Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བཙུགས་པའི་བསྐོར་ལ་དཔྱད་པའི་གཏམ།

Posted on 2023-05-29 By ཁ་བརྡ No Comments on སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ནས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བཙུགས་པའི་བསྐོར་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།

མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་དང་སྒྲིག་གཞིའི་ལམ་སྟོན་འོག་མི་མང་འཚོ་དགོས་པ་དང། མི་མང་གིས་མངོན་འདོད་དང། མི་མང་གིས་བསམ་འཆར། མི་མང་གིས་ཡིད་ཆེས་བཅས་གཞི་ལ་བཞག་ནས་ཁྲིམས་བཟོ་གྲོས་ཚོགས་ནས་ཁྲིམས་སྒྲིག་གཏན་འབེབས་སམ་བསྐྱར་བཅོས་སམ་བཟོ་བཅོས་སོགས་གནང་དགོས་པ་དེ་ཁྲིམས་བཟོ་གྲོས་ཚོགས་འཐུས་མིའི་ཐུགས་འགན་ཡིན་པ་དང། གལ་ཆེ་ཤོས་དེ་བཅའ་ཁྲིམས་ལེའུ་བཞི་པ། ལེའུ་ལྔ་པ་། ལེའུ་དྲུག་པ། བཅས་འདི་གསུམ་ལ་གས་ཆག་མ་ཤོར་བ་གསོན་པོར་གནས་ཐུབ་པའི་྄འགན་དེ་མང་གཙོའི་ཀ་བ་གསུམ་ནས་བཞེས་དགོས་པ་ནས་ད་ལྟའི་ཆ་ལ་བཅའ་ཁྲིམས་ལེའུ་དྲུག་པ། ཁྲིམས་ལུགས་དབང་འཛིན། དོན་ཚན་རེ་གསུམ་པ། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་མེད་པ་དང་། ཁྲིམས་ཞིབ་པ་ཆེ་བའི་ལས་ཚབ་ཡང་རིང་མིན་སྤྱི་ཟླ་དྲུག་པའི་ནང་བགྲེས་ཡོལ་ལ་ཕེབས་མཁན་རེད་འདུག་ན་མི་མང་གིས་འཐུས་མི་ཚོའི་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ཟེར་བའི་ཐ་སྙད་ལ་འགན་འཁུར་ནས་ཁྲིམས་ཞིབ་པ་ཆེ་བ་དུས་ཐོག་ལ་བསྐོ་དགོས་པ་དེ་ཁྲིམས་བཟོ་གྲོས་ཚོགས་འཐུས་མིའི་ཐུགས་འགན་ཡིན་པ་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་སོ་དྲུག་པ། ཁྲིམས་བཟོའི་དབང་ཆ། ཁྲིམས་ལུགས་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་སྤྱི་འཐུས་གྲོས་ཚོགས་ལ་ཡོད་ཟེར་བ་ནས་གྲོས་ཚོགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བསྐོ་བཞག་མ་ཐུབ་པ་དེ་བཅའ་ཁྲིམས་ལ་འགན་མ་འཁུར་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བསྐོ་མ་ཐུབ་པར་ངོས་འཛིན་ཞུ་དགོས་པ་རེད་དམ། ཆེད་དུ་དམིགས་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་མ་བསྐོས་པ་ལ་ངོས་འཛིན་ཞུ་དགོས་པ་རེད་དེ་ཡང་གསལ་པོ་ཤེས་ཐུབ་མ་སོང།

བཅའ་ཁྲིམས་ནང་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བསྐོ་རྒྱུའི་ཆ་རྐྱེན་ཡོད་བཞིན་དུ་མ་བསྐོས་པར་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་རྒྱུ་དེ་རྩ་་བ་བོར་ནས་ཡལ་ག་ལ་འཆང་བ་མ་རེད་དམ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བསྐྱར་བཅོས་ག་འདྲ་ཞིག་དགོས་ཀྱང་གཞི་རིམ་མི་མང་གི་བསམ་ཚུལ་དང། མི་མང་གི་མངོན་འདོད། མི་མང་གི་ཡིད་ཆེས། དེ་དག་གཞི་ལ་བཞག་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་འགྲོ་དགོས་པར་བརྟེན་སྤྱི་འཐུས་གྲོས་ཚོགས་ནས་གཞི་རིམ་མི་མང་གི་བསམ་ཚུལ་ལ་ཆེ་མཐོང་དང་གུས་བརྩི་ག་ཚོད་ཡོད་དེ་ཡང་གསལ་པོ་ཤེས་ཐུབ་མ་སོང། སྤྱི་བཏང་བཅའ་སྒྲིག་གཉིས་ལ་བསྐྱར་བཅོས་དང་བཟོ་བཅོས་ག་འདྲ་ཞིག་དགོས་ཀྱང་སྐབས་དང་དུས་ལ་གྲོས་ཚོགས་རང་ནས་སྤྱི་མོས་དང་མང་མོས་བརྒྱུད་ནས་གྲོས་ཚོགས་ཀྱི་ལས་རིམ་ནང་འགྲོ་ཆོག་པ་དང་འགྲོ་བཞིན་པ་ནི་ཁྲིམས་མཐུན་རང་ལ་ངོས་འཛིན་ཞུ་གི་ཡོད། འོན་ཀྱང་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་བཙུགས་ནས་བསྐྱར་བཅོས་ཀྱི་ཚིག་དོན་གསར་པའི་ས་བོན་གཞི་རིམ་མི་མང་ནས་སླེབས་དགོས་པ་ལས་བསྐྱར་བཅོས་ཚོགས་ཆུང་རང་གི་མངོན་འདོད་དང་བསམ་ཚུལ་གཞི་ལ་བཞག་ནས་བཅའ་ཁྲིམས་ལ་བསྐྱར་བཅོས་གནང་བ་ཡིན་ན་མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུད་ལ་ཁ་ཕྱོགས་པ་མ་རེད་དམ། བཅའ་ཁྲིམས་ལ་བསྐྱར་བཅོས་བྱ་རྒྱུའི་དུས་ལ་སླེབས་ཡོད་ན་ཁྲིམས་ལུགས་རིག་པའི་རིག་གཅིག་རྐང་འཛིན་གྱི་མཁས་པའི་མི་སྣ་ལས་སྒྲུབ་པའི་ཚོགས་ཆུང་ངམ་ཡང་ན་འཛིན་སྐྱོང་དང་གྲོས་ཚོགས་གཉིས་ཀའི་མི་སྣ་ཡོད་པའི་ཚོགས་ཆུང་བཙུགས་ནས་མི་མང་གི་བསམ་འཆར་དང། མངོན་འདོད། ཡིད་ཆེས་སོགས་ས་བོན་དུ་བཞག་ནས་བཅའ་ཁྲིམས་བསྐྱར་བཅོས་འགྲོ་དགོས་པ་དེ་མང་གཙོའི་རྒྱལ་ཁབ་སྤྱིའི་ལམ་ལུགས་དང་མཐུན་པ་ཞིག་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ་གྲོས་ཚོགས་ཀྱི་འཐུས་མི་ཀྱང་པས་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ནང་འགན་བཞེས་རྒྱུ་དེ་མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་ལམ་ལུགས་ཡིན་དེ་ཡང་གསལ་པོ་ཤེས་ཐུབ་མ་སོང།་ བཀའ་སྤྱི་གཉིས་ཀྱིས་ལས་ཁུར་འགོ་བཙུགས་ནས་མི་ལོ་གཉིས་ལྷག་ཙམ་འགྲོ་བའི་སྐབས་འདིར་བཅའ་ཁྲིམས་དོན་ཚན་ཉི་ཤུ་རྩ་གཅིག་ནང་གསལ་བའི་བཀའ་བློན་ཆ་ཚང་བསྐོ་མ་ཐུབ་པ་དང་བཅའ་ཁྲིམས་དོན་ཚན་དྲུག་བཅུ་རེ་གསུམ་ནང་གསལ་བའི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བསྐོ་མ་ཐུབ་པ་འདིའི་འགན་ཆ་ཚང་སྤྱི་འཐུས་གྲོས་ཚོགས་ལ་ཡོད་པའི་ངོས་འཛིན་ཞུ་གི་ཡོད། སྤྱི་འཐུས་ཚོ་ལས་ཁུར་མ་བླངས་གོང་བཅའ་ཁྲིམས་ནས་བཀུར་བའི་ལས་ཁུར་དམ་བཅའི་ཚིག་གཞི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་ཁུར་ཞུ་སྒོ་མཐའ་དག་བཅའ་ཁྲིམས་ཀྱི་འབྲུ་དོན་འགལ་མེད་ཐོག། རང་དོན་ཕྱོགས་ལྷུང་དང། འཇིགས་ཞུམ་ཆགས་སྡང་མེད་པར་། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི། དམ་བཅའ་ཕུལ་བ་དེ་དང་མ་འགལ་བའི་ཐོག་ནས་བཅའ་ཁྲིམས་ནས་བཀུར་བའི་ཁྲིམས་བཟོའི་ལས་འགན་སྒྲུབ་དགོས་པ་དེ་ཁྲིམས་བཟོ་གྲོས་ཚོགས་འཐུས་མིའི་ཐུགས་འགན་མིན་པ་ཡིན་ནམ། སྤྱི་འཐུས་སྐབས་བཅུ་དྲུག་གི་ཁྲིམས་འགལ་གྱི་ལས་ཉེས་འོག་ནས་སྤྱི་འཐུས་སྐབས་བཅུ་བདུན་པ་ལས་ཁུར་དམ་འབུལ་ཞུ་ས་མ་རྙེད་པ་འུ་ཐུག་ཐབས་ཟད་ནས་མཐར་༧གོང་ས་མཆོག་ལ་ལམ་སྟོན་བཀའ་སློབ་སྙན་སྲུན་ཞུས་པའི་ཕྱིར་ཕེབས་ལམ་སྟོན་བཀའ་སློབ་ཤོག་ལྷེ་གཉིས་ཅན་དེའི་ནང་དོན་ལ་གཟིགས་ན་༧ གོང་ས་མཆོག་ལ་ཐུགས་ཕམ་ག་ཚོད་བཟོས་འདུག་དེ་ནས་གསལ་པོ་ཤེས་ཐུབ་པ་བཅས་མདོར་བསྡུས་ནས་བཤད་ན་ད་ལམ་གྱི་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་དེ་ཡང་ཁྲིམས་འགལ་གྱི་བཅའ་ཁྲིམས་བསྐྱར་བཅོས་ཚོགས་ཆུང་ལ་ངོས་འཛིན་ཞུ་གི་ཡོད། གཞུང་པས། ༢༠༢༣/༠༥/༢༦

༧ གོང་ས་མཆོག་ནས་སྤྱི་འཐུས་སྐབས་བཅུ་བདུན་པའི་ལས་ཁུར་དམ་འབུལ་དང་འབྲེལ་བའི་སྐོར་ལ་རྩལ་བའི་ལམ་སྟོན་བཀའ་ཡིག།

࿑ ཆེད་དོན། དེ་ནས་ཕྱི་ལོ་ ༢༠༢༡ ཟླ་བ་ ༩ ཚེས་ ༢༩ འཁོད་པའི་ཞུ་ཡིག་མིང་རྟགས་འབྱར་མ་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་ཕུལ་འབྱོར་བྱུང་བའི་ནང། སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་གསར་འཛུགས་མ་ཐུབ་པའི་བྱུང་རྐྱེན་འགྲེལ་བརྗོད་རིང་པོ་དང་མཉམ་ངོས་ནས་བླང་དོར་སློབ་སྟོན་དགོས་པའི་རེ་བསྐུལ་ནན་པོ་བྱས་འདུག་པ་འདིའི་ཐད། ཀུན་གྱིས་ཤེས་གསལ། ཁོ་བོར་གཞོན་ནུའི་དུས་ནས་བོད་གཞུང་གི་སྒྲིག་འཛུགས་དང་ཆབ་སྲིད་ཀྱི་ལམ་སྲོལ་དེང་རབས་མང་གཙོའི་ལམ་དུ་བསྒྱུར་རྒྱུ་དུས་ཀྱི་དགོས་མཁོར་མཐོང་བའི་ཡིད་མདུན་ཡོད་པ་བཞིན་ཆབ་སྲིད་ཀྱི་མངའ་དབང་བདག་གིར་བྱས་པ་ནས་བཟུང། ལེགས་བཅོས་ཚོགས་འདུ་གསར་འཛུགས་སོགས་རྩོལ་བ་ཇི་སྙེད་ཅིག་བྱས་རུང་རྒྱ་དམར་གྱི་བཙན་ཤུགས་འོག་དོན་འཁེལ་མ་བྱུང། བཙན་བྱོལ་དུ་འབྱོར་འཕྲལ་སྒྲིག་འཛུགས་བསྐྱར་བཅོས་དང། སྤྱི་འཐུས་གསར་འཛུགས་། མ་འོངས་རྩ་ཁྲིམས་ཟིན་བྲིས་གསལ་བསྒྲགས་སོགས་ཐབས་བརྒྱ་བྱུས་སྟོང་གིས་ལས་ཀྱི་སྣེ་མོ་བ་དང་གཞི་རིམ་མང་ཚོགས་སུ་མང་གཙོའི་གོ་རྟོགས་དང་གོམས་གཤིས་སྤེལ་ཐབས་རྒྱུན་སྐྱོང་གིས་མཐར་ ༡༩༩༡ ལོར་སྤྱི་ལྷན་ཁྲིམས་བཟོ་ལྷན་ལྷན་ཚོགས་སུ་བསྒྱུར་ཏེ་བཙན་བྱོལ་རིང་ལག་བསྟར་ཐུབ་ངེས་ཀྱི་བཅའ་ཁྲིམས་གཏན་ལ་ཕབ། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ནས་བཟུང་བོད་མིའི་སྒྲིག་འཛུགས་ངེས་དོན་ཁྲིམས་ཀྱི་དབང་བསྒྱུར་འོག་ཤར་བསྐྱོད་ཀྱིས་མང་གཙོའི་ཀ་བ་གསུམ་ལྗིད་མཉམ་བཏང་འཛིན་གྱི་ལམ་ནས་སྲིད་དབང་བསྐྱང་རྒྱུའི་ཉམས་གསོག་མགོ་འཛུགས་ཀྱིས་ལོ་ངོ་བཅུ་ལྷག་སོང་སྟེ། ཁྲིམས་ཀྱི་དབང་བསྒྱུར་སྲ་བརྟན་ཡིད་ཆེས་འཕེར་བ་བྱུང་མཚམས་ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༩ ནས་བཟུང་ངོས་ནས་སྔར་ལམ་བོད་རྒྱལ་ཁབ་དང་གཞུང་གི་གཙོ་འཛིན་གྱི་འགན་དབང་རྒྱུན་སྐྱོང་མ་དགོས་པར་ལོ་ངོ་བརྒྱ་ཕྲག་དུ་མའི་རིང་༧ རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་བསྐྱངས་པའི་བོད་ཀྱི་སྲིད་དབང་ཁྲིམས་བཟོ་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་བཅའ་ཁྲིམས་ཀྱིས་བསྐྱང་རྒྱུའི་གོ་སྐབས་སུ་སོན་པར་དགའ་སྤོབས་དང་འབྲེལ། མང་གཙོའི་ཀ་བ་གསུམ་གའི་སྣེ་མོ་བ་ཡོངས་ཀྱིས་ལས་ཁུར་བླང་སྐབས། ༼ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་དང་བློ་གཏད་ཀྱི་ཐོག་ནས་ ༽ ཞེས་དམ་འབུལ་བྱ་སྲོལ་ལ་བརྟེན་ཚང་མས་བཅའ་ཁྲིམས་ཀྱི་ཚང་ཐིག་ལས་མི་བརྒལ་བར་འདྲ་མཉམ་དྲང་བདེན་གྱིས་ཆབ་སྲིད་བསྐྱངས་ཏེ། ༧ རྒྱལ་དབང་ན་རིམ་གྱི་དབུ་ཁྲིད་མེད་པའི་སྟོང་ཆ་ནམ་ཡང་མི་མངོན་པའི་གདེང་སྤོབས་བྱས་པ་ཡིན། འོན་ཀྱང་འདི་ལོའི་བྱུང་རིམ་དུ་དེ་ལས་ལྡོག་སྟེ་གནད་དོན་རེ་ཟུང་ལ་དོན་མེད་མཁྲེགས་བཟུང་གིས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཁྲིམས་མཐུན་སྐོང་ཚོགས་མ་ཐུབ་པར་ངོས་རང་བློ་ཕམ་བྱུང་བར་མ་ཟད། བོད་མི་སྤྱི་དང། ལྷག་པར་གཞིས་བཞུགས་བོད་མི་ལྷག་བསམ་ཅན་རྣམས་ལ་བློ་ཕམ་དང་ཡིད་ཆད་འབྱུང་གཞིར་གྱུར་མོད་བྱ་ཐབས་བྲལ། ད་ཡོད་དཀའ་རྙོག་འདི་དག་སེལ་ཐབས་ཀྱང་བཅའ་ཁྲིམས་སུ་གསལ་ཡོད་པ་ལྟར་ཁྲིམས་ཀྱི་དབང་བསྒྱུར་ངོས་ལེན་བྱས་ན་དཀའ་རྙོག་ཡོང་གཞི་མ་མཆིས། བཅའ་ཁྲིམས་ཀྱི་འབྲུ་དོན་ལག་བསྟར་དཀའ་རིགས་ཡོད་ཚེ་ཁྲིམས་ལུགས་གཞིར་བཟུང་བཅས་ཁྲིམས་བསྐྱར་བཅོས་ཀྱི་ཐབས་ལམ་ཡོད་བཞིན་པ་དང། འབྲུ་དོན་འགྲེལ་བརྗོད་བྱེད་སྟངས་ལ་ཐེ་ཚོམ་བྱུང་ན་ཁྲིམས་ལུགས་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་ཀྱི་ལམ་ནས་བསལ་དགོས། བཅའ་ཁྲིམས་འགྲེལ་བརྗོད་ཀྱི་མཐའ་མའི་འགན་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ནར་ཡོད།
གནད་དོན་འདི་དག་གཞི་རྩར་བཟུང་སྐབས་ད་ལམ་གྱི་རྙོག་འཛིང་འདིའི་སྐོར་ངོས་ལ་རེ་སྐུལ་བྱ་རྒྱུ་བཅའ་ཁྲིམས་དོན་ཚན་དང་པོའི་ཁྱབ་ཁོངས་སུ་ཡོད་མིན་ཐེ་ཚོམ་དང།
གལ་ཏེ་ངོས་ནས་ལམ་སྟོན་བྱེད་དབང་དུ་བཏང་རུང་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་བ་ཞིག་བྱེད་ཐབས་མེད་པ་དངོས་དོན་རེད།
ངོས་ཀྱི་བསམ་ཚུལ་འདི་དག་བར་སྐབས་མང་ཚོགས་སུ་ལན་མང་བརྗོད་ཟིན་པས་མ་ཤེས་པ་མེད་རེ་ཡིན་མོད།
ད་དུང་ངོས་ལ་ལམ་སྟོན་ཁ་གསལ་དགོས་པའི་རེ་འདུན་ཡོད་ན་གཤམ་གསལ།

༡ སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ།
༢ དེ་ལྟར་མ་བྱུང་ཚེ་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་གང་མྱུར་ལོངས་ཆེད་འོས་བསྡུ་ལས་ཁང་ནས་བཅའ་ཁྲིམས་གཞིར་བཟུང་བྱེད་སྒོ་གང་ཡོད་ལག་བསྟར་བྱ་རྒྱུ་བཅས་ཡིད་འཇགས་གྱིས།
ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས།
ཕྱི་ལོ་༢༠༢༡ ་ཟླ་ ༡༠ ཚེས་ ༦ ལ།

ངོ་བཤུས།
༡ སྲིད་སྐྱོང།
༢ འོས་བསྡུ་ལས་ཁང།

བསམ་ཚུལ།

Post navigation

Previous Post: མཚོ་ཁའི་ཆང་ཁང་།
Next Post: གསོལ་འདེབས་དད་པའི་མེ་ལོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme