Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འབངས་ཀྱི་ཐོབ་ཐང་ཡོད་མེད་འདི་རེད།

Posted on 2015-12-042015-12-05 By ཁ་བརྡ 11 Comments on སྤྱི་འབངས་ཀྱི་ཐོབ་ཐང་ཡོད་མེད་འདི་རེད།

བེ་རི་རིག་རྡོར།

 
དེ་རིང་བཙན་བྱོལ་དབུས་འོས་བསྡུ་ལྷན་ཁང་ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲངས་ཐོ་གསལ་བསྒྲགས་བྱས་ཡོད། དེར་བརྟེན། ངས་འདི་ནས་གསར་འགྱུར་གསན་གཟིགས་དང་། དྲ་ཉུལ་གནང་མཁན་རྣམ་པར་དངོས་ཡོད་ཀྱི་གནས་སྟངས་ངོ་མ་དེ་ཚིག་ཉུང་ཉུང་ཞིག་གི་ཐོག་ནས་ཞུ་ཆོག་པ་ཞུ།

ད་ལོའི་ཕྱི་ཟླ་དགུ་བའི་ནང་རྡ་སར་གྲོགས་ཚོགས་འཚོགས་སྐབས། འཛམ་གླིང་གང་ས་ནས་ཇོ་ནང་ཆོས་བརྒྱུད་འཛིན་མཁན་གྱི་འཐུས་ཚབ་མཉམ་འཛོམས་ཀྱིས། རང་གཞུང་ལ་ཆེ་མཐོང་དང་ཡིད་ཆེས་ཀྱི་ཐོག་ནས། ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས་ཞེས་ཡར་ལ་གསོལ་འདེབས་ཞུས་ཀྱང་། བཀའ་སྤྱི་ཐུན་མོང་ནས་མར་ལ་ཉེས་འཛུགས་བྱས་ཏེ། གྲོས་ཁང་སྒོ་ནས་ཞི་འབོད་བྱས་པ་ཚབ་ཆེའི་ནོར་འཁྲུལ་ཡིན་སྟབས། གྲོས་ཚོགས་འཐུས་མིས་རྒྱབ་སྐྱོར་གནང་གིན་མི་འདུག་ཅེས་གསུངས་པ་མ་ཟད། ཇོ་ནང་ལ་ཆོས་བརྒྱུད་གཞན་པར་གང་ཡོད་ཀྱི་ཐོབ་ཐང་ཆ་ཚང་ཕུལ་བཞག་ཡོད་ཅེས་ཕྱིར་བསྒྲགས་བྱས་རྐྱེན། མང་པོ་ཞིག་གིས་གནས་ཚུལ་ངོ་མ་མ་མཁྱེན་པའི་དབང་གིས། རང་གཞུང་གིས་ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་འདུག་མོད། ཇོ་ནང་ཚང་གིས་ད་དུང་འདི་ལྟར་རྙོག་དྲ་བཟོ་དོན་ཅི་ཡིན་ནམ། བོད་འགྱེལ་བའི་སྟེང་ལ་རྡོག་བརྫིས་བྱས་པ་མ་རེད་དམ། ཞེས་གསུང་མཁན་ཡོད་པས། འདིར་རང་གཞུང་གིས་ཇོ་ནང་ཚང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་ཡོད་མེད་མི་མང་ལ་ངོ་སྤྲོད་གསལ་བོ་ཞིག་ཞུ་འདོད་བྱུང་།

12310474_10205991610083502_3931021967541874321_n

ད་ལྟ་དྲ་ཐོག་གང་སར་ཁྱབ་བཞིན་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུའི་གྲངས་ཐོའི་ནང་དུ། “རྙིང་མ་ཆོས་བརྒྱུད་ཀྱི་སྔོན་འགྲོའི་འོས་གཞི། བཀའ་བརྒྱུད་ཆོས་བརྒྱུད་ཀྱི་སྔོན་འགྲོའི་འོས་གཞི། ས་སྐྱ་ཆོས་བརྒྱུད་ཀྱི་སྔོན་འགྲོའི་འོས་གཞི། དགེ་ལུགས་ཆོས་བརྒྱུད་ཀྱི་སྔོན་འགྲོའི་འོས་གཞི། བོན་པོ་ཆོས་བརྒྱུད་ཀྱི་སྔོན་འགྲོའི་འོས་གཞི།” ཟེར་བ་ལས་ཇོ་ནང་ཆོས་བརྒྱུད་མེད་པ་འདི་རང་གཞུང་གིས་ཇོ་ནང་ཆོས་བརྒྱུད་ཐོག་འཛིན་བཞིན་པའི་སྲིད་བྱུས་ཀྱི་ངོ་གདོང་རེད། ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་ཡོད་ན། ཇོ་ནང་པས་ཇོ་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་འོས་འདེམས་མི་ཆོག་པ་ཅི་ཡིན་ནམ། འདི་རང་གཞུང་གིས་ཆོས་བརྒྱུད་དབྱེ་འབྱེད་ཇི་འདྲ་བྱེད་བཞིན་ཡོད་པའི་མངོན་རྟགས་དྲོན་མོ་དེ་རེད། ཞེ་ས་མ་ཞུས་ན། སྐྱག་རྫུན་བཤད་ནས་འཛམ་གླིང་མི་མང་ལ་མགོ་སྐོར་གཏོང་གི་ཡོད་པ་རེད། འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཉིས་ཀ་དང་ཡོངས་སུ་རྒྱབ་འགལ་ཆགས་ཡོད།

རང་གཞུང་གིས་ནམ་རྒྱུན་ཁྲིམས་ཀྱིས་དབང་བསྒྱུར་བྱེད་དགོས་པ་ལས། གང་ཟག་གིས་དབང་བསྒྱུར་བྱས་ན་མི་འགྲིག་ཞེས་སྙན་མདོག་ཁ་བོ་ཞིག་གསུང་གིན་ཡོད་མོད། དོན་ལ་བཙན་བྱོལ་གཞུང་འདི་གང་ཟག་སྒེར་བ་རུལ་སུངས་རེ་ཟུང་གིས་དབང་བསྒྱུར་བྱས་ཡོད་དམ། ཁྲིམས་ཀྱིས་དབང་བསྒྱུར་བྱས་ཡོད་རྒྱ་ཆེའི་མི་མང་གིས་གཟིགས་ནས་ཐག་གཅོད་གནང་རོགས།

གལ་ཏེ་ཁྲིམས་ཀྱིས་དབང་བསྒྱུར་བྱེད་དགོས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་གཉིས་པའི་དོན་ཚན་བཅུ་བར། “ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཞེས་བཀོད་ཡོད། འདི་ལ་འགྲེལ་བཤད་ཅི་ལྟར་གནང་རྒྱུ་ཡིན་ནམ། ཁྲིམས་ལུགས་སློབ་མཐར་ཕྱིན་པ་བདེན་ཡང་། འདི་ལ་དོན་མཐུན་གྱི་འགྲེལ་བཤད་རྒྱག་དཀའ།

ཡང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། ང་ཚོས་གྲོས་ཁང་ནང་ནས་ཇོ་ནང་ཆོས་བརྒྱུད་ཆེད་བཞུགས་མོལ་འཚོགས་འདུ་ཡང་འཚོགས། སྤྱི་འཐུས་རྣམ་པས་ཕྱག་བརྐྱངས་པ་རེད་དེ། ཐ་མར་རྒྱབ་སྐྱོར་མ་ཐོབ་པ་རེད། དེ་ལས་ལྷག་བྱེད་ཐབས་མེད་ཅེས་གསུངས།

ང་ཚོས་ཀྱང་གནད་དོན་གྱི་གཙོ་བོ་དང་། གཡོ་རྒྱུའི་འཁྲུལ་འཁོར་གྱི་མ་ལག་འདི་རེད་ཟེར་གི་ཡོད། རྒྱུ་མཚན། བོད་མི་མང་སྤྱི་འཐུས་སྐབས་དང་པོ་ནས་དྲུག་པའི་བར་ཆོས་བརྒྱུད་དགེ་ལུགས་དང་། རྙིང་མ། བཀའ་བརྒྱུད། ས་སྐྱ་བཅས་ཀྱི་འཐུས་མི་ཡོད། དེ་དག་རེ་རེ་སྤྱི་འཐུས་རྣམས་ཀྱིས་ཕྱག་བརྐྱངས་ཏེ་མང་མོས་ཀྱི་ཐོག་ནས་སྤྱི་འཐུས་སུ་སླེབས་པ་ཡིན་ནམ། དེ་ཡིན་ན་ང་ཚོ་ལ་ཡང་གཅིག་མཚུངས་རེད། ང་ཚོས་ཀྱང་ཕྱག་གི་མང་ཉུང་ལ་སྒུག་ཆོག བསམ་འཆར་གང་ཡང་མེད། གལ་ཏེ་ངས་ཞིབ་འཇུག་བྱས་པ་ནོར་མེད་ན། དེ་དུས་ཕྱག་བརྐྱངས་པའི་གནས་ཚུལ་ཤིག་གི་བ་སྤུ་ཙམ་ཡང་བྱུང་མི་འདུག དེས་ན་འདི་རང་གཞུང་གིས་ཁྲིམས་ཐོག་ནས་ཆོས་བརྒྱུད་དབྱེ་འབྱེད་རབ་དང་རིམ་པ་བྱས་པའི་བདེན་དཔང་རེད། དེ་རྗེས་བོད་མི་མང་སྤྱི་འཐུས་སྐབས་དྲུག་པ་ནས་གཡུང་དྲུང་བོན་གྱི་འཐུས་མི་གཞི་ནས་སླེབས་ཐུབ་པ་ཙམ་བྱུང་བ་རེད། འོན་ཀྱང་དེའི་བརྒྱུད་རིམ་ཡང་སྤྲོ་སྣང་ལྡན་པ་ཞིག་རྩ་བ་ནས་མ་རེད།

དེས་ན་མཇུག་མཐར་ཞུ་འདོད་པ་ནི། གལ་ཏེ་རང་གཞུང་གིས་ཆོས་བརྒྱུད་དབྱེ་འབྱེད་དང་། ཆོས་ཁའི་འཐེན་འཁྱེར་མེད་པར་ཁྲིམས་ཀྱིས་དབང་བསྒྱུར་བའི་སྲིད་གཞུང་ཞིག་འཛུགས་འདོད་ཡོད་ན། ཇོ་ནང་ལ་ཆོས་བརྒྱུད་སྤྱི་མཚུངས་ཀྱི་ཐོབ་ཐང་གནང་རོགས། ཇོ་ནང་པས་ཀྱང་ཆོས་བརྒྱུད་སྤྱི་འཐུས་ཀྱི་འོས་ཤོག་འཕེན་འདོད་ཡོད། འདི་སྤྱི་འབངས་ཀྱི་ཐོབ་ཐང་རེད། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དགོངས་དོན་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྲོག་རྩ་རེད།

བེ་རི་རིག་རྡོར་གྱིས། ཕྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༤ ཉིན།

གསལ་བཤད།

Post navigation

Previous Post: ཕྱི་འགྲིམས་བོད་ཀྱི་སློབ་མ་འགའི་ཁ་བརྡ་ཐུང་ཐུང་ཞིག
Next Post: དགེ་བཤེས་བློ་བཟང་གྲགས་པ་དང་རྗེ་རྒྱལ་བ་གཉིས་པ། འཇམ་མགོན་བླ་མ། རྗེ་བདག་ཉིད་ཆེན་པོ།

Comments (11) on “སྤྱི་འབངས་ཀྱི་ཐོབ་ཐང་ཡོད་མེད་འདི་རེད།”

  1. ཇ་མ says:
    2015-12-04 at 12:51 pm

    དང་པོ་ཇོ་ནང་པའི་ནོར་བ་རེད། བྱ་མ་འདྲོག་པར་སྒོང་ང་ལེན་དགོས་ན་དང་པོ་སྤྱི་འཐུས་མི་རེ་ངོ་རེ་ལ་ལྐོག་ནས་འབུལ་དགོས་པ་ལས་ཐད་ཀར་སྤྱི་འཐུས་ལྷན་ཁང་སྒོར་ཉལ་ནས་ཕན་ཐོག་གང་ན་ཡོད། དེ་ནས་མི་མང་རྒྱབ་སྐྱོར་འཚོལ་ཐབས་ལ་འབད་པར་བྱའོ།།

  2. བློ་གྲོས་རབ་བརྟན་ says:
    2015-12-04 at 2:44 pm

    གྲོགས་པོ་འགྲོ་སྟངས་ཁོ་རང་ཤེས་མི་འདུག གྲོས་ཚོགས་ནས་ཇོ་ནང་སྤྱི་འཐུས་དགོས་པའི་ཐག་གཅོད་མ་བྱུང་བར་དུ། གཞུང་ལ་འབྲེལ་བ་ཡོད་མ་རེད། གལ་ཏེ་གྲོས་ཚོགས་ནས་ཇོ་ནང་སྤྱི་འཐུས་དགོས་པའི་ཐག་གཅོད་བྱས་ཡོད་ན། ད་བཟོད་འོས་བསྡུ་ལས་ཁང་ལས་ཀ་མ་བྱས་ན་སྐད་རྒྱག་ཆོག་གི་རེད། དེ་འདྲ་མ་རེད་པ། སྤྱིའི་འོས་བསྡུ་ལས་ཁང་རང་དབང་ཡོད་པའི་ལས་ཁུང་ཞིག་རེད། ཁྱོད་ཡོངས་ཀྱི་གནས་སྟངས་ཤེས་པའི་ཐོག་ནས་གོ་རིམ་ཡོད་པའི་ལས་ཀ་བྱེད་དགོས་པ་རེད། དེ་མིན་ཨུ་ཚུགས་དང་གྱོད་ཉལ་ག་ཚོད་བྱས་ཀྱང་འབྲས་བུ་ཡོང་གི་མ་རེད།གྲོགས་པོ།

  3. སྲིན་པོ་རྫ་རྒན་ says:
    2015-12-04 at 10:41 pm

    བེ་རི་རིག་རྡོར་ཟེར་བས་ཅི་ཞིག་ཤོད་རྩིས་ཡིན་ནམ། སྐུ་དྲིན་ཆེ། ད་ནི་ཡར་དཀྲུགས་མར་དཀྲུགས་དེ་རིགས་མཚམས་བཞག་ན་རེད། རྒྱལ་བ་ཇོ་ནང་པའི་བསྟན་པ་འདི་ཆབ་སྲིད་ཀྱི་རྐུབ་སྟེགས་མེད་ནས་ཉམས་ཀྱིན་པ་ཨེ་རེད།

  4. ཨ་ཁུ་ནོར་བུ་ says:
    2015-12-05 at 1:56 am

    གྲྭ་པ་གྲྭ་ཀྱང་དང་ ཆོས་པ་དངོས་གནས་ཞིག་བྱེད་མཁན་ཡིན་ན་ སྲིད་དོན་ནང་མ་བཞུགས་ན་ལེགས་་

  5. བེ་རེ་གདོང་ནག says:
    2015-12-05 at 3:55 am

    བེ་རེ་རིག་རྡོར་ལ་ཞུ་རྒྱུར། སྤྱི་ཚོགས་དཀྲུགས་ཤིང་གི་རིགས་མ་བཤད་ན་འདུག་མི་ཐུབ་ནས་ཨི་རེད། ཁ་དྲོ། ལོ་བརྒྱ། བོད་པའི་སྤྱི་ཚོགས་ནང་ལ་རྙོགས་དྲྭ་ཟིག་མེད་ན་ལྟོ་མི་རེག་པ་མིན་ན་ཁ་བཙུམ་རོགས།

  6. ཇུང་ཏོག་ says:
    2015-12-05 at 4:26 am

    ཆོས་ལུགས་སྤྱི་འཐུས་གསར་གཏོད་བྱ་རྒྱུ་ལས་སླ་པོ་མ་རེད་དེ་ལ་བོད་མི་ཚང་མས་བསམ་བློ་གཏོང་དགོས་པ་རེད་ དེ་རིང་ཇོ་ནང་ལ་ཆོས་ལུགས་སྤྱི་འཐུས་ཀྱི་ས་མིག་སྤྲད་ན་སང་ཉིན་ཁ་ཆེ་དང་ཡི་ཤུའི་ཆོས་ལ་ཉམས་ལེན་བྱེད་མཁན་ཚོ་ཡོང་གི་རེད་དཱོགས་ནས་སྤྱི་འཐུས་ལ་འགན་ཡོད་པའི་ཆ་ནས་རེད་ཇོ་ནང་ལ་ཀྱག་ཀྱག་བྱས་པ་མ་རེད་ད་ འདི་ལ་བཟོ་རྒྱུ་གཅིག་ཡོད་རེད་དེ་གང་རེད་ཟེར་ན་
    ཇོ་ནང་གི་ངོས་ནས་ཧིན་ཏུ་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ཡི་ཤུའི་ཆོས་པར་ཤི་ཆོས་ལུགས་དོན་མའི་ཆོས་ལུགས་སོགས་དང་ང་རང་ཚོའི་ཆོས་ལུགས་ལྔ་གི་ནང་དུ་ཡང་ནང་གསེས་ཆོས་ལུགས་མང་པོ་ཡོད་དེ་ཚོ་དང་ བོ་དོང་སོགས་ཀྱི་ཆོས་ལུགས་འདི་དག་ནས་སྤྱི་འཐུས་ཀྱི་སྐུབ་ཀྱག་བརྩོད་ཀྱི་མིན་པའི་འགན་འཁུར་ཡིག་ཐོག་ནས་སྤྱི་འཐུས་ཕུལ་ཐུབ་ན་ཇོ་ནང་ལ་སྤྱི་འཐུས་དེ་ཉིན་རག་རྒྱུ་ཡིན་པ་ཐག་ཆོད
    དེ་མིན་ཇོ་ནང་གནམ་ཕྱོང་ས་འཛུལ་གང་བྱས་སྤྱི་འཐུས་ས་མིག་རག་ལེ་ཁག་གདའ་།

  7. ལུང་རྟོགས། says:
    2015-12-05 at 9:05 am

    ཇོ་ནང་པའི་ཞུ་འབོད་དེ་སྲིད་དོན་གྱི་རྐུབ་སྟེགས་རག་ཆེད་མིན་ཞེས་སྔོན་མ་བརྒྱ་བཤད་སྟོང་བཤད་བྱེས་པ་དེ་རྫུན་རྐུབ་རྡོལ་སོང་།

  8. རིག་པའི་རྡོ་རྗེ། says:
    2015-12-05 at 3:54 pm

    རྫུན་དང་། ཧམ་བཤད་ལ་རྒྱབ་སྐྱོར་བྱེད་མཁན་ནི་མང་མོད། གནས་ལུགས་དང་། དྲང་བདེན་ལ་ནི་དེ་ལྟ་མ་ཡིན་ནོ།།

  9. ལྡོང་གསེར་མིག says:
    2015-12-05 at 7:38 pm

    འབྲི་རྩལ་ལེགས་པ་བེ་རི་རིག་རྡོར་ལགས། ཇོ་ནང་ལ་སྤྱི་འཐུས་དགོས་མིན་ཐད་བསམ་ཚུལ་བརྗོད་འདོད་མེད། མ་བརྗོད་པ་མིན། ཅི་ཙམ་བརྗོད་ཀྱང་ད་བར་ཕན་ཐོག་གང་ཡང་བྱུང་མ་སོང་། ད་ལན་བཤད་འདོད་པ་གཅིག་ཡོད།། དེ་ནི་ཁྱོད་མིང་རྫུས་སྤྲུལ་སྐུ་དབང་ཆེན་སོགས་ཀྱི་ཁར་རྒྱུགས་ཏེ་ངོ་དེབ་སོགས་དྲ་ལམ་ཁག་ནས་བོད་གཞུང་གི་དཔོན་རིགས་དང་ལྷག་དོན་དུ་ཟམ་གདོང་སོགས་ལ་དངོས་ཤུགས་བརྒྱུད་གསུམ་ནས་སྐྱོན་བརྗོད་ཤུགས་ཆེན་བྱེད་པ་དེ་དག་མཚམས་བཞག་ན་བསམ། དེ་ལྟར་སྐྱོན་བརྗོད་ཅི་ཙམ་བྱས་ཀྱང་ཟམ་གདོང་བླ་མའི་རྐང་ཞབས་ཀྱི་རྡུལ་ཙམ་ཡང་བསྒུལ་མི་ཐུབ་པའི་ཚད་དུ་སླེབས་ཡོད། ཁ་གསལ་དུ་བཏང་ན་ཟབ་གདོང་བླ་མ་བོད་སྤྱིའི་མཁའ་དབྱིངས་སུ་འཕུར་ཟིན་པ་རེད། དེས་ན་ཁྱོད་ཀྱི་སྐྱོན་བརྗོད་དེ་དག་གིས་སུ་ལ་གནོན་པ་ཡོད་ཟེར་ན། ཁྱོད་རང་ལ་གནོད་པ་རེད། ཁྱོད་ཀྱིས་རྒྱལ་བ་ཇོ་ནང་བའི་ལ་རྒྱ་བཟུང་སྟེ་ཡིག་ངག་གཉིས་ཐོག་ནས་བཀྲམས་པའི་འབོད་བསྐུལ་དང་སྐད་བསྐུར་དེ་དག་ལ་རིན་ཐང་དེ་ཙམ་མེད་པར་བཟོ་བ་མ་ཟད། གཟུ་བོར་གནས་པའི་བོད་མི་མང་པོ་ཞིག་གི་སེམས་ལའང་ཇོ་ནང་བ་ནི་བོད་གཞུང་གི་དཔོན་རིགས་དང་མཁས་དབང་ཟམ་གདོང་ལ་སྨད་པའི་བླ་སྤྲུལ་མཁན་པོ་ཁྱུ་གཅིག་གི་འོག་ཏུ་འཚོ་བའི་མི་ཚོགས་ཞིག་ཡིན་པའི་ཚོར་སྣང་དངོས་རེ་སྤྲོད་ཀྱིན་པ་ངོ་ཤེས་གྲོགས་པོ་མང་པོ་ཞིག་དང་ལྷན་གཏམ་གླེང་སྐབས་གོ་བྱུང་།མདོར་ན། འགྲོ་འདུག་གང་གི་སྐབས་སུའང་བོད་གཞུང་གི་དཔོན་རིགས་དང་ཟམ་གདོང་སོགས་ལ་བརྗོད་བརྗོད་ཀྱི་ཚབ་ཏུ་ཕྱོགས་ཐལ་དུ་མ་ལྷུང་བའི་གཏན་ཚིགས་རེ་སྒྲོག་ཐུབ་ན་རུམ་ནས་བྲོ་མི་ཤོར་དང་ལག་པས་ཉ་ཟིན་ཐབས་ཞིག་ཡོང་སྲིད་དོ། །

  10. ལྡོང་གསེར་མིག says:
    2015-12-05 at 7:40 pm

    སྐྱོན་བརྗོད་ཅེས་བཅོས།

  11. པདྨ says:
    2015-12-06 at 5:12 am

    ཇོ་ནང་ཆོས་ལུགས་གྲལ་དུ་མ་བཞགས་ནས་ད་དུང་མ་ངོམས་ནས་ཧིན་དུ་དང་ཁ་ཆེ་སོགས་སྦྱར་བ་ནི་ལས་འབྲས་མེད་པ་དབང་རྩ་མི་ཚང་བའི་བོད་གཞུང་ཞིག་ཡིན་པ་གསལ་བོ་བསྟན་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme