Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་ལ་དཔྱད་པའི་གཏམ།

Posted on 2023-03-272023-03-27 By ཁ་བརྡ 2 Comments on སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས།


མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ ༼ Rule of Law ༽ ནང་ཁྲིམས་ཡིག་གི་ལམ་སྟོན་འོག་མི་མང་འཚོ་དགོས་པ་དང་། དམངས་གཙོ་ ༼ Proletarian ༽ གྲལ་རིམ་གཅིག་སྡུད་ཀྱི་ལམ་ལུགས་ནང་གོངརིམ་གྱིས་བཀའ་བཀོད་འོག་མི་མང་འཚོ་དགོས་པ་བཅས་ཆབ་སྲིད་ཀྱི་ལམ་ལུགས་འདི་གཉིས་ལ་འགན་འཁུར་ནས་དེང་སྐབས་འཛམ་གླིང་གི་ལུང་པ་མང་པོའི་ནང་མང་གཙོ་དང་དམངས་གཙོ་བཤད་ནས་ཞི་བའི་མི་མང་གི་འཚོ་བའི་ལས་གཞི་ལ་འགན་སྲུང་བྱེད་བཞིན་པ་དང་། མང་གཙོའི་སྒྲིག་འཛུགས་ནང་ཁྲིམས་བཟོ་སྡེ་ཚན་༼ Legislature ༽ དང་། འཛིན་སྐྱོང་སྡེ་ཚན་ ༼Executive ༽ དང་། ཁྲིམས་ལུགས་དབང་འཛིན་ ༼ judiciary ༽ བཅས་མང་གཙོའི་གཞུང་འཛིན་སྐྱོང་གནང་མཁན་གྱི་མང་གཙོའི་ཀ་བ་གསུམ་ ༼ Three Pillar of Democracy Government ༽ འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པ་ནས་གཅིག་གི་གཅིག་ལ་འགན་བཀུར་དགོས་པ་དང་གཅིག་གི་གཅིག་ལ་ལན་རྒྱབ་དགོས་ ༼ Responsible and Answerable and Check and Balance System ༽ པའི་ལམ་ལུགས་དེ་ལ་མང་གཙོ་ཁྲིམས་ཀྱིས་དབང་བསྒྱུར་ ༼ Rule of Law ༽ ཟེར།

ཁྲིམས་ལུགས་ལ་འགན་འཁུར་མ་དགོས་པ་གོང་རིམ་ནས་བཀོད་ཁྱབ་འོག་མི་མང་འཚོ་བཞིན་པའི་ལམ་ལུགས་དེ་ལ་གྲལ་རིམ་དམངས་གཙོ་ ༼ Proletarian ༽ ཟེར་བ་ནས་དེང་སྐབས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་དེ་གྲལ་རིམ་དམངས་གཙོ་གཅིག་སྡུད་ཟེར་བ་དེ་ཡིན་པ་དང་། ང་ཚོའི་མང་གཙོའི་ལམ་ལུགས་དེ་ཁྲིམས་ཀྱི་དབང་བསྒྱུར་ཡིན་པ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་འོག་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་ཡོད་པ་ནས་ཤེས་ཐུབ་པ་དང་། བཅའ་ཁྲིམས་དོན་ཚན་སོ་དྲུག་པ་། ཁྲིམས་བཟོའི་དབང་ཆ་། ཁྲིམས་ལུགས་བཟོ་འགོད་དང་གཏན་འབེབས་བྱ་རྒྱུའི་དབང་ཆ་ཡོངས་རྫོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་ཡོད་པ་དང་ཁྲིམས་ལུགས་དེ་དག་ཁྲིམས་སུ་བཅའ་བ་ལ་སྲིད་སྐྱོང་གིས་ཆོག་མཆན་མིང་རྟགས་འགོད་དགོས་ཅེས་གསལ་བ་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནས་བཀུར་བའི་ཁྲིམས་བཟོའི་འགན་དབང་དེ་ཁྲིམས་ལུགས་གཏན་འབེབས་གནང་རྒྱུ་དེ་ཡིན་ན་ད་ལམ་སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་དང་འབྲེལ་བའི་གལ་ཆེའི་ཁྲིམས་འཆར་ཡིག་ཆ་ཨང་ ༡༩ དང་ཡིག་ཆ་ཨང་ ༢༠ གཉིས་ལ་བསྐྱར་བཅོས་འགྲོ་མ་ཐུབ་པ་ནི་བཅའ་ཁྲིམས་དོན་ཚན་སོ་དྲུག་ནང་གསལ་བའི་ཁྲིམས་བཟོའི་ལས་འགན་མ་འགྲུབ་པ་ལ་ངོས་འཛིན་དང་བཅས་ད་ལྟའི་སྤྱི་འཐུས་སྐབས་བཅུ་བདུན་པ་ཆ་ཚང་བཟང་སྤྱོད་ལ་འགན་འཁུར་ནས་རྩ་དགོང་ཞུ་དགོས་པའི་དུས་ལ་བབ་མི་འདུག་གམ།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༣ ཟླ་བ་ ༣ པའི་ཚེས་ ༢༦ ལ།

བསམ་ཚུལ།

Post navigation

Previous Post: ཡིག་བསྐུར་ཐ་སྙད། 
Next Post: ད་སྤྱི་འཐུས་དེ་ཚོ་མང་དྲག་གི་མི་འདུག་ཝེ།

Comments (2) on “སྤྱི་འཐུས་སྐབས་བཅུ་བདུན་པའི་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་རིམ་ལ་དཔྱད་པའི་གཏམ།”

  1. ཇ་མ། says:
    2023-03-28 at 11:08 pm

    ཆོས་རྒྱུད་སྤྱི་འཐུས་ནས་ཆེས་མཐོའི་ཁྲིམས་ཁང་མི་དགོས་ཟེར། དེ་བཞིན་སྤྱི་འཐུན་ལྷན་ཁང་ཡང་མི་དགོས།

  2. གཞུང་པ་ཚེ་དབང་བསོད་ནམས་། says:
    2023-03-29 at 3:38 am

    ཆེས་མཐོའི་ཁྲིམས་ཞིབ་ཁང་མི་དགོས་ཟེར་མཁན་ཡོད་ན་མི་དེ་ཚོ་གི་མང་གཙོའི་འགྲོ་སྟངས་ཤེས་ཀྱི་མེད་པ་རེད་། དེ་འདྲའི་རིགས་ལ་མང་གཙོའི་གོ་རྟོགས་སྤེལ་དགོས་པ་རེད་། མང་གཙོའི་ལྟ་སྒྲུབ་ནང་གཞུང་འཛིན་མཁན་གྱི་མང་གཙོའི་ཀ་བ་གསུམ་འགན་དབང་འདྲ་མཉམ་ཐ་དད་དུ་གནས་དགོས་རེད་། གཞུང་འཛིན་མཁན་གྱི་མང་གཙོའི་ཀ་བ་གསུམ་ནི་། ༡ ཁྲིམས་བཟོ་དབང་འཛིན་། ༼ Legislature ༢ འཛིན་སྐྱོང་སྡེ་ཚན་་། ༼ Executive ༽ ཁྲིམས་ལུགས་དབང་འཛིན་། ༼ Judiciary ༽ བཅས་སྡེ་ཚན་འདི་གསུམ་ལ་མང་གཙོའི་གཞུང་འཛིན་མཁན་གྱི་མང་གཙོའི་ཀ་བ་གསུམ་དེ་རེད་། དེ་གསུམ་གྱི་ནང་ནས་མཐའ་གཏུགས་ས་དེ་ཁྲིམས་ལུགས་དབང་འཛིན་རེད་། ༼ Judiciary ༽ བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་བཅའ་ཁྲིམས་ཀྱི་གོ་དོན་དང་འབྲེལ་བའི་རྩོད་གླེང་ཚང་མ་ཐག་གཅོད་མཁན་མཁན་དེ་ཁྲིམས་ལུགས་དབང་འཛིན་རེད་། ༼ Judiciary ༽ ཁྲིམས་ལུགས་དབང་འཛིན་དགོས་ཀྱི་མེད་ན་ཁྲིམས་བཟོ་དབང་འཛིན་དང་། འཛིན་སྐྱོང་སྡེ་ཚན་བཅས་ཆ་ཚང་ནུས་མེད་ཆགས་ཚར་བ་རེད་།
    ་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme