Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་ཚོས་གསུང་འཕྲིན་ལག་བསྟར་མི་ཞུ་རྒྱུའི་གྲོས་ཆོད་བཞག་པ།

Posted on 2011-03-182011-03-18 By དབང་ཕྱུག་ 41 Comments on སྤྱི་འཐུས་ཚོས་གསུང་འཕྲིན་ལག་བསྟར་མི་ཞུ་རྒྱུའི་གྲོས་ཆོད་བཞག་པ།

སྔོན་གླེང༌།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡ འཁོད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ པར་གསུང་འཕྲིན་རིན་པོ་ཆེ་སྤྱི་ཕེབས་བྱུང་བར་ཐུགས་རྗེ་བཀའ་དྲིན་བླ་མེད་དུ་ ཆེ་ཞེས་ཞུ་རྒྱུ་དང༌། གསུང་འཕྲིན་གྱི་སྙིང་དོན་དུ། “མང་གཙོའི་ལམ་སྲོལ་གྱི་ངོ་བོའམ་སྙིང་དོན་མཐར་ཐུག་ཆབ་སྲིད་དང་འཛིན་སྐྱོང་གི་ ལས་དོན་གང་ཡང་མི་བྱེ་བྲག་པ་གཅིག་ལ་བརྟེན་མི་དགོས་པར། མི་མང་གི་ཆེད་དུ་མི་མང་གིས་བདམས་པའི་མི་མང་གི་འགོ་ཁྲིད་རིམ་པས་མི་མང་གི་ འགན་ཁུར་ཆ་ཚང་ཐུབ་པ་བྱེད་རྒྱུ་དེ་ཡིན་སྟབས། ད་ཆ་རང་རེའི་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་ཆེད་དུ་ྋརྒྱལ་བ་རིན་པོ་ ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགན་ཁུར་མ་དགོས་པར་མི་མང་གིས་འོས་འདེམས་བྱས་པའི་ འགོ་ཁྲིད་སོ་སོས་ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་འགན་ཁུར་བྱེད་དགོས་པའི་ དུས་ལ་བབས་ཡོད་”ཅེས་དང༌།
“ངོས་ཀྱི་སྲིད་དབང་རྩིས་སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་ མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་ གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་ གྱུར་ཡོད་”ཅེས་དང༌།
“བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༣༡ པའི་ནང་སྡེ་སྲིད་ལྷན་ཚོགས་ཀྱི་ཆ་རྐྱེན་ཞིག་ཡོད་ཀྱང་དེ་ནི་སྔོན་སྲོལ་རྒྱུན་ སྐྱོང་ལྟ་བུ་དང་བར་བརྒལ་གྱི་ཆ་རྐྱེན་ཙམ་ལས་ྋརྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་ སྲིད་ཀྱི་འགོ་ཁྲིད་བྱེད་མི་དགོས་པའི་ཆ་རྐྱེན་ཞིག་ཏུ་གྱུར་མེད། དེར་བརྟེན་ད་ལམ་བཅའ་ཁྲིམས་བསྐྱར་བཅོས་སྐབས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་ འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་ འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ་བཅའ་ ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པར་བཟོ་དགོས་ཤིང༌། དེའི་འོག་རྗེས་འབྲེལ་དོན་ཚན་གཞན་དག་དང༌། ཁྲིམས་སྒྲིག་གཞན་ཁག་བསྐྱར་བཅོས་བྱ་རྒྱུའི་ཆེད་ཚོགས་ཆུང་ཟུར་འཛུགས་སམ་ལས་ རིམ་ཇི་དགོས་ཚོགས་དུས་འདི་རང་དུ་གཏན་འབེབས་ལག་བསྟར་ངེས་པར་དུ་ཐུབ་པ་དགོས་ རྒྱུ། དེ་ལྟར་བྱུང་མཚམས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་དང་ཆབ་སྲིད་ལམ་སྟོན་ སོགས་ངོས་ཀྱིས་སྤེལ་བའི་སྲིད་དོན་གྱི་ཡིག་ཆ་འགའ་ཤས་རང་བཞིན་ནུས་མེད་དུ་ འགྲོ་རྒྱུ་དང༌། དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ཡང་སྐབས་བསྟུན་འགྱུར་བ་གཏོང་དགོས་”ཞེས་ སོགས་བཀའ་ལྕི་ཕེབས་པ་འདི་དག་ནི་གུས་འབངས་སྤྱི་འཐུས་རྣམས་མ་ཟད། གཞིས་བྱེས་བོད་མི་སུས་ཀྱང་བློ་ཡུལ་དུ་མི་ཤོང་བའི་ཛ་དྲག་གི་གནས་ཚུལ་ཞིག་ཏུ་ སོང༌། གུས་འབངས་རྣམས་ཟས་བཅུད་གཉིད་བྲལ། ཕྱོགས་བསླད་པའི་མགྲོན་པོ་ལྟར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་ལགས་ན། ད་ལམ་གྲོས་ཚོགས་ནང་དང༌། སྤྱི་འཐུས་བཞུགས་མོལ་ཚོགས་འདུ་བཅས་པར་བགྲོ་གླེང་གྲོས་བསྡུར་ཞིབ་རྒྱས་ཞུས་པ་ བཞིན། མཐའ་དོན་གྲོས་ཆོད་ཅིག་འཇོག་དགོས་རྒྱུ་གལ་ཆེར་མཐོང༌།
གྲོས་ཆོད།

* ༡༽ གཞིས་བྱེས་བོད་མི་ཡོངས་ཀྱི་སྙིང་ནས་ཡིད་ཆེས་བློ་གཏད་རེ་བཅོལ་ཞུ་ཡུལ་ྋགོང་ས་ ྋསྐྱབས་མགོན་ཆེན་པོ་མཆོག་ནི་བོད་མི་རིགས་ཀྱི་མགོན་དཔུང་དང༌། མཚོན་རྟགས། བོད་མི་ཡོངས་ཀྱི་ཁྲིམས་མཐུན་གྱི་ངོ་ཚབ་མཚོན་ངེས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ གཅིག་པུ་དེ་ཡིན་པ་དང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་གསལ་ད་ལྟའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ ཀྱི་སྒྲོམ་གཞི་འདི་ནི་མང་ཚོགས་ཀྱི་མངོན་འདོད་ལྟར་རང་དབང་མང་གཙོའི་ཡུལ་གྲུ་ སྤྱི་དང་མཐུན་པའི་སྒྲིག་འཛུགས་མ་ལག་ཚང་ཞིང༌། ཁྲིམས་སྒྲིག་གི་ནུས་པ་ལྡན་ལ། སྤྱི་པའི་བྱེད་སྒོ་རྣམས་ཚགས་སུ་ཚུད་པ། མང་ཚོགས་ཀྱང་མཉམ་ཞུགས་བྱ་རྒྱུའི་ཚད་གཞི་མཐོ་བ་སོགས་ཀྱི་བོད་མིའི་འཕྲལ་ཕུགས་ ཀྱི་དགོས་མཁོ་དང་མཐུན་པའི་མང་གཙོའི་ལམ་སྲོལ་ཡང་དག་པ་ཞིག་ཡིན། དེ་ཡང་གཞིས་བྱེས་བོད་མི་ཡོངས་ནས་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ ལ་དད་པ་དམ་ཚིག་དང༌། ཡིད་ཆེས་མོས་གུས་རྩེ་གཅིག་ཏུ་ཡོད་པའི་རྨང་གཞིའི་ཐོག འདས་པའི་མི་ལོ་བཅུ་ཕྲག་ལྔ་ལྷག་རིང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གང་ཉིད་ ཀྱིས་ཡང་དག་པའི་དབུ་ཁྲིད་ལམ་སྟོན་དང༌། དུས་རྟག་ཏུ་ནན་སྐུལ་མཛད་དང་མཛད་བཞིན་པ་བཅས་ཀྱི་གྲུབ་འབྲས་ཁོ་ན་ཡིན་པས། ད་རེས་སླར་ཡང་མགོན་པོ་གང་གི་བཀའ་དྲིན་རྗེས་དྲན་ཞུ་བ་དང་ཆབས་ཅིག་འཛམ་གླིང་ སྐྱེ་འགྲོ་སྤྱི་དང༌། ཁྱད་པར་བདག་ཅག་བོད་འབངས་ཡོངས་ཀྱི་ཆོས་སྲིད་གཉིས་ཀྱི་མགོན་སྐྱབས་དཔུང་གཉེན་ དམ་པར་སྐུ་ཚེ་ྋཞབས་པད་བསྐལ་བརྒྱར་བརྟན་པའི་གསོལ་འདེབས་གདུང་ཤུགས་དྲག་པོས་ ཞུ་རྒྱུ་ཡིན། ༼སྤྱི་མོས།༽

* ༢༽ མགོན་པོ་གང་གིས་བར་ལམ་བཀའ་སློབ་རིམ་ཕེབས་དང༌། ད་རེས་གསུང་འཕྲིན་རིན་པོ་ཆེ་བཀའ་དྲིན་སྤྱི་སྩལ་བཅས་བོད་འབངས་ཡོངས་ཀྱི་འཕྲལ་ ཕུགས་བདེ་ཐབས་སུ་ཐུགས་བརྩེ་ཤིན་ཏུ་ཆེ་བའི་རླབས་ཆེན་གྱི་དགོངས་གཞི་ཡིན་པ་ནི་ སྨོས་ཅི་དགོས། འོན་ཏེ་བདག་ཅག་ཁ་བ་རི་པ་རྣམས་ནི་མགོན་པོ་གང་ཉིད་ཀྱི་ཐུགས་རྗེ་དང་བཀའ་དྲིན་ ཉག་ཅིག་གིས་འཚོ་བ་དང༌། མགོན་པོ་གང་ཉིད་ཀྱི་གདུལ་ཞིང་ངམ་སྐྱོང་ཡུལ་དུ་སངས་རྒྱས་ཀྱི་བཀའི་ལུང་གིས་ ཟིན་པའི་སྔོན་གྱི་ཐུགས་བསྐྱེད་དམ་བཅའ་བཙན་པོ་ཡོད་པ། ལྷག་པར་ྋརྒྱལ་མཆོག་སྐུ་ཕྲེང་ན་རིམ་དང་བོད་དང་བོད་མིའི་དབར་དམིགས་བསལ་འབྲེལ་ ལམ་དམ་ཟབ་ཡོད་པ་བཅས་བོད་འབངས་རྣམས་མགོན་པོ་གང་ཉིད་ཀྱི་ཆོས་སྲིད་གཉིས་ཀྱི་ ཡང་དག་པའི་དབུ་ཁྲིད་ལས་བསྐལ་པ་ཇི་སྲིད་བར་དུ་ནམ་ཡང་འབྲལ་ཐབས་མེད་ངེས་ལགས་ པའི་བྱུང་རབས་སྤྱི་དང༌། བྱེ་བྲག་ཉེ་བའི་དུས་ཀྱི་ཆར་ཡང་ཕྱི་ལོ་ ༢༠༠༨ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༥༩ པའི་འོག་དམིགས་བསལ་ཚོགས་ཆེན་ཐེངས་དང་པོའི་རྒྱབ་གཉེར་སྙན་ཐོ་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་སྔ་རྗེས་རིམ་པའི་ གྲོས་ཆོད། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ ༢༠༡༠ ཡི་མཐའ་དོན་བསམ་འཆར་ཕྱོགས་བསྡོམས་ཀྱི་སྙན་ཐོ། དེང་སྐབས་ཀྱང་གཞིས་བྱེས་གཉིས་ཀྱི་རྒྱ་ཆེའི་བོད་མི་མང་ཚོགས་ཀྱིས་གསོལ་འདེབས་ ྋསྙན་ཞུ་ལུ་གུ་རྒྱུད་དུ་ཕུལ་དང་འབུལ་བཞིན་པ་བཅས་ཀྱི་ནང་དུ་ཇི་གསལ་ལྟར་དང༌། ལྷག་པར་མི་ལོ་ ༥༠ ལྷག་རིང་བོད་ལྗོངས་དེ་བཞིན་རྒྱ་ནག་བཙན་འཛུལ་བས་ཧམ་བཟུང་འོག་གཞིས་ལུས་རྒྱ་ ཆེའི་མི་མང་རྣམས་དཀའ་ཉེན་སྣ་ཚོགས་མྱངས་དང་མྱོང་བཞིན་པའི་ཛ་དྲག་གནས་བབ་དང༌། ཁོང་ཚོའི་སྙིང་སྟོབས་དང་རེ་བ་བཅོལ་ཡུལ་ཡང་ྋགོང་ས་མཆོག་ཉིད་ཡིན་པ། བྱེས་སུའང་བོད་དང་བོད་མིར་རྒྱལ་སྤྱིའི་ཁྱོན་གྱི་རྒྱབ་སྐྱོར་དང༌། སྒྲིག་འཛུགས་བརྟན་གནས། རང་དབང་བདེན་པའི་འཐབ་རྩོད་མཐའ་སྐྱེལ་བཅས་ལ་ྋརྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ དང་ཁ་འབྲལ་ཐབས་མེད་ངེས་ལགས་པར་བརྟེན། ད་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་ཡོངས་ཀྱིས་མགྲིན་དབྱངས་ གཅིག་གྱུར་ངང་མགོན་པོ་གང་གིས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ ཁྲིད་ཀྱི་མཛད་ཁུར་དུས་ནམ་ཡང་འདོར་བ་མེད་པ་མུ་མཐུད་སྐྱོང་བཞེས་ཅི་ནས་ཡོང་ བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན། ༼དགག་ཆ་ ༡ ཚད་མཐོའི་མང་མོས།༽

* ༣༽ བདག་ཅག་བོད་འབངས་སྤྱི་དང་ལྷག་པར་གུས་ཅག་སྲི་ཞུར་གཏོགས་པ་རྣམས་ནས་ཀྱང་མགོན་ པོ་གང་གི་ཐུགས་བཞེད་དང་མཐུན་པའི་སྤྱི་སྒེར་ཁུར་བབ་ཀྱི་ཞུ་སྒོ་རྣམས་ཇི་བཞིན་ སྒྲུབ་མ་ཐུབ་པར་སྙིང་ནས་བཟོད་གསོལ་མཐོལ་བཤགས་ཞུ་བ་དང་སྦྲགས། སླད་མ་འོངས་པར་གཙོ་བོ་བོད་མི་ཡོངས་རྫོགས་མཐུན་ལམ་གཟོང་ཁ་ཆིག་སྒྲིལ་ཡོང་ཐབས་ དང༌། སྤྱི་དོན་ཚགས་སུ་ཚུད་ཐབས་ཀྱི་འགན་འཁུར་སྔར་ལྷག་ཆེ་བསྐྱེད། རང་རང་སྐབས་བབ་ཀྱི་ཞུ་བྱར་ངོ་ལྐོག་མེད་པ་ལྷག་བསམ་རྣམ་དག་གིས་ཧུར་འབུངས་ཞུ་ རྒྱུའི་དམ་བཅའ་འབུལ་རྒྱུ་༼སྤྱི་མོས།༽བཅས་ཀྱི་གྲོས་ཆོད་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༨ ལ།།

གོང་གསལ་གྲོས་ཆོད་འདི་བཞིན་སྐབས་ ༡༤ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༡༡ ཐོག་གྲོས་བསྡུར་ཞིབ་རྒྱས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༨ ལ་གཏན་འབེབས་གནང༌།

༼སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ངོས་ནས་འདྲེན་བཀོད་ཞུས་པ་ལགས༽

གསར་འགྱུར།

Post navigation

Previous Post: སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་ལགས་ལ་བཅར་འདྲི།
Next Post: གསུང་འཕྲིན་ཕྱིར་སློག་གི་གྲོས་ཆོད་བཀླགས་རྗེས།

Comments (41) on “སྤྱི་འཐུས་ཚོས་གསུང་འཕྲིན་ལག་བསྟར་མི་ཞུ་རྒྱུའི་གྲོས་ཆོད་བཞག་པ།”

  1. གཅན་བཟོད་རྒྱམ། says:
    2011-03-18 at 11:47 am

    ༸གོང་ས་མཆོག་གི་བཀའ་དགོངས་སྒྲུབ་ཀི་ཡིན་ཅེས་རྟག་པར་བཤད་བསྡད་ཡོད་པ་རེད། ༸གོང་ས་མཆོག་སྐུ་ཕྱེད་བགྲེས་ཡོལ་ཡིན་པའང་༸གོང་ས་མཆོག་གིས་ལན་གྲངས་དུ་མར་གསུངས་མྱོང་བ་རེད། ལྷག་པར་དུ་བཀའ་བློན་ཁྲི་བ་མི་དམངས་ཀྱིས་འོས་འདེབས་བྱས་རྗེས་ནས་བོད་ཀྱི་ཆབ་སྲིད་སྐོར་ལ་བཀའ་བློན་ཁྲི་བས་གསུང་གི་རེད་ཅེས་སུམ་དུས་གསུང་འཕྲིན་དང་དེ་མིན་གྱི་དབང་ལུང་གསུང་བཤད་གང་གི་སྐབས་སུའང་ཡང་ཡང་གསུངས་བསྡད་ཡོད་པ་རེད། ལྷག་པར་དུ་ད་ལོའི་སུམ་དུས་གསུང་འཕྲིན་སྐབས་ནང་གསལ་བོ་གསུངས་ཟིན་པའི་ཁར།་ཁ་སྔོན་གྲོས་ཚོགས་སུའང་ཆབ་སྲིད་ཀྱི་འགམ་དབང་ཡོངས་རྫོགས་མི་དམངས་འོས་འདེམས་བྱས་པའི་དབུ་ཁྲིད་དེར་རྩིས་སྤྲོད་བྱ་རྒྱུ་ཡིན་སྐོར་ཐུགས་ཏག་ཆོད་པས་གསུངས་ཡོད་པ་རེད། ཁ་སང་ཧྥ་རན་སིའི་གསར་འགོད་པས་ཆེད་དུ་དེའི་སྐོར་དྲིས་སྐབས་བཀའ་ནན་པོས་བསྐྱར་དུ་གསུངས་འདུག ད་ཡང་གྲོས་ཚོགས་ཀྱིས་འདི་ལྟར་གནང་ཡོང་བ་ཅི་རེད། འགན་འཁུར་འདོད་མེད་པ་རེད་དམ།་བཀའ་བློན་ཁྲི་བས་གསལ་བོ་གསུངས་སོང་། ད་ཡིན་ན་སྤྱི་འཐུས་འདི་ཚོས་༸གོང་ས་མཆོག་གི་བཀའ་མི་བརྩི། བཀའ་བློན་ཁྲི་བའི་གསུང་མི་བརྩི། ཉག་ཉོག་མང་པོ་ཞིག་བཤད་དེ་ཅི་ཡིན་པའི་ཁུལ་རེད།

  2. མི་ཉག་སྐལ་བཟང་། says:
    2011-03-18 at 11:50 am

    རྟ་དང་གླག་གོག བོང་བུ་དང་དྲེལ། ཁྱི་དང་ཞི་མི་ལྟ་བུའི་སྤྱི་འཐུས་ཚོ་འདི་ལྟར་ཤེས་འཇོན་དང་ལྷག་བསམ། བསམ་གཞིགས་དང་དམིགས་འདུན་གང་ཡང་མེད་པའི་ལོང་བ་ཤ་སྟག་གིས་སྤྱི་འཐུས་ཚོའི་བྱེད་སྟངས་ཚང་མ་ལ་སྐྱུར་བྲོ་གིན། བསམ་བློ་དེ་ལས་མེད་ན་ཡིད་ཆེས་དང་རེ་བ་ཏིལ་འབྲུ་ཙམ་མི་འདུག གཞིས་ལུས་བོད་རིགས་ཚོ་སྙིང་རྗེ།

  3. འཇིག་མེད་ says:
    2011-03-18 at 11:57 am

    ནམ་རྒྱུན་ནས་༸གོང་ས་མཆོག་གི་བཀའ་གསུང་ཅི་གྲུབ་ཞུ་ཡི་ཡིན་ཞེས་པ་དེ་སྐྱག་མཛུན་སྐྱག་ནག་རེད་ རྒྱ་བའི་དགོངས་པ་ཞི་ཟུངས་ལས་ཀ་བྱེད་དགོས་པ་ལས་ལོ་རྒྱུས་ཀྱི་འགགས་རྡོ་བྱས་པ་ནི་ཁྱེད་ཚོའི་ནག་ཉེས་རེད་ ༸གོང་ས་མཆོག་ནས་ཁྱེད་ཚོར་མིང་དོན་མཚུངས་པའི་སྲིད་ཀྱི་མགན་འཁུར་དགོས་གསུང་པ་ལས་ ཆོས་སྲིད་གཉིས་ཀྱི་སྐྱབས་དགོན་བྱེད་དགོས་གསུང་ཡོ་མ་རེད་ལ་བྱེད་ཀྱང་ཐུབ་ཀྱི་མ་རེད་ ཁྱེད་ཚོ་མི་དམངས་ཀྱི་རེ་བ་དང་༸རྒྱ་བའི་བཀའ་བཞིན་བྱེད་ཐུབ་པ་མེད་ན་ད་ལྟ་རང་བཞུགས་སྒར་ནས་རང་ཁྱིམ་དུ་ཕྱིར་ལོག་བྱེད་དགོས་ ལོ་རྒྱུད་ཀྱི་འགགས་རྡོ་ཁྱོད་ཚོ་ལམ་སེང་ཕྱིར་ལོག་བྱེད་དགོས།་ མི་དམངས་ཀྱི་༸རྒྱ་བའི་དགོངས་པ་བཞིན་གྲུབ་ཐུབ་མཁན་རྣམས་བརྐྱར་འདེམས་བྱེད་ངེས་ཡིན་

  4. བསྟན་འཇམ། says:
    2011-03-18 at 12:02 pm

    གྲོས་ཆོད་དེས་བོད་མི་མང་གི་འཕྲལ་ཕུགས་གང་ལའང་བསམ་བློ་མ་བཏངས་པའི་གྲོས་ཆོད་རེད །
    ༧་གོང་ས་མཆོག་གི་བཀའ་གསལ་ཐང་ཐང་གནང་བ་དེ་ངོ་ལྡོག་སྟེ་བྱས་པ་རེད ། ཁ་ནས་བོད་གཞིས་བྱེས་ཀྱི་བདེ་སྡུག་ཟེར་ཁུལ་གྱིས་དོན་གྱི་རང་རང་སོ་སོའི་འགན་ཁུར་ལེན་མ་ཐུབ་པས་རྟགས་བསྟན་པ་རེད །
    འདིའི་ཐོག་ལ་མི་མང་གི་བསམ་ཚུལ་ངེས་པར་དུ་ཐོན་དགོས་རྒྱུ་འདུག །

  5. མི་ནག་མདུང་ཐུང་། says:
    2011-03-18 at 12:15 pm

    ང་རང་ཡིན་ན་སྐབས་བཅུ་བཞི་པའི་གྲོས་ཚོགས་འདིར་ཡིད་ཆེས་དང་རེ་བ་གཉིས་ཀ་བྱེད་ཀྱི་མེད་མཁན་ཞིག་ཡིན། འདི་ཚོས་གསུང་འཕྲིན་གྱི་གོ་བ་ལོག་སྒྲུབ་བྱེད་པ་ལས། ལས་འགན་ཕྲག་ལེན་བྱེད་ཀི་མ་རེད་བསམ་པ་ཁ་སང་ནས་ཡོད། དེ་རིང་མངོན་སུམ་མིག་དང་རྣ་བས་མཐོང་ཐོས་བྱུང་བ་འདི་རེད། སྤྱི་འཐུས་རྣམ་པས་དགོངས་པ་གང་ཞིག་ལ་བཞེས་པ་ཡིན་ནམ། སྐབས་བཅོ་ལྔ་བའི་སྤྱི་འཐུས་འོས་འདེམས་ཀྱི་དངོས་གཞིའི་འོས་ཤོག་འདིས་ད་རེས་ཚད་འདིར་བསྐྱལ་བ་རེད། ཕངས་པོ་ཞིག་བྱུང་།

  6. རླངས་འདྲེ་བཀོལ། says:
    2011-03-18 at 12:47 pm

    འདི་ཚོ་སྤྱི་འཐུས་ཟེར་ན་མིང་དོན་མཚུངས་མི་འདུག
    མགོ་ནག་བོད་པའི་སྐྱིད་སྡུག་ལ་བསམ་བློ་ཏིལ་འབྲུ་ཙམ་ཡང་གཏོང་གི་མི་འདུག
    ཡིད་བཞིན་ནོར་བུའི་དགོངས་པ་ཕུགས་བཞེད་བཀའ་ཡིག་ནང་ལ་ག་འདྲའི་གསལ་པོ་འདུག
    ད་དུང་སྡིག་པ་མིག་ཙུམ་གྱི་གྲོས་ཆོད་ཐབས་ཆགས་ཤིག་

  7. ལོ་ལོན། says:
    2011-03-18 at 12:48 pm

    ད་སྐྱོན་མི་འདུག་། ང་ཚོ་ས་གནས་སོ་སོ་ནས་མི་རང་རང་གི་བསམ་ཚུལ་ཐད་ཀར་། བཀའ་ཤག་དང་སྤྱི་མཐུས་། སྐུ་སྒེར་ཡིག་ཚང་བཅས་ལ་གནང་ཐུབ་པ་བྱོས་།

  8. བཀྲ་ཤིས་སྒྲོལ་མ། says:
    2011-03-18 at 12:51 pm

    ཡ་མཚར། དངོས་གནས་ཡ་མཚར་རེད། རྒྱལ་བའི་བཀའ་ལ་ཡར་ལོག་བྱེད་ཐུབ་པ་དངོས་གནས་ཡ་མཚར་རེད། ལྷག་པར་དུ་མགོན་པོ་གང་གིས་དགག་དགོས་མང་པོ་ཞིག་ལ་གཟིགས་ནས་བཀའ་ནན་མོ་འདི་འདྲ་གནང་དུས་ད་དུང་དེ་ལ་ཕྱོགས་གཞན་ཞིག་ནས་རྒྱུ་མཚན་དང་གནས་ལུགས་འཚོལ་བཞིན་འགྲེལ་བཤད་འདྲ་ཆགས་པོ་མང་པོ་ཞིག་རྡོ་སྒྲིག་སྒྲིག་བྱས་ཏེ། བཀའ་ལ་ཡར་ལོག་བྱེད་པ་འདི་དངོས་གནས་ཡ་མཚར་རེད། བོད་མི་མང་གི་རེ་ལྟོས་བཅོལ་ཡུལ་ཁྱེད་ཚོས་ལས་དོན་སྒྲུབ་སྟངས་འདི་ཡིན་ན་ཁྱོད་ཚོ་ལ་ཡིད་ཆེས་བློས་འགེལ་བྱེད་ས་ཞིག་འདུག་གམ། ཨ་ཡ་མཚར། དངོས་གནས་ཡ་མཚར་རེད། བོད་བཙན་བྱོལ་ནང་གི་དྲག་ཤོས་ཡག་ཤོས་རྣམས་མི་མང་གི་ངོ་ཚབ་བྱས་ཏེ་སྤྱི་འཐུས་གྲོས་ཚོགས་ནང་སླེབས་ཡོད་པ་རེད། ཁོ་ཚོས་གོས་ས་མཆོག་གི་བཀའ་བརྩི་དང་ལེན་བྱེད་སྟངས་དེ་འདྲ་རེད། རྒྱལ་བའི་དགོངས་པ་སྒྲུབ་སྟངས་དེ་འདྲ་རེད། ཨ་ཡ་མཚར། དངོས་གནས་ཡ་མཚར་རེད། ཁོང་ཚོས་རྒྱལ་བའི་དགོངས་པ་མ་རྟོགས་པ་རེད་ཟེར་ན་ཡིན་རྒྱུ་མ་རེད། ཁོང་ཚོ་བཙན་བྱོལ་མི་མང་གི་ངོ་ཚབ་མཚོན་པའི་སྤྱི་བའི་སྤྱི་འཐུས་ལྷན་ཚོགས་རེད། རྒྱལ་བའི་དགོངས་པ་སྒྲུབ་འདོད་མེད་པ་ནི་ཕལ་ཆེར་ཡིན་མི་སྲིད། ཨ་ཡ་མཚར། ད་བྱས་ན་རྒྱལ་བའི་གསུངས་ལ་ཡིད་ཆེས་མེད་པ་དང་། བཀའ་ནན་མོ་འདི་འདྲ་གསུངས་རུང་ད་དུང་དེ་ལ་འགྱུར་ལྡོག་དགོས་པའི་ཨུ་ཚུགས་འདི་འདྲ་བྱེད་དགོས་པའི་ཡང་སྙིང་དམིགས་ཡུལ་ཅི་ཞིག་ཡིན་ན། ཨ་ཡ་མཚར། དངོས་གནས་ཡ་མཚར་རེད།

  9. བཟོད་པ་ལྷ་རྩེ། says:
    2011-03-18 at 1:05 pm

    རྒྱལ་བ་རིན་པོ་ཆེའི་བཀའ་ལ་བརྩིས་བཀུར་རྩ་བ་ནས་མི་བྱེད་པའི་སྤྱི་འཐུས་རྣམས་པ་ཚོས་རྒྱལ་བའི་བཀའ་ཡིས་གོ་དོན་ཙམ་རྟོགས་མེད་པ་ནི་ཁ་གསལ་པོ་རེད། རྒྱལ་བ་རིན་པོ་ཆེ་ནས་བཀའ་གསལ་པོ་གནང་ཡོད། སྲིད་ཀྱི་འགན་དེ་མི་མང་གི་འོས་འདེམས་བྱས་པའི་མི་ཞིག་ལ་སྤྲོད་དགོས་པ་གནད་དགག་ཆེན་པོ་ཞིག་རེད། འོན་ཀྱང་སྤྱི་འཐུས་ཀྱི་འོས་འདེམས་སླེབ་ལ་ཉེ་བས་སྤྱི་འཐུས་འདེམས་རྒྱུ་མ་ནོར་བ་དགོས་པ་ལས་ད་ཆ་མ་སྒྲིགས་པ་ཤོད་ས་མེད་ག་ལ་ཞེ་ན་ང་ཚོའི་ནོར་འཕྲུལ་ཤོར་ཟིན་པ་ངེས་པར་ཤེས་པ་བགྱིས།

  10. གཅན་བཟོད་རྒྱམ། says:
    2011-03-18 at 1:32 pm

    ད་དུང་དོ་དགོང་ཀུན་གླེང་གསར་འགྱུར་ཐོག་ཏུ་བུད་མེད་ཚོགས་པའི་ཚོགས་གཙོ་དང་མདོ་སྨད་སྤྱི་འཏུས་ལས་ཐོག་སྒྲོལ་དཀར་ལྷ་མོས་ཉོག་བཤད་ག་ཚོད་བྱས་མ་སོང་། གསོལ་བ་ཕུར་ཚུགས་སུ་འདེབས་དགོས་སོགས་ཉོག་གཏམ་བསྐྱར་བཤད་ཡང་བཤད་ག་གམ་བྱས་སོང་། དེ་རིང་སྤྱི་འཐུས་གྲོས་ཚོགས་ནང་འཐུས་མི་འགའ་རེས་ངར་ཤུགས་ཆེ་མདོག་གིས་ཅི་ལྟར་བཤད་སོང་། ངོ་མ་༸རྒྱལ་བའོ་བཀའ་ལ་གྱེན་ལོག་བྱེད་པ་རང་རེད། (བཀའ་བཞིན་སྒྲུབ་པའི་མཆོད་པས་རབ་མྱོས་ཏེ་)ཟེར་བ་མ་ཡིན་ནམ། ༸གོང་ས་བཅུ་གསུམ་པའི་ཚེ་མཇུག་ལའང་སྐབས་དེའི་སྐུ་དྲག་ཚོས་བཀའ་ལ་མ་བརྩིས་པའི་མཐར་བརྟན་གཞུག་མ་བཞེས་པའི་ལོ་རྒྱུས་དེ་ཚོར་ངེས་པར་དུ་དགོངས་པ་བཞེས་དགོས་པ་ཞིག་རེད་སྙམ། ༸གོང་ས་མཆོག་གིས་ད་ལོའི་སུམ་དུས་ནས་ཐེངས་འགར་གསུངས་ཟིན་ཀྱང་ད་དུང་བཀའ་ལ་བརྩི་སྲུང་མེད་པར་ཕྱིར་ཨུ་ཚུགས་བརྒྱབས་ན་བཀའ་ལས་ལྡོག་པ་མ་ཡིན་ནམ། ༸གོང་ས་མཆོག་གིས་སྔོན་མ་ནས་(ང་མེད་པ་ནང་བཞིན་ལས་ཀ་བྱེད་དགོས་པ་རེད། ངས་བོད་སྤྱི་བའི་ལས་དོན་རྩ་ནས་དོར་བ་མིན་པར་མ་ཤི་བར་དུ་གང་ཐུབ་ཅི་ནུས་བྱེད་ངེས་ཡིན་)ཞེས་ཐེངས་ག་ཚོད་གསུངས་མ་སོང་། ངོ་མ་གོ་བ་མེད་པའི་གླང་རྒན་རང་རེད་འདུག ད་དུང་ད་ལོའི་སྤྱི་འཐུས་(འོས་མི་)ལ་ལངས་མཁན་ཚོའི་ནང་དུའང་འདི་འདྲ་མང་པོ་ཡོད་པ་ཁ་སྔོན་ནས་ད་བར་གྱི་ཁོ་ཚོའི་གཏམ་བཤད་དག་ལས་ཤེས་འདུག་ན། ང་ཙོས་འོས་མི་ཅིས་ཀྱང་མ་ནོར་བ་བྱ་དགོས་སྙམ

  11. gonpo says:
    2011-03-18 at 1:39 pm

    རྒྱལ་བའི་བཀའ་བོད་སྐད་དང་མའི་ནང་གསུངས་འདུག་ན་སྤྱི་དཀྲུག་རྒྱ་དམར་གྱི་རྒྱུག་ཁྱི་དེ་ཚོས་སྡིག་པ་མིག་བཙུམ་བྱེད་སྟངས་ལ་གཟིགས་དང་། ང་ཚོ་གཞིས་བྱེས་མི་དམངས་འདི་འདྲ་བའི་སེམས་ཕམ་པ་ལ།སྤྱི་ཐུས་མིང་ཁུར་རྒྱ་དམར་གྱི་རེ་བ་སྒྲུབ་མཁན་དེ་ཚོ་རེ་རེ་བཞིན་སྡིག་པ་ར་ཙའི་དོང་ནང་ལོ་དགུ་རེ་བཞག་ནས་བོད་མི་དམངས་རེ་རེ་བཞིན་ནས་ཁྱི་རྒན་དེ་ཚོས་གདོན་ལ་མཆིལ་མ་ཐུ་ལུད་རེ་འདེབ་ན་ཡང་སྙིང་ན་བ་མི་སངས་གི

  12. gonpo says:
    2011-03-18 at 1:39 pm

    རྒྱལ་བའི་བཀའ་བོད་སྐད་དང་མའི་ནང་གསུངས་འདུག་ན་སྤྱི་དཀྲུག་རྒྱ་དམར་གྱི་རྒྱུག་ཁྱི་དེ་ཚོས་སྡིག་པ་མིག་བཙུམ་བྱེད་སྟངས་ལ་གཟིགས་དང་། ང་ཚོ་གཞིས་བྱེས་མི་དམངས་འདི་འདྲ་བའི་སེམས་ཕམ་པ་ལ།སྤྱི་ཐུས་མིང་ཁུར་རྒྱ་དམར་གྱི་རེ་བ་སྒྲུབ་མཁན་དེ་ཚོ་རེ་རེ་བཞིན་སྡིག་པ་ར་ཙའི་དོང་ནང་ལོ་དགུ་རེ་བཞག་ནས་བོད་མི་དམངས་རེ་རེ་བཞིན་ནས་ཁྱི་རྒན་དེ་ཚོས་གདོན་ལ་མཆིལ་མ་ཐུ་ལུད་རེ་འདེབ་ན་ཡང་སྙིང་ན་བ་མི་སངས་གི

  13. རྒྱ་གྲམ་དམར་པོ་ says:
    2011-03-18 at 1:54 pm

    ད་སྤྱི་མཐུས་དེ་ཚོ་གླང་གོག་དང་ཅིག་པ་རེད་འདུག། ད་ཡིན་ན་དངོས་གནས་སེམས་སྐྱོ་ནི་རེད།།།།

  14. དཀོན་མཆོག་ཆོས་འཕེལ། says:
    2011-03-18 at 2:00 pm

    བོད་མི་མང་གིས་སྤྱི་བའི་ལས་དོན་སྒྲུབ་མཁན་ལ་བསྐོས་པ་རེད་མ་གཏོགས།་སྤྱི་དོན་འཐུས་ཤོར་ལ་གཏོང་མཁན་དུ་བསྐོས་པ་མ་རེད། ཡིན་ནའང་། མི་འགྲིག་རྒྱུ་གཅིག་རང་གཅིག་དེ་འོས་ཤོག་ལ་རེ་བ་བརྒྱབ་པ་དེས་འགྲིག་མ་སོང་། ༼་ྋརྒྱལ་མཆོག་སྐུ་ ཕྲེང་ན་རིམ་དང་བོད་དང་བོད་མིའི་དབར་དམིགས་བསལ་འབྲེལ་ ལམ་དམ་ཟབ་ཡོད་པ་བཅས་བོད་འབངས་རྣམས་མགོན་པོ་གང་ཉིད་ཀྱི་ཆོས་སྲིད་གཉིས་ཀྱི་ ཡང་དག་པའི་དབུ་ཁྲིད་ལས་བསྐལ་པ་ཇི་སྲིད་བར་དུ་ནམ་ཡང་འབྲལ་ཐབས་མེད༽ཟེར་བ་ནི། གོང་ས་མཆོག་གིས་ད་རེས་གནང་བའི་གསུང་བཤད་འདི་མང་ཚོགས་ཀྱི་སེམས་ནང་རྔམ་སྐྲག་སླེབས་ཡག་གི་ཆེད་དུ་ཡིན་རྒྱུ་རེད་མ་གཏོགས། གོང་ས་མཆོག་གིས་༼ངོས་ཀྱི་སྲིད་དབང་རྩིས་ སྤྲོད་བྱ་རྒྱུའི་བསམ་ཚུལ་འདི་འགན་ཁུར་བྱེད་འདོད་ མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་བདེན་དོན་འཐབ་རྩོད་བློས་བཏང་བ་ཞིག་གཏན་ནས་མ་ཡིན་པར་བོད་མིའི་འཕྲལ་ ཕུགས་ཀྱི་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན། བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་རྒྱུན་གནས་ ཐུབ་པ་དང༌། བོད་མིའི་དྲང་བདེན་གྱི་འཐབ་རྩོད་རྒྱུན་སྐྱོང་ཐུབ་པ་ཞིག་དགོས་གལ་ཤིན་ཏུ་ཆེ་ ཞིང༌། ཅི་སྟེ་ད་དུང་ལོ་བཅུ་ཕྲག་འགའ་ཤས་མུ་མཐུད་གནས་དགོས་པ་བྱུང་ན་ངོས་ནས་འགོ་ ཁྲིད་བྱེད་མ་ཐུབ་པའི་དུས་ཤིག་ངེས་པར་ཡོང་རྒྱུ་ཡིན་པ་ནི་ཚང་མས་ཤེས་གསལ་དང༌། ད་ལྟ་ངོས་རང་བདེ་ཐང་ཡོད་སྐབས་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་འགན་ ཁུར་ཆ་ཚང་ྋརྒྱལ་བ་རིན་པོ་ཆེར་བརྟེན་མི་དགོས་པར་རང་ཚུགས་ཐུབ་པ་ཡོང་རྒྱུའི་ གོམས་གཤིས་འཇགས་ཐབས་སུ། ལམ་སྲོལ་འདི་ད་ལྟ་ནས་ལག་བསྟར་བྱེད་རྒྱུ་བྱུང་ན་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་ ངོས་ཀྱིས་མཐུན་འགྱུར་བྱེད་ཐུབ། དེ་མིན་འདི་མུར་ལུས་ཏེ་ནམ་ཞིག་གློ་བུར་ངོས་ཀྱི་འགོ་ཁྲིད་མེད་པའི་དུས་སྐབས་ ཤར་ཚེ་ཅི་བྱ་གཏོལ་མེད་ཀྱི་གནས་ཚུལ་ཞིག་ཡོང་སྲིད་པས་དེ་འདྲ་མི་ཡོང་ཆེད་ད་ལྟ་ ནས་ངེས་པར་ལག་ལེན་བྱེད་དགོས་པ་དེ་བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཏུ་ གྱུར་ཡོད་༽ཅེས་གསལ་པོར་གསུངས་ཡོད་བཞིན་དུ། མང་ཚོགས་ཀྱི་སེམས་པ་འཁྲུག་གཞིའི་ཚིག་འདི་འདྲ་ག་ལ་སྤེལ། དངོས་གནས་ཡིན། ད་རེས་སྤྱི་འཐུས་ཚོས་འགན་ཁུར་བླངས་མ་སོང་། འོས་ཤོག་གི་རྔམ་སྐྲག་དང་གསུང་འཕྲིན་བརྗེ་པོ་བརྒྱབ་སོང་། བློ་ཕམ་ཡོད།

  15. དཀོན་མཆོག་ཆོས་འཕེལ། says:
    2011-03-18 at 2:09 pm

    འདི་ཚེས་༡༥ཉིན་༧སྤྱི་ནོར་གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་ནེ་ཤི་ནལ་གུ་རུཕ་ཞེས་པའི་གསར་ཤོག་གི་རྩོམ་སྒྲིག་པ་སུ་ཐི་ཆའི་ཡུའུན་ལ་ གཟིམ་ཆུང་ནང་དམིགས་བསལ་ཆུ་ཚོད་གཅིག་རིང་བཅའ་འདྲི་ཞུ་རྒྱུའི་གོ་སྐབས་བསྩལ་ བའི་སྐབས། འདི་ལོའི་ལོ་མཇུག་ཏུ་ཆབ་སྲིད་ཀྱི་སྐུ་དབང་ཕྱི་བཤོལ་གནང་ རྩིས་ཡོད་པ་ལྟར་བཙན་བྱོལ་བོད་མི་གྲོས་ཚོགས་ཀྱིས་༧གོང་ས་མཆོག་གི་བཀའ་དགོངས་ ལ་དགོངས་བཞེས་གནང་བའི་ཐུགས་རེ་གནང་གི་ཡོད་སྐོར་དང་། གལ་སྲིད་མོས་མཐུན་མ་གནང་ཚེ་ ༧གོང་ས་མཆོག་གིས་དགོངས་གཞིའི་གནད་འགག་ཇི་ཡིན་གསལ་བཤད་ཡིད་ཆེས་འཕེར་བ་ཞིག་གནང་རྩིས་ཡོད་ལུགས་གསུངས་གནང་ཡོད་པ་པ་རེད།

    སྤྱི་འཐུས་ཚོས་འདི་མ་གོ་བ་ཨེ་ཡིན། གོ་ཡང་མ་གོ་མདོག་མདོག་བྱས་པ་ཨེ་ཡིན།

  16. མི་ནག་མདུང་ཐུང་། says:
    2011-03-18 at 2:18 pm

    གསུང་འཕྲིན་རྒྱ་མས་དེ་ཉིད་འདེགས་ལ་གཏུག།
    འོས་ཤོག་ཆར་བ་གནངས་ཉིན་འབབ་ལ་གཏུག།
    འདམ་ཀ་གཉིས་ལས་རང་གི་འོས་ཤོག་འདམ།།
    སྤྱི་འཐུས་འདི་ཚོར་རེ་བའི་བལྟ་ཡུལ་མེད།།
    བཅུ་ཕྲག་བཞི་ཡི་སྤྱི་མིའི་ར་བ་ན།།
    དགོངས་གཞི་རྟོགས་མཁན་གཅིག་ལས་མེད་དམ་ཅི།།
    དོན་ཚན་གཉིས་དེ་སྤྱི་མོས་ཚད་དུ་བསྐྱལ།།
    གནད་འགག་ཅན་དེ་མང་མོས་ངོ་བོར་ལྷག།
    འོས་ཤོག་བསྡུ་ཁའི་ངོ་གདོང་འདི་དག་གིས།།
    ད་གཟོད་རེ་བ་མེད་པའི་ཕྱི་ནང་རྟོགས།།
    སྤྱི་འཐུས་འདི་ཚོས་སྤྱི་དོན་མི་སྒྲུབ་འདུག།
    ད་ནི་ཅི་བྱ་བོད་འབངས་བསམ་ཡོད་ཚོ།།
    གནངས་ཉིན་འོས་ཤོག་འཕེན་ཡུལ་མ་ནོར་ཨང་།།
    རྙིང་པས་མི་ཕན་གསར་པ་མང་དགོས་ཞེས།།
    ཁྱབ་བསྒྲགས་གསལ་བསྒྲགས་སྣེ་མོ་འདི་ན་ཡོད།།

  17. གཅན་བཟོད་རྒྱམ། says:
    2011-03-18 at 2:18 pm

    རེ་ཟུང་གིས་གོ་ཡོད་ན་མ་གཏོགས་མང་ཆེ་བས་གོ་མེད་པ་ཐག་གིས་ཆོད། གང་ཡིན་ཟེར། སྤྱི་འཐུས་མང་ཆེ་བས་གྲ་སྒྲིག་ཅི་ཡང་མེད་པར་ཚོགས་འདུར་བཅར་ཡོད། ཚོགས་འདུ་མེད་པའི་སྐབས་སུ་མི་དམངས་དང་འབྲེལ་འདྲིས་ཅི་ཡང་མི་བྱེད། སྒམ་མདོག་གམ་ཡིན་མདོག་གིས་རང་དགར་འདུག་གི་རེད། སྤྱི་ཚོགས་དང་ཁ་ཐག་རིང་བོར་འདུག་གི་རེད། ངོ་མ་ཡིན།
    སྤྱི་ཚོགས་ལ་རྒྱུས་མེད་པར་ཚོགས་འདུར་བཅར་སྐབས་རྒྱུས་ཡོད་མདོག་གིས་མི་མང་གིས་ཅིག་ཅིག་མིག་མིག་ཟེར་ནས་སྐད་ཆ་བཤད་གི་རེད། སྔ་ལོའི་ནད་རྙིད་ད་ལོར་གོ་སྐབས་དང་བསྟུན་ནས་བཤད་ཀི་རེད། མི་བདེན་གི་བསམ་ན་ད་ལོ་གྲོས་ཚོགས་ཀྱི་བརྙན་འཕྲིན་ལ་གཟིགས་དང་ཤེས་ཀི་རེད།

  18. ཆུ་སྐྱེས་སྒྲོལ་མ། says:
    2011-03-18 at 3:26 pm

    བོད་གཞིས་བྱེས་གཉིས་ཀྱི་བོད་མིའི་ཚབ་གནང་ནས་གྲོས་ཆོད་བཞག་ཡོད་ན་ནོར་འདུག་ བོད་མི་ཚང་མས་གྲོས་ཆོད་དེར་ངོས་ལེན་གནང་ཨེ་ཐུབ། བྱེད་བྲག་བོད་བཙན་བྱོལ་དུ་གནས་པའི་བོད་མི་ཚོས་ཀྱང་ངོས་ལེན་གནང་ཨེ་ཐུབ། སྤྱི་འཐུས་པ་གང་ཟག་སྒེར་པ་ཚོར་འོས་ཐོབ་ཆེད་དུ་བཀའ་སྙན་པོ་ཙམ་གྱིས ་གྲོས་ཆོད་བཞག་པ་ཡིན་ན། མཐོན་པོའི་ཁྲི་སྟེགས་ཤིག་གི་ཆེད་དུ་སྤྱི་འཐུས་ཚང་མས་རང་རང་གི་བསམ་ཚུལ་ངོ་མ་ཕྱིར་མངོན་ཐབས་ལ་འབད་མི་འདུག སྤྱི་འཐུས་ཀྱིས་སྤྱི་པའི་འགན་བླངས་མི་འདུག ད་ཅི་བྱེད།

  19. གསང་གྲོལ། says:
    2011-03-18 at 4:00 pm

    གྲོས་ཆོད་འདི་མཐོང་རྗེས། ཡིད་ལ་བུད་ཤིང་མེད་ན་ཡང་།། སྡུག་བསྔལ་མེ་ཆེན་རབ་འབར་ཞིང་།། མིག་གི་མཁའ་ན་སྤྲིན་མེད་ཀྱང་།། མཆི་མའི་ཆར་རྒྱུན་འབབ་པར་གྱུར། ། རྟག་ཏུ་ངུའི་རྟོགས་བརྗོད་ཀྱི་ཤོ་ལོ་ཀ་འདི་དྲན་འོངས། ཁྲིམས་བཟོ་ལྷན་ཚོགས་ཀྱིས་གོང་ས་མཆོག་ལ་ཁྱེད་རང་མོ་བྷ་ར་ཁུ་ལྟར་བཞུགས་རོགས་གནང་ཟེར་བ་དང་མཚུངས་ལ། བོད་ཀྱི་བྱུང་རབས་ནང་མ་གྲགས་པའི་འགྱུར་མཚམས་ཆེ་ཤོས་མང་གཙོའི་མཐར་ཐུག་གི་མངོན་འདུག་དེ་ལ་སྤྱི་འཐུས་ཚོའི་བཀག་རྡོ་འཕངས་སོང་།

  20. བཀྲ་ཤིས་ནག་ལྡང་། says:
    2011-03-18 at 4:01 pm

    སྤྱི་འཐུས་འདི་ཚོ་ཁ་རང་ལ་བསྐོར་ན་ལྟོ་གྲིམ་རྐྱང་རྐྱང་ཡིན།
    སྤྱི་བའི་ལས་ཀ་ཟེར་དུས་ཁ་གཡར་ས་བཙལ་ནས་འགན་ལེན་མཁན་གཅིག་ཀྱང་མེད།
    ངས་འདི་ནས་དཔེ་ཞིག་འཇོག བོད་རྒྱལ་ཡོངས་ཚོགས་ཆེན་༢༠༡༠སྐབས་སུ་གྲོས་གཞི་འདི་འདྲ་ཞིག་འདུག སྤྱི་འཐུས་ལ་ལོ་ཡི་ཚད་བཀག་བཟོ་དགོས། མང་མོས། འོན་ཀྱང་སྤྱི་འཐུས་འདི་ཚོས་འདི་ཕྱིར་འཐེན་བྱས་ཡོད། དེ་སྔ་བཀའ་ཁྲི་སྐབས་གསུམ་ལ་བསྟུད་མར་ཡོང་ཆོག་མིན་ཐད་གྲོས་ཆོད་བཞག་སོང་། དེའི་སྐབས་སྤྱི་འཐུས་གྲུང་རིག་རིག་འདི་ཚོས་གྲོས་གཞི་འདི་ལྟར་བཏོན་ཡོད། བཀའ་ཁྲི་དང་བཀའ་བློན་བསྟུན་མར་ཐེངས་གསུམ་ལ་ཡོང་ཆོག་མིན། ཞེས་བཞག་ཡོད། བཀའ་ཁྲི་བསྟུན་མར་ཐེངས་གསུམ་ལ་ཡོང་མི་ཆོག་པ་གནད་འགག་འདུག འོན་ཀྱང་། བཀའ་བློན་བསྟུན་མར་ཐེངས་གཉིས་ལ་བཀའ་བློན་གནང་མཁན་ཞིག་བཀའ་ཁྲི་ལ་ཡོང་མི་ཆོག་པའི་རྒྱུ་མཚན་ཅི་ཡོད། སྤྱི་འཐུས་ལོ་ཉི་ཤུ་ལྷག མི་ཚེ་ཁོ་རང་སྤྱི་འཐུས་གྲོས་ཚོགས་ནང་དུ་བསྡད་ཆོག་པ་ཞིག་དང་། བཀའ་བློན་བཀའ་ཁྲི་ལ་འགྲོ་མི་ཆོག་པ་ཞིག འདི་སྤྱི་འཐུས་ཟེར་བ་དེ་ཚོ་ལྟོ་གྲུང་གི་རྟགས་མིན་ན་ཅི་ཞིག་རེད།

  21. གཅན་བཟོད་རྒྱམ། says:
    2011-03-18 at 4:11 pm

    བལ་ཡུལ་ཕེབས་པའི་སྤྱི་འཐུས་ཇོ་ལགས་ཤིག་གིས་ཟེར་ན་༸གོང་ས་མཆོག་ལ་གསོལ་ཕུར་ཚུགས་སུ་འདེབས་དགོས་པ་རེད། གཅིག་བྱས་ན་བཀའ་བཀྱོན་གནང་ཡོང་གི་རེད་དེ་བཀའ་བཀྱོན་གསེད་དགོས་པ་རེད་ཅེས་སོགས་ཉ་ཉུང་མང་པོ་བསྲེས་ཏེ་བཤད་སོང་།
    མདོ་སྨད་སྤྱི་འཐུས་སྒྲོལ་དཀར་ལྷ་མོ་དང་རྒྱལ་རུང་ཟླ་བ་ཚེ་རིང་སོགས་མང་པོས་དེ་མཚུངས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་སྐོར་ངར་ཤུགས་ཆེན་པོས་བཤད་སོང་། (གསོལ་བ་ཕུར་ཚུགས་སུ་འདེབས་དགོས་)ཟེར་བའི་སྐད་ཆ་དེ་ཞེ་ས་དོར་ནས་བཤད་ལ་(ཨུ་ཚུགས་རྒྱག་དགོས་པ་རེད་)ཟེར་བ་རེད། ༸གོང་ས་མཆོག་གིས་ལན་མང་གསུངས་ཀྱང་ད་དུང་ཡང་ཨུ་ཚུགས་རྒྱག་དགོས་པ་རེད་ཟེར་ན་ཅེ་རེད། ༸གོང་ས་མཆོག་གིས་(ང་ལའང་རང་དབང་མང་གཙོའི་ཐོབ་ཐང་ཡོད་པ་རེད་)ཅེས་ཞལ་རྩེ་ངང་གསུངས་མྱོང་བ་མ་ཡིན་ནམ།

  22. གཅན་བཟོད་རྒྱམ། says:
    2011-03-18 at 4:15 pm

    བཀྲ་ཤིས་ནག་ལྡིང་ཁྱོས་བཤད་པ་ངོ་མ་རེད། སྤྱི་འཐུས་འདིར་ཚོར་ཡང་མང་ན་ལོ་བཅུ་ལས་བསྡད་མི་ཆོག་པ་ངེས་པར་དུ་བཟོ་དགོས་ཀྱི་འདུག དེ་མ་བཟོས་པས་སྤྱི་འཐུས་རྙིང་པ་ཚོས་ས་འོག་དར་ཐག་འཐེན་ཏེ་བྱ་བེད་གང་ལ་འགོག་རྐྱེན་བཟོས་དང་བཟོ་བཞིན་པ་རེད། སེམས་ཤུགས་ཡོད་མདོག་གིས་གསོལ་བ་ཕུ་ཚུགས་སུ་འདེབས་སྐོར་བཤད་ཡོང་གི་འདུག་ག རང་གིས་འགན་གང་ཡང་འཁྱེར་འདོད་མེད་པ་རེད། མདོར་དེད་ན་སྤྱི་འཐུས་ཚོས་རང་རང་གིས་དགོངས་པ་བཞེས་ཏེ་རང་ཉིད་སྤྱི་འཐུས་སུ་བསྡད་པའི་རིང་ལ་ལས་ཀ་ཅི་ཞིག་འཇོན་ཡོད་མེད་ལ་དགངས་པ་བཞེས་ཏེ་གལ་ཏེ་ཅང་འཇོན་མེད་ན་རང་དགར་ཕྱིར་འཐེན་གནང་རོགས་ཞུ།

  23. ཨ་རིག་དགེ་མཐོང་། says:
    2011-03-18 at 4:32 pm

    དངོས་གནས་དམངས་ཚོགས་ལ་གོ་རྟོགས་མེད་ཁུ། སྤྱི་འཐུས་རྣམ་པས་གྲོས་ཆོད་འདི་ལྟ་བུ་ཞིག་ལས་ཅི་གནང་རྒྱུ། སྤྱི་འཐུས་ཚོས་ཁྱོན་ནས་ནོར་མི་འདུག རྣམ་དཔྱོད་དང་ལྡན་པ་དང་གནད་འགག་གི་སྐབས་སུ་མི་མང་གི་རེ་འདོད་གཙོ་བཟུང་བྱས་ཡོད་ཁུ། ད་རེས་སྤྱི་འཐུས་རྣམས་མི་མང་གིས་འོས་བླུགས་ནས་ཐོབ་ནོ་གྲུབ་འབྲས་ཤར་ཐལ། བཀའ་དྲིན་ཆེ་ཞུ། ངའི་མཆན་བུ་འདི་གོང་གི་མཆན་བུ་དག་ལ་བལྟས་ནས་བཏབ་པ་ཡིན། མཆན་བུ་འདི་ཀློག་ཤེས་དགོས། གལ་སྲིད་ཀློག་མི་ཤེས་ན་བསམ་འཆར་མ་བཤད་རོགས་ཞུ།

  24. གསལ་ལེ་རྒྱལ། says:
    2011-03-18 at 6:09 pm

    བསམ་འཆར་རིང་བོ་ཞིག་བྲིས་ཀྱང་ཡར་མ་བཏང་བའི་སྔོན་ལ་ནག་མེད་སེ་ཕྱིན་སོང་བས་ཡང་བསྐྱར་འབྲི་བར་སུན་སོང་། མདོ་དོན། ༧གོང་ས་མཆོག་གི་བཀའ་གསུང་ཕྱིར་སློག་བྱེད་མཁན་དང་༧གོང་ས་མཆོག་གི་བཀའ་གསུང་ལག་ལེན་དུ་བསྟར་མཁན་གཉིས་ཁག་ཁག་སོ་སོ་རེད། དེ་རིང་གི་གྲོས་ཚོགས་ནང་ན་སྐད་ཆ་བདག་མེད་བཤད་བཞིན་པའི་འཐུས་མི་དེ་དག་སང་ཉིན་གྱི་འཐུས་མི་མ་རེད། དེ་བས་༧གོང་ས་མཆོག་གི་བཀའ་གསུང་འདིར་ལན་འདེབས་མཁན་ཡང་ལག་ལེན་གྱི་སྟེང་ལ་གྲ་སྒྲིག་ཡོད་པའི་སང་ཉིན་གྱི་འཐུས་མི་དེ་ཚོ་ཡིན། དེ་རིང་གི་འཐུས་མི་ཚོས་འགྲོ་ཞོར་འདུག་ཞོར་ལ་བསམ་བློ་མ་བཏང་བའི་སྐད་ཆ་བདག་མེད་དེ་དག་བཤད་ན་མི་ཆོག
    ༧གོང་ས་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་བོད་མི་དམངས་ལ་ཆབ་སྲིད་ཀྱི་སྐུ་དབང་ཚང་མ་སྤྲད་པ་དེའི་དྲིན་དྲན་པའི་ཚུལ་དུ། བོད་མི་དམངས་ཀྱི་ངོས་ནས་ཀྱང་དབྱིན་ཇིའི་རྒྱལ་མོའི་དབང་ཐོབ་བཞིན་༧གོང་ས་མཆོག་ལ་དགའ་ལྡན་ཕོ་བྲང་བའི་མཚན་གནས་ཤིག་གནང་དགོས། ༼གནད་འགག་གི་སྐབས་སུ་ངོས་ནས་ད་དུང་རོག་པ་བྱེད་ཐུབ་གི་རེད༽ཅེས་བའི་བཀའ་གསུང་འདིའི་དོན་ཤེས་བ་བྱས་ནས། མ་འོངས་བར་དཀའ་ངལ་ལ་འཕྲད་ཚེ་༧གོང་ས་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ལ་ལམ་ཁ་བཟོ་དགོས།

  25. མི་ནག་མདུང་ཐུང་། says:
    2011-03-18 at 10:52 pm

    བོད་རྒྱ་ཆེའི་མི་མང་གི་འདོད་པ་ཡིན་ན། བོད་ཀྱི་རྩ་དོན་འཐབ་རྩོད་འདི་མུ་མཐུད་གནས་ཤིང་། བདེན་མཐའ་གསལ་བ་ཞིག་ཡོང་རྒྱུ་དེ་རེད། བོད་རྒྱ་ཆེའི་མི་མང་གིས་རྒྱལ་བ་རིན་པོ་ཆེས་གང་གསུངས་པ་དེ་བདེན་པ་དང་རྩ་ཆེན་པོར་བརྩི་གི་རེད་མ་གཏོགས། རྒྱལ་བ་རིན་པོ་ཆེའི་བཀའ་གསུང་སྒྲུབ་རྒྱུའི་ཚབ་ཏུ་ཨུ་ཚུགས་ཀྱིས་སྐྱབས་འཇུག་རེ་ཞུ་བ་འདིར་མང་ཚོགས་ཀྱིས་འདོད་པ་བྱེད་ཀྱི་མ་རེད། ད་རེས་གྲོས་ཚོགས་ཀྱིས་འོས་ཤོག་དང་རྩ་དོན་གཉིས་ལས་འོས་ཤོག་གཙོ་བོར་བཟུང་ནས། སྐབས་བཅུ་བཞི་པའི་འཐུས་མི་འདི་ཚོས་ནམ་རྒྱུན་མི་མང་གི་ཐག་ཉེ་ན་མེད་པ་ལ། ད་རེས་ཐག་ཉེ་ཞིག་ན་ཡོད་མདོག་བསྟན་ནས་འོས་ཤོག་གི་ཆེད་དུ་གོ་སྐབས་བླངས་སོང་། དྲང་མོར་བཤད་ན། གྲོས་ཆོད་དོན་ཚན་གསུམ་དེ་ནི།

    ༡ ཁྱེད་རང་གིས་ཕྱག་ལས་ཡག་པོ་གནང་སོང་། དེར་ཐུགས་རྗེ་ཆེ་ཞུའི་བརྟན་བཞུགས་འབུལ་རྒྱུ་ཡིན།
    ༢ ཆབ་སྲིད་ཀྱི་ལས་ཀ་མཚམས་འཇོག་གི་ཡིན་ལབ་ན་ང་ཚོས་ཨུ་ཚུགས་མཐར་སྐྱེལ་གྱིས་ངོས་ལེན་བྱེད་ཀི་མིན།
    ༣ ང་ཚོས་གང་ཡོང་ཡོང་ཧུར་ཐག་བྱེད་རྒྱུའི་དམ་བཅའ་འཇོག་ཆོག

    འདི་འདྲ་ཞིག་རེད། ད་གྲོས་ཚོགས་འཐུས་མི་ཚོས་བྱས་རྗེས་བཞག་འདུག་གམ། རྒྱལ་བ་རིན་པོ་ཆེས་རྒྱུ་མཚན་གསལ་བཤད་གནང་བ་དེ་ཚོ། གོ་ནའང་མ་གོ་མདོག་མདོག་བྱས་ནས་སྡོད་ཕོད་པ་འདི་ལ་བལྟས་ན། ད་རེས་ཀྱི་འཐུས་མི་ཚོས་འགན་ཟེར་བ་དེ་ཐག་རིང་ཞིག་ལ་བསྐྱལ་སོང་། རྒྱལ་བ་རིན་པོ་ཆེས་བོད་མི་མང་ལ་ཐུགས་རེ་ཆེན་པོ་གནང་སོང་ཡང་། སྤྱི་འཐུས་འདི་ཚོས་དགོངས་གཞི་ལམ་དུ་མི་ལྷོངས་ཐབས་ཁོ་ན་བྱས་བསྡད་སོང་། དམ་རེས་སྤྱི་འཐུས་ཚོས་ཐག་བཅད་པ་འདི་འགྲིག་འདུག་པར་མཐོང་མ་སོང་། གྲོས་ཆོད་དོན་ཚན་གཉིས་པ་མང་མོས་ཀྱི་ངོ་བོར་བསྐྱལ་མཁན་དགག་བྱ་གནང་མཁན་སྤྱི་འཐུས་དེ་སུ་ཡིན་ན། དེས་འོས་ཤོག་བློས་བཏང་ཡོད་པ་ཞིག་མཐོང་སོང་། དེས་འགན་ཁུར་ཡོད་པའི་རང་མདོག་བསྟན་ཡོད་པ་ཞིག་རེད།

  26. ཁང་གསར་རྡོ་རྗེ། says:
    2011-03-19 at 12:36 am

    བཀའ་ཁྲི་དང་སྤྱི་འཐུས་ལས་ཐོག་འོས་མི་དང་བཅས་པའི་བསམ་ཚུལ་འདོན་སྟངས་ལ་བསུན་འབྱིན་བྱེད་མཁན་དང་བོ་ང་ཡིན། ད་ཚད་འདི་འདྲ་ཞིག་ལ་ཐོན་ཚར་བ་རེད། འདི་ནས་ངས་བསམ་ཕྱོགས་གཞན་ཞིག་ནས་སྐད་ཆ་བཤད་ཀི་ཡིན།
    ༡) གྲོས་ཚོགས་ཀྱི་ཁ་ཕྱོགས་དེ། ད་ལྟའི་གནས་སྟངས་འདི་འདྲ་ཞིག་ལ་སླེབས་པར། འོས་ཤོག་རག་འདོད་ཀི་ཤུགས་རྐྱེན་ཐེབས་པ་ཙམ་མ་ཟད། ཐོག་མར་བཀའ་བློན་ཁྲི་པས་འཇིགས་སྐུལ་ལྟ་བུ་ཞིག་བྱས་བ་དེས་ཀྱང་ནུས་བ་ཧ་ཅང་ཆེན་པོ་ཐོན་ཡོད། བཀའ་ཁྲིས། ༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་ན། བོད་དོན་ཉམས་རྒྱུ་དང་བོད་རྒྱ་འབྲེལ་མོལ་ཆད་རྒྱུ། དོན་གཅོད་ཁག་སྒོ་རྒྱག་རྒྱུ། ཐ་ན་གཞུང་ཞབས་ཚོ་ཡང་དགོངས་པ་ཞུ་རྒྱུའི་ཉེན་ཡོད་པ་སོགས་བཤད་དེ་གྲོས་ཚོགས་ལ་འཇིགས་སྐུལ་བྱས་པའི་མཇུག་ཏུ། ༸གོང་ས་མཆོག་གི་གསུང་འཕྲིན་ལག་ལེན་བསྟར་རྒྱུར་བཀའ་ཤག་གི་རྒྱབ་སྐྱོར་ཡོད་ཅེས། དོན་དུ་གྲོས་ཚོགས་ཀྱི་གླེང་ཕྱོགས་ཁ་བསྒྱུར་བ་རེད།
    གྲོས་ཚོགས་ཀྱིས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་ཉེན་བརྡ་དེ་སེམས་ན་ཉར་ཏེ་གྲོས་ཆོད་ཟིན་བྲིས་འདི་འདྲ་ཞིག་བཀོད་ཚར་རྗེས། ཟམ་གདོང་རིན་པོ་ཆེས་དེ་འགྲིག་མི་འདུག བཀའ་ཤག་གྲོས་གཞི་དེར་རྒྱབ་སྐྱོར་བྱེད་མཁན་ནང་མེད་ཅེས་བཤད་དེ་སོ་སོའི་ལག་པ་འཕྱིད་པ་རེད། སྤྱི་འཐུས་ཚོ་ཅི་བྱེད་འདི་བྱེད་མི་ཤེས་པའི་མཚམས་འདི་ནས། དོན་ཚན་གསུམ་པ་དེ་འགྲིག་མི་འདུག་མདོག་མདོག་གི་རྣམ་འགྱུར་བསྟན་རྒྱུ་ལས། ད་རྒྱབ་བཤིག་རྒྱག་ས་མེད་པ་ཆགས་པ་རེད། བཀའ་ཤག་གི་བྱེད་སྟངས་དེས་སྤྱི་འཐུས་ཚོ་ཁོག་ཏུ་མེ་འབར་བ་རེད། ཡིན་ནའང་ཁ་ནས་དུ་བ་འདོན་མཁན་བོན་པོའི་སྤྱི་འཐུས་སྨོན་ལམ་མཐར་ཕྱིན་མ་གཏོགས་བྱུང་མེད་པ་རེད།

  27. ཁང་གསར་རྡོ་རྗེ། says:
    2011-03-19 at 12:37 am

    ༢) དབང་ཆ་རྩིས་སྤྲོད་ཟེར་དུས། ༸གོང་ས་མཆོག་དང་ང་རང་ཚོ་སྤྱིར་བཏང་གི་མང་ཚོགས་ངོས་ནས་བལྟས་ན། དེ་ནི་བོད་མི་དམངས་ལ་རྩིས་སྤྲོད་ཟེར་བར་གོ་བཞིན་ཡོད་ཀྱང་། གྲོས་ཚོགས་ནང་གི་འཐེན་འཁྱེར་ཚོ་ལ་མཚོན་ནས་བཤད་ན། དབང་ཆ་ཡང་སྙིང་སུ་ལ་རྩིས་སྤྲོད་ཀི་ཡོད་མེད་དེ་གསལ་པོ་མེད། དོན་ལ་བབས་ནས་བཤད་ན། ༸གོང་ས་མཆོག་གིས་རྩིས་སྤྲོད་སའི་དབང་ཆ་དེ་གཙོ་བོ། སང་ཉིན་རྒྱ་ཆེའི་མང་ཚོགས་ཀིས་འོས་ཤོག་གི་ལམ་ནས་འོས་འདེམས་བྱས་བའི་བཀའ་བློན་ཁྲི་བའི་ཕྲག་ཏུ་བབས་ཀི་ཡོད་རེད། ཡིན་ནའང་འོས་མི་གསུམ་ལས་སུ་ལ་ཐོབ་མིན་གསལ་པོ་མེད་དུས། ཤོག་ཁག་འཐེན་འཁྱེར་ཅན་ཚོས་ཀྱང་ད་ལྟ་ཐག་གཅོད་བྱེད་ཀི་མ་རེད།

  28. ཁང་གསར་རྡོ་རྗེ། says:
    2011-03-19 at 12:39 am

    ༣) ད་ཚད་གཞི་འདི་འདྲ་ཞིག་ལ་སླེབས་པ་དེ་ལ་ད་ལྟ་དང་མ་འོངས་ལོ་ ༥༠ རྗེས་ཉམས་ཞིབ་བྱེད་མཁན་ཚོས་བལྟས་ན་དགེ་མཚན་མེད་པ་དེ་འདྲའང་མ་རེད། ༸རྒྱལ་བ་རིན་པོ་ཆེས་གྲོས་ཚོགས་ལ་གསུང་འཕྲིན་གནང་སྟེ། དབང་ཆ་ཡོངས་རྫོགས་རྩིས་སྤྲོད་རྒྱུ་དང་དགའ་ལྡན་ཕོ་བྲང་གི་མིང་ཕྱིར་བསྡུ་གནང་རྒྱུ་གསུང་བ་དང་ལམ་སང་། ལགས་སོ། །བཀའ་བཞིན་ཞུ་ཞེས་རྩིས་བླངས་ན། ད་བར་ཁོང་གིས་དབང་ཆ་མཁྲེགས་འཛིན་གནང་བ་དང་། གོ་སྐབས་བྱུང་བ་དང་དགའ་བཞིན་སྤྲོ་བཞིན་རྩིས་བླངས་བ་འདྲ་བོ་ཆགས་ཀི་རེད། དེ་མ་ཡིན་པར། ཡང་བསྐྱར་ཨུ་ནན་ཆེན་པོས་གསོལ་འདེབས་ཤིག་ཞུས་པ་འདིས། བོད་མི་དམངས་ཀྱིས་༸གོང་ས་མཆོག་གི་དབུ་ཁྲིད་ལ་དགའ་མོས་ཡོད་པ་དང་བོད་གཞུང་དགའ་ལྡན་ཕོ་བྲང་ལ་བརྩེ་བ་ཡོད་པའི་དོན་དངོས་ཀྱི་གནས་སྟངས་ཤིག་ཀྱང་གྲོས་གཞི་གྲོས་ཆོད་ཀི་ལམ་ནས་གསལ་པོ་མཚོན་གྱི་ཡོད། དེ་ཡང་རིན་ཐང་ཆེན་པོ་རེད།

  29. ཁང་གསར་རྡོ་རྗེ། says:
    2011-03-19 at 12:40 am

    ༤༽ ད་ཡར་གསོལ་འདེབས་ཞུ་གི་རེད། དེ་ནས་ཡང་བསྐྱར་མར་གནང་གི་རེད། དེ་དུས་བཀའ་ཤག་དང་སྤྱི་འཐུས་གཉིས་ཀ་གསར་པ་རེད། ཁོང་ཚོས་བཀའ་སྤྱི་རྙིང་པས་ལོ་བཅུ་གྲངས་གསོལ་འདེབས་ཞུས་འདུག་པས། ང་ཚོ་གསར་པས་ཐེངས་གཅིག་ནི་ལོས་ཞུ་དགོས་ཞེས་ཡང་བསྐྱར་གསོལ་འདེབས་ཞུ་ཉེན་ཡོད་རེད། འདི་ལྟར་པོ་ལོ་ནང་བཞིན་ཕར་གཡུག་ཚུར་གཡུག་བྱས་ན་དུས་ཚོད་གང་ཙམ་འགོར་ཉེན་ཡོད། ད་༸རྒྱལ་བ་ཐམས་ཅད་མཁྱེན་པ་རང་གིས་ཅུང་ཟད་ཐུགས་ཁྲོས་བའི་རྣམ་པ་དང་བཅས་བཀའ་བཀྱོན་ཞིག་ཕེབས་ན། ཕལ་ཆེར་འགྲིག་འགྲོ་གི་རེད།

    ༥༽ དེ་མིན་གྱི་ཐབས་ལམ་གཅིག་ནི། དྲྭ་ལམ་ནས་སྙན་ཞུ་ཞིག་བཟོས་ཏེ། རང་ཅག་བོད་ཕྱི་ནང་གི་ཤེས་ཡོན་ཅན་ཚོས་མོས་མཐུན་མིང་ཡིག་བཀོད་དེ་ཕུལ་ན་ཅི་འདྲ་འདུག དེའི་ཐད་ཁ་བརྡས་སྙན་ཞུ་དང་དེའི་འོག་སོ་སོའི་མིང་དང་ཁ་བྱང་འབྲི་ས་ཞིག་གོ་སྒྲིག་གནང་ཨེ་ཐུབ། དེ་བསམ་འཆར་ཙམ་ཡིན།

  30. བསིལ་རླུང། says:
    2011-03-19 at 1:01 am

    དགྱ་ནག་ལགས།
    སྤྱི་འཐུས་ཚོས་༸་གོང་ས་མཆོག་ལ་ངོ་ལོག་རྒྱག་བཞིན་འདུག ཁྱེད་ཚོས་ཤར་ཕྱོགས་ནས་ཚུར་ལ་ལྟོས་དང་ངས་ནུབ་ཕྱོགས་ནས་ཕར་ལ་ལྟ། དྷདྷངྷ་སའི་རི་ངོགས་ན་ལྟད་མོ་མང་རྒྱུ་རེད།
    བླུན་རྒན་ཚོ།
    སྤྱི་འཐུས་འདི་དག་ཐོག་མར་འོས་འཕེན་མཁན་སུ་རེད། ཐོག་མར་ཉིད་ནས་རང་ཉིད་ཀྱིས་རྣམ་དཔྱོད་བེད་སྤྱོད་མི་བྱེད་པར་ཕྱོགས་ཞེན་རྐྱང་རྐྱང་གི་དབང་དུ་སོང་ན་ཅི་འདྲ་རེད། ནོར་འཁྲུལ་སུས་བཟོས་པ་རེད་དམ། བླུན་ལྐུགས་ཀྱིས་ཁེངས་བའི་སྤྱི་ཚོགས་འདི། གང་ལྟར་དགྱ་ནག་རྒྱལ་ལོ།།

  31. འཇིགས་བྲལ་བསྟན་འཛིན། says:
    2011-03-19 at 2:19 am

    ད་ལན་གྲོས་ཚོགས་ཀྱི་ཐག་གཅོད་ལ་ཚིག་ཐག་ཆོད་པོའི་ཐོག་ནས་ངོས་ལེན་མེད་ཞུ་རྒྱུ་ཡིན། ད་ལྟ་འཁྲབ་སྟོན་བྱེད་པའི་དུས་ཚོད་མ་རེད། གཤམ་ལ་ཁ་སང་ཁ་བརྡ་དྲ་རྒྱའི་རྩོམ་སྒྲིག་པར་བཏང་ཡང་འཕྲོད་མེད་པ་འདྲ་བའི་བསམ་ཚུལ་དེ་སྤེལ་ཡོད།

    ༸གོང་ས་མཆོག་གིས་བོད་ཀྱི་ཆབ་སྲིད་དབང་ལུང་རྩིས་སྤྲོད་གནང་དོན།
    གྲོས་ཚོགས་ལ་ཕེབས་པའི་གསུང་འཕྲིན་ལས་འཕྲོས་པའི་བསམ་ཚུལ་གཉིས་པ།

    ཁ་སང་བཀའ་ཁྲི་མཆོག་གིས་གྲོས་ཚོགས་སུ་བཀའ་སློབ་གནང་སྐབས་ཁ་ཕྱོགས་གང་དུ་འགྲོ་མིན་མི་གསལ་བའི་གཏམ་བཤད་གནང་ཡོད་པ་དང་། གསུང་འཕྲིན་གྱི་གནད་ཆེའི་དགོངས་པ་སྐོར་ཅིག་རྩ་བ་ནས་གླེང་སློང་གནང་མེད། འདི་ནི་གསུང་འཕྲིན་འགྲེལ་བརྗོད་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ཆགས་ཡོད། གང་ལྟར་ཐག་གཅོད་ཚད་ལྡན་ཞིག་ཡོང་ཆེད་བོད་མི་ཚོས་བསམ་ཚུལ་གང་ཡོད་པ་འཛེམས་དོགས་མེད་པའི་སྒོ་ནས་གསལ་སྟོན་བྱེད་དགོས་པ་ལས་ཕྱི་ནང་མི་མཚུངས་པའི་རྣམ་འགྱུར་གང་གིས་བོད་སྤྱི་ལ་རྩ་བ་ནས་ཕན་གྱི་མ་རེད་ལ། དུས་ཚོད་འདི་འདྲའི་སྐབས་སུ་འཁྲབ་སྟོན་རྩ་བ་ནས་བྱེད་མི་རུང་བ་ཞིག་ཡིན་པར་སེམས།
    ཁ་སང་ངའི་ངོས་ནས་བསམ་ཚུལ་མདོར་བསྡུས་བོད་ཀྱི་མ་འོངས་པའི་ཐར་ལམ་ཟེར་བ་ཞུས་ཟིན་ལ། བསམ་ཚུལ་དེའི་མཇུག་སྐྱོང་ལྟ་བུར་མུ་མཐུད་བསམ་ཚུལ་ཞུ་རྒྱུར། ྋགོང་ས་མཆོག་བོད་མིའི་བསམ་པའི་དབུ་ཁྲིད་དུས་ནམ་ཡང་ཡིན་ཡང་། རྒྱལ་ཁབ་ཀྱི་མཚོན་རྟགས་ཡིན་པ་འདི་བསྒྱུར་བཅོས་གཏོང་དགོས་དོན་གཙོ་བོ་ནི་རྒྱ་ནག་གིས་མཚོན་འཛམ་གླིང་རྒྱལ་ཁབ་ཡོངས་ལ་བོད་དོན་འདི་ཏཱ་ལའི་བླ་མའི་གནད་དོན་མིན་པ་གསལ་པོ་བཟོ་དགོས་པ་དང་གཅིག ཉིན་གཅིག་ཀྱང་རྩ་དོན་འཐབ་རྩོད་རྒྱུན་ཆད་མི་རུང་བའི་བོད་ཀྱི་འཐབ་རྩོད་འདི་མི་རབས་རིམ་བརྒྱུད་དུ་གནས་དགོས་བྱུང་ན་རྒྱུད་འཛིན་ལྟ་བུའི་འགོ་ཁྲིད་མི་གཅིག་ལ་བློས་འགེལ་གྱིས་མང་ཚོགས་འགན་ཁུར་མེད་པར་བསྡད་ན་ཉེན་ཁ་ཆེན་པོ་ཡིན་པ་དང་། མི་མང་གིས་བློ་མོས་ཡོད་མེད་ལ་མ་ལྟོས་པར་འགོ་ཁྲིད་མི་གཅིག་གིས་སྲིད་དབང་རྒྱུད་འཛིན་བྱེད་པའི་ལམ་སྲོལ་ནི་དུས་ཚོད་ཡོལ་ཟིན་པའི་དབང་གིས་དེང་རབས་གུ་ཡངས་མང་གཙོའི་རིང་ལུགས་ནང་ད་ལྟའི་བཙན་བྱོལ་བོད་མིའི་མང་གཙོའི་སྒྲོམ་གཞི་འདི་མང་གཙོ་མཚན་ཉིད་ཡོངས་སུ་རྫོགས་པ་ཞིག་ཏུ་ངོས་འཛིན་ཐོབ་ཀྱི་མེད་པ་དང་གཉིས། དེ་བཞིན་ད་ལྟ་ཡང་བོད་ནང་གི་བོད་མི་མི་ཉུང་བ་ཞིག་གི་སེམས་ནང་གཞིས་བྱེས་མཉམ་འཛོམས་བྱུང་མཚམས་ཁོང་ཚོའི་མདུན་ལམ་གང་འདྲ་ཡིན་མིན་ལ་དོགས་པ་ཡོད་པ་སྟེ་སྤྱི་ཚོགས་རྙིང་པ་རོ་ལངས་རྒྱབ་ཨེ་ཡོང་བསམ་པ་དང་གསུམ། རྒྱལ་སྤྱིའི་ནང་༸གོང་ས་མཆོག་བོད་ཀྱི་དབུ་ཁྲིད་ཡིན་པར་ངོས་འཛིན་ཞུ་བཞིན་པའི་གནས་བབ་དེའི་གོ་གནས་བརྒྱུད་སྤྲོད་ཀྱིས་ད་ལྟ་ནས་བོད་མི་མང་གིས་འོས་འདེམས་ཞུས་པའི་བོད་ཀྱི་དབུ་ཁྲིད་རྒྱལ་སྤྱིའི་སྤྱི་ཚོགས་སུ་འགྲོ་དགོས་པ་དང་བཞི་སོགས་ཡིན་ལ། དེ་ལྟར་ཡོང་བར་མི་མང་གིས་འགན་ཁུར་ལྡན་ལ་རང་ཚུགས་ཐུབ་པའི་སྲིད་གཞུང་ཞིག་ཏུ་ད་ལྟ་ནས་ངེས་པར་མདུན་བསྐྱོད་བྱེད་དགོས་པའི་གཟིགས་རྒྱང་འདི་༸གོང་ས་མཆོག་གིས་སྲིད་དོན་གྱི་ལྟ་གྲུབ་ལམ་ལུགས་ཀྱི་ཐ་སྙད་ཙམ་མ་ཡིན་པར་ལག་ལེན་ཡིན་པར་གཟིགས་ཀྱི་ཡོད་པར་མ་ཟད། ༸གོང་ས་མཆོག་ཞལ་བཞུགས་སྐབས་སུ་བཙན་བྱོལ་གཞུང་གི་བརྟན་ལྷིང་ལའང་དོ་ཕོག་དང་བོད་མིའི་མང་གཙོའི་འཕེལ་རིམ་ནང་དཀའ་ངལ་ཡོང་སྲིད་པའི་རིགས་ཀུན་ལ་གདོང་ལེན་བྱེད་དགོས་ཤིང་། འོས་འདེམས་བྱས་པའི་བོད་མིའི་འགོ་ཁྲིད་ཚོས་སེལ་མི་ཐུབ་པའི་དཀའ་ངལ་འཕྲད་ཚེ་སེལ་ཐབས་སུ་༸གོང་ས་མཆོག་གི་མཐུན་འགྱུར་གནང་རྒྱུ་ཡོད་པ། དེ་མིན་འདི་མུར་བསྡད་ན་༸གོང་ས་མཆོག་ཞལ་མ་བཞུགས་པའི་སྐབས་སུ་”དཀའ་ངལ་སེལ་ཐུབ་ཐབས་མེད་པ་ཕྱི་ནང་གང་ས་ནས་ཡོང་སྲིད་”པས། དེ་འདྲ་མི་ཡོང་ཆེད་ད་ལྟ་ནས་༸གོང་ས་མཆོག་གི་གསུང་འཕྲིན་གྱི་དགོངས་དོན་ངེས་པར་ལག་ལེན་བྱེད་དགོས་པ་དེ་”བོད་མི་ཡོངས་ཀྱི་གལ་ཆེའི་ལས་འགན་ཞིག་ཡིན་”གསུངས་པ་ལྟར་ཡིན་པས། མདོར་ན་༸གོང་ས་མཆོག་གི་གསུང་འཕྲིན་གྱི་ལམ་སྟོན་མཐར་ཐུག་ནི། བོད་ཀྱི་ད་ལྟ་དང་མ་འོངས་པའི་ཆེད་དུ་བོད་མི་ཡོངས་ཀྱི་ནུས་པ་མཉམ་སྤུངས་བྱེད་ཡུལ་བཙན་བྱོལ་བོད་གཞུང་ཡིན་དགོས་པ་དང་། དེ་ལ་བརྟེན་ནས་བོད་མིའི་ཆིག་བསྒྲིལ་དང་མདུན་བསྐྱོད་བྱེད་རྒྱུར་ནུས་པ་འདོན་དགོས་པ་དེ་ཕུགས་སུ་བརྟན་ལྷིང་ཆེ་བར་གཟིགས་པའི་༸གོང་ས་མཆོག་གི་ལམ་སྟོན་བླ་མ་མེད་པ་འདི་ད་ལྟ་ནས་ངོས་ལེན་བྱེད་དགོས། དེ་ལྟར་བྱེད་པར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ལ་གཞི་རིམ་གྱི་འགྱུར་བ་བཏང་ཏེ་ཡུལ་མིའི་རྒྱལ་ཁབ་ཀྱི་ངོ་བོར་བསྒྱུར་དགོས་པར་གསུངས་པ་དེ་བཞིན་བྱེད་དགོས། དེ་མཚམས་མ་འོངས་བོད་ཀྱི་རྩ་ཁྲིམས་འཆར་ཟིན་དང་ཆབ་སྲིད་ལམ་སྟོན་སོགས་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱིས་སྤེལ་བའི་སྲིད་དོན་གྱི་ཡིག་ཆ་འགའ་ཤས་རང་བཞིན་ནུས་མེད་དུ་འགྲོ་རྒྱུར་གསུངས་པ་འདི་ཡང་བཅའ་ཁྲིམས་བསྐྱར་བཅོས་སུ་”༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཆབ་སྲིད་དང་འཛིན་སྐྱོང་གི་བྱེད་སྒོ་གང་ཡང་མ་དགོས་”པ་ཞིག་བཟོས་པའི་ཉིན་ནས་༸གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་བོད་ཀྱི་ཆབ་སྲིད་སྐོར་གྱི་ལས་དོན་བོད་རྒྱ་ཞི་མོལ་ལྟ་བུ་སོགས་རང་བཞིན་གྱིས་འགག་འགྲོ་བ་ཡིན་པས་རང་བཞིན་ནུས་མེད་དུ་འགྲོ་རྒྱུ་ཡིན་ལ། འདི་ནི་༸གོང་ས་མཆོག་གིས་བོད་དོན་འདི་ཏཱ་ལའི་བླ་མའི་གནད་དོན་མིན་པ་གསལ་པོ་བཟོ་དགོས་པ་སྟེ་མཚན་གནས་དང་བཅས་པ་བོད་ཀྱི་སྲིད་གཞུང་གི་བྱེད་སྒོ་གང་ཡང་བྱེད་མི་དགོས་པ་ཞིག་བཟོ་དགོས་པའི་མིག་མདུན་གྱི་རྒྱུ་མཚན་གཙོ་བོ་གཅིག་ཡིན་པས་ཟློག་ཐབས་གང་ཡང་མེད་པ་ཞིག་ཡིན། མཛད་ཕྱོགས་འདི་ལ་འགྲེལ་བཤད་གཞན་པ་ཞིག་ཞུས་ན། ད་ལྟའི་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་ངོ་བོ་དང་ལས་དོན་བྱེད་ཕྱོགས་གཉིས་ཀ་ངེས་པར་འགྱུར་བ་འགྲོ་དགོས་པའི་ལམ་སྟོན་རེད། ད་ལྟའི་ཆར་འཕེལ་རིམ་འདི་ལ་རྒྱ་གར་གཞུང་གིས་དགའ་བསུ་ཡོད་ངེས་ཡིན་པ་དེ་བློ་དོགས་རྩ་བ་ནས་བྱེད་མི་དགོས་པའི་གནས་སྟངས་ཤིག་ཆགས་ཡོད། དེར་བརྟེན་༸གོང་ས་མཆོག་གི་རླབས་ཆེ་བའི་གཟིགས་རྒྱང་འདི་དག་ངོས་ཟིན་པའི་ཐོག་ནས་༸གོང་ས་མཆོག་གི་ལམ་སྟོན་བཞིན་དགའ་ལྡན་ཕོ་བྲང་གི་བོད་ཀྱི་སྲིད་སྐྱོང་བའི་ལེའུ་མཇུག་བསྒྲིལ་བ་བྱེད་དགོས་པར་མ་ཟད། དགའ་ལྡན་ཕོ་བྲང་གི་མིང་བྱང་སྐབས་བསྟུན་འགྱུར་བ་ངེས་པར་གཏོང་དགོས། དེ་ལ་རྒྱུ་མཚན་འགའ་ཞིག་ཡོད། དགའ་ལྡན་ཕོ་བྲང་གི་མིང་བྱང་འདི་ལ་བརྟེན་ནས་ད་ལྟ་ཡང་བཙན་བྱོལ་བོད་གཞུང་འདི་དགེ་ལུགས་པའི་གཞུང་རེད་ཟེར་བ་དང་། ཡང་ང་ཚོ་དགའ་ལྡན་ཕོ་བྲང་གི་མངའ་ཞབས་མིན་ཟེར་མཁན་ཡོད་པ་དངོས་ཡོད་ཡིན་ལ། བསམ་ཚུལ་འདིས་བོད་མིའི་སེམས་པ་གཅིག་ཏུ་བསྒྲིལ་བར་གནོད་སྐྱོན་ཡོད་པ་དོན་དངོས་ཡིན་པས་མིང་བྱང་འདི་ད་ནས་བཟུང་”བོད་ཀྱི་ཡུལ་མིའི་སྲིད་གཞུང་”དུ་མིང་བསྒྱུར་ན་བསམ་ཚུལ་འདི་དག་ཡོང་གཞི་མེད། དེ་བཞིན་དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་འདི་༸གོང་ས་མཆོག་གི་བཀའ་བཞིན་མ་བསྒྱུར་ན་མ་འོངས་པར་བསྒྱུར་དགོས་ཟེར་ན་རྩ་བ་ནས་ཡོང་ཐབས་མེད། གཙོ་བོ་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཡུལ་མིའི་རྒྱལ་ཁབ་ཏུ་བསྒྱུར་རྗེས་མིང་ཡང་དེ་མཐུན་དུ་བསྒྱུར་དགོས། དེ་ནས་བཅའ་ཁྲིམས་ཀྱི་སྒྲོམ་གཞི་ཆོས་ལུགས་རིས་མེད་དུ་ཡོད་པ་བཞིན་ཚང་མར་རིས་མེད་ཀྱི་ཚོར་སྣང་ཡོང་ཕྱིར། རྒྱལ་དར་འདི་ལ་མཐའ་ལྕགས་ཁ་དོག་སེར་པོ་དང་། དམར་པོ། སྔོན་པོ། ནག་པོ་སོགས་གང་ཡང་མི་དགོས་པ་ཞིག་བཟོ་དགོས། དེ་མིན་ད་ལྟ་མཐའ་ལྕགས་ཁ་དོག་སེར་པོ་དེ་ཞྭ་སེར་དགའ་ལྡན་པའི་མཚོན་དོན་རེད་ཟེར་ནས་བསམ་ཚུལ་ཡོད་མུས་འདི་མུ་མཐུད་ལྷགས་ན་བོད་མིའི་སེམས་པ་རྡོག་ལ་བསྒྲིལ་བར་གནོད་ཀྱི་རེད། དེ་ནས་བསམ་ཚུལ་ཡོད་པ་བཞིན་གནམ་བསྐོས་དགའ་བ་བརྒྱ་ལྡན་གཞི་ལ་བཞག་པའི་རྒྱལ་གླུ་འདི་རྩ་བ་ནས་མཚམས་འཇོག་དགོས་ལ། ༸གོང་ས་མཆོག་ལ་བོད་རྒྱལ་ཁབ་ཀྱི་རྒྱལ་གླུ་གསར་པ་ཞིག་གསོལ་བསྩལ་ཡོང་བའི་གསོལ་འདེབས་ཞུ་དགོས། རྒྱལ་རྟགས་ལ་བསམ་ཚུལ་ཡོད་པ་ཤེས་རྟོགས་མ་བྱུང་། དེ་བཞིན་ཆོས་ལུགས་རིས་མེད་ཀྱི་སྲིད་གཞུང་དུ་བསྒྱུར་རྗེས་བོད་གཞུང་གིས་ཆོས་བརྒྱུད་གྲུབ་མཐའ་གང་གི་ཆོས་ཕྱོགས་ཀྱི་བྱེད་སྒོ་བྱེད་མི་དགོས་པ་ཞིག་ངེས་པར་བཟོ་དགོས་ལ། སྲིད་གཞུང་གི་ཆོས་སམ་ལས་དོན་ནི་འཚེ་མེད་ཞི་བ་དང་གུ་ཡངས་མང་གཙོ་གཞི་ལ་བཞག་པའི་ཐོག་ནས་བོད་ཀྱི་རྩ་དོན་རྩོད་ལེན་བྱེད་རྒྱུ་དང་། གཞིས་བྱེས་བོད་མིར་ཞབས་ཞུ་བསྒྲུབ་དགོས་པ་དེ་ཡིན་པ་གསལ་པོ་བཟོ་དགོས། འདི་ནི་ནང་པའི་བསྟན་བཅོས་ཀྱི་དགོངས་དོན་དང་མཐུན་ལ་ཆོས་བརྒྱུད་གྲུབ་མཐའ་ཀུན་ལ་ལྟ་ཚུལ་མེད་ངེས་ཡིན། ཤིན་ཏུ་གལ་ཆེའི་གནད་དོན་འདི་དག་བོད་མིའི་སེམས་པ་གཞུང་གི་འོག་ཏུ་འདུ་བ་དང་ལས་དོན་མཉམ་རུབ་བྱེད་པར་ཕན་ཐོགས་ཧ་ཅང་ཆེན་པོ་ཡོད། གུས་པར་མཚོན་ན་དགའ་ལྡན་ཕོ་བྲང་གི་མཚན་གནས་ལ་དུང་བ་དང་ཞེན་པ་ཧ་ཅང་ཆེན་པོ་ཡོད་པའི་མི་གཅིག་ཡིན་ལ། ད་བར་བསམ་ཚུལ་རིམ་པའི་ནང་བཙན་བྱོལ་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་ནས་གོ་ངེས་པའི་ཚིག་གིས་བརྗོད་པའི་ལམ་ནས་དགའ་ལྡན་ཕོ་བྲང་གི་མིང་འདི་འབོད་མཁན་ཞིག་ཡིན། ཡིན་ནའང་རང་གི་དུང་ཞེན་དང་འཇིགས་སྣང་གི་རྗེས་སུ་མ་འབྲངས་བར་འབྱུང་འགྱུར་༸གོང་ས་མཆོག་ཞལ་མ་བཞུགས་པའི་ཉིན་གྱི་བོད་སྤྱིའི་རྩ་དོན་ལ་བསམས་ནས་སེམས་པ་ན་བཞིན་དང་སྐྱོ་བཞིན་བསམ་ཚུལ་འདི་ལྟར་བྲིས་ཏེ་དཔྱད་གཞིར་སྤེལ་བ་ཡིན།

  32. འཇིགས་བྲལ་བསྟན་འཛིན། says:
    2011-03-19 at 2:24 am

    ཁང་གསར་གྱི་བསམ་འཆར་དེའི་ཁ་སྣོན་ཞུ་རྒྱུ་ལ། ད་ལན་ཕེབས་པའི་གསུང་འཕྲིན་གྱི་ལམ་སྟོན་ཆད་ལྷག་མེད་པ་ལག་ལེན་བྱེད་དགོས་པའི་སྙན་ཞུ་བཟོ་རྒྱུ་ཡིན་ན་མོས་མཐུན་ཡོད། དེ་མིན་ཞུ་ཤེས་མ་སོང་།

  33. རང་བཙན་ལྡེའུ་ says:
    2011-03-19 at 2:37 am

    སྐབས་བཅུ་བཞི་པའི་སྤྱི་འཐུས་ཐེབ་ཆག་འདི་ཚོས་ ༧གོང་ས་མཆོག་དང་བོད་གཞིས་བྱེས་སྤུན་ཟླ་ཚོ་གཅིག་མཇུག་གཉིས་འཐུད་ཀྱིས་ཐུགས་ཕམ་དགོས་ལེ་དང་དགྲ་དགའ་གཉེན་སྡུག་བཟོ་ཐུབ་ཙམ་ ཚོགས་ཁང་ནང་གི་སྐུབ་སྟེག་སྲུང་ཐུབ་ཙམ་ལས་ཅི་གང་མི་ལྗོན་ཐག་མཆོད་རེད་ ད་ནས་སྤྱི་འཐུས་འདི་ཚོར་མཐོང་དང་ ཡིད་མཆེས་ བློས་འགེལ་ རེ་བ་ཏིལ་འབྲུ་ཙམ་ཡང་མེད་ ད་ནི་ཡག་ཤོས་དེ་བོད་ཕྱི་ནང་གཉིས་ཀའི་མང་ཚོགས་ཀྱི་བསམ་ཚུལ་བསྡུས་ཏེ་རིང་མིན་ “བོད་རྒྱལ་ཡོངས་ཚོགས་ཆེན་” ཞིག་བསྡུ་བསྐོང་བྱས་ དེའི་སྟེང་ནས་༧གོང་ས་མཆོག་གི་གསུངས་འཕྲིན་རིན་པོ་ཆེའི་དོན་གནད་ཐག་བཅད་ན་ཡག་ལེ་ལས་ ད་ལྟའི་སྤྱི་འཐུས་འདི་ཚོས་མི་ལྗོན་ མི་ཤེས་ མི་ཐུབ་པའི་མདོག་རྒྱ་གསལ་པོར་བསྟོན་ཚར་སོང་།

  34. གངས་ལྷ། says:
    2011-03-19 at 2:39 am

    འཇིགས་བྲལ་ཁྱེད་རང་། ཕ་ཡུལ་གཅིག་པའི་ཆེད་དུ་རྒྱག་གཅིག་མཆོངས་གཅིག་བྱེད་མཁན་ཞིག་ལས་ཤེས་ཡོན་ཅན་ཞིག་མ་ཡིན་པ་གསལ་པོ་རེད། སྙན་ཞུ་བཟོས་ནའང་ཁྱེད་རང་གི་མིང་རྟགས་མ་འགོད་རོགས། བོད་ཀྱི་ཤེས་ཡོན་ཅན་དང་ཕྱོགས་ལྷུང་བྲལ་བའི་གསར་འགོད་པའི་ཞབས་འདྲེན་རེད།

  35. ཨ་རིག་འགྱུར་མེད། says:
    2011-03-19 at 1:11 pm

    སྐབས་བཅུ་བཞི་བའི་གྲོས་ཚོགས་ར་བར་དངོས་གནས་དྲང་གནས་ཤེས་འཇོན་ཅན་དང་བློ་སྤོབས་ཅན་ཉུང་འདུག ཁོང་ཚོ་ཟམ་གདོང་བླ་མས་སྐད་ཆ་ཚིག་གཅིག་གིས་ཆུ་སྣ་གར་ཁྲིད་ལྟ་བུ་རེད། ལྷག་པར་དུ་༧གོང་ས་མཆོག་གི་འདི་ལྟ་བུའི་གསུང་འཕྲིན་ཞིག་ཕེབས་དུས་ཁོང་ཚོས་མང་བོ་ཞིག་གིས་ཐ་ན་དོན་དག་མེད་ས་ནས་དགོངས་པ་དཀྲུགས་རིགས་ལ་དགོངས་དག་ཞུ་དགོས་པའི་བསམ་འདུན་ཡང་འཆང་གི་འདུག དངོས་གནས་གད་མོ་འཆོར་བའི་གཞི་རེད།

  36. ཟླ་བ་ཆོས་འཛོམས། says:
    2011-03-19 at 4:06 pm

    འཇིགས་བསྟན་ཟེར་བ་དེ་ཆོལ་ལོག་གསར་བ་དེ་རེད་པེ།དང་པོ་ཨ་མདོ་ཡིན་མདོག་ཅིག་བྱས་སོང་།ཡང་ད་ལོའི་སྤྱི་འཐུས་འོས་བསྡུའི་སྐབས་ཆོལ་ཁ་ལོག་སྟེ་མདོ་སྟོད་སྤྱི་འཐུས་སུ་དང་བླང་བྱས་འདུག།ཁོས་དྷ་སའི་གསར་འགོད་པ་ཆོལ་ལོག་མདོ་སྟོད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལ་མིག་དཔེ་ལྟ་བཞིན་ཡོད་པ་རེད་དེ།ཁྱོད་ལ་འཇུ་ཆེན་གྱིས་རྒྱབ་སྐྱོར་མེད་དུས་ཁག་པོ་རེད།དོན་དངོས་ཁྱོད་ག་བ་ཡོང་ན་ཁྱད་པར་མི་འདུག་ལ་ཨ་མདོ་ལ་ཁྱོད་དང་རྟ་གསེར་ཚུལ་ཁྲིམས་ལྟ་བུ་བརྒྱ་བརྒྱ་སྟོང་སྟོང་རེད།གཅིག་བྱས་ན་མདོ་སྟོད་ལ་དགོས་མཁོ་ཡོད་འགྲོ།མདོ་དོན་ཁྱོད་ཚོ་ལ་སྤྱི་དོན་བཤད་པའི་བཟང་སྤྱོད་མི་འདུག་ལགས།

  37. མེ་གྲང་མོ། says:
    2011-03-20 at 3:57 am

    ཡཱ། དཱ་བཤད་ཁྱོན་ནས་ཤེས་མ་སོང་།
    འོན་ཀྱང་༸གོང་ས་མཆོག་ནས་ ‘དགོངས་པ་སྤྲོད་རོགས་’ གསུངས་པ་དང་ལམ་སང་ ‘ལགས་སོ་’ ཞེས་ཞུས་ཚེ་ད་ལྟ་རྒྱ་ནག་གཙོས་སྲིད་དོན་དབྱེ་ཞིབ་པ་མང་པོས་བོད་པ་ཚོས་ད་བར་༸རྒྱལ་བ་རིན་པོ་ཆེ་དགོངས་པ་ཞུ་བར་འགུག་ནས་བསྡད་པ་ལྟ་བུ་ཞིག་ཆགས་ངེས་རེད་ལ། གལ་སྲིད་དེ་ལྟར་བྱུངན་ང་ཚོས་ལོ་རྒྱུས་ལྡན་པའི་ཉེས་འཛུགས་ཆེན་པོ་དེ་འདྲ་ཞིག་ཁྱེར་ཕོད་དམ།

    མ་ཟད་སྤྱི་འཐུས་འདེམས་མཁན་མི་མང་ལ་སོང་སྤྱི་འཐུས་ཀྱིས་འཇོན་མ་འཇོན་དང་བྱུང་མ་བྱུང་ཡང་མི་མང་གི་འཇོན་མ་འཇོན་དང་བྱུང་མ་བྱུང་རང་ལ་ཐུག་ཡོད་པས་དེ་རིང་གི་འོས་བླུགས་ཕྱོགས་མ་ནོར་བར་མཚོན་གྱི་ཁ་ཕྱོགས་ནང་རང་ཕྱོགས་ལ་མ་བསྟེན་པར་ཕྱི་དགྲ་ཕྱོགས་ལ་བསྟེན་ཡོད་པར་ཤོག

  38. མེ་གྲང་མོ། says:
    2011-03-20 at 4:03 am

    nikon d3000// 10megapixels// interchangeable lens with vibration reduction//
    དཔར་ཆས་པུས་ལེགས་འཚོང་རྒྱུ་ཡོད་པས་འབྲེལ་བ་གནང་རོགས་གནང་།
    བསྟན་འཛིན་སྟོབས་ལྡན།
    9902363113

  39. རྡོར་འཛིན། says:
    2011-03-20 at 9:03 am

    གོང་གི་རྩོམ་དེའི་མིང་མཐོང་བ་ཙམ་གྱིས་ངས་བྱས་ན་སྤྱི་མཐུས་གྲོས་ཚོགས་ཀྱི་སྐོར་བརྙན་འཕྲིན་ནང་དུ་བསྟན་པ་དེ་ཡིན་ངེས་རེད་བསམ་པ་ཞིག་བྱུང་བས་ངས་ཅུང་ཞིག་ལྟས་རྗེས་ངས་གོས་སྐབས་དེ་བེད་སྤྱད་ནས་ངས་ཀྱང་ཕྲན་བུ་རེད་བརྗོད་འདོད་བྱུང། དེ་རིང་གྲོས་ཚོགས་སུ་འགྲོ་གླེང་བརྗོད་བྱ་༸སྐུ་མདུན་འགྲེས་ཡོལ་ཆ་ཚང་དང་དགའ་ལྡན་ཕོ་བྲང་སྒོ་རྒྱག་དགོས་ཞེས་པ་དེར་སྤྱི་མཐུས་རྣམས་པའི་ནང་ཁ་ཞེ་གཉིས་མེད་ཀྱི་སྐད་ཆ་བཤད་ཐུབ་མཁན་མེད་ཁར་ཡུན་རིང་མ་འགོར་བར་སྤྱི་མཐུས་འོས་འདེམས་སྐབས་རང་ཉིད་ཀྱི་འོས་གྲང་ལ་དོ་ཕོག་ཡོང་དོག་ནས་རང་དོན་ཁོ་ན་བསམ་ནས། བོད་རྒྱ་ཆེའི་མི་དམངས་ཀྱི་མདུན་དུ་༸གོང་ས་མཆོག་ལ་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན་ཞེས་ངོ་དགའ་སྤྲེལ་ལས་ཀྱང་གྱི་ཟློས་གར་ཞིག་ཁྲབ་བཞིན་འདུག་པ་དེར་བོད་རྒྱ་ཆེའི་མི་དམངས་རྣམས་ཀྱི་དབྱེ་འབྱེད་ཐུབ་ངེས་ཡིན་ལ། ཁྱེད་ཚོར་ཕན་པའི་ཚབ་ཏུ་༸སྐུ་མདུན་གྱི་དཀའ་དགོངས་ལ་དང་ལེན་བརྩི་སྐུར་མེད་པའི་རྣམ་པའི་ཐོག་ནས་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་ངེས་རེད། །ཁྱེད་ཚོས་མི་འདོད་པའི་ལྡོག་ཕྱོགས་ཀྱི་ནུས་པ་དེ་མི་ཐོན་ཆེད་ཁྱེད་རྣམས་པས་ཁ་ཞེ་གཉིས་མེད་ཀྱི་འགྲོ་གླེང་ཞིག་དང་ལྷག་བསམ་དག་པའི་མ་འོངས་ཆར་གཞི་ཞིག་བཀོད་བཟང་བར་ངེས། དེ་མིན་དུས་ཚོད་དང་འགྲོ་འགྲོན་དོན་མེད་རེད།

  40. རང་གྲོལ། says:
    2011-03-20 at 1:17 pm

    ཟླ་བ་ཆོས་འཛོམས་ལགས། ཁྱེད་རང་གིས་དོན་དག་མང་པོ་ནོར་འདུག འཇིགས་བྲལ་ཁོ་པ་མདོ་སྟོད་ཡིན་ངོ་མ་རེད། ཁོ་པ་ཁམས་རྫ་ཆུ་ཁ་པ་རེད། འདི་ཁྱེད་རང་གིས་ཤེས་མི་འདུག ཁྱོད་ལ་འཇུ་ཆེན་གྱི་རྒྱབ་སྐྱོར་མེད་དུས་ཞེས་པ་འདིའང་ནོར་འཁྲུལ་རེད། ཁོ་ལ་འཇུ་ཆེན་གྱི་རྒྱབ་སྐྱོར་ཡོད་པ་ཙམ་དུ་མ་ཟད། ཁོ་པ་འཇུ་ཆེན་གྱི་རྒྱུགས་ཁྱི་རེད། དེ་འདྲ་སོང་ཙང་ཁྱེད་རང་ནས་ཁོ་ལ་རྒྱུས་མངའ་རྩ་བ་ནས་མེད་པ་འདྲ།

  41. རང་གྲོལ། says:
    2011-03-20 at 1:25 pm

    ཟླ་བ་ཆོས་འཛོམས་ལགས། ཁྱེད་རང་གིས་དོན་དག་མང་པོ་ནོར་འདུག འཇིགས་བྲལ་ཁོ་པ་མདོ་སྟོད་ཡིན་ངོ་མ་རེད། ཁོ་པ་ཁམས་རྫ་ཆུ་ཁ་པ་རེད། འདི་ཁྱེད་རང་གིས་ཤེས་མི་འདུག ཁྱོད་ལ་འཇུ་ཆེན་གྱི་རྒྱབ་སྐྱོར་མེད་དུས་ཞེས་པ་འདིའང་ནོར་འཁྲུལ་རེད། ཁོ་ལ་འཇུ་ཆེན་གྱི་རྒྱབ་སྐྱོར་ཡོད་པ་ཙམ་དུ་མ་ཟད། ཁོ་པ་འཇུ་ཆེན་གྱི་རྒྱུགས་ཁྱི་རེད། དེ་འདྲ་སོང་ཙང་ཁྱེད་རང་ནས་ཁོ་ལ་རྒྱུས་མངའ་རྩ་བ་ནས་མེད་པ་འདྲ། དེ་དོན་མཁྱེན་པར་མཛོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme