Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྲུལ་སྐུ་དགོས་པའི་མན་ངག་བཅུ་བ་འཁོར་འདས་གསལ་བའི་མེ་ལོང་།

Posted on 2015-12-102015-12-10 By ཁ་བརྡ 29 Comments on སྤྲུལ་སྐུ་དགོས་པའི་མན་ངག་བཅུ་བ་འཁོར་འདས་གསལ་བའི་མེ་ལོང་།

དཔལ་དགྱེས་པ་རྡོ་རྗེ།

 
བླ་མ་སྐུ་ལྔའི་བདག་ཉིད་མཆོག།
འགྲོ་ཁམས་འདྲེན་པའི་ཐུགས་དམ་ཅན།།
མི་ཕྱེད་དད་གུས་སྙིང་གི་དཀྱིལ།།
ནམ་ཡང་འབྲལ་མེད་ཨེ་མ་ཧོ།།

དང་པོ།༽ ཐོག་མར་བོད་ཀྱི་བླ་ཆེན་ཁག་དང་སྤྲུལ་སྐུ་ངོས་འཛིན་འཁན་སོ་སོས་མཛུབ་མོ་རང་ལ་གཙུགས་ནས་སྤྲུལ་སྐུ་ངོས་འཛིན་ཐུབ་པའི་གདེང་ཚོད་དང་འདི་ཕྱི་ལག་འཐིལ་ཕྱིན་པའི་ས་མཚམས་ལ་སོ་སོར་ཕྱིན་པ་འམ་ཐུན་མོང་གི་མངོན་ཤེས་ཡོད་དམ་མེད་རང་རང་སོ་སོས་དཔྱོད་ནས་སོ་སོས་རང་གིས་རང་ལ་མི་ཁྲེལ་བ་ངེས་པར་དགོས།

གཉིས་པ།༽ གཞན་སེམས་ཤེས་པའི་མངོན་ཤེས་དང་ལྷ་དང་བླ་མའི་ལུང་བསྟན་ཉམས་དང་རྟོགས་པའི་རྨི་ལམ་གསལ་བོ་ཡོད་ན་སོ་སོས་ངོས་འཛིན་ཚད་ལྡན་བྱས་པ་དེ་ཕྱི་གསལ་ནང་གསལ་དགོས་པ་ལས་བླ་ཆེན་གཞན་དག་ཚོར་མགོ་སྐོར་རྫུན་ཞུས་དང་རྟགས་ཡིག་དང་མཉམ་དུ་འདྲ་དཔར་མཉམ་དུ་ལེན་པ་དག་ནི་ཁྱབ་སྲིད་ཅིག་ཡིན་པ་ལས་འདི་ནི་ངོ་ཚ་ཤེས་པའི་འདུ་ཤེས་དང་རང་ལ་གདེང་ཚོད་མེད་པར་ཤེས་དགོས།།

གསུམ་པ།༽ སྤྲུལ་སྐུ་ནི་ང་ཚོ་བོད་པ་ཚོས་ཆུ་འགོ་ནས་མ་རྙོག་པ་ཞིག་དགོས་པས་བླ་ཆེན་སུ་ཞིག་ཡིན་ཀྱང་སོ་སོའི་གནས་སྐབས་ཁེ་ཕན་དང་བུ་དང་ཚ་བོ་གཉེན་དང་ཉེ་བ་ཆོས་དང་གྲུབ་མཐའ་སོགས་ལ་ཡོང་སྒོ་ཙམ་ལ་དམིགས་པ་མ་ཡིན་པར་རྒྱལ་བའི་ལུང་རྟོགས་ཀྱི་བསྟན་ལ་ངེས་པར་ཕན་ངེས་ཡིན་པར་མཁྱེན་ནས་བྱ་བ་སྒྲུབ་དགོས།

བཞི་བ།༽ སྤྲུལ་སྐུ་ཞེས་པ་མི་ནག་དང་མི་ཆེན་ཕྱུག་པོ་དང་དཔོན་པོ་ངོ་ཆེན་སོགས་ཀྱིས་ཡར་ཞུས་པ་ཞིག་གཏན་ནས་མིན་པར་བླ་མ་དམ་པ་དེས་མཁྱེན་ནས་ཚུར་ངོས་འཛིན་གནང་བར་ཞིག་ངོས་པར་ཅན་དུ་དགོས་མ་གཏོགས་བླ་མ་དེའི་ངོས་འཛིན་དུ་མི་འགྲོ་བས་བླ་ཆེན་ཚོས་ཐོབ་ཡིག་དང་མཚན་རྟགས་ཤེས་བཞིན་དགོས་པ་ཡིན།།

ལྔ་བ།༽ སྤྲུལ་སྐུ་ཞེས་རྒྱ་བོད་དབྱིན་ཇིའི་སྲིད་གཞུང་གིས་ངོས་འཛིན་ཐོབ་པའི་སྲིད་ལུགས་ཀྱི་སྤྲུལ་མིང་ཆེན་པོ་དེ་ཚོ་ཆོས་པའི་སྤྱི་ཡི་འདྲ་འབག་ཙམ་ལས་སྤྲུལ་སྐུ་ཡང་དག་མིན་པར་སྤྱི་ཚོགས་ཚེགས་པར་དུ་བསྒྲགས་དང་རྟོག་སད་ངེས་པར་དུ་དགོས།

དྲུག་པ།༽ སྤྲུལ་སྐུ་ངོ་མ་དེ་ཚོ་ད་ལྟ་བོད་ནང་འཁོར་ན་བཞུགས་པའི་སྔ་འགྱུར་རྙིང་མའི་གདན་ས་ཆེན་པོ་གསེར་ལྗོངས་བླ་མ་རུང་དང་སྒྲུབ་བརྒྱུད་གོང་མའི་བརྒྱུད་འཛིན་དག་གིས་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་དམ་པ་གཞི་བསླབ་པ་གསུམ་ལ་ཉམས་ལེན་དང་།ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་གཙོ་བོ་འཛིན་མཁན་དེ་སྤྲུལ་སྐུ་ཡང་ཡིན་ལ་ཆོས་པ་ཡང་དག་གི་མཚན་གཞི་ཡིན་པར་ཤེས་དགོས།

བདུན་པ།༽ སྤྲུལ་སྐུ་ཟེར་བ་གང་བྱུང་བཙལ་ཏེ་རྒྱུ་འབྱོར་བ་འཚོལ་ཐབས་དང་དབང་ཆ་སྒེར་འཛིན་གྱིས་མི་མང་ལ་བཤུ་གཞོག་བྱེད་པ་རྒྱ་སོག་གི་སྦྱིན་བདག་སུས་བརྙེད་པ་འགྲན་བསྡུར་དང་གྱི་རྨི་ལམ་ཆེན་མོའི་གློག་བརྙན་དེ་འཇུག་བསྡུ་བའི་དུས་སུ་བབས་པ་ཚང་མས་མཁྱེན་དགོས།

བརྒྱད་པ།༽ གལ་ཏེ་བླ་ཆེན་དང་མི་ཆེན་གྱིས་མཚན་རྟགས་ངག་ཡིག་ཐོག་ནས་སྤྲུལ་སྐུ་ངོས་འཛིན་ཚར་ན་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་བོད་མི་དམངས་དང་འཛམ་གླིང་འགྲོ་བ་མིའི་མདུན་དུ་བླ་སྤྲུལ་གཉིས་ཀས་ངོས་ནས་དགོངས་དག་ཞུ་དགོས་པ་ལས་གང་ཟག་སྒེར་གཅིག་ཁོ་ན་ཆེད་དམིགས་ནས་ནག་པོ་བཟོས་ན་ཉེས་པ་འདྲ་མཉམ་ཡིན་པར་ཀུན་གྱིས་ཤེས་པ་དང་མ་ཚད་དང་པོ་སུ་ཞིག་གིས་འགོ་གཙུགས་ཡོད་ན་དེ་ལ་ཉེས་ཆེན་ལས་སྒེར་བ་དེ་ཁོ་ན་མིན་པར་ཤེས་དགོས།།

དགུ་བ།༽ སྤྲུལ་སྐུ་ཡང་དག་གིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡུན་རིང་དུ་གནས་པའི་ཆེད་དུ་ཆོས་པ་ཡང་དག་དང་ཉམ་ཆུང་སེམས་ཅན་ཡོངས་ལ་བྱམས་སྐྱོང་གིས་ཕྱོགས་དང་རིས་སུ་མ་ཆད་པའི་འགྲོ་བ་ཡོངས་ལ་ཕན་བདེ་སྒྲུབ་པ་དང་མཁན་དེ་ཚོ་ལ་རྩ་ཆེན་པོ་ཡིན་པར་ཤེས་དགོས་པ་ལས་རྒྱུ་ནོར་དང་ཐོབ་ལ་སྙིང་པོ་འཛིན་པ་ནི་སངས་རྒྱས་བསྟན་པ་རྟགས་ཙམ་འཛིན་པ་ལས་ཡང་དག་མ་ཡིན་པར་ཤེས་དགོས།།

བཅུ་བ།༽ དེས་ན་སྤྲུལ་སྐུའི་བདེན་རྫུན་དང་ལེགས་ཉེས་ཀྱི་ཤན་འགྱེད་ཅིང་བཟང་ངན་གྱི་རྣམ་གྲངས་ཤེས་ནས་སྒྲུབ་དགོས་པ་ལས་ཁྱི་ལྟོག་དང་གློ་བ་འཕྲད་པ་ནང་བཞིན་མི་གནང་བར་བརྟག་དཔྱད་གནང་འཚལ། མདོར་ན་ཀུན་སློང་ལྷག་བསམ་རྣམ་པར་དག་པས་རང་དོན་ཐོས་བསམ་སྒོམ་པ་གཞན་དོན་འཆད་རྩོད་རྩོམ་པ་གཉིས་དོན་བསྙེན་སྒྲུབ་ཕྲིན་ལས་ཏེ་དམ་པའི་ཚུལ་དགུ་ལྡན་པ་ཞིག་ཡིན་ན་བདེན་པ་དང་འགྲོ་བ་ལྷ་དང་བཅས་བཅས་པའི་མཆོད་གནས་སམ་སྤྲུལ་སྐུ་ཡང་དག་ཡིན་པར་མཁྱེན་དགོས།།

ཞེས་པ་འདི་ཡང་རབ་གནས་ཤིང་ལུག་སྨིན་ཟླའི་སྐབས་སུ་རྒྱ་རིགས་སྒྱུ་རྩལ་བ་པདྨ་འོད་གསལ་རིན་པོ་ཆེའི་གསར་འགྱུར་ལ་བསྟེན་ནས་དྲང་བདེན་རིགས་པ་སྨྲ་བའི་ཤྲྰི་ཨེ་མ་ཧོ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེ་རུ་འབོད་པས་གངས་ཅན་བསྟན་སྲིད་སྤྱི་ཕན་ཆེད་དུ་དམིགས་ནས་བྷན་གྷོར་གཙུག་ལག་སློབ་གྲྭ་ཆེན་མོའི་གསོལ་མགྲོན་ཁང་ནས་བྲིས་པར་དོན་དང་ལྡན་པར་གྱུར་ཅིག་གུ།། ཤྲྰི་སརྦ་ལོ་ཀ་བི་ཛ་ཡནྟུ།།

བསམ་ཚུལ།

Post navigation

Previous Post: རྟེན་འབྲེལ་ཞུ་ཡིག་ཕྱིར་དྲན་མ།
Next Post: བཀའ་དྲིན་ཆེ། (གླུ་གཞས།)

Comments (29) on “སྤྲུལ་སྐུ་དགོས་པའི་མན་ངག་བཅུ་བ་འཁོར་འདས་གསལ་བའི་མེ་ལོང་།”

  1. ཚེ་རིང་། says:
    2015-12-10 at 8:42 am

    རྩོམ་པ་པོ། དགེ་ཐུབ་བསྟན་ཕུན་ཚོགས།
    འབྱོར་པ་ཡོད་ན་སློབ་གསོའི་ཆེད་དུ་ཐོངས། ། དགེ་བ་འདོད་ན་ལས་འབྲས་ཚུལ་བཞིན་སྲུངས། ། རྐྱེན་ཟློག་གང་དགོས་ཁྱིམ་པ་ཡོངས་ཀྱིས་བསྒྲུབ། ། ཆོས་དང་འཇིག་རྟེན་གཉིས་མཆོག་འདི་ཡིན་ནོ། ། སྐད་ཡིག་སློབ་སྦྱོང་གཞོན་ནུའི་དུས་སུ་བརྩོན། ། སྲིད་འབྱོར་རིག་གསུམ་དར་ལ་བབས་ཚེ་ལྡན། ། ལུས་སེམས་བདེ་ཕྱིར་ཆོ་ག་རང་གིས་འདོན། ། བོད་རིགས་ཡར་རྒྱས་ཡོད་པའི་ཚད་གཞི་ཡིན། ། ང་ཚོ་བོད་རིགས་ཀྱི་མ་འོངས་པའི་རེ་བ་བཅོལ་ས་དེ་ད་ལྟའི་གཞོན་ནུ་ཤེས་ཡོན་ཅན་རྣམས་རེད། ལྷག་པར་དུ་མིག་སྔར་སློབ་གྲྭ་ཆེན་མོ་རྣམས་སུ་སློབ་སྦྱོང་བྱེད་བཞིན་པའི་སློབ་གྲྭ་ཆེན་མོ་བ་དང་། རབ་འབྱམས་པ། འབུམ་རམས་པ་འདི་དག་རེད། ཉེ་ཆར་བོད་ཁམས་ཡོངས་ཀྱི་འཕྲིན་ལམ་ནས་བླ་སྤྲུལ་བདེན་རྫུན་གྱི་སྐོར་ལ་ལབ་གླེང་མང་པོ་ཞིག་བྱེད་ཅིང་འདུག ངས་བལྟས་ན་རང་མགོ་འཁོར་བྱེད་ཀྱི་དུས་ཚོད་འཕྲོ་བརླག་རེད། འདི་ནི་རི་བོང་རྭའི་རྩེ་རྣོ་ཞན་གྱི་ཆེད་དུ་རྩོད་པ་བྱ་བ་དང་དོན་གཅིག་པར་མཐོང་། ང་ཚོ་ཆོས་དང་དཀོན་མཆོག་ལ་དད་པ་ཡོད་ན་བླ་སྤྲུལ་རྣམས་བརྒྱུད་ནས་དཀོན་མཆོག་དང་འབྲེལ་བ་བྱེད་དགོས་དོན་མི་འདུག རང་རང་གིས་ཐད་ཀར་དཀོན་མཆོག་ལ་གསོལ་བ་བཏབ་ན་ཡག་ཤོས་རེད། དེང་དུས་བླ་སྤྲུལ་འདི་དག་མི་སེར་དང་དཀོན་མཆོག་བར་ལ་འབྲེལ་བ་བྱེད་མཁན། དཔེར་ན། ཁྲིམས་དཔོན་དང་ཉེས་དོག་མི་(犯罪嫌疑人)སྣའི་བར་འབྲེལ་བ་བྱེད་མཁན་གྱི་ཁྲིམས་རྩོད་པ་(律师)ལྟ་བུ་ཞིག་ལ་ཆགས་འདུག ཞིབ་ཏུ་བསམ་ན་དེང་དུས་བླ་སྤྲུལ་ཕལ་ཆེར་དེ་སྒོམ་ཉམས་ལེན་ནི་མེད། ཤེས་རིག་ཡོན་ཏན་ནི་ཕལ་ཆེར་སློབ་ཆུང་སློབ་གྲྭ་ནས་ཐོན་པའམ། ཡང་ན་འབྲིང་རིམ་སློབ་གྲྭ་ཙམ་ཐོན་པ་ཤ་སྟག་རེད། དེས་ན་གོས་མི་འདྲ་བ་ཙམ་ལས་དོན་ཏུ་འདོན་ཡོན་ཏན་ང་ཚོ་ཕལ་པའི་མི་རྣམས་དང་ཁྱད་པ་མ་མཐོང་། ཁོ་ཚོས་ང་ཚོ་ལ་འཇིགས་སྐུལ་བྱེད་ཡས་ཀྱི་ལག་ཆ་གལ་ཆེ་ཤོས་དེ། ཁྱོད་ཚོས་བཀའ་ལ་མ་ཉོན་ན་མི་ལ་ན་ཚ་བྱུང་ན་རིམ་འགྲོ་འདོན་བགྱི་མིན། ཤི་སོང་བ་ལ་ཆོ་ག་འདོན་བགྱི་མིན་ཞེས་ཞེད་སྣང་སྐུལ་ཡས་གཙོ་བོ་དེ་རེད། དངོས་གནས་བྱས་ན་དེ་ནང་པ་སངས་རྒྱས་པའི་ལྟ་སྤྱོད་དང་འགལ་ཚར་པ་རེད། ནང་པའི་ལྟ་སྤྱོད་དང་འགལ་ཚར་པའི་བླ་སྤྲུལ་ཞིག་གིས་ང་ཚོ་ལ་རིམ་འགྲོ་འདོན་ནའང་ཕན་ཐོགས་ཅི་ཡང་ཡོད་མ་རེད། དེ་བས་ང་རང་ཚོ་ཚང་མས་ཆོས་འདོན་ཡས་སྦྱང་དགོས་འདུག མཁས་དབང་ནམ་མཁའི་ནོར་བུ་རིན་པོ་ཆེ་ལ་གོ་ལའི་ཤར་ནུབ་གཉིས་སུ་ཆོས་ཚོགས་ཕལ་ཆེར་བརྒྱ་ལ་ཉེ་སྐོར་ཞིག་ཡོད་རེད། དེའི་ནང་ལ་གཟན་ཤམ་དང་། ཆོས་གོས་གྱོན་མཁན་གཅིག་ཀྱང་མ་མཐོང་། འོན་ཀྱང་སྐྱེ་བོ་ཕོ་མོ་ཚང་མ་ཆོས་ཤེས་མཁན། ཉམས་ལེན་བྱེད་མཁན། དུས་རྒྱུན་ལས་ཀར་འགྲོ། དུས་ཆེན་སྐབས་སུ་ཆོ་ག་ཆོས་སྤྱོད་གང་ཞིག་འདོན་དགོས་ན། འདོན་བཅའ་ཆོག ཆོ་ག་ཕྱག་ལེན་ཆ་ཚང་ཕོ་མོ་ཁྱད་མེད་ཚང་མས་ཤེས་ཀྱིན་འདུག སངས་རྒྱས་ཀྱི་བསྟན་པ་དར་ཟེར་བ་དེ་དངོས་གནས་དེ་རེད་འདུག ངའི་བསམ་འཆར་ལ། ཆོས་ཟེར་བ་དེ་བསམ་པའི་འཚོ་བ་ཞིག་ཡིན་སྟབས། སྤྱི་ཚོགས་གང་འདྲ་ཞིག་ཡར་རྒྱས་ཕྱིན་ཡང་དགོས་མཁོ་མེད་པར་འགྱུར་མི་སྲིད། དེ་ནས་ཆོས་ལུགས་ནི་ང་ཚོའི་འཚོ་བའི་ཆ་ཤས་ཇ་དང་རྩམ་པ་ལྟ་བུ་ཞིག་ཏུ་ངོས་འཛིན་ནས། ཁྱིམ་པ་ཕོ་མོ་ཚང་མས་ནམ་དགོས་རང་གིས་འདོན་ཤེས་པ་དང་། སྒོམ་ཤེས་པ་བྱས་ན་ལེགས། ། དེ་ནི་དཔེར་ན། རང་ཉིད་ལྟོ་བ་ལྟོག་པའི་སྐབས་སུ་ཇ་རྩམ་དང་། ཤ་མར་རང་གིས་ཟོས་ན་ལྟོ་བ་ལ་ཕན་པ་སྨོས་མ་དགོས་པ་རེད། ང་ལ་ཕན་པའི་ཆེད་དུ་གཞན་ལ་ཆོས་འདོན་རོགས་ཞེས་རེ་བ་ཞུ་བ་ནི། རང་ཉིད་ལྟོ་བ་ལྟོག་པའི་སྐབས་སུ་ངའི་བཀྲེས་སྐོམ་སེལ་བའི་ཆེད་དུ་མི་གཞན་ལ་ལྟོ་ཆས་ཟ་རོགས་ཞེས་རེ་བ་ཞུ་བ་དང་དོན་གཅིག་པར་མཐོང་། དེས་ན་བོད་མི་གཞོན་ནུ་ཕོ་མོ་ཚང་མས་རྒྱུན་མཁོའི་ཆོ་ག་ཆོས་སྤྱོད་ཚང་མ་འདོན་ཤེས་པར་བྱ་ནས། དགོས་མཁོ་ཡོང་དུས་རང་རང་གིས་རྩ་འཛུགས་བྱས་ཏེ་གཏོ་དགེ་རིམ་གྲོ་འདོན་ན་ཚེ་འདི་ཕྱི་གཉིས་ཀ་ལ་ཕན་པ་ཆེ་ཤོས་དེ་རེད་སྙམ། མདོར་བསྡུས་ན་ང་ཚོས་སྦྱང་དགོས་པའི་གཏོ་མདོས་དང་། ཆོ་གའི་སྐོར་ལ་མང་པོ་དགོས་ཀྱིན་མི་འདུག རྐྱེན་ཟློག་སྐོར་རྒྱུན་མཁོའི་ཆོ་གར། དཔེར་ན། ཤེར་སྙིང་བདུད་ཟློག བརྒྱ་བཞི། སྒྲོལ་མ་གཡུལ་མདོས། འཆི་བླུ། གཡང་གླུད། བསེ་རག་བཀར་ཡས་སོགས་འགའ་ཞིག ཤི་ཆོས་ལ་ཐོག་མར་འབྱུང་རྩིས་དང་།གཤིན་ཆོག དུར་གཅོད། རོ་ལམ་གསེར་སྐྱེམས། སྒམ་ཆིངས་སོགས་འགའ་ཞིག་དང་། དེ་ནས་བདུན་བདུན་བཞི་བཅུ་ཞེ་དགུའི་ཆེད་དུ་ཆོ་ག་བདུན་ཙམ་སྦྱང་ཐུབ་ན་འགྲིག དཔེར་ན། འོད་དཔག འཁོར་བ་དོང་སྤྲུགས། མི་འཁྲུགས་པ། ཀུན་རིག རྡོར་སེམས། ཞི་ཁྲོ། སྨན་བླ་བཅས་ཆོ་ག་བདུན་པོ་དེ་དག་ཁྱིམ་པ་ཕོ་མོ་སུས་ཀྱང་འདོན་ཤེས་པ་ཞིག་སྦྱང་ན་ཀུན་རིག་ཆོ་ག་ཕུད། གཞན་རྣམས་ཕལ་ཆེར་ཟླ་བ་གཅིག་གིས་ཤེས་ཐུབ་བགྱི་རེད། དེས་ན་བླ་སྤྲུལ་ཚོ་ལ་དཀོན་མཆོག་དང་འབྲེལ་བ་བྱེད་རོགས་ཞེས་ཞུ་བ་འཐེན་དགོས་དོན་མི་འདུག ང་ཚོ་ཚང་མས་ཡོན་ཏན་དེ་འདྲ་པོ་ཞིག་ཤེས་ཚར་དུས། ཁོ་རང་ཚོ་གོས་ཆེན་གྱི་ཞྭ་དང་གོས་རྫིག་པོ་རེ་གྱོན་ནས་ཁྲི་ཆེན་པོ་ཞིག་གི་ཐོག་ཏུ་འགྱིང་ནས་བསྡད་ནའང་ང་ཚོས་ཡིད་སྨོན་དང་། དད་པ་བྱ་དགོས་དོན་མི་འདུག ང་ཚོ་སོ་སོས་དཀོན་མཆོག་དང་ཐད་ཀར་འབྲེལ་བ་བྱེད་ཐུབ་པའི་ནུས་པ་ཡོད་ཚར་པ་རེད། དེང་སང་གི་དགོན་པ་ཟེར་བ་དེ་སྐུགས་ཤོག་གི་ཚོང་ར་(股票市场)དང་འདྲ་བ་ཞིག་སྟེ། ལས་ཐབས་སུས་མཁས་ན་དེ་སྐུགས་ཤོག་གི་ཁེ་ཕན་ལོངས་སུ་སྤྱོད་ཅིང་། ལས་ཐབས་མཁས་པ་མེད་ན་ནམ་ཡང་སྐུགས་ཤོག་གི་གྱོང་རག་མཁན་ཡིན་པ། དཔེར་ན། བླ་སྤྲུལ་མཁན་གསུམ་ནི་སྐུགས་ཤོག་གི་ཁེ་ཟ་མཁན་དང་། གྲྭ་པ་ཕལ་ཆེར་དང་མི་སེར་རྣམས་ནི་སྐུགས་ཤོག་གི་གྱོང་རག་མཁན་ལྟ་བུ་ཞིག་ལ་ཆགས་འདུག རང་རིགས་དད་ལྡན་ཕོ་མོ་ལ། ། དམ་ཆོས་ཡང་དག་སྐུལ་བ་འདིར། ། ཆོས་མགོ་བསྐོར་བའི་བླ་སྤྲུལ་ཚོས། ། སྡིགས་གཏམ་ཆར་བཞིན་དབབ་པར་ངེས། ། ཞེས་པ་ནང་པའི་ཆོས་དང་རིག་གཞུང་ལ་དད་པ་བསྟན་པོར་ཐོབ་ཅིང་ཆོས་ལོག་ཆོས་རྫུན་རྣམས་ལ་མཐར་གཅིག་ཏུ་རྒོལ་ནུས་ཀྱི་སྤོབས་པ་ཅན་ཤར་དཔལ་སྤུངས་པའི་གྲོང་འདབས་སུ་སྐྱེས་པའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ཏུ་བྲིས་སོ། །
    གླིང་སྲས་བོད་ཡིག་སྤྱི་སྟེགས།

  2. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2015-12-10 at 9:34 am

    ད་བྱས་ན་གསེར་རྟ་བླ་སྒར་ནང་སྤྲུལ་སྐུ་དེ་ཚོ་དངོས་གནས་ཡིན་པ་འདྲ་་་་་་་་་་ཡག་ཀི་་་་་རྟགས་ཅིག་སྟོན་ན་དེ་ལས་ཡག་ཀི་ཨ་་་་་་

  3. བཟང་པོ། says:
    2015-12-10 at 10:56 am

    དེང་རབས་ཀྱི་སྤྱི་ཚོགས་དང་མཐུན་པའི་སྐད་ཆ་བཤད་པ་ལས་སངས་རྒྱས་ཀྱི་ཆོས་དང་སངས་རྒྱས་ཀྱི་ཆོས་སམ་རྒྱལ་བའི་བསྟན་པ་དང་རྒྱལ་བའི་བསྟན་པ་ཞེས་ཅི་ཙམ་བཤད་ཀྱང་མི་ཕན། མི་མང་གིས་ཁས་མ་བླངས་ན་ཚར་བ་རེད། དགེ་བཤེས་ཚོ་ལ་དཀའ་ངལ་འདི་ནམ་ཡང་མེད། དེ་ནི་ཕྱི་རྒྱལ་གྱིས་ Doctor རམ་ DR. ཡང་ན་འབུམ་རམས་པའམ་ Ph.D ཞེས་པ་དང་མཚུངས་པས་མི་མང་ཚང་མས་ཁས་ལེན། འདི་གནད་འགག་ཆེ། དེ་མིན་གྲུབ་པ་མ་ཐོབ་ཀྱང་གྲུབ་ཆེན་དང་རྟོགསཔ་མ་མེད་ཀྱང་རྟོགས་ལྡན་ཞེས་པ་དང་མཚུངས། མིས་ཁས་མ་བླངས་ན་རང་གིས་རང་ལ་བསྟོད་ར་ཇི་ཙམ་བྱས་ཀྱང་ཚར་བ་རེད་དོ་་་་་

  4. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 10:59 am

    ་་་་་་་་་ བཅུ་བ།༽ དེས་ན་སྤྲུལ་སྐུའི་བདེན་རྫུན་དང་ལེགས་ཉེས་ཀྱི་ཤན་འགྱེད་ཅིང་བཟང་ངན་གྱི་རྣམ་གྲངས་ཤེས་ནས་སྒྲུབ་དགོས་པ་ལས་ཁྱི་ལྟོག་དང་གློ་བ་འཕྲད་པ་ནང་བཞིན་མི་གནང་བར་བརྟག་དཔྱད་གནང་འཚལ། མདོར་ན་ཀུན་སློང་ལྷག་བསམ་རྣམ་པར་དག་པས་རང་དོན་ཐོས་བསམ་སྒོམ་པ་གཞན་དོན་འཆད་རྩོད་རྩོམ་པ་གཉིས་དོན་བསྙེན་སྒྲུབ་ཕྲིན་ལས་ཏེ་དམ་པའི་ཚུལ་དགུ་ལྡན་པ་ཞིག་ཡིན་ན་བདེན་པ་དང་འགྲོ་བ་ལྷ་དང་བཅས་བཅས་པའི་མཆོད་གནས་སམ་སྤྲུལ་སྐུ་ཡང་དག་ཡིན་པར་མཁྱེན་དགོས།། ་་་་་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 11:03 am

    ་་་་་་་་ རྩོམ་པ་པོ། དགེ་ཐུབ་བསྟན་ཕུན་ཚོགས།
    འབྱོར་པ་ཡོད་ན་སློབ་གསོའི་ཆེད་དུ་ཐོངས། ། དགེ་བ་འདོད་ན་ལས་འབྲས་ཚུལ་བཞིན་སྲུངས། ། རྐྱེན་ཟློག་གང་དགོས་ཁྱིམ་པ་ཡོངས་ཀྱིས་བསྒྲུབ། ། ཆོས་དང་འཇིག་རྟེན་གཉིས་མཆོག་འདི་ཡིན་ནོ། ། སྐད་ཡིག་སློབ་སྦྱོང་གཞོན་ནུའི་དུས་སུ་བརྩོན། ། སྲིད་འབྱོར་རིག་གསུམ་དར་ལ་བབས་ཚེ་ལྡན། ། ལུས་སེམས་བདེ་ཕྱིར་ཆོ་ག་རང་གིས་འདོན། ། བོད་རིགས་ཡར་རྒྱས་ཡོད་པའི་ཚད་གཞི་ཡིན། །་་་་་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 11:05 am

    ་་་་་་་་་ བོད་མི་གཞོན་ནུ་ཕོ་མོ་ཚང་མས་རྒྱུན་མཁོའི་ཆོ་ག་ཆོས་སྤྱོད་ཚང་མ་འདོན་ཤེས་པར་བྱ་ནས། དགོས་མཁོ་ཡོང་དུས་རང་རང་གིས་རྩ་འཛུགས་བྱས་ཏེ་གཏོ་དགེ་རིམ་གྲོ་འདོན་ན་ཚེ་འདི་ཕྱི་གཉིས་ཀ་ལ་ཕན་པ་ཆེ་ཤོས་དེ་རེད་སྙམ། ་་་་་་་་་་

  7. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 11:08 am

    ་་་་་་་་་ དཔེར་ན། བླ་སྤྲུལ་མཁན་གསུམ་ནི་སྐུགས་ཤོག་གི་ཁེ་ཟ་མཁན་དང་། གྲྭ་པ་ཕལ་ཆེར་དང་མི་སེར་རྣམས་ནི་སྐུགས་ཤོག་གི་གྱོང་རག་མཁན་ལྟ་བུ་ཞིག་ལ་ཆགས་འདུག རང་རིགས་དད་ལྡན་ཕོ་མོ་ལ། ། དམ་ཆོས་ཡང་དག་སྐུལ་བ་འདིར། ། ཆོས་མགོ་བསྐོར་བའི་བླ་སྤྲུལ་ཚོས། ། སྡིགས་གཏམ་ཆར་བཞིན་དབབ་པར་ངེས། །

    ཞེས་པ་ནང་པའི་ཆོས་དང་རིག་གཞུང་ལ་དད་པ་བསྟན་པོར་ཐོབ་ཅིང་ཆོས་ལོག་ཆོས་རྫུན་རྣམས་ལ་མཐར་གཅིག་ཏུ་རྒོལ་ནུས་ཀྱི་སྤོབས་པ་ཅན་ཤར་དཔལ་སྤུངས་པའི་གྲོང་འདབས་སུ་སྐྱེས་པའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ཏུ་བྲིས་སོ། །་་་་་་་་་་་

  8. པདྨ says:
    2015-12-10 at 11:34 am

    ཧ ཧ ཨེ་མ་ཧོ། པན་ཆེན་སྲས་མོས་དང་རྨོག་རྩ་རིན་པོ་ཆེ་ཁྲ་གླིང་དགོན་པ་དང་། མཁན་པོ་ཚུལ་ཁྲིམས་བློ་གྲོས་སོགས་མཁས་གྲུབ་ཚང་མས་རྒྱ་མི་དེ་སྤྲུལ་རྫུན་ཡིན་པར་བཤད་འདུག ད་སྤྲུལ་སྐུ་རྫུན་མ་ཚོ་ལ་དོ་བདོ་བ་མ་ཡིན་ནམ། ཧཧ ད་བལྟད་མོ་འདུག་གོ xxx

  9. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 12:08 pm

    ད་དུང་བསམ་ཡ། ཡག་ཉེས་ག་རེ་འདུག་གམ། ལགས།

  10. རྟ་བདུན་དབང་བོ says:
    2015-12-10 at 2:05 pm

    ཇོ་བོ་རྗེས། གཞན་དོན་རླབས་ཆེན་མཛད་པ་ལ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མངོན་ཤེས་གཉིས་མེད་ཐབས་མེད་གསུངས་འདུག གཞུང་ཆེན་དག་ལ་སྦྱངས་པ་སོང་ཟིན་པའི་གང་ཟག་ཅིག་ལ་གོང་གི་འདི་གཉིས་ལྡན་ན་བླ་མ་དངོས་གནས་དེ་རེད། དེ་མིན་ཡོད་ཚད་རྫུན་མ་ལགས། གོང་གི་དེ་གཉིས་མ་ལྡན་ན་རྒྱལ་བ་རིན་པོ་ཆེ་ཡིན་ཀྱང་བླ་མ་རྫུན་མ་རེད། བྱང་ཆུབ་ཀྱི་སེམས་མེད་ན་གསང་སྔགས་ཀྱི་སྡོམ་པ་ཡོད་ཐབས་བྲལ། གཞན་སེམས་ཤེས་པའི་མངོན་ཤེས་མེད་ན་གདུལ་བྱའི་རེ་བ་སྐོང་མི་ཐུབ། ལྷག་པར་བྱངས་ཆུབ་ཀྱི་སེམས་མེད་ན་གཞན་ལ་དབང་སྐུར་བའི་ཐོབ་ཐང་ཡོད་པ་མ་རེད། བྱང་ཆུབ་ཀྱི་སེམས་ནི་མེད་ན་ཡོད་ཁུལ་བྱེད་ཐུབ། འོན་ཀྱང་མངོན་ཤེས་ནི་མེད་ན་ཡོད་ཁུལ་བྱེད་ཐབས་བྲལ་ལོ། །

  11. ཅོ་རི་ཉི་མ། says:
    2015-12-10 at 2:13 pm

    ཤེས་ཡོན་ཅན་ཐུབ་བསྟན་ཕུན་ཚོགས་ལགས་ཀྱི་་་་ཉེ་ཆར་བོད་ཁམས་ཡོངས་ཀྱི་འཕྲིན་ལམ་ནས་བླ་སྤྲུལ་བདེན་རྫུན་གྱི་སྐོར་ལ་ལབ་གླེང་མང་པོ་ཞིག་བྱེད་ཅིང་འདུག ངས་བལྟས་ན་རང་མགོ་འཁོར་བྱེད་ཀྱི་དུས་ཚོད་འཕྲོ་བརླག་རེད། འདི་ནི་རི་བོང་རྭའི་རྩེ་རྣོ་ཞན་གྱི་ཆེད་དུ་རྩོད་པ་བྱ་བ་དང་དོན་གཅིག་པར་མཐོང་།་་་་་ཞེས་པའི་སྐད་ཆ་འདི་ལ་རྒྱབ་སྐྱོར་ཡོད།

  12. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 2:16 pm

    དཀོན་མཆོག་གསུམ་ལ་དད་པར་ཤོག །
    བྱང་ཆུབ་སེམས་དང་ལྡན་པར་ཤོག །
    མངོན་ཤེས་ལྔ་དང་ལྡན་པར་ཤོག །
    ཅོ་རི་ལ་སོགས་འདུལ་བར་ཤོག །
    རྩེད་མོའི་ཚུལ་གྱིས་རྩོད་པར་ཤོག །

  13. པདྨ says:
    2015-12-10 at 2:30 pm

    ང་ཚོ་བོད་པ་ལ་སྐྱབས་མགོན་དང་ཆོས་རྗེ་འགའ་རེ་ལ་འགྲོ་བ་སེམས་ཅན་ཐམས་ཅད་ལ་བྱམས་དང་སྙིང་རྗེ་ལྟ་ཅི་གངས་ཅན་བོད་པ་མི་འགའ་རེ་རྨོངས་དད་ཀྱིས་གསོན་བསྲེག་བཏངས་ནས་བརྒྱ་ཕྲག་སོང་ཡང་མཚམས་འཇོག་ལྟ་ཅི་ད་དུང་མུ་འཐུད་ནས་རིན་པོ་ཆེའི་ཕྲེང་བ་བགྲང་ནས་རྩི་གྲངས་བྱེད་འཁན་དག་ལ་སྤྲུལ་སྐུ་མཁྱེན་པའི་ཡེ་ཤེས་ལྟ་ཅི་རང་ཆག་རོགས་ལ་བཞག་ཤེས་པའི་རྣམ་དཔྱོད་མེད་པ་འམ་རྒྱང་འཕེན་པའི་ལྟ་བ་ལས་ནང་པ་མ་ཡིན་མངོན་སུམ་རེད།

  14. པདྨ says:
    2015-12-10 at 2:35 pm

    ཨ་རོ་xxཅོ་རི་ལ། དགེན་ཐུབ་བསྟན་ཕུན་ཚོགས་ཀྱིས་བླ་སྤྲུལ་བདེན་རྫུན་གྱི་སྐོར་ལ་ལབ་གླེང་མང་པོ་ཞིག་བྱེད་ཅིང་འདུག ངས་བལྟས་ན་རང་མགོ་འཁོར་བྱེད་ཀྱི་དུས་ཚོད་འཕྲོ་བརླག་རེད། འདི་ནི་རི་བོང་རྭའི་རྩེ་རྣོ་ཞན་གྱི་ཆེད་དུ་རྩོད་པ་བྱ་བ་དང་དོན་གཅིག་པར་མཐོང་།ཞེས་པ་ནི་དཔལ་སྤུངས་སང་གི་ཏྰ་ཡི་སི་ཏུས་བཞགས་པ་བཟང་པོ་དེ་ཚོ་ལ་ཟེར་བ་མིན་ནམ། ཧ ཧ

  15. ཅོ་རི་ཉི་མ། says:
    2015-12-10 at 3:23 pm

    པདྨ་་་་་ཁྱོད་ཀྱིས་ང་ལ་དོལ་ཕྲུག་འདྲ་ཞིག་ལབ་མདོག་མདོག་བྱས་བསྡད་པ་རེད། ལབ་ཀྱི་ག་རེ་ཡོད་ན་ལོབ། ང་ཅོ་རི་ལྷ་འདྲེའི་རྗེས་སུ་རྒྱུགས་མཁན་རྨོངས་དད་ལྕགས་ཀླད་ཅན་ཞིག་མིན། མིན་ཀྱང་ཉམ་ཆུང་ལ་བརྙས་བཅོས་བྱེད་མཁན་ལ་དགའ་གི་མེད། ངའི་ཚེ་འདི་ལ་ཉམ་ཆུང་དང་བདེན་པའི་རྒྱབ་ལང་བྱེད་ངེས་ཡིན། ཁྱོད་ཀྱིས་རྟག་པ་དོལ་ཚོགས་དང་དོལ་ཚོགས་ཟེར་ནས་ངར་བསྡད་ཀྱི་འདུག ང་ཡ་མཚན་གྱི་ཡོད། ཁྱོད་རང་ཚོ་ཡང་དོལ་ཚོགས་དང་གཅིག་པ་ཡིན་པ། སྤྱི་ཚོགས་ནས་རྒྱང་ཕུད་བཏང་བཞག་ཡོད་པ། ཁྱོད་ཚོའི་ཀརྨ་དཀར་རིལ་ལ་མྱི་དགོས་མི་ཁྱི་ལ་བརྩི་ཡི་མེད་པ། དེ་དག་བྱས་མཁན་དོལ་ཚོགས་མ་རེད་བ། ཁྱོད་ཅིའི་ཕྱིར་དུ་དོལ་ཚོགས་ཐོག་ཏུ་ངར་གྱི་ཡོད་དམ། ངས་ངོས་ནས་ཁྱོད་རང་བྱབ་ཆུང་བྱབ་ཆུང་རེད་བསམས་ཀྱི་ཡོད་དོ།

  16. ཅོ་རི་ཉི་མ། says:
    2015-12-10 at 3:27 pm

    པདྨ་་་མི་ཁྱོད་རང་འདྲ་བའི་བྱབ་ཆུང་གིས་ཁེངས་འོས་དུས་བརྙས་བཅོས་རང་བཞིན་གྱི་བྱེད་འོང་གི་རེད་དོ། ཀརྨ་དཀར་རིལ་ལ་རྒྱབ་རྩ་ཁྱོད་ལྟ་བུ་ལས་མེད་ན་མི་ཚེ་གང་པོ་ལ་མགོ་བཀྱག་ཡ་རག་པའི་རེ་བ་མ་བྱེད་ཅེས་ལུང་བསྟན་ཡིན་ད།

  17. པདྨ says:
    2015-12-10 at 4:05 pm

    xxxxxxx ངོས་ནས་ནམ་རྒྱུན་དུ་་་
    སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
    ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
    ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
    གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།

    ཁ་ཏོན་འདོན་བཞིན་ཡོད། ཨོ་་་xxཅོ་རི་ཚང་དབང་རྩ་ལ་སྐྱོན་ཤོར་མེད་ན་ཚེ་འདི་ཡི་ཕན་ན་ཕྱི་མ་དང་དཔོན་འདི་ཡི་བཙན་གྱི་ཆོས་རྒྱལ་མ་བརྗེད་ལོ།

  18. སེམས་གཙང་མ། says:
    2015-12-10 at 11:48 pm

    གལ་ཏེ་བླ་ཆེན་དང་མི་ཆེན་གྱིས་མཚན་རྟགས་ངག་ཡིག་ཐོག་ནས་སྤྲུལ་སྐུ་ངོས་འཛིན་ཚར་ན་ཆོས་དང་འཇིག་རྟེན་གཉིས་ཀའི་ཕྱོགས་ནས་བོད་མི་དམངས་དང་འཛམ་གླིང་འགྲོ་བ་མིའི་མདུན་དུ་བླ་སྤྲུལ་གཉིས་ཀས་ངོས་ནས་དགོངས་དག་ཞུ་དགོས་པ་ལས་གང་ཟག་སྒེར་གཅིག་ཁོ་ན་ཆེད་དམིགས་ནས་ནག་པོ་བཟོས་ན་ཉེས་པ་འདྲ་མཉམ་ཡིན་པར་ཀུན་གྱིས་ཤེས་པ་དང་མ་ཚད་དང་པོ་སུ་ཞིག་གིས་འགོ་གཙུགས་ཡོད་ན་དེ་ལ་ཉེས་ཆེན་ལས་སྒེར་བ་དེ་ཁོ་ན་མིན་པར་ཤེས་དགོས།།

  19. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 11:51 pm

    ཅོ་རི་དང་། པདྨ་རྩོད་བགྱིད་འདུག འདི་ཡག་རྟགས་ཤིག་མིན་ནམ་སྙམོ།།

  20. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 11:55 pm

    ངས་ཅོ་རི་དང་། པདྨ་གཉིས་ལམ་ཡང་དག་པར་འཁྲིད་ཐུབ་ན། ང་ཡང་སྤྲུལ་སྐུའི་གྲལ་དུ་སྡོད་བགྱི་ཡིན། ཧཧ།།

  21. ཀརྡོ་གཉེར་ཕྱག་པ་ says:
    2015-12-10 at 11:57 pm

    ཨེ་མ་ཧོས། སྤྲུལ་སྐུའི་དཀོར་ལ་དགའ་པོ་ཡོད་ན། རྒྱ་རིགས་ནང་པ་ཚོ་ད། ཧ་ཅང་ཅང་། སྙིང་གཅེས།། །།

  22. ཀརྡོ་གཉེར་ཕྱག་པ་ says:
    2015-12-11 at 7:40 am

    ་་་་་་་ ཀརྨ་པ་བཅུ་དྲུག་རིག་པའི་རྡོ་རྗེ་སྐུ་དཀྲུངས་མཁན་དགེ་ལུགས་པ་རེད་གསུངས་པ་གསལ་བོ་དྲན་ཀི ་་་་ཟེར་སྟངས་ལ་བལྟས་ན། པདྨ་འདི་སེམས་ཐང་ཐང་རང་ཨ་ཡོད་སྙམ་པ་མི་འདུག་གམ། ལགས།

  23. ཀརྡོ་གཉེར་ཕྱག་པ་ says:
    2015-12-11 at 7:43 am

    #22 པདྨ ་ལགས་ཀྱིས་སྤེལ་དོན།:
    December 11th, 2015 at 2:58 am
    འོ། ལས་ངན་ཀརྡོ།དེ་འདྲ་གཏན་ཚིགས་མ་བཀོད་མ་གཏོགས། ཏྰ་ལས་ཀྱང་སྤྲུལ་སྐུ་མིན་པར་ཁྱོད་ཀྱིས་བཟོ་ཚར་ནི་རེད།ཅོ་རི་དོལ་ཕྲུག་དང་ང་ཞྭ་དམར་ཚང་སྐུ་སྒེར་གྱི་དགྲ་ཆེ་ཤོས་དེ་རེད། རྒྱ་ནག་ལས་ལམ་དབུ་མ་ལག་བཏར་མེད་ས་དེ་རེད། ་་་་་་་་་་་་་ ཟེར།

  24. དྲི་མེད་ལྷག་བསམ། says:
    2015-12-12 at 5:53 am

    ཐུབ་བསྟན་ཕུན་ཚོགས་ཀྱིས། ༼ང་ཚོ་ཆོས་དང་དཀོན་མཆོག་ལ་དད་པ་ཡོད་ན་བླ་སྤྲུལ་རྣམས་བརྒྱུད་ནས་དཀོན་མཆོག་དང་འབྲེལ་བ་བྱེད་དགོས་དོན་མི་འདུག རང་རང་གིས་ཐད་ཀར་དཀོན་མཆོག་ལ་གསོལ་བ་བཏབ་ན་ཡག་ཤོས་རེད། ༽བླ་སྤྲུལ་ཟེར་བ་འདི་སློབ་དཔོན་ལ་བསྒྱུར་ན་ཡེ་ཤི་ཆོས་ལུགས་གསར་བ་ 基督新教་ལྟ་བ་རེད། ཚིག་རྐུན་མ། དོན་གཡར་མ་བྱེད་པ་ལས་ཐད་གར་དུ་ལུང་དྲངས་ན་མི་འགྲིགས་སམ། གནམ་བདག་ཆོས་ལུགས་天主教་འདི་གཉིས་བར་དུས་རབས་16་པའི་ནང་རྩོད་པ་དེ་འདྲ་ཞིག་བྱུང་ནས་ནུབ་ཕྱོགས་རྒྱལ་ཁབ་ཁྲག་བཞིན་དཀྲུག་པ་རེད། དབྱིན་ཇི་དང་། ཧྥ་རན་སིའི་བར་ལོ་བརྒྱའི་དམག་འཁྲུགས་ཀྱི་རྩ་བ་ཡང་དེ་ལ་ཐུག་ཡོད། འདི་འདྲའི་ལྟ་བ་ཡོད་མཁན་ཚོས་གཞན་ལ་ཁྲིམས་མ་བཟོས་སྔོན་རང་ལ་ཁྲིམས་འཇོག་པ་གལ་ཆེ། དེ་མ་ཡིན་པར་སྐྱོན་ཆ་ཐམས་ཅད་གཞན་ལ་བགོས་ན་དམའ་འབེབ་དང་བསམ་བཞིན་རྩོད་པ་བཙལ་བ་ཙམ་ལས་མེད། ཐུབ་བསྟན་ཕུན་ཚོགས་མཁས་པ་ཆེན་པོ་ཡིན་པས་ཚད་མཐོན་པོ་བྱས་ནས་གླེང་པ་ལས། གཞན་གྱིས་བརྗོད་ན་བདག་པོ་བྱེད་དགོས་མེད། སྤྱིར་ཁོང་གི་བཤད་པ་དག་ལ་བསམ་བློ་གཏོང་དགོས་པ། ཞིབ་འཇུག་བྱ་རིན་ཡོད་པ་མང་པོ་འདུག ཐུགས་རྗེ་ཆེ།

  25. དྲི་མེད་ལྷག་བསམ། says:
    2015-12-12 at 6:18 am

    བླ་སྤྲུལ་མི་དགོས་ཟེར་མཁན་ཚོས། ༡༽ཐོག་མར་རང་གི་དགོན་པའི་བླ་མ་ཚོ་དམངས་སུ་འབེབས་དགོས། རང་དགོན་ལ་ངོ་རྒོལ་བྱ་དགོས། རང་གི་ཆོས་རྒྱུན་ལ་སྐྱོན་བརྗོད་བྱ་དགོས། དེ་བཞག་ནས་གཞན་གྱི་བླ་མ་སྐྱོན་བརྗོད་པའི་ཐོབ་དབང་མེད། ༢༽ཆོས་དད་མེད་ན་ཆོས་པ་ཚོའི་སྒྲིགས་ལམ་བསྒྱུར་བའི་དབང་ཆ་མེད། ཆོས་པ་ཡིན་ན་ཆོས་ཀྱི་ཁྲིམས་བརྩི་དགོས། ༣༽ཆེན་པོ་འགའ་ཞིག་ལ་དམིགས་བསལ་བཏང་ནས་ཉམས་ཆུང་རྣམས་ལ་བཙན་ཁྲིམས་འཇོག་པ་ནི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དུ་གཏོང་བ་ཡིན་པས། སྒོ་ཀུན་ནས་གཟབ་དགོས། ༤༽ཆོས་ལུགས་སོ་སོ་ལ་དབུ་འཛིན་ཡོད། སོ་སོའི་༧སྐྱབས་མགོན་ཡོད། རང་ས་ན་སུ་ཡང་ཆེ། ཆིག་སྡུད་རིང་ལུགས་ཀྱི་འོག་ཏུ་མགོ་བོ་བཏུད་ནས་སྡོད་དགོས་པའི་ཁྲིམས་བཟོ་མཁན་མེད་པས། བླ་སྤྲུལ་སུ་ཞིག་འདམས། སུ་ལ་རྒྱབ་སྐྱོར་བྱེད། རང་དབང་ཡིན་པས། བསྟན་པ་དང་ར་ཤ་མི་བརྗེ་བར་བན་བོན་སུ་ཡིན་ཡང་རང་ལུགས་གཙང་མ་འཛིན་དགོས། སོ་སོའི་ལུགས་ཀྱི་ཁྲི་བ། བླ་སྤྲུལ་མཁན་གསུམ་སོ་སོར་རུང་ན་གཞན་གྱིས་ཐེ་གཏོགས་བྱེད་དགོས་པ་མེད། །

  26. པདྨ says:
    2015-12-12 at 6:52 am

    དྲི་མེད་ལྷག་བསམ་ཚང་གི་ཆོས་རྒྱུད་གཅིག་པའི་རྒྱ་སྤྲུལ་སྐུ་པདྨ་འོད་གསལ་དེ་ལ་ལྟ་སྟངས་གང་འདྲ་ཡོད་དམ། མཆོག་གིས་རྒྱ་སྐད་ཡིག་ཤེས་པས་ཚོར་སྣང་ཞིག་གསུངས་རོགས། ཀཿ་ཐོག་སྐྱབས་རྗེ་རྨོག་རྩ་ཚང་གིས་གུ་རུའི་རྒྱལ་ཚབ་ཅེས་གསུངས་ན་ཆོས་རྗེ་བཏགས་ན་མི་ཆོག་པ་གང་ཡིན་ནམ།

  27. དྲི་མེད་ལྷག་བསམ། says:
    2015-12-12 at 8:02 am

    རང་ཉིད་རྙིང་མའི་ལྟ་གྲུབ་ལ་རྨོངས་པས་ཆོས་རྒྱུན་གཅིག་པ་ཞེས་སྨྲ་ག་ལ་ཕོད། གང་གི་གྲས་སུ་མེད་པ་དགོངས་གསལ། གུ་རུའི་རྒྱལ་ཚབ་ཡིན་ན་ཆོས་རྗེ་ལོས་ཡིན། ། དེ་ལྟ་བུ་རྒྱ་བོད་གཉིས་དང་རང་རའི་དབུ་ན་བཞུགས་པའི་སྤྲུལ་སྐུ། གྲུབ་མཐའ་ཕལ་མོ་ཆེར་ཁྱབ་ནས་ཡོད་པས། །ངོ་མཚར་བ་ཀྱང་མ་བྱུང་། དགེ་འདུན་ཆོས་འཕེལ་ཀྱིས།
    ཆག་གྲུམ་ཆ་ཤས་ཆེད་དུ་བསལ་བ་ལ། །
    ཕྱོགས་སྔའི་འབེན་དུ་བཙུག་ཏེ་མཚོན་བསྣུན་པའི། །
    རང་སྡེ་མཁས་པའི་དགྲ་ལྷའི་དཔང་སྟོད་ཀྱིས། །
    གཞན་སྡེའི་དཔའ་བོ་ད་དུང་སོད་པ་མིན། །ཟེར་བའི་ཚོར་བ་བྱུང་ལེགས། །

  28. པདྨ says:
    2015-12-12 at 9:06 am

    ལགས་སོ་དྲི་མེད་ལྷ་བསམ་ཚང་། འོ་ན་་་རྒྱ་ཡིག་ཐོག་ནས་ཆོས་རྗེ་དང་སྐྱབས་རྗེ་ལ་ཁྱད་པར་གང་ཞིག་ཡོད་དམ་རྒྱ་ཡིག་ཕྲིས་དང་། དབྱིན་ཡིག་ཐོག ཆོས་རྗེ་ལ་H.H.or DHARMA KING་སྐྱབས་རྗེ་ལ་H.E རེད

  29. པདྨ says:
    2015-12-15 at 2:52 am

    རྒྱལ་བ་ཀཿཐོག་པའི་སྐྱབས་མགོན་རིན་པོ་ཆེ་རྨོག་རྩས་་་
    བྱམས་འགམ་པྃདྨྃའི་དགའ་ཚལ་ཡོངས་པ་རུ་།།
    འཇའ་འོདྃ་རབ་གསལྃ་མཛེས་སྡུག་རྒྱ་མཚོའི་འགྲམ།།
    གུ་རུའི་རྒྱབ་ཚབ་འགྲོ་བའི་མགོན་སྐྱབས་པུ།།
    གོང་སྐུ་མི་འགྱུར་རྟག་བརྟན་བཞུགས་གསོལ་འདེབས།།
    ༧ཀཿཐོག་རྨོག་སྤྲུལ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ནས
    ཕྱག་ཐེམ་དང་་་་་་
    གུས་པས་མཚན་རྟགས་བཅས་བཀོད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme