Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་ཡིན་ན་སྐད་ཡིག་གཉིས་ལྡན་ཡིན་ན་ལེགས།

Posted on 2021-12-18 By ཁ་བརྡ 4 Comments on སྤྱི་འཐུས་ཡིན་ན་སྐད་ཡིག་གཉིས་ལྡན་ཡིན་ན་ལེགས།

གཡུ་ལུང་རྣོ་གྲི།

རྡ་རམ་ས་ལ་ནས་ནང་འཁྲུག་དང་སྐད་ལོག་རེ་བརྒྱབ་སྟེ་སྡོད་པར་དེ་ཙམ་ཁྱད་པར་མེད་ཀྱང་། ཐག་ཉེ་རྡ་ས་གངས་སྐྱིད་ནས་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་ར་བ་དང་དེ་ལས་བརྒལ་ནས་གང་ལ་བསྐྱོད་ཀྱང་། ངེས་པར་མཁོ་བ་ནི་སྐད་ཡིག་གཉིས་གསུམ་རེའི་མཁྱེན་རྒྱ་ཅན་མཁོ་བར་མཐོང་། ཁ་སང་དེ་རིང་རྡི་ལི་ན་ཞུ་གཏུགས་ཀྱི་ལས་ཀ་སྒྲུབ་ཀྱི་ཡོད་པའི་སྤྱི་འཐུས་རྣམ་པས་དཀའ་ལས་མང་པོ་ཞིག་བསྐྱོན་བཞིན་པ་རྗེས་སུ་ཡི་རང་གི་གནས་རེད། ཁོང་ཚོའི་སྤྱི་སེམས་དང་འབད་བརྩོན་ལ་སྐྱོན་བརྗོད་གང་ཡང་མེད་དེ། ལྷ་རྒྱ་རིའི་བུ་མོ་རྣམ་རྒྱལ་སྒྲོལ་དཀར་དང་ཆོས་གྲགས་རྒྱ་མཚོ་གཉིས་ཀྱིས་གོི་བརྡ་འཕྲོད་པ་ལས་གཞན་དག་གིས་སྐད་ཡིག་གཞན་གྱིས་སྤྱིར་བཏང་གི་ཟ་སྐད་འཐུང་སྐད་ཀྱང་མི་འཁྲོལ་བ་དངོས་ཡོད་ཆགས་ཡོད། དྲང་པོར་བཤད་ན། སྐད་བརྡ་མི་འཕྲོད་པ་རྣམས་བང་སྒྲིག་ནས་འགྲོ་བ་འགྲོ་སོང་འཕྲོ་བརླག་རེད། ཞུ་གཏུགས་ནི་བརྡ་འཕྲོད་དགོས་པ་དེ་གཙོ་བ་ལས་མི་གྲངས་མང་པོ་ཞིག་བང་སྒྲིག་ནས་འགྲོ་དགོས་པ་ཞིག་ཆགས་ཀྱི་མེད།

འདི་ལྟར་བསམ་བློ་བཏང་ན། ང་ཚོས་སྤྱི་འཐུས་ཀྱི་འོས་ཆོས་བགྲངས་སྐབས། བཅའ་ཁྲིམས་ནང་ལ་མ་མཐར་ཡང་སྐད་ཡིག་གཉིས་ཤེས་དགོས་པའི་ཆ་རྐྱེན་འདོིན་དགོས་པར་དགོས་མཁོ་ཆགས་འདུག གང་ལ་ཟེར་ན། ཞུ་གཏུགས་ནི་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་བྱེད་དགོས་པ་ཡིན་ཙ་ན། གོ་ལའི་སྤྱི་སྐད་དུ་གྱུར་ཡོད་པ་དབྱིན་སྐད་ཀྱི་ལམ་ནས་གཞུང་གི་སྲིད་བྱུས་དང་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་ཐུབ་པ་ཞིག་ཡོད་ན་བཟང་། དཔེར་ན། བོད་མི་མང་སྤྱི་འཐུས་ཡོངས་རྫོགས་བོད་སྐད་ཁོ་ན་ལས་མི་ཤེས་མཁན་ཡིན་པའི་དབང་དུ་བཏང་ན། ང་ཚོས་རྡ་རམ་ས་ལ་བརྒལ་བའི་ལས་དོན་མང་པོ་ཞིག་བྱེད་མི་ཐུབ། དེང་སང་ང་ཚོར་སྐད་ཡིག་གཉིས་ནས་གསུམ་རང་རྐྱ་འཕེར་མཁན་ཧ་ཅང་མང་པོ་ཡོད་སྟབས། དེ་ཚོར་གོ་སྐབས་ཕུལ་ན། ལས་ཆོད་ཆེ་བ་ཡོང་བར་ཕན།

ཡང་བཅའ་ཁྲིམས་སུ་གསལ་མེད་ནའང་། འོས་མིར་ལངས་མཁན་དང་འོས་འཕེན་མཁན་གྱི་ངོས་ནས་ཚོད་འཛིན་བྱེད་ཐུབ་པ་ཞིག་ཀྱང་ཡོད། སྐྱ་སེར་སུ་ཡིན་ཡང་། རང་ཉིད་ཀྱིས་རང་ཉིད་ལ་བརྟག་སྟེ། སྐད་ཡིག་གཉིས་ལྡན་གྱི་ཆ་རྐྱེན་མི་ལྡན་ཚེ། སྤྱི་འཐུས་སུ་མི་ལངས་པའི་ཐག་གཅོད་བྱས་ནས་གཞན་དང་གཞན་ལ་གོ་སྐབས་སྤྲོད་ཐུབ་དགོས་པ་དང་། འོས་ཤོག་འཕེན་མཁན་མང་ཚོགས་ཀྱིས་ཀྱང་འོས་མི་དེར་སྐད་ཡིག་གཉིས་ཀྱི་ཤེས་ཚད་ཡོད་མེད་ལ་བརྟག་ནས་འོས་ཤོག་འཕེན་པའི་ལངས་ཕྱོགས་འཛིན་པའི་ལམ་སྲོལ་ཞིག་དར་བ་ཡིན་ན། ཕན་ཐོགས་ཆེན་པོ་གཉིས་ཡོད། གཅིག་ནི་རྒྱལ་སྤྱིའི་གནས་ཚུལ་ཤེས་ཤིང་རྒྱལ་སྤྱིར་ཞུ་གཏུགས་ཀྱི་ནུས་པ་འདོན་ཐུབ། གཉིས་ནི་རྡ་རམ་ས་ལ་ནས་ནང་འཛིང་གི་སྐད་ངན་གོ་རྒྱུ་ཇེ་ཉུང་དུ་འགྲོ་བར་ཕན། རྒྱུ་མཚན་འདི་ལ་བརྟེན་ནས། ང་ཚོས་མ་འོངས་པར་དགོངས་པ་འདི་འདྲ་རེ་བཞེས་དགོས་པའང་དུས་བསྟུན་གྱི་ལེགས་བཅོས་གལ་ཆེན་ཞིག་རེད།

བསམ་ཚུལ།

Post navigation

Previous Post: བོད་ཀྱི་དེང་རབས་རྩོམ་རིག་གི་ཚིག་སྐྱོན་སྐོར་གླེང་བ།
Next Post: བརྗེད་དུ་ཕངས་བའི་བྱུང་བ་མདོར་བསྡུས་ཤིག

Comments (4) on “སྤྱི་འཐུས་ཡིན་ན་སྐད་ཡིག་གཉིས་ལྡན་ཡིན་ན་ལེགས།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2021-12-18 at 5:39 am

    བསམ་ཚུལ་ཡག་པོ་བྲིས་འདུག་། འོས་ཤོག་འཕེན་མཁན་མི་མང་གི་ནོར་བ་རེད་། ཕྱོགས་གཏོགས་དང་ལུང་ཚན་ཤོག་སྒྲིལ་ལ་འགན་འཁུར་ནས་འོས་ཤོག་འཕེན་པའི་འབྲས་བུ་འདི་རེད་། སྔ་མོ་ལོ་རབས་ལྔ་བཅུ་དྲུག་བཅུའི་ནང་ཡིན་ན་ཁག་མེད་། དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་མཐོ་སློབ་འཐོན་པའི་ཤེས་ཡོན་ཅན་བརྒྱ་ཕྲག་སྟོང་ཕྲག་མང་པོ་ཡོད་པ་དེ་ཚོ་ལ་འོས་མ་འཕེན་པ་ཕྱོགས་གཏོགས་དང་ལུང་ཚན་ཤོག་སྒྲིལ་ལ་འགན་འཁུར་ནས་འོས་ཤོག་འཕེན་ན་ཡོང་རྒྱུ་འདི་མ་རྟོགས་གང་ཡོང་། སྤྱི་འཐུས་ཀྱི་ནོར་བ་མ་རེད་། མི་མང་ནས་ནོར་བ་རེད་།

  2. yangdon says:
    2022-01-04 at 12:44 am

    སྐུ་ཉིད་ཀྱི་དགོངས་འཆར་ཧ་ཅང་ཡག་པོ་འདུག མོས་མཐུན་བརྒྱ་ཆ་རྒྱ་ཡོད།

  3. བློ་བཟང་ says:
    2022-01-06 at 9:04 pm

    གཞུང་པ་ཚེ་དབང་གིས་གསུངས་པ་ལྟར་མི་མང་དང་ལྷག་པར་དུ་གྲྭ་ས་ཁག་ནང་བཞུགས་པའི་སངས་རྒྱས་ན་བཟའ་མཆོད་མཁན་དགེ་འདུན་པ་ཚོར་དེང་དུས་ཀྱི་ཆབ་སྲིད་འགྲོ་སྟངས་འགྲོ་ལུངས་སོགས་ཀྱི་སློབསྦྱོང་སྤྲོད་དགོས་པ་ཤིན་ཏུ་ནས་གལ་ཆེ།ལོ་ཤས་སྔོན་ཆབ་སྲིད་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གདན་ས་ཁག་འོས་ཤོག་གི་སྦེང་ངམ་ཕྱོགས་གཏོགས་རུབ་རྒྱག་གཏོང་ས་མ་ཆགས་པའི་ལམ་སྟོན་ཁ་གསལ་གནང་ཡོད་ནའང་ད་ལན་གྱི་འོས་ཤོག་འཕེན་སྟངས་ནས་ཁ་གསལ་ཤེས་ཐུབ།གང་ལྟར་ཡང་ནང་པ་སངས་རྒྱས་པའི་ཆོས་ངོ་མ་དེ་ཆགས་སྡང་ཕྱོགས་ལྷུང་མེད་པ་བདག་མེད་རྟོགས་པ་དང་ང་འཛིན་སྤུ་ཙམ་མེད་པ་སྟོང་ཉིད་ཀྱི་ངོ་བོ་གཟིགས་དགོས་པ་ཕར་བཞག་སྟེ་བསམ་བློ་བུ་དོགས་དང་འཇིག་རྟེན་པའི་བྱ་སྤྱོད་རང་རེད།

  4. འབྲོང་བུ་སོག་ཚ། says:
    2022-01-11 at 7:05 pm

    མ་འོངས་བཙན་བྱོལ་སྒྲིག་འཛུགས་སྒོ་རྒྱབ་ཚར་བ་དང་དེ་རྣམས་སྐད་སྒྱུར་ལ་ཕན་ཐོགས་སྲིད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme