Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་སྒེར་གཉིས་ཐད་ནས་བརྡ་འདེད་ནན་ཏན་ཞིག་དགོས་གལ།

Posted on 2014-09-272014-09-27 By ཁ་བརྡ་ 28 Comments on སྤྱི་སྒེར་གཉིས་ཐད་ནས་བརྡ་འདེད་ནན་ཏན་ཞིག་དགོས་གལ།

འབྲོང་ངུར་བསྟན་འཛིན་ལམ་བཟང་།

 
དེ་རིང་ཁ་སང་མི་རྣམས་ཕལ་ཆེར་བློ་རྣལ་དུ་མི་གནས་པས་རང་ཉིད་ལ་ཁྱད་འཕགས་ཀྱི་ཡོན་ཏན་ཅི་ཡང་མེད་ནའང་ཡོད་པའི་ཟོལ་གྱིས་སྒྲོག དེ་ལ་སྒྱུ་རྩལ་དང་སྙན་ངག་སོགས་སྒྲོ་ཆེན་པོ་རེ་བཏགས་ཏེ་ས་མཆོངས་གནམ་མཆོངས་གང་ཐུབ་རེ་བགྱིད་པ་ནི། བློ་གྲོས་ཆེ་ལ་སྒམ་ཚུགས་ཅན་དག་གི་མིག་སྔར་ཐན་ལྟ་བུ་ལས་མ་མཆིས་ཀྱང་། ཅལ་འདྲོགས་ལ་དགའ་བ་དག་གི་འུར་སྒྲ་ཅི་བས་ཆེ། དེ་དག་ནི། ཕོ་དཔའ་རབས་དང་རྟ་མགྱོགས་རབས་ཀྱི་ཁ་ཕོས་ལུང་པ་ལྡིར་བ་རེ་བགྱིད་པ་ནི། སྙིགས་མའི་རང་རྟགས་བཅོས་སུ་མེད་པ་ཞིག་ལོས་ཡིན་སྙམ་མོ། །

དེ་ལས་བོད་མི་བསྟན་འཛིན་རིག་གྲོལ་ཟེར་བ་ཞིག་གིས་སྒྱུ་རྩལ་བ་ཡིན་རློམ་གྱིས་གསུང་རབ་དབྲལ་བཏུབ་ཀྱིས་ཁ་ཟས་དང་གཡོས་སྦྱོར་བྱས་པའི་བརྙན་པར་ཞིག་དྲ་ངོས་དག་ལ་འགྲེམས་བཞིན་པ་མཐོང་ལ། འདི་རིགས་སྔོན་འགོག་ནན་མོ་མ་བྱས་ན། ཉིན་ཞིག་སྒྱུ་རྩལ་དུ་བསྙད་དེ་སྐུ་གསུང་ཐུགས་རྟེན་བསྲེགས་གཏོར་ཚབས་ཆེན་བྱེད་པར་ངེས་སོ། །ད་དུང་ཕ་མའི་ཤ་ཁྲག་བཟའ་བཏུང་དང་བུ་ཕྲུག་དམར་གསོད་སོགས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་མ་རུང་བ་བགྱི་ངེས་དང་། དེ་དུས་ད་ལྟ་བཞིན་ཀླད་མེད་ཚོས་བསྟོད་བསྔགས་འཐེན་པ་གོར་མ་ཆགས། གང་ལྟར་མི་ངན་གོང་དུ་བཀུར་ན་འཐོབ་རྒྱུ་སྐྱག་གཅིན་ལས་མེད་གཤིས། ད་ལྟ་ནས་གདོང་ལྤགས་བཤུ་དགོས་ལ་རང་མཚང་དམར་རྗེན་དུ་འདོན་དགོས།

སྤྱིར་བཏང་སྒྱུ་རྩལ་ཞེས་པ་མིའི་རིགས་ཀྱི་ཤེས་རིག་གཞུང་སྲུང་སྐྱོབ་ཀྱི་ཆ་རྐྱེན་དུ་འགྲོ་མི་དགོས་ཤིང་དེ་ལས་ལྡོག་སྟེ་ཕ་མེས་ཡང་མེས་ཀྱི་རིག་གཞུང་རྩ་བརླག་ཏུ་གཏོར་བྱེད་ཅིག་ཡིན་ན། ཡོད་ལས་མེད་པར་ཅིས་མི་དགའ་ཏེ་དགའ་འོ། །རྣམ་པ་གཅིག་ཏུ་ན། ཁ་སང་གི་གསུང་རབ་ཀྱིས་ཐུག་པ་བསྐོལ་བ་འདི་སྒྱུ་རྩལ་ཞིག་ཡིན་པ་དང་དེའི་བྱེད་པ་པོ་ཡང་སྒྱུ་རྩལ་བ་ཡིན་ན། རིག་གསར་སྐབས་བོད་དུ་དགོན་པ་དྲུག་སྟོང་ལྷག་གཏོར་བ་ཡང་སྒྱུ་རྩལ་དང་དེ་གཏོར་བ་པོ་དག་ཀྱང་སྒྱུ་རྩལ་བ་ཞེས་སུ་བསྔགས་རིགས་སོ། །
མདོར་ན་གསུང་རབ་གཏོར་བཅོམ་གྱི་ལས་འགུལ་འདིའི་ཁྲོད་ནས་ཁོང་རང་གི་མིང་གྲགས་དང་དངུལ་དངོས་ཁོ་ན་དོན་དུ་གཉེར་བ་ལས། མི་རིགས་ཀྱི་རྒྱུན་སྲོལ་དང་ཡ་རབས་བཟང་སྤྱོད་ཐམས་ཅད་བརྩི་འཇོག་ཙམ་ཡང་མེད་པར་རྡོག་རོལ་དུ་གཏོང་གིན་འདུག་པ་དང་། མི་འདི་ཉིད་ཀྱིས་ཆེད་དུ་བོད་མི་རིགས་ཀྱི་སྲོལ་བཟང་ལ་མཐོང་ཆུང་དང་ཁྱད་གསོད་ཚབས་པོ་ཆེ་བྱེད་ཀྱི་འདུག་པས། ནམ་ཡང་། གཏན་དུ། རྩ་བ་ནས་གུ་ཡངས་དང་བཟོད་སྲན་ཐུབ་ཐབས་མེད། སྤྱི་སྒེར་གཉིས་ཐད་ནས་བརྡ་འདེད་ནན་ཏན་ཞིག་དགོས་གལ་ཞེས་གསོལ་བ་ལགས་སོ། །

བསམ་ཚུལ།

Post navigation

Previous Post: ཚིག་མཛོད་ཀྱི་དུས་རབས།
Next Post: ༅༅།། སྤྲིན་གྱི་འཇིག་རྟེན་བགྲོད་པའི་གཏམ་རྒྱུད། དང་པོ།

Comments (28) on “སྤྱི་སྒེར་གཉིས་ཐད་ནས་བརྡ་འདེད་ནན་ཏན་ཞིག་དགོས་གལ།”

  1. གནམ says:
    2014-09-27 at 1:16 am

    ཏག་ཏག་རེད། མྱི་འདི་ཚོས་ཆེ་སའི་ཆག་སྒོ་ལ་བསམ་བློ་གཏོང་མི་ཤེས། ཤེས་ན་ཡང་སྤྱང་མདོག་གིས་རང་ལྟོ་འཚོལ་བདེ་ཙམ་གྱི་དོན་དུ། རྫུན་ཕྲ་མ་གཡོ་སྒྱུ་ལ་བཅང་བའི་ཁ་ཚིག་གསལ་ལ་མ་གསལ་ལ་ཞིག་བཤད་ནས། ཚང་མ་ལ་ཡོན་ཏན་དང་རྙིང་ཞེན་ཆེ་རབས་ཀྱི་ཞྭ་ནག་ཞིག་གོན་ནས། སོ་སོ་ཐར་ཐབས་བྱས་ནས་འདུག།

    སོ་སོ་ལ་གྲོགས་པོ་བློ་ཐུབ་རྐང་གཅིག་མེད་མཁན་ཚོས་མི་རིགས་ཀྱི་རྡོག་རྩ་བཤད།
    བོད་ཡིག་དང་བོད་སྐད་ན་ཙམ་ལས་མི་ཤེས་མཁན་ཚོས་བོད་ཡིག་གི་ཚེ་སྲོག་བཤད། ད་དུང་འདི་འདྲ་རིག་གླེང་མཁན་མང་པོ་ཡོད། མདུན་རྒྱབ་གཉིས་ཀར་རྩད་གཅོད་བྱས་ནས། xxརིག་གྲོལ་རྟུལ་རྒན་ལྟ་བུ་ཚོ་ཕམ་པར་རྒྱོགས་དགོས།

  2. ཁྱུང་དཀར། says:
    2014-09-27 at 3:27 am

    གང་ལྟར་མཐོང་སྣང་ལ་བདེ་བོ་རང་མ་བྱུང་།

  3. གནམ་བུ says:
    2014-09-27 at 3:32 am

    བསྟན་རིག་གི་སྒྱུ་རྩལ་དེ་མགོ་བཀའ་ཤག་དང་ལྷག་པར་དུ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་རོགས་གྱིས། འདིའི་འགན་འཁྲི་ཚང་མ་མི་སེར་ཡ་རབས་འབྲོང་ངུར་བསྟན་འཛིན་ལམ་བཟང་ལ་ཡོད་། ཧ་ཧཧ།

  4. འཇམ་གཅེས། says:
    2014-09-27 at 7:11 am

    མི་ངན་ཁོས། མིའི་སྤྱི་ཚོགས་སུ་མ་དར་བ་ཞིག་སྒྱུ་རྩལ་ལ་ངོས་འཛིན་དགོས་ན་དྲོད་མ་ཡལ་བའི་ཁྱི་སྐྱག་རྒྱག་ཚད་ཟོས་ན་སྐད་གྲགས་འགྲོ་ངེས་རེད།

  5. ཅོ་རི་ཉི་མ། says:
    2014-09-27 at 8:20 am

    ཁྱོད་ཚོ་སུ་ཡིས་བསྟན་འཛིན་རིག་གྲོལ་ལ་བརྡ་འདེད་ནན་ཏན་གཏོང་ཐུབ་མཁན་ཡོད་ན་དེའི་ཞོར་དུ་དགོན་སྡེ་སྟོང་ཕྲག་གཏོར་མཁན་དང་ལྷ་རྟེན་ཆོས་གསུམ་མེར་བསྲེགས་དང་རྩ་མེད་བཏང་མཁན། རིག་གནས་གསར་བརྗེའི་འགོ་དཔོན་བདུད་རྒན་ཨ་ཕ་མའོ་ལ་ཡང་བརྡ་འདེད་རེ་གཏོང་རོགས་བྱོས།

    xxxxx

  6. ཅོ་རི་ཉི་མ། says:
    2014-09-27 at 8:46 am

    རྒྱུ་འབྲས་དྲང་བདེན་ཞིག་ཡོད་རབས་བཤད་ཀྱི་འདུག
    ཉམ་ཆུང་སྐྱབས་མགོན་ཞིག་ཡིན་རབས་བཤད་ཀྱི་འདུག
    དངོས་ཡོད་གནས་ཚུལ་ལ་ལག་ལེན་མི་འདུག་ན།
    བསྟན་པ་གཏོར་རྐྱེན་གྱི་སྒྱུ་རྩལ་དང་པོ་རེད།།

    མྱི་ཆེན་བླ་ཆེན་ཚོས་སྒྱུ་རྩལ་འཁྲབས་འཁྲབས་ཀྱིས།
    བོད་ཀྱི་རྒྱལ་པོའི་མགོར་གླང་རྭ་བཙུགས་མྱངས་ཡོད།
    ཉམ་ཆུང་འབངས་མི་ཚོས་གཅན་སྐྱག་ཟ་མྱངས་ཡོད།
    བཙན་པོའི་རྒྱལ་ཁབ་འདི་ཕུང་ལ་སྦྱར་མྱངས་ཡོད།།།

  7. དྲན་དཀར་དཔལ་ཡོན་ says:
    2014-09-27 at 8:54 am

    ༧རྒྱལ་དབང་ལྔ་བས་བཙན་འཕྲོག་ཟེར་ནའང་འདྲ། ཉར་ཚགས་ཟེར་ན་འདྲ། གསུང་རབ་མང་པོ་ཇོ་ནང་ཙམ་མིན་པར་དགོན་པ་གང་ས་ནས་བསྡུས་ཏེ་ལོ་རབ་དགུ་ཅུའི་ནང་བར་ཏ་ལའི་ལོ་མར་བྲིས་པའི་གསུངས་རབ་བརྒྱ་དང་བརྒྱད་ཅུ་འབྲས་སྤུངས་ཀུན་དགའ་རྭ་བར་ཉར་ཚགས་བྱུང་ཡོད། སྲིད་གཞུང་གིས་བསྒྲུབ་འོས་པའི་བྱ་བ་རང་ཡིན།
    ཇོ་ནང་བ་མཁས་དབང་ཅིག་གིས་༧་རྒྱལ་དབང་ལྔ་བ་ནི་ད་ལྟའི་༧རྒྱལ་བ་རིན་པོ་ཆེ་ནང་བཞིན་ཧ་ཅང་གི་རིས་མེད་གནང་མཁན་གཅིག་རེད། ཇོ་ནང་བར་ལྡོག་བརྫིས་གཏོང་མི་སྲིད་པ་གཅིག་རེད། གལ་སྲིད་ཕྱོགས་གཟིགས་ཕྱོགས་མི་འདྲ་བ་རེ་བྱུང་ཡོད་ན་དེ་དུས་ཇོ་ནང་བར་ད་ལྟའི་དོལ་ཚོགས་ནང་བཞིན་ལོག་ལམ་དུ་འགྲོ་མཁན་བྱུང་ཡོད་ཤག་རེད་ཅེས་ང་ལ་བཤད་མྱོང་ཡོད།

    xxxx

  8. དྲན་དཀར་དཔལ་ཡོན་ says:
    2014-09-27 at 9:01 am

    ད་ལྟ་དོལ་ཚོགས་ཀྱིས་གོ་སྐབས་འདི་བརྒྱུད་བྱས་བསྟན་འཛིན་རིག་གྲོལ་དོལ་ཚོགས་ལ་དབང་གི་རེད་བསམ་གྱིན་ཡོད་འགྲོ།
    ཉམ་ཆུང་ག་རེ་ཉམ་ཆུང་། སྡ་སར་བཀུར་འོས་དགེ་བཤེས་བློ་བཟང་གསོད་དུས་ཁྱོད་ཚོ་ལས་རྫིག་ག་ཅིག་ག་ནས་རྙེད་མི་ཡོང་ང་།
    མ་ཡིན་ཡིན་མདོག་བྱ་བགྱིད་བྱོག་ཅིག

  9. ཚེ་རིང་ནས། says:
    2014-09-27 at 9:03 am

    ཅོ་རི་xxའདིས་གར་དུས་ཡིན་ནའང་ཁྱོ་མེད་རྐྱང་བཤད་ཀྱི། བཀའ་བརྒྱུད་པ་ཚང་གིས་རྫིག་ཉམ་བསྟན་ཙམ་སོག་དམག་གིས་རྩ་མེད་བཟོས་པ་རེད་མ་གཏོགས། གོང་ས་ལྔ་པས་གར་དུས་བཀའ་བརྒྱུད་ཚང་ལ་དམག་ཕབ་འདུག ཡོད་ན་བསྟན་དང་། མེད་ན་ཁ་ཙུམ།

  10. ཅོ་རི་ཉི་མ། says:
    2014-09-27 at 9:17 am

    ཚེ་རིང་རྒྱུ་ལགས།

    ཁ་བའི་མི་རིགས་ཀྱི་བྱུང་རབས་ལོ་རྒྱུས་ལ།
    རྨོངས་དད་རྟུལ་མུག་གི་མིག་ཤེལ་ཕུད་ནས་ལྟོས།
    སྲིད་དབང་འཕྲོག་རྩོད་ཀྱི་ལོ་རྒྱུས་སྐྱུར་མོ་ལ།
    རྣམ་དཔྱོད་ལྕེ་རྩེ་ཡིས་བྲོ་བ་མྱོང་ནས་ལྟོས།།

  11. ཅོ་རི་ཉི་མ། says:
    2014-09-27 at 9:49 am

    རྒྱུ་འབྲས་དྲང་བདེན་ལ་རྡོག་བརྫིས་བཏང་མཁན་ཞིག
    བླ་ཆེན་སྤྲུལ་ཆེན་ཚོའི་གཅན་སྐྱག་ཟ་མཁན་ཞིག
    ཁ་བ་གངས་ཅན་ལ་དར་ཁྱབ་ཕྱིན་འདུག་པས།
    ཤཀྱའི་བསྟན་པ་ཡི་དྲི་མ་ཡལ་བཞིན་ཡོད།།

    མ་ཐུབ་དགྲ་བོ་ལ་ཞི་བདེ་བཤད་མཁན་ཞིག
    ཉམ་ཆུང་ཕུ་ནུ་ལ་བཙན་དབང་གཏོང་མཁན་ཞིག
    ཁ་བ་གངས་ཅན་ལ་དར་ཁྱབ་ཕྱིན་འདུག་པས།
    བཙན་པོའི་སྙིང་སྟོབས་ཀྱི་དྲི་མ་ཡལ་བཞིན་ཡོད།།

    རང་དཔོན་དར་མའི་མགོར་གླང་རྭ་བཙུགས་མཁན་ཞིག
    རྒྱ་དཔོན་གོང་མ་ལ་འཇམ་དབྱངས་འབོད་མཁན་ཞིག
    ཁ་བ་གངས་ཅན་ལ་དར་ཁྱབ་ཕྱིན་འདུག་པས།
    རྒྱལ་ཞེན་འདུ་ཤེས་ཀྱི་དྲི་མ་ཡལ་བཞིན་ཡོད་།།།

    རང་ཡུལ་གངས་ཅན་ལྗོངས་སྟོང་པ་བཟོ་མཁན་ཞིག
    མི་ཡུལ་ལུང་པའི་ནང་འོད་ཀྱིས་ཁེངས་མཁན་ཞིག
    ཁ་བ་གངས་ཅན་ལ་དར་ཁྱབ་ཕྱིན་འདུག་པས།
    རིན་ཆེན་གཏེར་མཛོད་ཀྱི་དྲི་མ་ཡལ་བཞིན་ཡོད།།

    རང་དབང་རང་བཙན་འདི་སེམས་ནས་དོར་མཁན་ཞིག
    དགྲ་བོའི་ཚེ་གཡོག་གྱི་ལས་ལ་བརྩོན་མཁན་ཞིག
    ཁ་བ་གངས་ཅན་ལ་དར་ཁྱབ་ཕྱིན་འདུག་པས།
    མི་རིགས་ལ་རྒྱ་ཡི་དྲི་མ་ཡལ་བཞིན་ཡོད།།་་་་ཧཧཧ

  12. དྲན་དཀར་དཔལ་ཡོན་ says:
    2014-09-27 at 10:17 am

    བཤད་རྒྱུ་བྱེད་རྒྱུ་མི་རྨོངས་དད་པ་འདྲེ་གསོལ་ཆོ་ག་བརྟེན་པ་རང་ཐང་བོ་རང་མེད་པ་ངས་གནའ་ནས་ཤེས་ཀྱིན་ཡོད།
    ཉིན་རེ་དགྲ་བོ་དགྱ་དམར་གྱི་དངུལ་ག་ཚོད་ཅིག་བསོག་གིན་ཡོད་ཨ།

    xxརང་གིས་མ་ཡིན་ཡིན་མདོག་མ་བྱས། རྨོངས་དད་པ་རང་གིས་མའོ་ཀྲུའུ་ཞི་འི་སྐྱག་པ་ཟ་མཚམས་བྱོག

  13. དྲན་དཀར་དཔལ་ཡོན་ says:
    2014-09-27 at 10:39 am

    xxརང་གིས་མའོ་ཀྲུའུ་ཞི་འི་ཨབ་ཕྲུག་བ་ཡན་ཀྲང་གི་བཤང་བ་བཞེས་མཚམས་བྱོག ངས་རང་ལ་ཚིག་ཚད་མཐོན་པོས་བཤད་ཡོད་ཨ།

  14. སྤྱན་ཆེན་པོ། says:
    2014-09-27 at 10:54 am

    ང་ཚོས་དོལ་རྒྱལ་བསྟེན་མཁན་དང་ཆོས་དང་ཟིང་ཟིང་གི་འབྲེལ་ལམ་བཅད་ཡོད་པས་་་རྗེས་ཕྱོགས་ནས་དོལ་རྒྱལ་བ་སུ་ཞིག་གིས་དྲ་ངོས་འདི་ནས་ལབ་པའི་ཉོག་གཏམ་ལ་ལན་གང་ཡང་མི་འདེབས་པར་མཁྱེན།

  15. དགེ་འདུན་རྒྱ་མཚོ། says:
    2014-09-27 at 2:01 pm

    བསྟན་འཛིན་རིག་གྲོལ་ཟེར་བས་དེ་འདྲ་་བྱེད་དགོས་དོན་ནི་ཁོ་རང་གྲགས་འདོད་ཀྱི་ཆེད་དུ་ཡིན་རྒྱུ་རེད། 
    དམིགས་ཡུལ་གཞན་ཅང་ཨེ་ཡོད་དམ། 

  16. ཀརྡོ་གཉེར་ཕྱག་པ་ says:
    2014-09-27 at 2:03 pm

    བསྟན་འཛིན་རིག་གྲོལ་གྱིས། ནང་ཆོས་གསུང་རབ་ཀྱི་ཐུག་པ་བཏུང་བཙམ་་མ་ཟད། ཏིང་བདུན་ནང་ལ་ཆང་རག་འཐུང་བ་དང་། དཀྱིལ་འཁོར་སྒང་་ལ་གཞས་འཁྲབ་པར་བཤད་འདུག
    https://www.facebook.com/photo.php?fbid=974191982606196&set=pcb.974192055939522&type=1&permPage=1

  17. འབྲོང་ངུར་བསྟན་འཛིན་ལམ་བཟང་། says:
    2014-09-28 at 2:11 am

    བསྟན་རིག་ཟེར་བ་སྒྱུ་རྩལ་ཡིན་སྐད་ཀྱིས་བོད་མི་རིགས་ལ་ཕ་གསོད་རྒྱལ་རྔ་བརྡུངས་པ་འདི་བཟོད་ག་ལ་ཐུབ། བོད་གཞུང་དམངས་སྐྱབས་བཅོལ་མིན་ན་འགྲོ་ས་གཅིག་ལས་མི་འདུག

  18. རྔ་རྒོད། says:
    2014-09-28 at 4:19 am

    རྒྱ་མོས་མ་ཎིའི་འཁོར་ལོའི་བརླ་ཐུང་བསྐོོན།།
    བོད་པས་གསུང་རབ་བསྲེགས་ཏེ་ཐུག་པ་བརྔོས།།
    ཁོ་བོའི་མིག་ལ་འདི་གཉིས་མི་འཛེས་ཀྱང་།།
    འདི་གཉིས་འགོག་མཁན་མེད་དོན་ཅི་ཡིན་ནམ།།

    ནང་གི་ཡོད་ཚད་ཐམས་ཅད་སྐྱོན་ཏུ་བལྟ།།
    ཕྱི་ཡི་ལས་ཀ་ཡོངས་རྫོགས་དགེ་བར་བརྩི།།
    འདི་དང་འདི་འདྲའི་གནད་དོན་མ་ཤེས་ན།།
    བརྟག་དཔྱད་བཏང་བའི་བསམ་བློ་སྟོང་བ་རེད།།

    ༢༠༡༤/༩/༢༧
    མི་འདིས་ད་དུང་དཀྱིལ་འཁོར་སྟེང་ནས་བྲོ་འཁྲབ་ཀྱིན་ཡོད་ལ་གཞན་ཡང་མཆོད་འཐེབ་ནང་ནས་ཆང་འཐུང་སྟེ་འདི་དག་རྒྱུ་རྩལ་ངོ་མ་ཡིན་པར་རྩི་བཞིན་ཡོད། དེའི་ཕྱིར་འདིའི་དགག་དགོས་སོ།།

  19. རྒྱ་ཞིང་མྱི་དཀར། says:
    2014-09-28 at 4:32 am

    ད་ཡིན་ན་མྱི་འདི་ཚོ་ལ་ཅི་ལས་འདི་ལས་ཤིག་མེད་ཀ་འགྲེལ་བཤད་ཡག་པོ་ཡག་པོ་ཟིག་ཧཧཧཧ་ངོ་ཚ་རྒྱུ་ཞིག་མེད་སོང་ནི་རེད་་་་་

  20. ཅོ་རི་ཉི་མ། says:
    2014-09-28 at 5:15 am

    ང་ལ་དུས་རྒྱུན་དུ་སེམས་འཁྲུལ་ཆེན་པོ་ཞིག་ཡོད་པ་ནི་བོད་མི་རིགས་འདི་ཆོས་ལུགས་པའི་སྒེར་གཅོད་འོག་ནས་ཐར་པར་དུས་ཡུན་རིང་པོ་འགོག་ས་རེད་བསམས་ནས་སེམས་འཁྲུལ་ཡོད། བོད་མི་རིགས་ལ་རང་དབང་གཙང་མ་ཞིག་འཐོབ་དགོས་ན་ངེས་པ་ཏུ་ཆོས་ལུགས་ཀྱི་སྒོར་གཅོད་འོག་ནས་ཐར་དགོས། རྒྱ་གུན་ཁྲན་དམར་པོའི་སྒེར་གཅོད་ཀྱི་འོག་ནས་ཐར་པར་ཐག་མི་རིང་ཀྱང་བོད་བླ་མའི་ཆོས་ལུགས་ཀྱི་སྒེར་གཅོད་འོག་ནས་ཐར་པར་དེ་ལས་ཁག་པོ་རེད་འདོད་ཀྱི་ཡོད།

    དཔེར་ན། བོད་མི་ནང་པ་ཚོས་ངོས་ནས་བལྟས་ན་ཨ་ཧྥི་རྒ་ནི་སི་ཐན་གྱི་ཡུལ་ལུང་ནང་དུ་ཁ་ཆེའི་སྒེར་གཅོད་པ་ཚོའི་འོག་ཏུ་མི་དམངས་ལ་རང་དབང་མེད་པ་དང་། ལྷག་པ་ཏུ་བུད་མེད་རྣམས་ཀྱི་གནས་སྟངས་ནི་ཡ་ང་ཡིད་སྐྱོ་དགོས་པའི་གནས་སྟངས་ཡིན། ཁ་ཆེའི་སྒེར་གཅོད་པ་ཚོའི་སྐྱོན་དང་ནོར་བོད་མི་ཚོས་གསལ་པོ་དག་པོ་མཐོང་གི་ཡོད་ཀྱང་བོད་པ་རང་གི་ཆོས་ལུགས་ཀྱི་སྒེར་གཅོད་པའི་སྐྱོན་དང་ནོར་འཁྲུལ་མཐོང་གི་མེད།

    ས་པན་གྱིས།
    གཞན་ལ་བལྟ་བའི་མིག་ཡོད་ཀྱང་།
    རང་ཉིད་བལྟ་ན་མེ་ལོང་དགོས།
    རང་བློ་ནང་དུ་མ་བསྡུས་ན།
    རང་སྐྱོན་རང་གིས་རང་བར་དཀའ།་་་་ཞེས་པ་ལྟར་བོད་པའི་རྨོངས་དད་མགོ་ཚོས་བོད་བླ་མའི་ཆོས་ལུགས་ཀྱི་སྒེར་གཅོད་འདིའི་སྐྱོན་དང་ནོར་འཁྲུལ་མཐོང་གི་མེད། བོད་བླ་མའི་ཆོས་ལུགས་འདི་ནི་སྤྱི་ཚོགས་རྙིང་པའི་སྐབས་སུ་འཇིགས་སྐུལ་དྲག་སྤྱོད་པ་དང་ལྐོག་ཟ་རུལ་སུངས་ཅན། དེང་སང་མི་མངོན་པའི་འཇིགས་སྐུལ་རིང་ལུགས་ཤིག་ཡིན།

    དང་པོར། རྨོངས་དད་ཀྱི་འོག་ཏུ་ཡོད་པའི་མི་ཞིག་ཡིན་ན་ཧ་ཅང་འཇིགས་སྐྲག་བྱེད་ས་ནི་དམྱལ་བ་དང་གདོན་འདྲེ་ཡིན། རྨོངས་དད་ཅན་གྱི་དཔའ་བོ་སུ་འདྲ་ཞིག་ཡིན་ནའང་འདྲེ་ལ་སྐྲག་ཐག་ཆོད་ཀྱི་རེད། དངོས་ཡོད་ཀྱི་དགྲ་བོ་ལ་མི་སྐྲག་པར་དངོས་མེད་ཀྱི་གདོང་འདྲེ་ལ་སྐྲག་མཁན་གྱི་དཔའ་བོ་དེ་དག་ལ་འཇིགས་སྐུལ་བྱེད་ཐུབ་མཁན་ངོ་མ་ཆོས་ལུགས་པའི་བླ་སྤྲུལ་སྒེར་གཅོད་པ་ཚོ་ཡིན།

    མི་ཞིག་གི་སེམས་ཀྱི་རང་དབང་ཤོར་བསྡད་ཡོད་དུས་རང་དབང་གཙང་མ་ཟེར་བ་ཞིག་ཡོང་ཐབས་མེད། རང་དབང་གཙང་མ་ཞིག་མེད་ན་བདེ་སྐྱིད་ངོ་མ་ཞིག་ཡོང་ཐབས་མེད། ལྷག་པ་ཏུ་རྩ་བའི་བླ་མའི་དབང་སྒྱུར་རིང་ལུགས་འདི་མཇུག་མ་སྒྲིལ་པ་ཏུ་ཡང་དག་པའི་དམངས་གཙོ་ལ་ལོངས་སྤྱོད་ཐུབ་པའི་རེ་བ་རྩ་བ་ནས་མེད།།

    དེར་བརྟེན་བོད་མི་རིགས་ལ་བསམ་པ་དཀར་བའི་བོད་མི་ཚོས་ངེས་པ་ཏུ་བླ་མའི་ཆོས་ལུགས་ཀྱི་སྒེར་གཅོད་འདི་ལ་གྱེན་ལོག་བྱེད་དགོས། རྩ་བའི་བླ་མས་མཛུབ་མོ་ག་སྟོན་ཤར་བྱས་བསྡད་པའི་ལམ་སྲོལ་ངན་པ་འདི་མཚམས་འཇོག་བྱ་ཐུབ་པ་བྱེད་དགོས། བླ་མས་དབང་སྒྱུར་དང་ཆོས་ལུགས་པའི་སྒེར་གཅོད་འོག་ཏུ་ཡོད་པའི་བོད་མི་རིགས་ལ་མཚོན་ན་ངེས་པ་དོན་གྱི་བདེ་སྐྱིད་ཤིག་རྩ་བ་ནས་མེད་ལ་འདྲ་མཉམ་ནི་དེ་བས་ཀྱང་མེད། ཉམ་ཆུང་མི་ལ་ཁྱིའི་རིན་མཐོང་ཙམ་ལས་བརྩི་ཡི་མེད་ལ་དུད་འགྲོ་བེད་སྤྱོད་བཏང་བ་ལྟར་རང་སྣང་གང་དྲན་བྱས་ནས་བེད་སྤྱོད་བྱེད་ཀྱི་རེད།

    མི་ཚེ་འདི་ཡི་བདེ་སྐྱིད་ནི་རང་དབང་ལས་བྱུང་ལ་རང་དབང་ནི་དཔའ་སྤོབས་ལས་བྱུང་། དེར་བརྟེན་བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་པ་ཚོས་དཔའ་དང་སྤོབས་པ་མཐོ་ཙམ་བྱོས་ཅེས་རེ་བ་ཡིན། རང་དབང་མེད་ནས་གསོན་པ་ལས་རང་དབང་ཆེད་དུ་ཤི་པར་དགའ་བའི་དཔའ་བོ་སྙིང་སྟོབས་ཅན་རྣམས་ལ་མིག་དཔེར་བལྟོས།།

    ང་ཚོས་ངེས་པ་དོན་གྱི་རང་དབང་གཙང་མ་ཞིག་གི་ཆེད་དུ་འཐབ་རྩོད་བྱ་དགོས། ཉམ་ཆུང་མི་དམངས་རྩ་བའི་རྩེ་ལ་བཞག་ནས་འཐབ་རྩོད་བྱ་དགོས། ཐོབ་ཐང་དང་འདྲ་མཉམ་གྱི་ཆེད་དུ་འཐབ་རྩོད་བྱ་དགོས། བོད་མི་ཚོ། སུག་བཞི་ས་ལ་མ་འཛུགས་མགོ་བོ་ཁྱོག

  21. ཨ་ར་དཀར་པོ says:
    2014-09-28 at 6:17 am

    སྤྱི་སྒེར་གཉིས་ནས་བརྡ་འདེད་འེ། སྤྱི་ཟེར་བ་དེ་བཀའ་སྤྱི་གཉིས་ལ་ཟེར་བ་མིན་འགྲོ བཀའ་སྤྱིས་འབྲེལ་བ་མེད་པའི་ལས་ཀ་ཙག་ཙིག་དེ་འདྲ་ལ་ཇུས་གཏོགས་གནང་བསྡད་ན་ལས་ཀ་མེད་ཐག་ཆོད་རེད། དེ་བས་ཆོ་མེད་པའི་སྟོང་འུར་དེ་འདྲ་མ་བྱེད།

  22. ཅོ་རི་ཉི་མ། says:
    2014-09-28 at 6:21 am

    རྒད་པོ་ཨ་ར་དཀར་པོ་གཏམ་བདེན་པ་རེད། ཉམས་མྱོང་རྒད་པོ་ཟེར་བ་དེ་འདྲ་ས་མི་འདུག་ག

  23. ཏི་སི། says:
    2014-09-28 at 9:09 pm

    ངོ་མ་ཅན་བསྟན་འཛིན་རིག་གྲོལ་ཟེར། སངས་རྒྱས་ཀྱི་གསུང་རབ་དེ། ཐབ་ཚང་ནང་གི་ཐབ་ཕྱིས་འདྲ་བོ་བྱས་ཞག ཕལ་ཆེར་ཁོ་རང་ནང་པ་ཡིན་ས་མ་རེད་བསམ་སོང་། མིང་དེ་ལ་བལྟས་ན་ནི་ནང་པ་ཡིན་པ་དག་། མ་ཟད་རྒྱལ་བའི་མདུན་ནས་མི་ཞུས་པ་བཟོ་འདྲ་འདུག བོད་ཕྲུག་ཐ་ཆ་ཆད། ཀླད་མེད་ཅན་རེད་བཞག

  24. དབང་ཕྱུག་ཚེ་རིང་། says:
    2014-09-29 at 4:56 am

    ཇོ་རུ་ཉྀ་མ་ཟེར་བའི་xxཁྱོད་ཀྱིས་ཉོན་དང་བོད་མི་རིགས་རྒྱ་དམར་སྒེར་གཅོད་པས་ཟིན་པ་རེད་མ་གཏོགས་བླ་མ་སྒེར་གཅོད་དང་ཆོས་ལུགས་སྒེར་གཅོད་ཟེར་བ་ཞིག་གི་དུས་དང་རྣམ་པ་ཀུན་ཏུ་བཟུང་མེད་ལ་འཛིན་གྱི་ཡང་མ་རེད།
    མི་རིགས་ཀྱི་བླ་བཙོང་མཁན་ཞིག་གིས་མི་རིགས་ཀྱི་ལ་གླེང་གི་ཡིན་ཟེར་ན་ལྟས་ངན་རུམ་ལ་བཅུག་ཏེ་ རྔ་མ་མཆན་ནས་འཇུར་བ་མ་རེད་དམ།

  25. གཙང་པོ། says:
    2014-09-29 at 11:09 am

    གསུང་རབ་ཀྱིས་ཐུག་པ་བཟོས་འདིས་རང་ཉིད་ཅི་ཞིག་མཚོན་གྱི་་ཡོད་རེད་མི་ཐ་ཆད་གླེན་པ་ཞིག་ཡིན་པ་ཐག་གི་ཆོད།

  26. དཔལ་དོན། says:
    2014-09-30 at 12:05 am

    བོད་ཕོངས་ལ་སྦྱོར་བྱེད་དང་བོད་མི་ནང་ཁུལ་དཀྲུགས་ཤིང་དཀྲོག་རྐྱེན་བཟོ་བའི་ལས་ཅི་ཡིན་ཡང་། བོད་ཀྱི་ཆིག་སྒྲིལ་དང་བོད་མིའི་སེམས་ཁམས་ལ་གཏོར་བཤིག་གཏོང་མཁན་ཀླད་མེད་དག་གིས་ཤེས་མདོག་གིས་མང་པོ་བཤད་ཡོང་གི་རེད། ཡིད་མ་ཆེས་ན་རྩོམ་འདིས་མཆན་ནང་དུ་གཟིགས་དང་།

  27. རང་བྱུང་རིག་པའི་རྡོ་རྗེ says:
    2014-09-30 at 3:55 am

    ཅོ་རི་ཉི་མས་བཤད་པ་མང་བོར་ཞིག་ལ་ཐད་པ་བྱུང་། བོད་ཀྱི་ནང་བསྟན་བཤིགས་མཁན་ཚོ་བླ་ཆེན་ཚོ་རེད། ཡིན་ནའང་བོད་པ་ཚོ་དེ་ཤེས་ཐུབ་ཀྱི་མ་རེད། མའོ་དང་དེའི་རྗེས་འབྲངས་པ་ཚོས་རྟོགས་ཡོད་པ་རེད།།

  28. བཙན་བྱོལ་བ་ says:
    2014-09-30 at 1:05 pm

    ངས་འདིར་བཤད་པ་ནི་ཆོས་ལ་དགག་པ་མིན་ལ་རྒྱབ་སྐྱོར་ཡང་མིན། འོ་ན་གང་ཡིན་ཞེ་ན། གང་ཟག་སྒེར་གྱི་སྨྲ་བརྗོད་རང་དབང་དང་བྱ་སྤྱོད་རང་དབང་ལ་རྒྱབ་སྐྱོར་མཚོན་བྱེད་ཡིན། བསྟན་འཛིན་རིག་གྲོལ་གྱི་སྒྱུ་རྩལ་ཐེངས་གཉིས་པ་དེར་དགའ་བསུ་ཞུ་རྒྱུ་ཡིན། ཐེངས་དང་པོ་ནི། བོད་ཀྱི་ས་དྷ་སར་འཁྱེར་ནས་བོད་མི་གཞོན་སྐྱེས་སློབ་མ་རྣམས་ལ་བོད་ཀྱི་ས་ཐོག་བསྐྱོད་པའི་ཚོར་སྣང་ཆེན་པོ་འབྱིན་པ་རེད། ཐེངས་གཉིས་པ་གསུང་རབ་ཀྱི་ཐུག་པའི་སྒྱུ་རྩལ་དེས་ནང་ཆོས་ཀྱི་ནང་དོན་རྒྱུད་ལ་སྐྱེས་ནས་ཉམས་སུ་ལེན་དགོས་པ་ལས་བཤད་ཆོས་རྐྱང་པས་ས་ཆོད་མི་ཐུབ་པའི་བརྡ་ལན་གསལ་པོར་སྤྲད་པ་རེད། ནང་ཆོས་ལ་བག་ཆགས་འཐུག་པོ་ཡོད་པ་དང་གོམས་གཤིས་ཧ་ཅང་ཐུག་པའི་ང་ཚོ་བོད་མི་རིགས་རྣམས་ལ་མཚོན་ན་ཧོབ་ཏེ་སྒང་ལ་གསུང་རབ་ཐུག་པ་བཟོ་སྐབས་མ་བདེ་བར་གྱུར་སྲིད། འོན་ཀྱང་རྒྱབ་ལྗོངས་ཀྱི་གནད་དོན་དེ་ཁོང་གི་གླེང་མོལ་ལ་བལྟས་པ་ན་འགྲིག་ག་བསམ་པ་བྱུང་།

    སྤྱིར་བཏང་གསུང་རབ་མེར་བསྲེག་བཏང་བ་དང་འདུ་ཁང་གཏོར་བཤིག །བླ་མར་བརྡུང་འདེག་བཏང་བ་ནི་ང་ཚོའི་ཕ་མེས་བོད་རིགས་རྣམས་ཀྱིས་རིག་གནས་གསར་བརྗེ་དང་རྒྱ་མི་བོད་དབང་བསྒྱུར་བྱས་མྱོང་བ་ནི་ཀུན་གྱིས་ཤེས་གསལ་རེད། འདི་ནི་བོད་ཀྱི་ས་ཁུལ་ཡོངས་རྫོགས་གཅིག་མཚུངས་རེད། ཡིད་མ་ཆེས་ན་རང་གི་ཕ་མེས་རྣམས་ལ་དྲིས་དང་གསལ་པོ་ཤེས་ངེས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme