཁྱེན་པའི་མཚན་བེད་སྤྱོད་བྱ་དགོས་པའི་རྒྱུ་མཚན་ཅི་ཡོད་སྙམ། མདོར་བསྡུས་ཏེ་བཤད་ན་འདི་ནི་དཔལ་འབྱོར་ཁོ་ནའི་འོག་ནས་ཁྲི་འདོན་བྱས་ཤིང་དཔལ་འབྱོར་ཁོ་ནའི་ཆེད་དུ་ངོས་འཛིན་བྱས་པའི་སྤྲུལ་སྐུ་ཞིག་སྟེ། དུས་རབ་ཉེར་གཅིག་པའི་སྤྲུལ་སྐུ་ངོས་འཛིན་གྱི་ལམ་ལུགས་རྣལ་མ་ཞིག་གི་སྲོལ་རྒྱུན་འོག་བྱུང་བ་ཞིག་ལས།བསྟན་པ་དང་སེམས་ཅན་གྱི་ཆེད་དུ་དུས་གསུམ་མཁྱེན་པའི་མངོན་ཤེས་རྒྱུད་ལྡན་གྱིས་ངོས་འཛིན་བྱས་པ་མིན་ལ། ༧གོང་ས་ཡིད་བཞིན་ནོར་བུས་ཁྲི་འདོན་གནང་བ་ནི་དེ་བས་ཀྱང་ག་ལ་ཡིན། རྒྱུ་མཚན་དེར་བརྟེན་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཡོངས་འཛིན་གོང་མའི་མཛད་འཕྲིན་དང་འགྲན་ཐབས་མེད་རུང་། རྒྱུ་ནོར་དང་དཔལ་འབྱོར་གྱི་བསྡུ་རུབ་འོག་སངས་རྒྱས་ཀྱི་བསྟན་པ་དང་བསྟན་འཛིན་གྱི་སྐྱེས་བུ་ཚོར་རྨ་འབྱིན་པའི་བྱ་ངན་རིགས་མ་སྤེལ་རོགས་ཞེས་བཟོད་པ་རིན་པོ་ཆེ་དང་ཁོང་གི་ཡོངས་འཛིན་དེའི་ཡང་སྲིད་དུ་གྲགས་པའི་ཨབ་ཕྲུག་གཉིས་ཀར་ཞུ་བ་མཉམ་འབུལ་བྱས་པ་ལགས།

  58. བསམ་གཏན། says:
    2009-06-13 at 8:10 am

    ཨ་ཙི། གངས་རིའི་གདུང་འཛིན། ཁྱོད་སྨྱོས་བཏང་ནི་མིན་ནམ། ལྷ་རམ་པ་ལ་ས་ཐོབ་དགོས་པའི་རྒྱུ་མཚན་རྣམ་དག་ཅིག་ཁྱེད་ལ་འཆད་རྒྱུ་ཡོད་ན་ཤོད་རོགས་གནང་ཟེར་བ་དེ་ཅི་རེད། དེ་ཡུན་རིང་པོ་ནས་གཏན་ཕབས་པའི་དག་ཡིག་གི་ཁྲིམས་ལུགས་རེད་ཟེར་རྒྱུ་མ་གཏོགས་རྒྱུ་མཚན་རྣམ་དག་ཅིག་ཟེར་ནས་རྒྱུ་མཚན་གཞན་ཞིག་ཁུར་ཡོང་རྒྱུ་ཅི་ཡོད། ཁྱོད་ཀྱིས་གངས་རིའི་གདུང་འཛིན་ཞེས་འབྲི་སྐབས་གངས་རི་ལ་ཀང་རུ་དང་། གདུང་འཛིན་ལ་གདོངས་འཛུན་ཞེས་མི་འབྲི་བ་དེ་རྒྱུ་མཚན་ཅི་ལ་ཐུག་པ་རེད། དེ་ལ་རྒྱུ་མཚན་རྣམ་དག་ཅི་ཞིག་འཆད་རྒྱུ་ཡོད་ན་ལྷ་རམས་ལ་སའི་ཡང་འཇུག་དགོས་པ་ཡང་རྒྱུ་མཚན་དེ་མ་གཏོགས་ཅི་ཞིག་ཡོད། དེ་ཨེ་རེད། ཀང་རུའི་གདོངས་འཛུན་ལགས།

  59. བདེ་འབྱུང་། says:
    2009-06-13 at 8:37 am

    བདེན་པ་རེད། མི་ལ་ཁ་རྐྱང་རྐྱང་གཏོང་མ་བསྡད་a་་

  60. གངས་རིའི་གདུང་འཛིན། says:
    2009-06-13 at 9:23 am

    བསམ་གཏནལགས། ང་ལས་ཁ྄ྱེད་ས྄ྔོན་ལས་ས྄ྨ྄ྱོས་པ་མིན་ལས་ཆེ། ར྄ྒ྄ྱུ་མཚན་དེ་ལས་མེད་ན་ལ྄ྷ་རམས་ལ་ས་ཕུད་པས་ཅི་ས྄ྡུག གངས་རིའི་བར྄ྡ་དག་ཁ྄ྲོད་བ྄ྲིས་ས྄ྲོལ་མི་འད྄ྲ་བ་ཟེར་བ་ཞིག་འདུག་པས་ལ྄ྷ་རམ་ཞེས་པ་འདི་ཡང་དེའི་ནང་གསེས་སུ་འཇགས་ན་ཅི་གནོད། ཨ་རོགས། གོང་དུ་ཁ྄ྱེད་ཀ྄ྱི་ལ྄ྷ་རམ་པ་ལ་ས་ཡང་འཇུག་ཡོད་དགོས་པ་དང་། དེ་མ་བ྄ྲིས་པ་ལ་འཁ྄ྲེལ་དགོད་བ྄ྱས་ལུགས་ཀ྄ྱིས་ངས་ཁ྄ྱེད་ལ་ར྄ྒ྄ྱུ་མཚན་ར྄ྣམ་དག་ཅིག་ཡོད་དམ་ད྄ྲན་མོད། དེ་ཙམ་ལས་གཞན་མེད་ན་ཁ྄ྱེད་ཀ྄ྱིས་གསལ་བཤད་བ྄ྱ་དགོས་དོན་ཅི་ཡོད་དེ། ཡོངས་ག྄ྲགས་ཡིན་པས་སོ།། འདིར་ངས་ཀང་རུས་གདོངས་འཛུན་ཞེས་མ་བ྄ྲིས་པའི་ར྄ྒ྄ྱུ་མཚན་ནི་ཀང་རུས་གདོང་འཛུན་ཁ྄ྱེད་ཀ྄ྱི་ཐུན་མོང་མ་ཡིན་པའི་མིང་དུ་ཡོངས་ག྄ྲགས་ཡིན་པས་ངས་བེད་ས྄ྤ྄ྱོད་ན་ག་ལ་འག྄ྲིགས། དེར་བར྄ྟེན་ངས་གངས་རིའི་གདུང་འཛིན་ཞེས་བ྄ྲིས་པ་ལགས་པས་དེ་དོན་དགོངས་འཆུབ་ཡོད་པར་འཚལ།

  61. ཤང་ཤང་ཏེའུ། says:
    2009-06-13 at 10:55 am

    བཟོད་པ་རིན་པོ་ཆེས་དངོས་གནས་སྒོམ་ཡག་པོ་རྒྱག་གི་འདུག ངས་གསལ་པོ་ཤེས། ངའི་ཆོས་གྲོགས་ཚོས་ཀྱང་ཤེས་ཀྱི་རེད། ཐེངས་ཤིག་དྷ་རམ་ས་ལར་གོང་ས་མཆོག་གིས་གསང་བ་རྒྱ་ཅན་བཀའ་དབང་སྐབས་བཟོད་པ་རིན་པོ་ཆེ་སྒོམ་ལ་བཞུགས་ནས་གོང་ས་མཆོག་གིས་དབང་བརྡ་ཅི་གསུང་དང་། མཆོད་གཡོགས་པས་བུམ་ཆུ་གང་འགྲེམས་སོགས་ཀྱང་ཚོར་མ་བྱུང་། དེ་ནི་ཉིན་གཅིག་གིས་གནས་ཚུལ་ཙམ་མ་ཡིན་པར་དབང་བཀའ་གནང་བའི་གོ་སྐབས་ཁྱད་པར་ཅན་ཆ་ཚང་རྒྱུན་བསྐྱངས་མཛད་བྱུང་། དེ་ནས་བཟུང་ང་དང་ང་ཡི་ཆོས་གྲོགས་ཚོས་ཁོང་ཉིད་སྒོམ་ཆེན་ཡིན་པ་ཤེས་ལ་དེའི་སྐོར་སྐད་ཅ་ཡང་བྱུང་།
    དེ་རིང་སྒོམ་སྡེ་ལྷ་རབས་པས་གསུང་པ་ལ་གཞིགས་ན། ཁོང་དེ་ལྟར་ཡུན་རིང་སྒོམ་ལ་བཞུགས་པ་ནི་ཆོས་ཚོགས་བརྒྱ་ཕྲག་མང་པོ་དང་། ཡེ་ཤེས་ཡང་སྲིད་སོགས་སློབ་མ་སྟོང་ཕྲག་མང་པོ་གཟིགས་རྟོགས་དགོས་པས་ནུབ་མོ་གཉིད་ཁུག་པའི་དུས་ཚོད་མ་རག་པ་དེ་རིང་ཤེས་སོང་།

  62. སྒོམ་སྡེ་ལྷ་རམས་པ། says:
    2009-06-13 at 2:16 pm

    སྤོབས་པ་ལགས།


    བསམ་གཏན་ལགས་ནས་འགྲེལ་བཤད་གནང་བ་ལས་ལོགས་སུ། ངེད་ལ་དེ་བས་ལྷག་པ་ཞིག་ཞུ་རྒྱུ་མེད་མོད།
    དངུལ་འབོར་ཆེན་ལ་ཐུགས་དོགས་གནང་དགོས་མ་རེད། ཁོང་ནི་གོང་ཞུས་ལྟར་དངུལ་དང་རྒྱུ་ནོར་ལ་ཞེན་ཆགས་ཡོད་མཁན་གྱི་བླ་མ་ཞིག་མ་རེད། གྲུབ་ཐོབ་རེད། དེའི་ཆེད་དུ་ཁོང་ནས་ཚོགས་ཆུང་ཟུར་འཛུགས་གནང་སྟེ། བར་ཆད་མ་བྱུང་ན། རྗེ་བཙུན་བྱམས་མགོན་གྱི་སྐུ་འདྲ་བཞེང་རྒྱུའི་ལས་རིམ་དེ་བཞིན་དེ་རིང་མིན་དབུ་འཛུགས་གནང་འཆར་ཡོད་འདུག ད་དུང་ཐུགས་དོགས་ཡོད་ན་གཤམ་གྱི་ཁ་བྱང་ཐོག་འབྲེལ་གཏུགས་གནང་ཚེ། ཐུགས་དོགས་སེལ་བའི་ལན་འདེབས་གསལ་པོ་གནང་གི་རེད། ཐུགས་རྗེ་ཆེ།

    http://www.maitreyaproject.org

  63. སྒོམ་སྡེ་ལྷ་རམས་པ། says:
    2009-06-13 at 2:17 pm

    ལྷ་རམས་ལ་སའི་ཡང་འཇུག་ངེས་པར་དགོས། ལྷ་ནི་ལྷ་ལྡན། རམས་ནི་རབ་འབྱམས་ཀྱི་བསྡུས་ཚིག་སྟེ། ལྷ་ལྡན་རབ་འབྱམས་པ་ཟེར་བ་རེད།

  64. སྒོམ་སྡེ་ལྷ་རམས་པ། says:
    2009-06-13 at 2:31 pm

    ༼བསམ་ཚུལ་ཞིག་བསྐྱར་དུ་གླེང་བ༽ཞེས་པའི་རྩོམ་ཐུང་དང་དེའི་མཆན་བུར་གཟིགས་ན་དཔྱོད་ལྡན་མང་པོས་མིང་ཚིག་འགའ་ཤས་ལ་བསམ་ཚུལ་དང་དོགས་གཅོད་གནང་འདུག་པས། དེར་གཟིགས་ན་བློ་བསྐྱེད་འོང་བར་ངེས།

  65. བསམ་གཏན། says:
    2009-06-13 at 3:18 pm

    ཨ་རོགས་ཀེང་རུས་སྡོང་འཛུན། ཁྱོད་ཀྱིས་རྐང་པས་བརྒྱབ་བཞག་པའི་ཡི་གེ་དེ་ངས་འདོན་ཤེས་ཀྱི་མི་འདུག གལ་སྲིད་ཡི་གེ་དེ་ལག་པས་བརྒྱབ་ན་ག་འདྲ་འདུག

  66. གཞོན་ནུ། says:
    2009-06-13 at 10:51 pm

    སྒོམ་ཇི་འདྲའི་ཡག་པོ་ཤེས་ཀྱི་ཡོད་པ་དང་སྒོམ་གྱིན་སྒོམ་གྱིན་རྣམ་རིག་ཇེ་གསལ་དང་ཤེས་བྱའི་གནས་ལ་འཇུག་པ་ཇེ་ཡང་དུ་འགྲོ་དགོས་མོད།   བླ་མ་བཟོད་པས་སྒོམ་རྒྱག་སྐབས་༧གོང་ས་མཆོག་གིས་གསང་བ་རྒྱ་ཅན་གྱི་བཀའ་དབང་གནང་སྐབས།   བཟོད་པ་རིན་པོ་ཆེ་སྒོམ་ལ་བཞུགས་ནས་གོང་ས་མཆོག་གིས་དབང་བརྡ་ཅི་གསུང་དང་། མཆོད་གཡོགས་པས་བུམ་ཆུ་གང་འགྲེམས་སོགས་ཀྱང་ཚོར་མ་བྱུང་།  ཟེར་བ་ནི་སྒོམ་མ་ཤེས་པའི་རྟགས་ཡང་དག་རེད།   འཇིག་རྟེན་འདིའི་ཐོག་ན་སྟོན་པ་སངས་རྒྱས་ལས་ལྷག་པའི་སྒོམ་རྒྱག་མཁན་ཞིག་མེད་མོད།  ཁོང་མཉམ་པར་མ་བཞག་པའི་ཐུགས་མི་མངའ་བ་ཞིག་ཡིན་པས།   ཅི་བྱུང་འདི་བྱུང་ཧ་མི་གོ་མཁན་ཞིག་མ་རེད།   ད་དུང་སྒོམ་བསྒོམས་པས་ཤེས་བྱའི་གནས་ལ་འདི་མི་མཁྱེན་ཟེར་བ་ཞིག་མེད་པའི་ཚད་ལ་བསླེབས་སོང་བ་རེད།   གལ་ཏེ་སྒོམ་རྒྱག་གིན་རྒྱག་གིན་རིག་པ་ཇེ་རྨོངས་དང་ཤེས་པ་ཇེ་འཐིབ་ཏུ་འགྲོ་བ་ཡིན་ན།   སྒོམ་གྱི་འབྲས་བུ་གླེན་ལྐུག་ལས་ཡོང་རྒྱུ་མེད་པས་སྒོམ་རྒྱབ་ནས་ཅི་བྱེད།   

  67. བྱ་རྒོད་རྒྱལ་པོ། says:
    2009-06-14 at 2:42 am

    དྲ་གྲོགས་ཚོ། བླ་མ་བཟོད་པ་ཞུ་བ་དེ། དཔེ་ཆ་དང་བརྡ་སྤྲོད་ཞེ་པོ་ཤེས་མཁན་ཞིག་མི་འདུག་ཀྱང་བལྟས་ཚོདལ་མཉམ་ཆུང་དང་བཟང་པོ་ཁྲིམས་ལྡན་ཡག་པོ་ཤིག་འདུག་ག། ནང་དུ་ཇི་ལྟར་ཡོད་མིན་དེ་སྐོག་གྱུར་རེད་པ།

  68. ÇtôzÅ-q- says:
    2009-06-14 at 2:43 am

    ད་ཡིན་ན་བླ་མ་བཟོད་པའི་སྒོམ་གྱི་སྐོར་ལ་མི་མང་པོར་དོགས་པ་ཞིག་འདུག་པས་ལྷ་རམས་པས་བླ་མ་བཟོད་པའི་སྒོམ་གྱི་སྐོར་ལ་ལན་ཞིག་འདེབས་རོགས།
    བསམ་གཏན་ལགས་ཀྱིས་ལྷ་རམས་པའི་རམས་ལ་སའི་ཡང་འཇུག་ཡོད་ལུགས་གསུངས་པ་དེར་ཐུགས་རྗེ་ཞུ་རྒྱུ་ཡིན། འདི་འདྲ་དག་འདོན་བྱེད་མཁན་རེ་མེད་ན་ནོར་བ་རྒྱུན་འབྱམས་སུ་འགྲོ་རྒྱུ་རེད།
    བྱམས་མགོན་བཞེངས་པར་གྷ་ཡ་གཞུང་གིས་ཆོག་མཆན་མ་སྤྲད་ཟེར་བ་དེ་ཁྱད་མཚར་རེད། རྒྱ་གར་ཆོས་དད་རང་མོས་ཡོད་པའི་ལུང་པ་དང་ལྷག་པར་ཡང་བྷི་ཧར་གཞུང་གིས་ཡུལ་སྐོར་བ་འགུགས་ཐབས་སུ་ཐབས་ཤེས་འདྲ་མིན་བྱེད་ཀྱིན་སྟབས་འདི་འདྲའི་རྟེན་བཞེངས་ཁྱད་འཕགས་ཤིག་ལ་ཆོག་མཆན་མི་སྲོད་ཟེར་བ་དེ་དེ་ཙམ་རྣ་བར་འགྲོ་བ་ཞིག་མ་རེད།

  69. དཔལ་དགྱེས་པ་རྡོ་རྗེ says:
    2009-06-14 at 5:25 am

    ༄༅། །རང་ཁ་ཨ་དབྱངས་སུ་འབོད་པ།

    ཨ།
    སྐྱེ་མེད་དོན་གྱི་སྒྲ་དབྱངས་ཀྱི་ཡི་གེ་ཨ། རང་བྱུང་དོན་གྱི་སྙིང་པོ་འདི་རང་ཆས་སུ་ཀུན་ལ་ཡོད་མོད། ཨེ་སྟོང་དང་ཝྃ་སྙིང་གི་རང་གཤིས་ལས་འཁྲུངས་པའི་ལྔ་ལྡན་གྱི་དག་པའི་ཞིང་ཁམས་ བཞིན་དུ་ཀུན་ལ་དག་མཉམ་གྱི་ངོ་བོ། རང་བཞིན་གྱི་རྩལ་སྣང་། ཐུགས་རྗེ་སེམས་ཀྱི་འཆར་སྒོ་འགགས་མེད་དུ་འཆར་གྱིན་འཆར་གྱིན་དུ་གནས་མོད། དྲན་ཤེས་བག་ཡོད་ཀྱིས་རང་ངོ་ཤེས་ན་རང་གི་སློབ་དཔོན་དུ་རང་གྱུར། དུག་ལྔས་གཞན་དབང་དུ་གྱུར་ན་རང་གིས་རང་ཉིད་བརླགས། འཁོར་འདས་ལག་པའི་ལྟོ་རྒྱབ་དེ་འདི་ལ་ལོས་གོ རང་ཆོས་རང་གིས་ཨེ་བཟུང་དེ་རང་ལག་ལ་ཡོད། རང་མགོ་ཉི་མ་ཆོས་ཀྱིས་ཕུད་ན་མི་ལེགས་སམ། །
    ཨ།
    ཡིག་འབྲུ་གཅིག་ཆོག་གི་ རྒྱལ་པོ། དོན་ཆེན་གནས་ལུགས་ཀྱི་སྙིང་པོ། ཉིན་མཚན་དུས་དྲུག་གི་གནད་སོ། ལྷ་བདུད་སྒྱུ་འཕྲུལ་གྱི་ལྟད་མོ་དང་ཆོ་འཕྲུལ་ཅི་ཤར་ཀྱང་། རང་ངོས་ཀུན་སློང་གི་བསམ་པ། གཞན་ངོར་ཕན་བདེ་མཆོག་གི་ལྷག་བསམ་ཞིག་ཡོད་ན་ཅི་ལྟར་བྱས་ཀྱང་བདེ་བར་ལགས་སོ། །
    ཨ།
    སྙན་ ངག་ཚད་ལྡན་ཞིག་བསམ་ན། །ངེས་འབྱུང་དང་ཨུ་ཚུགས་མ་ནོར། དགྲ་བགེགས་དང་ཕ་མ་མ་ནོར། །རང་ཆོས་དང་གཞན་ཆོས་མ་ནོར། བཟང་བྱེད་དང་ངན་བྱེད་མ་ནོར། ཁ་ཟས་དང་རེག་དུག་མ་ནོར། སེར་སྣ་དང་སྦྱིན་པ་ན་ནོར། ཉེས་སྐྱོན་དང་ཚུལ་ཁྲིམས་མ་ནོར། བརྩོན་འགྲུས་དང་ལེ་ལོ་མ་ནོར། རྣམ་གཡེང་དང་བསམ་གཏན་མ་ནོར། ང་རྒྱལ་དང་ཤེས་རབ་མ་ནོར། མདོར་ན་སངས་རྒྱས་དང་སེམས་ཅན་རང་བློ་ལ་ལྟོས་ནས་བཤད་དགོས།་སོ། །
    ཨ།
    རང་ བཞིན་ཆོས་ལ་ཁྱད་པར་མི་འདུག སྐྱ་སེར་གཉིས་ལ་དབྱེ་བ་མི་འདུག རྟེན་འབྲེལ་ཆོས་ལ་སྣང་ཚུལ་མང་ཡང་། རྒྱུ་འབྲས་དགེ་སྡིག་བསླུ་བ་མི་འདུག སོ་ཐར་དགེ་བ་སེམས་གཙོ་སྨྲ་བ། བྱང་སེམས་ལྟ་བ་སྙིང་རྗེའི་བདག་ཉིད། གསང་སྔགས་གསང་གསུམ་གནད་འགགས་གྲོལ་ན། ཕོ་མོ་གཉིས་ལ་ཁྱད་པར་མི་འདུག རྩ་ཐིག་རླུང་གསུམ་རང་དབང་ཐོབ་ན། ན་ཆུང་ཕོ་མོའི་དགའ་རོགས་མཐར་ཐུག །
    ཨ།
    ཁྱོད་ ཚོ་ཟེར་ནས་སྤྱི་དམོད་མ་གཏོང་། ང་ཚོ་ཟེར་ནས་གྲུབ་མཐའ་མ་རྩོད། རང་ཆོས་ཤོར་བའི་མལ་ས་དྲོན་མོ། རང་ལག་སོན་པའི་ཐབས་ཤེས་གནང་རོགས། དུས་ཀྱིས་མི་སྒུག་ཕར་ཕར་རྒྱུག་འགྲོ། ཚེ་ནི་མི་སྡོད་མྱུར་མྱུར་ཟད་འདུག སྙིང་གི་བླ་མའི་སྐུ་ཚེ་བརྟན་ཚེ། རང་གཞན་ཚང་མས་ཅི་དྲག་མཛད་རོགས། རང་དོན་བསམ་ནས་སྤྲུལ་སྐུ་མ་བཟོ། གཞན་དོན་སྙིང་པོ་སྒོར་ལ་མ་ལྟ། རང་ཁ་རྒྱ་མོ་རང་གིས་མ་སྡོམ། རང་ཆོས་གཙང་མ་རང་གིས་མ་གཤིག རང་གཞན་ཚང་མ་དྲང་བདེན་ཞིག་གིས། བོད་རིགས་ཕུ་ནུ་བློ་སེམས་མཐུན་ན། ཕྱི་ནང་རྒྱལ་ཁབ་ས་ཐག་མི་རིང་། སྒྱུ་རྩལ་མཁན་པོས་ཇེ་ཉེ་བཏུང་འདུག སྒྱུ་རྩལ་རིག་པའི་ལེགས་ལམ་སྤྱད་ན། རང་གཞན་ཀུན་ལ་ཕན་བདེ་འབྱུང་ངེས།
    ཨ།
    ཡབ་ མེས་ཆོས་སྲིད་ཡིད་བཞིན་ནོར་བུ། དགྱ་ལྟ་ནག་པོའི་རྡུལ་ཕུང་ཁྲོད་ན། བྱི་དོར་མེད་པར་ལུད་ཕུང་དཀྱིལ་ན། བཞག་པ་འདི་འདྲ་སྙིང་ཁམས་ཆེ་བ། ད་དུང་ང་ལེགས་ཁོ་ངན་རྩོད་པ། དྲྭ་འབུ་འདི་ཚོས་དམིགས་ཡུལ་ཅི་ཞིག དགོས་པ་རྒྱུ་མཚན་བཤད་དུ་མེད་ན། བྱ་ཕག་སྦྲུལ་ལྟ་མཆོག་འཛིན་མིན་ནམ། གླེགས་བམ་འདྲ་སྐུའི་གསུང་ལ་མ་སྒུག དད་འདུན་དྲག་པོས་བརྩོན་པ་ཞིག་དང་། དཔྱད་པ་བཟང་པོས་ངེས་ཤེས་དག་གིས། རང་ཆོས་གླེགས་བམ་རང་གིས་ཀློག་ནས། རང་རང་སོ་སོར་ངེས་ཤེས་རྙེད་ན། རང་བཙན་དག་མ་དེ་འདྲ་ཞིག་གོ ན་ཆུང་འདོད་བློ་སྒེར་དོན་ཁོ་ན། ཅོལ་ཆུང་མི་ལ་རེ་ལྟོས་བྱས་ཀྱང་། དྲོད་ཆུང་བྱ་བས་སྤྱི་དོན་མི་འགྲུབ། །གལ་ཆུང་འདི་འདྲ་འཐེན་རྩོད་མ་བྱེད།
    ཨ།
    མི་རབས་གསར་བ་གཅེར་བུ་བྱུང་ཡང་། མི་རིགས་གཙང་མས་དེ་ལ་མ་ལྟ། བྱམས་བརྩེ་ལྷག་བསམ་ཟོལ་མེད་ཡོད་ན། བདེན་དྲང་རྒྱུ་འབྲས་བསླུ་བར་མི་སྲིད། །ཡ་ཀི་ལྷ་ལ་ཡིད་ཆད་མ་གཏོང་། མ་ཀི་ལས་ལ་ལོག་པར་མ་ལྟ། ཕྱི་ནང་གཉིས་ཀའི་གོ་བ་མ་ནོར། ཇོ་སེར་གཉིས་ལ་ངན་བརྗོད་མ་གནང་། གྲྭ་རྟ་ཇོ་རྟ་ཇི་ལྟར་བརྗོད་ཀྱང་། གྲྭ་ས་གཙང་མའི་ཕྱག་བཞེས་མ་རེད། རང་སྣང་རྒད་པོས་བསླུ་ཁྲིད་འོག་ལ། ན་ཆུང་ཕོ་མོ་གཡམ་རྒྱུགས་མ་མཛད། །
    ཨ།
    སྒོར་ལ་དམིགས་པའི་སྤྲུལ་སྐུའི་བཟོ་གྲྭ། དཀའ་སྤྱད་མི་དགོས་མཁན་སློབ་མིང་ཆེན། རང་སྣང་གང་ཤར་སྐྱབས་མགོན་ཟེར་བ། སྙིགས་དུས་མི་ངན་བསམ་སྤྱོད་འདི་ལ། ངན་རྐུ་རྫུན་ལ་སྙིང་སྟོབས་མི་ཟེར། །སྒྲོ་བཀུར་མཁན་ལ་སྤྱི་དོན་འཛིན། །རྒྱ་བོད་གཉིས་ལ་ངོ་ལྐོག་མི་ཐུབ། མི་རྒན་འདི་ཚོ་འཁྲུལ་བ་མིན་ནམ། ང་རྒྱལ་ཧམ་སེམས་ལྟ་བ་ཁྲེགས་པོ། ཧམ་སེམས་སྙིང་སྟོབས་ལྷག་བསམ་མི་ཟེར། མིག་རྒྱང་རིང་མོས་རྒྱང་རིང་སྤྱི་དོན། འདི་འདྲ་ཞིག་གིས་གཏན་ནས་མི་འགྲུབ། །
    ཨ།
    ཟོལ་མེད་དྲང་བདེན་རང་ལ་ཡོད་པས། །རང་བློ་གཙང་མར་དཔྱད་འཇོག་སྤེལ་མ། །རང་དབང་འབོད་བསྐུལ་དབྱངས་གསལ་ང་རོ། །ཁེར་ལབ་ཆིག་རྐྱང་འདི་ན་བཀོད་ཡོད། །སྐབས་མགོན་ཟེར་ནས་སྒོར་སྐྱབས་རྒྱུ་སྐྱབས། ཆོས་བརྗེ་ཟེར་ནས་ཕྱི་བརྗེ་ནང་བརྗེ། སྤྲེལ་སྐུ་ཟེར་ནས་ནང་པ་ངོ་ལོག །དགེ་ཤེས་ཟེར་ནས་སྡིག་ཤེས་སྤེལ་མཁན། ཚིག་དོན་མི་ཤེས་ཁ་བཏགས་འཁན་པོ། །སྒོན་པ་ཟེར་ནས་ས་རྡོའི་བ་གམ། རི་ཁྲོད་ཟེར་ནས་སྒོར་སྡུད་ལས་ཁང་། རྒྱོ་སེལ་ཟེར་ནས་གྲྭ་རྟ་ཇོ་རྟ། ཝོད་པ་ཟེར་ནས་རྫུན་དང་གཡོ་སྒྱུ། འཇིག་རྟེན་འདི་ཚོ་ནང་པ་མི་ཟེར་། བོད་པ་དག་གཙང་དེ་ལ་མི་ཟེར། བླ་སྤྲུལ་བཏགས་ཀྱང་དག་མ་མ་རེད། བདེན་རྫུན་གཉིས་པོ་སོ་སོར་ཤེས་དགོས། སངས་རྒྱས་བསྟན་པའི་སྙིང་པོ་ཟིན་དགོས། རྒྱལ་བསྟན་དྲི་མེད་ཤེས་པར་འདོད་ན། ཚུལ་གནས་ཏིང་འཛིན་ཤེས་རབ་ཡོད་དགོས། ཐོས་བསམ་སྒོམ་པས་རྒྱུན་དུ་བརྩོན་དགོས། འཆད་རྩོད་རྩོམ་པའི་བྱ་བ་སྒྲུབ་དགོས། བསྙེན་བསྒྲུབ་ལས་ཀྱི་ཐུན་བཞི་གོམས་དགོས། འཕགས་ནོར་བདུན་ལ་སྙིང་པོ་འཛིན་དགོས། བསྟན་འགྲོ་སྤྱི་ལ་ཕན་བདེ་སྒྲུབ་དགོས། རྒྱལ་བའི་བཀའ་བསྟན་ཚད་དུ་གཙུག་དགོས། །ལྟ་སྒོམ་སྤྱོད་འབྲས་མ་ནོར་མཐོང་དགོས། རྒྱལ་བའི་བཀའ་བསྟན་གང་ན་མེད་པའི། རང་བཟོ་ཆོ་གས་ཆོས་བརྒྱད་མཁན་པོ། གཞིས་བྱེས་གཉིས་ལ་ཅི་འདྲ་མོད་པ། བན་རུལ་ང་ཡིས་ལོག་རྟོག་ལོས་ཡིན། དགེ་བས་བཟང་ངན་ཤན་འབྱེད་ལེགས་ཐོབ། རྒྱལ་བསྟན་ཡིད་བཞིན་ནོར་བུ་རང་འོད་། །མ་ལུས་འགྲོ་ཁམས་རྒྱུད་ལ་འཕོས་ནས། བདེ་གཤེགས་སྙིང་པོ་མངོན་གྱུར་སྨོན་ནོ། །རང་སྣང་གང་ཤར་རྟོག་རི་མོ། རྩོལ་མེད་མགྲིམས་པར་འཚང་ཁ་ཤིག་ཤིག །མྱུར་མགྱོགས་སྒྱུ་འཕྲུལ་མཐེབ་མཛུབ་འོག་ནས། ཇ་ཡུན་ཙམ་ལ་མྱུར་བྲིས་བགྱིས་སོ། །
    ༢༠༠༩ ༦ ༡༢་ལ་སྨན་ཁང་ཞིག་ནས་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་ཐོལ་བྱུང་དུ་ཕུལ།། །།

  70. གངས་རིའི་གདུང་འཛིན། says:
    2009-06-14 at 6:40 am

    བསམ་གཏནལགས། ང་ལས་ཁྱེད་སྔོན་ལ་སྨྱོས་པ་མིན་ལས་ཆེ། རྒྱུ་མཚན་དེ་ལས་མེད་ན་ལྷ་རམས་ལ་ས་ཕུད་པས་ཅི་སྡུག གངས་རིའི་བརྡ་དག་ཁྲོད་བྲིས་སྲོལ་མི་འདྲ་བ་ཟེར་བ་ཞིག་འདུག་པས་ལྷྷ་རམ་ཞེས་པ་འདི་ཡང་དེའི་ནང་གསེས་སུ་འཇགས་ན་ཅི་གནོད། ཨ་རོགས། གོང་དུ་ཁྱེད་ཀྱིས་ལྷ་རམ་པ་ལ་ལ་ས་ཡང་འཇུག་ཡོད་དགོས་པ་དང་། དེ་མ་བྲིས་པ་འཁྲེལ་དགོད་བྱས་ལུགས་ཀྱིས་ངས་ཁྱེད་ལ་རྒྱུ་མཚན་རྣམ་དག་ཅིག་ཡོད་དམ་དྲན་མོད། དེ་ཙམ་ལས་གཞན་མེད་ན་ཁྱེད་ཀྱིས་གསལ་བཤད་བྱ་དགོས་དོན་ཅི་ཡོད་དེ། ཡོངས་གྲགས་ཡིན་པས་སོ།། འདིར་ངས་ཀེང་རུས་གདོང་རྫུན་ཞེས་མ་བྲིས་པའི་རྒྱུ་མཚན་ནི་ཀེང་རུས་གདོང་རྫུན་ཁྱེད་ཀྱི་ཐུན་མོང་མ་ཡིན་པའི་མིང་དུ་ཡོངས་གྲགས་ཡིན་པས་ངས་བེད་སྤྱད་ན་ག་ལ་འགྲིགས། ࿋དེར་བརྟེན་ངས་གངས་རིའི་གདུང་འཛིན་ཞེས་བྲིས་པ་ལགས་པས་དེ་དོན་དགོངས་འཆུབ་ཡོད་པར་འཚལ།།
    ཨ་རོགས་བསམ་གཏན་ལགས། ད་ལག་པས་བྲིས་པ་དེ་ག་འདྲ་འདུག

  71. གངས་རིའི་གདུང་འཛིན། says:
    2009-06-14 at 6:50 am

    བྱ་རྒོད་རྒྱལ་པོ་ལགས། བླ་མ་བཟོད་པ་རིན་པོ་ཆེ་བཟང་པོ་ཁྲིམས་ལྡན་ཡིན་པ་ཁྱེད་ཀྱི་ཅི་ཤེས། ནང་དུ་ཇི་ལྟར་ཡོད་མེད་ལྐོག་གྱུར་ཡིན་ན། ཕྱིའི་རྣམ་འགྱུར་དེ་ཡང་ཚུལ་འཆོས་མིན་པའི་གདེང་ཚོད་སུ་ལ་ཡོད། ཁྱེད་ཁ་བཙུམ་ནས་སྡོད་ན་འགྲིགས་ག མ་གཞི་ཁྱེད་ལ་ཡོད་ཚད་ལྐོག་གྱུར་ཁོ་ན་ལས་མེད་པས་འདྲ་མིན་གླེང་ནས་ཅི་བྱེད། ཨ།

  72. གངས་རིའི་གདུང་འཛིན། says:
    2009-06-14 at 6:56 am

    མ་གཞི་བཟོད་པ་རིན་པོ་ཆེས་དགའ་ལྡན་ལྷ་ཡུལ་ནས་རྗེ་བཙུན་བྱམས་མགོན་མི་ཡུལ་དུ་གདན་འདྲེན་ཞུ་རྒྱུའི་ལས་འཆར་དེའི་སྐོར་གྲགས་འགུལ་ཅི་ཡང་མི་འདུག་ག ཅི་ཡིན་ནམ། དྲ་གྲོགས་ཚོར་འཆད་རྒྱུ་ཡོད་ན་ཤོད་རོགས་གནང་དགྷང་།གྷ གྷངས་ཁྱེད་ཚོའི་ཡིག་ལན་ལ་བསྒུགས་ནས་བསྡད་ཡོད།

  73. བོད། ལྷ་ཀླུ་གཉན་གསུམ། says:
    2009-06-14 at 9:44 am

    ཕལ་ཆེར་ཆུ་བོའི་ནང་དུ་འཐིམ་པ་མིན་འགྲོ ལོ་འདི་འདྲ་མང་བོ་ཞིག་འགོར་ཡང་གནས་ཚུལ་གང་ཡང་མི་འདུག

  74. ཁམས་པའི་ཨོ་ལོ says:
    2009-06-14 at 11:37 am

    ངས་བལྟས་ན་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེ་མེད་པ་བཟོ་དགོས་པ་ཞིག་ཏུ་མཐོང་གི་མི་འདུག གཙོ་བོ་སྤྲུལ་སྐུའི་སྤུས་ཚད་ཇེ་ལགས་སུ་གཏོང་རྒྱུ་ཤིན་ཏུ་གལ་ཆེ། དཔེར་ན་བླ་ཆེན་རེར་སྤྲུལ་སྐུ་གཉིས་གསུམ་བྱུང་སྟེ། སྤྱི་ཚོགས་ཁྲོད་རྙོག་འཛིང་བཟོ་གི་ཡོད་པ་དེ་དང་། འགའ་རེ་སྒོར་གྱིས་མྱོས་ཏེ་སྒོར་མོ་དང་སྦྱིན་བདག་མང་པོ་ཡོད་མཁན་ཚོར་དཔྱད་པ་མེད་པར་འཕྲལ་དུ་སྤྲུལ་སྐུའི་ཆོ་ལོ་སྒྲུབ་་ཀྱིན་ཡོད་པ་འདི་ངེས་པར་རྩ་མེད་གཏོང་ཐུབ་ན་དགེ་མཚན་ཆེ། དཔེར་ན་…

  75. བྱ་རྒོད་རྒྱལ་པོ། says:
    2009-06-14 at 2:16 pm

    གངས་རིའི་གདུང་འཛིན་པ་ཟེར་བའི་གངས་རིའི་གདུང་དཀྲུགས་མ།

    ཁྱེད་ཀྱིས་རང་ཉིད་ཀྱིས་ལྷ་རམས་པ་ཞེས་པའི་ཡི་གེའི་དག་ཆ་མ་ཤེས་ནས་ལྷ་རམ་པ་བྲིས་པའི་རྗེས་ལ་ད་དུང་ངོ་མི་ཚ་བར་ལྷ་རམ་པ་ཞེས་པ་དག་པ་ཡིན་ཚུལ་གྱིས་རྒྱུ་མཚན་མེད་པའི་བསྙོན་པ་དེས་ན། ཁྱེད་རང་མི་སུ་ཡིན་མིན་མ་དཔོག་རུང་མི་གང་འདྲ་ཞིག་ཡིན་པ་བདེ་བླག་རྟོགས་ཐུབ་ཀྱི་འདུག། རྩ་བའི་ཁྱེད་ཀྱི་བླ་མ་བཟོད་པ་དང་འདྲིས་རྒྱུ་ཕར་བཞག་མིག་ཙམ་གྱིས་ཀྱང་མཐོང་ཡོད་ཚོད་མི་འདུག་ན། ཁོང་བཟང་པོ་དང་ཁྲིམས་ལྡན་མ་ཡིན་པ་ཅིས་ཤེས་སོང་། གལ་ཏེ་ཁྱེད་ལ་རྒྱུ་མཚན་བདེན་པ་ཡོད་ན་སྨོས་ཤིག་དང་ངས་ཀྱང་ཁྱེད་ལ་ཕྱོགས་བྱས་ཡོང་། གལ་ཏེ་ལབ་རྒྱུ་མེད་ན་ཁྱེད་རང་ཁ་བཙུམས་བསྡད་ན་ཡག་ས་རེད།

  76. མིའུ་ཕྲུག says:
    2009-06-15 at 1:33 am

    བླ་མ་བཟོད་པ་ཡིན་ན་འདི་སུ་རེད་ད་ཁྱེད་ཅག་གིས་ཅི་ཟེར་གྱིན་ཡོད་རེད

  77. ᪣ᩏᨋ᫥ᨓ᪱᫥ᨋ᪄᫥ᨋ says:
    2009-06-15 at 6:03 am

    ᫕᩶ᨑᨋ᪄ᩏᨋ᫗ᨑᨵᨋ᪥ᨑ᫥ᨋᨵᩧᨕᩏᨋ᪱ᨑ᪄ᨋᨻᨕᨵ᫥ᨋ᪍ᨕᨋ᪇᪱᫥ᨋ᫞ᨋᫎᨋᩃᨋ ᫥᪱᫥ᨋ᪍ᨋ᩶ᨙ᫙ᨋ᪍ᨕ᫥ᨋᩲᨕᨵᨋ᪄᫥ᨋ᫙ᩏᨋ᫙ᨓᨋ᪱ᨑᨋ᫙ᨑᨵ᫥ᨋ᫞ᨋ᪙᪄ᨋ᪍᫥ᨋ᩶ᨵᨕᩏ᫥ᨋᩚ᫙ᨋ᫙ᨋ᪥ᨑ᫥ᨋ᪄᫥ᨋ᫙ᩏᨋᨵᫍ᪄ᨋᨚ᪄ᨋ᫞ᨋ᪙᪄ᨋ᪍᫥ᨋᩞᨓ᫥ᨋ᫦ᨋ᫗ᨑ᩶ᨋ᫙ᩏᨋᫎᨋ ᩶ᨓᨋ᪱ᨑ᪄ᨋᪧᨋ᪱ᨋᨋ᩶ᨵᨓᨋ᪠᫡ᨓ᫥ᨋ᩶ᩏᨋ᪘᫞ᨋᨩᨋ᫥ᨕᨵ᫥ᨋ᫞ᨋᨮᨋ᪠ᩧᩏᨋ᪄᫥ᨋ᫙ᩏᨋ᫞ᨋ᪂ᨑᨵᨋ᪠᫥ᨵ᫥ᨋ᫞᫥ᨋᩏ᪄ᨋ᫕᪠᫕ᨋᫍᨑᨵᨋ᫞᫥ᨋ᪙᪄ᨋ᪍ᨋᩖᨑᨋ᫕᩹ᨵᨋ᪠᫥ᨕ᪱ᨋᫍᨑᨵᨋ ᨱᨓ᩶ᨋ᪇᪱᫥ᨋ᫡ᨋ᫄ᨋᩚᨕ᫥ᨋ᪱ᨑᨋ᫡ᨓ᫥ᨋ᪍᫕ᨑᨋᩡᨓ᫥ᨋ᪍ᨋ᫙ᨓᨋᨋ᫗ᩏᨋ᫕ᨵ᫕ᨋ᫡᫥ᨋᨻᨋ᫥ᨓ᫕ᨑᨋ᩶᪍ᨓᨋ᪽ᨋ᫗ᨑ᪄ᨋ᫄ᨕ᩶ᨋ᫕᩹ᨵᨋ ᨱᨓ᩶ᨋ᪇᪱᫥ᨋ᫄᩶ᨋ᪱ᨋ᪇᪱ᨋ᫕ᨻᨓ᫞ᨋᨵ᫐ᨑᨵ᫥ᨋ᫗ᨕ᩶ᨋᫍᨵᨋ᫞ᨋ᫗ᨕ᩶ᨋ᪄᫥ᨋᨱᨑ᪱ᨋ᪍᫙ᨋᩮ᫙ᨋ᪱ᨋᨵ᪄ᩏᨋ᫙ᨕᨵ᫥ᨋ ᨵᩏᨋ᫐ᨵᨋᨵᨑᨋᨵᩏᨋ᫄ᨕ᩶ᨋ᪱ᨑᨋ᪠᫑ᩏᨋ᫞ᨋ ᩡ᪱᫥ᨋ᪍ᨋᩃᨋᩬ᫙ᨋ᫙ᨓᨋᫍᨓ᫥ᨋ᪍ᨋ᫞ᨋ᫥ᨕ᪱᫥ᨋᫍᨑᨵᨋ

  78. Gedun says:
    2009-06-15 at 10:34 am

    དྲ་གྲོགས་ཚང་མས་ཁུངས་མེད་པའི་འཆལ་གཏམ་སྤེལ་གྱིན་འདུག དཔེར་ན། བླ་མ་བཟོད་པ་རིན་པོ་ཆེས་སྒོམ་རྒྱག་གི་མི་འདུག ཟེར། དེའི་ཁུངས་སྐྱེལ་ང་ཚོར་མེད། ཁོང་གི་ཉེ་གནས་དང་ཞབས་ཞུ་ལ་དྲི་བ་ཕུལ་བ་དེ་འདྲ་ཡང་མེད། དེས་ན་དེ་དག་ནི་འཆལ་གཏམ་རང་རེད། བྱས་ཙང་གནས་སྐབས་རྩོམ་ཡིག་འདི་ལ་མཆན་བུ་འདེབས་པའི་སྒོ་བརྒྱབ་པ་ཡིན།

Comments are closed.

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme