Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲུལ་སྐུ་བགྲེས་སོང་ངྷི་ཕོ་ལ་ངོ་དེབ་སྟེང་རྩེད་མཚར་བྱས་པ།

Posted on 2013-06-102013-06-10 By ཁ་བརྡ་ 1 Comment on སྤྲུལ་སྐུ་བགྲེས་སོང་ངྷི་ཕོ་ལ་ངོ་དེབ་སྟེང་རྩེད་མཚར་བྱས་པ།

ཤར་ཕྱོགས་པ།

སྐྱ་མིན་སེར་མིན་རིགས་ང་དང་ང་འདྲ་ཚོས།།
རང་གི་སྡིག་མགོ་ཙམ་ཐོན་ན་ཆོག་པ་ལས།།
ཆོས་ལུགས་ཆོས་བརྒྱུུད་ཀྱི་ཚོགས་འདུ་མི་འཛའ་བ།།
ཡ་གའི་སྟོན་པ་ཡིས་མཐོང་ན་བཞད་གད་རེད།།

ཉེ་རིང་ཆགས་སྡང་དང་བྲལ་ནས་གནས་པ་ལ།།
རྟོགས་པ་རང་རྒྱུད་ལ་སྦྱར་ནས་ཡོང་དགོས་ཀྱང།།
ཚིག་སྐམ་འདྲ་ཆགས་རེ་ཤར་ཤར་གཡུག་པ་དེས།།
བཏང་སྙོམས་གནས་པ་ལ་བདེན་དཔང་མི་བྱེད་དོ།།

ཆོས་བརྒྱུད་རིས་མེད་ཀྱི་སྦྱར་བྱང་བཀལ་ཙམ་དང།།
ཆོས་གྲོགས་ཕན་ཚུན་ལ་མཐུན་སྒྲིལ་དགོས་རབ་ཙམ།།
འཇམ་པོ་ངག་སྒོ་ནས་སྨྲ་རྒྱུ་འཁྱོངས་ནའང།།
བཞེད་མཚམས་རང་སྟེང་གི་རྣམ་དཔྱོད་མ་རྫོགས་དུས།།
རིས་མེད་རིས་མེད་འདི་ཚིག་སྐམ་ཡིན་ནོ་ལོ།།

བཞུགས་ས་དབེན་དགོན་ལ་མ་འཁྲེང་འདུ་འཛིས་གཡེངས།།
འདུལ་བའི་བཅོས་ཁྲིམས་ལ་མ་སྐྲག་ཁྱིམ་སུན་འབྱིན།།
སྐྲ་སེར་མིག་ལྗང་ཚོར་རྫུན་འཁོར་བསྐོར་བ་ལས།།
དཀོར་གཤགས་སྡིག་སྦྱངས་ལ་འབད་ལ་ཕྱི་མ་བདེ།།

མི་རྟག་འཕྱོན་མ་ཡི་འོབས་སུ་ཚུད་བཞིན་དུ།།
ཕྱི་མའི་སྒོ་ཆེན་ལ་གོམ་པ་འཇོག་བཞིན་དུ།།
སྣང་བ་ཟ་ཟི་ཡི་ཀློང་ན་འཁྱམས་བསྡད་པའི།།
ང་འདྲའི་ཆོས་གཟུགས་ཚོ་བསམས་ན་སྙིང་རྩ་འགུལ།།

དམར་སེར་ཁ་དོག་ཙམ་ལུས་ཀྱིས་མ་ནོན་པར།།
སྤྲུལ་སྐུའི་མཚན་གནས་འདི་གང་སར་འཁྱེར་འཁྱེར་པ།།
ལག་གཉིས་ཐལ་སྦྱར་གྱི་རྣམ་འགྱུར་ཡ་མ་བརླ།།
མཐོང་ན་སྙིང་དབུས་སུ་ཙག་ཤད་ལྡིང་གི་འདུག།
བཅོམ་ལྡན་ཐུབ་པ་ལ་ངོ་ཚ་སྐྱེས་ཀི་འདུག།

ཁོ་བོའི་དོན་མཐུན་གྱི་ཚིགས་སུ་བཅད་པ་འདིར།།
མཚོན་ཆ་རྩུབ་མོ་ལ་མེ་ཏོག་ལན་བྱིན་ལྟར།།
ཉེ་རིང་ཆགས་སྡང་གི་གཉེན་པོ་བསྒོམ་དགོས་ན།།
རང་རྒྱུད་མ་དུལ་བའི་རང་རྟགས་མངོན་འདུག་གོ །

སྙན་ངག

Post navigation

Previous Post: མེ་ལོང་ནང་གི་ཁྱོད།
Next Post: ཤོག་ངོས་རློན་པ།

Comment (1) on “སྤྲུལ་སྐུ་བགྲེས་སོང་ངྷི་ཕོ་ལ་ངོ་དེབ་སྟེང་རྩེད་མཚར་བྱས་པ།”

  1. སྤྲོས་བྲལ says:
    2013-06-10 at 9:05 pm

    དེང་སང་བོད་ཀྱི་སྤྱི་ཚོགས་ནང་ལ་མི་ཁ་ཤས་ཀྱིས་རང་མཐོང་དང་རང་རྩིས་ཆེན་པོ་བཟུང་ནས། ཉིན་མཚན་ཀུན་ཏུ་མི་གཞན་པར་དམའ་འབེབས་དང་སྐུར་འདེབས་བྱེད་སྟངས་ཁོ་ནར་བསམ་བློ་གཏོང་མཁན་ཞིག་དང་། ཡང་མི་གཞན་པ་འཇོན་ཐང་ཅན་མཐོང་ཚེ་ཕྲག་དོག་གི་ཟུག་ངུ་མ་བཟོད་པར་ངན་སྨྲས་བྱེད་མཁན་གཉིས་འདུག །ང་ཚོ་བོད་ཀྱི་སྤྱི་ཚོགས་འདི་རྙོག་དྲྭས་ཁེངས་པའི་འཇིག་རྟེན་ཡིད་སྐྱོ་འོས་པ་ཞིག་ཏུ་མཐོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme