Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཐག་བཅད་པའི་གྲོས་ཆོད་ཡིག་ཆ་ཨང་༣༩པ་དང་འབྲེལ་བའི་བརྒྱུད་རིམ།

Posted on 2022-10-31 By ཁ་བརྡ No Comments on སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཐག་བཅད་པའི་གྲོས་ཆོད་ཡིག་ཆ་ཨང་༣༩པ་དང་འབྲེལ་བའི་བརྒྱུད་རིམ།

གཞུང་པ་ཚེ་དབང་བསོད་ནམས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འགྲེམས་སྤེལ་བྱས། བོད་རྒྱལ་ལོ་ ༢༡༤༩ ཕྱི་ལོ་ ༢༠༢༢། ཟེར་བའི་དེབ་དེའི་ནང་དོན་ཆ་ཚང་ཀློག་སྐབས་ང་ལ་མཐོང་ཚུལ་དང་བསམ་ཚུལ་གོ་རྟོགས་སོགས་གང་བྱུང་བ་དེ་མང་གཙོ་དང་ཁྲིམས་ཀྱི་དབང་བསྒྱུར་ལ་འགན་འཁུར་ནས་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱི་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་འདིར་ཞུ་འདོད་བྱུང་།

༡༽གྲོས་ཆོད་ཡིག་ཆ་ཨང་༣༩པ་དེ་ཁྲིམས་མཐུན་ཡིན་དང་ཁྲིམས་འགལ་ཡིན་གཤམ་གསལ་བཅའ་ཁྲིམས་ཀྱིས་དོན་ཚན་ཁག་ནས་ངོ་སྤྲོད་ཐུབ་རྒྱུ།

བཅའ་ཁྲིམས་དོན་ཚན་༦༣པའི་ནང་གསེས་བཞི་པའི་འོག་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བ་དེ་ཁྲིམས་མཐུན་རེད་དམ། ཁྲིམས་འགལ་རེད་གཤམས་འོག་བཅའ་ཁྲིམས་ཀྱིས་དོན་ཚན་ཁག་ལ་གཟིགས་ན་མཁྱེན་ཐུབ།༼བཅའ་ཁྲིམས་དོན་ཚན་༦༣པའི་ནང་གསེས་བཞི་པ་འདི་ལྟར།

སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱིས་ཁྲིམས་ཞིབ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་སུ་རུང་འཕོ་འགྱུར་དགོས་པའི་གྲོས་ཆོད་བཞག་སྟེ་འཕོ་འགྱུར་བྱེད་དགོས་བྱུང་ན་ལས་དེ་མིན་ཁྲིམས་ཞིབ་པ་ཆེ་བའི་ལས་རྒྱུན་ལོ་ལྔ་འམ་རང་ལོ་དྲུག་བཅུ་རེ་ལྔ་ཧྲིལ་པོ་ལོན་པ་གང་སྔའི་བར་ཡིན།ཁྲིམས་ཞིབ་པ་གཞན་གཉིས་རང་ལོ་དྲུག་ཅུ་རེ་ལྔ་ཧྲིལ་པོ་མ་ལོན་བར་ལས་འཁུར་རྒྱུན་འཛིན་བྱ་རྒྱུ།༽ཅེས་འཁོད་པ་ནས་དོན་མཚན་འདིའི་གོ་དོན་ནི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་ཁྲིམས་ཞིབ་པ་ཚོའི་ལས་ཡུན་ཞབས་ལོ་དང་རང་ལོའི་སྐོར་ཡིན་པ་ལས་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་དོན་ཚན་་དེ་བཅའ་ཁྲིམས་དོན་ཚན་༥༤ཡིན་པ་འདི་ལྟར།༼བཅའ་ཁྲིམས་དོན་ཚན་ང་བཞི་པ། གྲོས་བསྡུར་བཀག་སྡོམ།ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་གང་རུང་འཕོ་འགྱུར་བྱ་རྒྱུའི་སྐོར་དང་།སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོག་ཞིབ་ཐོག་སྤྱི་འཐུས་ལྷན་ཚོགས་སུ་སྙན་མཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སློང་དང་།གྲོས་བསྡུར་མི་ཆོག༽ཅེས་གསལ་བ་ནས་བཅའ་ཁྲིམས་ཀྱི་དོན་ཚན་ནོར་ནས་སྤྱི་འཐུས་རྒྱུན་ལས་ནས་བཅའ་ཁྲིམས་དོན་ཚན་༦༣གི་ནང་གསེས་བཞི་པའི་འོག་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་གཏོང་རྒྱུའི་གྲོས་འཆར་སྟོན་པ་ནི་གྲོས་འཆར་གྱི་ངོ་གདོང་རང་ནས་ཁྲིམས་འགལ་ཡིན་པ་ནས་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་འཐུས་མིའི་སྤུས་ཚད་དེ་འོས་འཕེན་རྒྱ་ཆེ་མི་མང་གི་མདུན་དུ་འཐོན་ནས་སྔོ་ལོ་ལུང་པ་གང་ཕྱར་ནས་མ་འོངས་བོད་ཀྱི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ནང་སྲུབ་ནས་ཟུབ་རྒྱུ་མེད་པའི་ལོ་རྒྱུས་ཀྱི་ནག་ཐིག་ཆེན་པོ་ཞིག་བཀོད་པ་མ་རེད་དམ།མང་གཙོའི་རྒྱལ་ཁབ་ག་འདྲ་ཞིག་གི་རྩ་ཁྲིམས་ལ་བལྟ་ཀློག་དང་བརྒྱུས་ལོན་བྱ་མཁན་ཞིག་ཡོད་ན་ཁྲིམས་ཁང་གི་ཁྲིམས་དཔོན་ཆ་ཚང་སྡེབས་གཅིག་ལ་འོས་བསྡུའི་ལམ་ནས་གྲོས་ཚོགས་འཐུས་མི་ནས་འཕོ་འགྱུར་གཏོང་རྒྱུའི་ཆ་རྐྱེན་རྩ་ཁྲིམས་ནང་རྙེད་རྒྱུ་མེད་པ་དང་།ང་ཚོའི་ཁྲིམས་ཞིབ་པ་ཆ་ཚང་འོས་བསྡུའི་ལམ་ནས་སྡེབས་གཅིག་ལ་གྲོས་ཚོགས་ནས་འཕོ་འགྱུར་བཏང་བ་དེ་བཅའ་ཁྲིམས་དོན་ཚན་༥༤ནང་གསལ་བའི་གང་རུང་ཟེར་བའི་ཐ་སྙད་དེ་དང་བཅའ་ཁྲིམས་དོན་ཚན་༦༣གི་ནང་གསེས་བཞི་པའི་ནང་གསལ་བའི་སུ་རུང་ཟེར་བའི་ཐ་སྙད་དེ་དག་དང་ཕྱོགས་མཐུན་བྱུང་མེད་པ་ནས་ཁྲིམས་འགལ་རང་ལ་ངོས་འཛིན་ཞུ་གི་ཡོད་ལ་ཁྲིམས་ཞིབ་ཚོ་འཕོ་འགྱུར་གཏོང་རྒྱུའི་དོན་ཚན་དེ་༥༤ཡིན་པ་མ་ཟད་སྤྱི་འཐུས་ལྷན་ཚོགས་ནས་ཚོགས་ཆུང་ཟུར་འཛུགས་ཀྱིས་རྟོགས་ཞིབ་ཐོོག་སྤྱི་འཐུས་ལྷན་ཚོགས་སུ་རྟོགས་ཞིབ་ཚོགས་ཆུང་གིས་སྙན་ཐོ་འབྱོར་བའི་སྐབས་སུ་མ་གཏོགས་དེ་མིན་ཁྲིམས་ཞིབ་པའི་ལས་དོན་བྱེད་ཕྱོགས་སྐོར་སྤྱི་འཐུས་ལྷན་ཚོགས་སུ་གླེང་སླེང་དང་གྲོས་བསྡུར་ཙམ་ཡང་བྱེད་མི་ཆོག་པ་གསལ་བ་ནས་སྤྱི་འཐུས་གྲོས་ཚོགས་ནས་གྲོས་ཆོད་ཀྱི་ལམ་ནས་ཆེས་མཐོའི་ཁྲིམས་ཞིབ་པ་ཆ་ཚང་འཕོ་འགྱུར་བཏང་བ་དེ་་ཁྲིམས་ཞིབ་གསར་པ་ཚོ་དམ་བཅའ་སུ་ལ་འབུལ་དགོས་མིན་དེ་ཡང་ཁ་གསལ་མེད་པ་ནས་དྲི་བ་ཆེན་པོ་ཞིག་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ཀྱི་འཐུས་མི་ཚོའི་མདུན་དུ་ལྷག་མི་འདུག་གམ།

ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་ལ་བཀོད་ཁྱབ་བཏང་བ་དེ་བཅའ་ཁྲིམས་དོན་ཚན་ང་བརྒྱད་དང་འགལ་བ་ཟེར་བ་དེ་བདེན་པ་མིན་པ་འདི་ལྟར།

༼བཅའ་ཁྲིམས་དོན་ཚན་ང་བརྒྱད་པ།སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག།༡སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་གང་ཞིག་ཚད་ལྡན་ཡིན་མིན་དང་།ཐག་གཅོད་བྱེད་ཕྱོགས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་ལ་བསྙད་དེ་ཁྲིམས་ཞིབ་ཁང་ནས་རྩད་གཅོད་མི་ཆོག།༢ལྷན་ཚོགས་ཀྱི་འགྲོ་ལུགས་དང་སྒྲིག་གཞི་བཟོ་འགོད་བཅས་ཀྱི་ཆེད་བཅའ་ཁྲིམས་འདིའི་ཐོག་ནས་སྤྲད་པའི་དབང་ཚད་ལག་ལྟར་བསྟར་བྱེད་ཕྱོགས་ལ་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་སུ་ཡང་ཁྲིམས་ཞིབ་ཁང་གང་གིའང་ཁྱབ་ཁོངས་སུ་མེད།༽ཅེས་གསལ་བ་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་ལ་ཁྲིམས་ཞིབ་རྩད་གཅོད་མི་ཆོག་ཟེར་པ་ལས་སྤྱི་འཐུས་ལྷན་ཚོགས་ནས་བཅའ་ཁྲིམས་དང་འགལ་ན་རྩད་གཅོད་མི་ཆོག་ཟེར་བའི་ཐ་སྙད་དེ་འཁོད་མེད་པ་དང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞི་དང་མཐུན་མིན་སྐོར་གསལ་བ་ལས་བཅའ་ཁྲིམས་དང་འགལ་མིན་སྐོར་གསལ་མེད་པ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་ཀྱིས་བཅའ་ཁྲིམས་དང་འགལ་བའི་སྐོར་རྩལ་དུ་སྟོན་ནས་བཀའ་ཁྱབ་བཏང་བ་ལས་སྒྲིག་གཞི་དང་འགལ་བའི་སྐོར་རྩལ་དུ་སྟོན་ནས་བཀའ་ཁྱབ་བཏང་མི་འདུག་ན་སྤྱི་འཐུས་ལྷན་ཚོགས་དང་སྤྱི་འཐུས་རྒྱུན་ལས་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་ན་འགྲིག་གི་ཨ་ཡོད་ལ་བཅའ་ཁྲིམས་དང་སྒྲིག་གཞི་གཉིས་དོན་གཅིག་མིང་གི་རྣམས་གྲངས་ལ་ངོས་འཛིན་གནང་ན་དེ་བས་ཀྱང་འགྲིག་གི་ཨ་ཡོད།༼བཅའ་ཁྲིམས་དོན་ཚན་ཞེ་གཉིས་པ།སྤྱི་འཐུས་ཀྱི་རྒྱུན་ལས་༽ཟེར་བའི་ནང་སྤྱི་འཐུས་རྒྱུན་ལས་འཁོད་པ་ལས་རྒྱུན་ལས་ལྷན་ཚོགས་འཁོད་མི་འདུག་ལ་སྤྱི་འཐུས་རྒྱུན་ལས་ཀྱི་སྒྲིག་གཞི་དོན་ཚན་བཅུ་གཉིས་ཅན་དེའི་ནང་དུ་ཡང་སྤྱི་འཐུས་རྒྱུན་ལས་འཁོད་པ་ལས་༼སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་༽ཟེར་བའི་ཐ་སྙད་དེ་འཁོད་མི་འདུག་ན་སྤྱི་འཐུས་རྒྱུན་ལས་ལ་༼སྤྱི་འཐུས་ལྷན་ཚོགས་༽ཟེར་བའི་ཐ་སྙད་དེ་ག་འདྲ་བྱས་ནས་ཐོབ་ཀྱི་རེད་དེ་ཡང་ཁྲིམས་འགལ་མ་རེད་དམ།༼བཅའ་ཁྲིམས་དོན་ཚན་ཞེ་གཉིས་པ།སྤྱི་འཐུས་ཀྱི་རྒྱུན་ལས།ནང་གསེས་གཉིས་པ།རྒྱུན་ལས་ཀྱི་ལས་དོན་བྱེད་ཕྱོགས་དང་དབང་ཚད་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་ཁྲིམས་ལུགས་སམ་སྒྲིག་གཞི་ལྟར་ལག་ལེན་བསྟར་རྒྱུ།༽སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་གནང་བའི་སྤྱི་འཐུས་རྒྱུན་ལས་ཀྱི་སྒྲིག་གཞི་དོན་ཚན་བཅུ་གཉིས་ཅན་དེའི་ནང་སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་གང་གནང་བ་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་ཡིན་པ་ཚིག་གཅིག་སྒྲིག་གཞི་དོན་ཚན་གང་གི་ནང་དུའང་འཁོད་མི་འདུག་པ་མ་ཟད་བཅའ་ཁྲིམས་ཀྱི་དོན་ཚན་གང་གི་ནང་དུ་ཡང་སྤྱི་འཐུས་རྒྱུན་ལས་ཀྱི་ཐག་གཅོད་གང་གནང་བ་རྣམས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་ཡིན་པ་ཚིག་གཅིག་འཁོད་མི་འདུག་ན་སྤྱི་འཐུས་རྒྱུན་ལས་དང་སྤྱི་འཐུས་ལྷན་ཚོགས་གཉིས་དོན་གཅིག་མིང་གི་རྣམ་གྲངས་ལ་ངོས་འཛིན་གནང་གི་ཡོད་པ་ཡིན་ནམ།

༼བཅའ་ཁྲིམས་དོན་ཚན་ཞེ་དགུ་པ།སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་ཀྱི་ཉུང་ཚད།ཟེར་བའི་ནང་གསེས་གཉིས་པའི་ནང་།སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ།༽ཟེར་བའི་དོན་ཚན་འདིའི་གོ་དོན་ནི་སྤྱི་འཐུས་གྲོས་ཚོགས་འཚོགས་ནས་ཉུང་མཐའི་གྲངས་ཚད་ལོངས་མེད་ན་ཚོགས་གཙོ་སྦྲེལ་པོར་ཚོགས་འདུ་ཉིན་གྲངོས་བདུན་ལྷག་འཕར་འགྱངས་བྱ་རྒྱུའི་དབང་ཚད་བཀུར་བའི་དོན་ཚན་ཞིག་ཡིན་པ་ལས་གྲོས་ཚོགས་མ་འཚོགས་སྔོན་དུ་འཕར་འགྱངས་བྱ་རྒྱུའི་དོན་ཚན་ཞིག་མིན་པ་ལོང་བས་བལྟས་ཀྱང་ཁམས་གསུམ་གྱི་དཔེ་ལྟར་དང་འོན་པས་ཉན་ཡང་རྒྱལ་ཁམས་ཀྱི་སྒྲ་ལྟར་མ་རེད་དམ།ཉིན་གྲངས་བདུན་ལྷག་ཟེར་བ་ནས་ཟླ་བ་གཅིག་ལ་ཉིན་གྲངས་སུམ་བཅུ་ཡོད་པ་ནས་ཟླ་བ་གཅིག་གི་ནང་ཚུད་ལ་གོ་དགོས་པ་ལས་ཟླ་གྲངས་དྲུག་ལྷག་འཕར་འགྱངས་བྱ་རྒྱུའི་དོན་ཚན་ཞིག་མིན་པ་དབང་པོ་ནུས་ལྡན་ཚང་མས་ཤེས་ཐུབ་པ་དང་མཐོང་ཐུབ་པ་ཞིག་མ་རེད་དམ།༼སྤྱི་འཐུས་རྒྱུན་ལས་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་དམངས་གཏུག་བཤེར་ཁྲིམས་ཡིག་གི་དོན་ཚན་༦༩༼ཏ༽པའི་ནང་ཁྲིམས་ཀྱི་ངོས་བཞེས་ཟེར་བ་གསར་འཇུག་གནང་བ་དེ་བཅའ་ཁྲིམས་དང་འགལ་ལུགས་ཟེར་བའི་ཐད།༼བཅའ་ཁྲིམས་དོན་ཚན་རེ་བདུན་པ།ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་།སྒྲིག་གཞི།བཅའ་ཁྲིམས་འདི་དང་།སྤྱི་འཐུས་ལྷན་ཚོགས་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་།འགྲོ་ལུགས་སྒྲིགས་གཞི་བཅས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་སྤྱི་མོས་ཀྱིས་བཟོ་འགོད་གཏན་འབེབས་ལྟར་རྩ་འཛིན་ལག་ལྟར་བྱ་རྒྱུ།༽ཅེས་གསལ་བ་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་དང་འགྲོ་ལུགས་སྒྲིག་གཞི་བཅས་ཆེས་མཐོའི་ཁྲིམས་ཞིབ་ཁང་རང་ནས་བཟོ་ཆོག་པ་དེ་བཅའ་ཁྲིམས་དོན་ཚན་༦༧ནས་ངོ་སྤྲོད་གནང་འདུག་ན་བཅའ་ཁྲིམས་དང་འགལ་ཡོད་མེད་བཅའ་ཁྲིམས་ལ་བལྟ་ཀློག་དང་བརྩི་བཀུར།བློ་གཏད་དང་ཡིད་ཆེས།ཉམས་ལེན་ཞུ་མཁན་གྱིས་ཟུར་གནས་རྒྱ་ཆེ་མི་མང་ཚོའི་གསལ་པོ་མཁྱེན་ཐུབ་པ་དང་ཤེས་ཐུབ་པ་དང་རྟོགས་ཐུབ་པ་དང་གོ་ཐུབ་པ་དང་བསམ་ཐུབ་པ་་ཞིག་མ་རེད་དམ།བཅས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་གསུམ་ནང་གསལ་བའི་བོད་ཀྱིས་ཡུལ་མིའི་ལས་འགན་སྒྲུབ་ནས་གང་ཟག་སྒེར་གྱི་བསམ་ཚུལ་གླེང་པ་འདིའི་ཀྱང་མ་འོངས་བོད་ཀྱི་མང་གཙོའི་འཕེལ་རིམ་ནང་དྲང་བདེན་དང་འདྲ་མཉམ།མང་གཙོ།ཁྲིམས་ཀྱི་དབང་བསྒྱུར་འོག་གཞི་རིམ་མི་མང་འཚོ་ཐུབ་པའི་སྨོན་པ་བཟང་པོའི་རྒྱན་སྟེ་རེ་ཞིག་འདིར་འཇུག་བསྡུས་སོ།།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་སྤྱི་ལོ་ ༢༠༢༢/༡༠/༣༠ ཉིན་རང་ཁྱིམ་དུ་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: འདྲེ་དང་རིག་གནས།
Next Post: མེ་ཏོག་ལྟ་བུའི་གླུ་མ་མེ་ཏོག་སྐྱིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme