Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་སྐྱོད།

Posted on 2014-12-102014-12-10 By ཁ་བརྡ 10 Comments on སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་སྐྱོད།

གནས་ཚུལ་མཁོ་གཏོང་བ་མདའ་མོ་ཚང་།

 
unnamed-2

བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་གཙོས་པའི་སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གཙོས་པའི་སྤྱི་འཐུས་རྒྱ་རི་བུ་ཕྲུག་དང་། སྤྱི་འཐུས་ཀརྨ་ཡེ་ཤེས། སྤྱི་འཐུས་རྨོག་རུ་བསྟན་པ་སོགས་སྤྱི་འཐུས་བཞི་ལས་གྲུབ་པའི་ཚོགས་ཆུང་ཞིག་གཞུང་འབྲེལ་ཐོག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་འབྱོར་ཡོད་པ་དང་། འདི་ཟླའི་ཕྱི་ཚེས་༧ ནས་བཟུང་གསར་འགོད་པ་དང་། ཐེ་ཝན་གྲོས་ཚོགས་འཐུས་མི། བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་དང་། བོད་ཀྱི་ཆོས་ཚོགས་ཁག་ཅིག་ཏུ་མཇལ་འཕྲད་དང་གཟིགས་སྐོར་སོགས་ཀྱི་མཛད་འཆར་སྐྱོང་བཞིན་ཡོད་འདུག

འདི་ཟླའི་ཕྱི་ཚེས་༨ ཉིན་བོད་མི་མང་སྤྱི་འཐུས་རྣམ་པ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་ཅིག་ཏུ་གཟིགས་སྐོར་གནང་སྟེ་ཆོས་ཚོགས་ཁག་གི་ཚོགས་གཙོ་སོགས་དང་ལྷན་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེན་གྱི་མཛད་རྗེས་སྐོར་དང་། བོད་ཀྱི་ཆོས་དང་རིག་གཞུང་འབྲེལ་བའི་སྐོར་ལ་ཕན་ཚུན་ངོ་སྤྲོད་གནང་ཡོད་པ་དང་།
unnamed-4ཉིན་རྒྱབ་ཆུ་ཚོད་༣པའི་ཐོག་ཐེ་ཝན་རྒྱལ་སར་ཡོད་པའི་ཐེ་ཝན་གྲོས་ཚོགས་ལས་ཁུངས་ཀྱི་ཚོགས་ཁང་༡༠༥ ནང་ཐེ་ཝན་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཤའོ་མེ་ཆིན་མཆོག་དང་། སྤྱི་འཐུས་ལྕམ་སྐུ་ཁྲིན་ཇེ་རུག་མཆོག་རྣམ་གཉིས་དང་མཇལ་མོལ་གནང་ཡོད། མཇལ་མོལ་སྐབས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་སློབ་དཔོན་བསོད་ནམས་བསྟན་འཕེལ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་ཐེ་ཝན་དུ་ཡོང་དགོས་པའི་རྒྱུ་མཚན་ངོ་སྤྲོད་དང་འབྲེལ་། རང་ལུས་མེར་བསྲེགས་ཀྱིས་མཚོན་པའི་བོད་ནང་གི་གནས་བབ་ཛ་དྲག་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཡོང་ཐབས་སོགས་ཞུས་རྗེས་ཐེ་ཝན་གྲོས་ཚོགས་འཐུས་མི་རྣམ་གཉིས་ནས་ཐེ་ཝན་གྲོས་ཚོགས་འཐུས་མི་མང་པོས་བོད་དོན་ལ་རྒྱབ་སྐྱོར་ཡོད་པ་དང་། བོད་ཀྱི་གཞོན་སྐྱེས་མང་པོ་ཞིག་གིས་མེར་བསྲེགས་གནང་བར་གདུང་སེམས་མཉམ་བསྐྱེད་ཡོད།

བོད་ཀྱི་མེར་བསྲེགས་ལས་འགུལ་དེ་ནི་རང་དབང་མེད་པའི་གནས་བབ་འོག་གདམ་ཀ་གཞན་མེད་པ་ཞིག་ཡིན་དུས་དེ་ལ་གདུང་སེམས་མཉམ་བསྐྱེད་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་དང་། རྒྱ་ནག་དམར་པོའི་དབང་ཤུགས་འོག་གསར་འགྱུར་རང་དབང་ལ་བཀག་སྡོམ་ཆེན་པོ་ཡིན་ནའང་དེང་དུས་དྲ་རྒྱའི་མཐུན་རྐྱེན་སྟབས་བདེ་དབང་གིས་གནས་ཚུལ་ཅུང་ཙམ་རག་ཐུབ་པ་དེ་ཡང་གོ་སྐབས་བཟང་པོ་ཞིག་ཡིན་ཚུལ་སོགས་གསུང་ཡོད་པ་རེད།
unnamed-3བོད་མི་མང་སྤྱི་འཐུས་རྣམ་པས་ཀྱང་བོད་ནང་གི་རང་ལུས་མེར་བསྲེགས་ལ་གདུང་སེམས་མཉམ་བསྐྱེད་ཡོང་ཐབས་དང་། ཐེ་ཝན་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་ཡོང་ཐབས། ཐེ་ཝན་མཐོ་སློབ་ཁག་ཏུ་བོད་ཀྱི་སློབ་ཕྲུག་གསར་འཇུག་ཡོང་ཐབས། ཐེ་ཝན་གྲོས་ཚོགས་འཐུས་མི་ཁག་བཞུགས་སྒར་རྡ་རམ་ས་ལར་འཚམས་འདྲིར་ཕེབས་ཐབས། ཕྱི་སྐྱོད་ལག་དེབ་སེར་པོ་བསྣམས་པའི་ཐེ་ཝན་ནང་བཞུགས་དགེ་འདུན་པ་ཚོ་ཟླ་གཉིས་རེའི་མཚམས་རྒྱལ་ཁོངས་གཞན་དུ་ཐོངས་མཆན་ཞུ་བར་བཅར་དགོས་པའི་དཀའ་ངལ་སེལ་ཐབས་སོགས་ཀྱི་སྐོར་ཞུས་ཡོད་པ་རེད།

དེ་ནས་དགོང་དྲོ་ཆུ་ཚོད་༨་པ་ནས་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་རྣམ་པར་མཇལ་འཕྲད་དང་། ཐེ་ཝན་དོན་གཅོད་ཁང་དང་། བོད་རྒྱ་མཐུན་ཚོགས་ཐུན་མོང་གི་གོ་སྒྲིག་འོག་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་འདུ་ཞིག་སྐོང་འཚོགས་གནང་བ་དང་། བོད་དོན་སྐོར་གྱི་བགྲོ་གླེང་དང་དྲི་བར་དྲིས་ལན་སོགས་གནང་ཡོད་པ་མ་ཟད། སྐབས་དེར་རང་ལུས་མེར་བསྲེགས་དང་འབྲེལ་བའི་བོད་དོན་གློག་བརྙན་གཟིགས་འབུལ་ཡང་གནང་ཡོད་འདུག

ཐེངས་འདིའི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་འདུར་རྒྱ་ནག་སྐམ་ས་ནས་ཡོང་བའི་རྒྱ་རིགས་དོན་གཉེར་ཅན་དང་། གཞུང་ཞབས་པ། མཐོ་སློབ་ཁག་གི་སློབ་ཕྲུག་དང་སྤྱི་ཚོགས་ཞབས་ཞུ་བ། མང་གཙོ་ཡར་ཐོན་ཚོགས་པའི་སྲིད་བྱུས་འགན་འཛིན་གཙོས་ཆབ་སྲིད་མི་སྣ་སོགས་སྣ་འཛོམས་རང་བཞིན་ཅན་གྱི་གྲུབ་ཆ་ཞིག་ཆགས་ཡོད་འདུགunnamed-1

ཕྱི་ཚེས་༩ ཉིན་གྱི་ཞོགས་པར་ཆོས་ཚོགས་ཁག་ཅིག་ཏུ་འཚམས་གཟིགས་མཇལ་འཕྲད་གནང་བ་དང་། ཉིན་རྒྱབ་ཆུ་ཚོད་༢ ནས་ཐེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་ཀྱི་གོ་སྒྲིག་འོག་སྤྱི་འཐུས་རྣམ་པ་དབུ་བཞུགས་ཐོག་བོད་བརྒྱུད་ནང་བསྟན་ཆོས་ཚོགས་ཁག་གི་དབུ་ལས་རྣམ་པ་དང་ལྷན་བཞུགས་མོལ་ཚོགས་འདུ་ཞིག་གནང་ཡོད་པ་དང་། ཚོགས་འདུའི་སྟེང་སྤྱི་ལྷན་ཚོགས་གཞོན་མཆོག་གིས་འཚམས་གཟིགས་ངོ་སྤྲོད་དང་། ལྷག་པར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་།བོད་ཀྱི་ད་ལྟའི་གནས་བབ་སོགས་ངོ་སྤྲོད་གནང་ཡོད་པ་རེད། དེ་རྗེས་ཚོགས་བཅར་ཆོས་ཚོགས་ཁག་གིས་ཚོགས་གཙོ་དང་འཐུས་མི་རྣམ་པས་ཆོས་ཚོགས་ཁག་ངོ་སྤྲོད་གནང་བ་དང་། དྲི་བ་དྲིས་ལན་སྐབས་སྤྱི་འཐུས་རྣམ་པས་ལན་འདེབས་གསལ་བཤད་དང་དགོངས་འཆར་ཡང་གནང་ཡོད་པ་རེད་འདུག

སྤྱི་འཐུས་རྣམ་པའི་གཟིགས་སྐོར་གྱི་ལས་རིམ་ཁག་ཏུ་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་། སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་ལགས་རྣམ་གཉིས་ཀྱང་སྒེར་ངོས་ནས་ལས་རིམ་ཁག་ཏུ་མཉམ་ཞུགས་གནང་ཡོད་པ་མ་ཟད། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱ་མཚན་ལགས་ནས་གསུང་བསྒྱུར་གྱི་ཆ་ཤས་ཀྱང་གནང་ཡོད་པ་རེད་འདུག
སྤྱི་འཐུས་རྣམ་པ༸གོང་ས་མཆོག་ལ་ནོ་ཝེ་ཞི་བདེ་གཟེངས་རྟགས་འབུལ་བཞེས་མཛད་པའི་མཛད་སྒོ་དང་ལས་རིམ་གཞན་ཁག་ཅིག་ཏུའང་མཉམ་ཞུགས་ཀྱི་ཆ་ཤས་གནང་བཞིན་ཡོད་པ་རེད་འདུག

གསར་འགྱུར།

Post navigation

Previous Post: དེ་རིང་བཀྲ་ཤིས་ཀྱི་ཉིན་མོར་བསུ།
Next Post: རྒན་བཀྲ་ཤིས་ཚེ་རིང་ལགས་དང་མཇལ་བའི་བག་ཆགས་གསུམ།

Comments (10) on “སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་སྐྱོད།”

  1. ཚེ་བཀྲ། says:
    2014-12-10 at 11:07 am

    སྤྱི་འཐུས་རྣམ་པ་ཚོ་ཐེ་ཝན་གླིང་དུ་ཕྱོགས་སྐྱོད་གུང་སེང་དུ་ཕེབས་པར་སྤྲོ་པོ་བྱུང་ཡོད་བཞག་རེད།

  2. རྒྱ་མཚོ says:
    2014-12-10 at 11:28 am

    ཡག་པོ་རེད།
    བོད་པའི་གནས་སྟངས་ཚད་ག་འདྲ་ཅིག་ལ་སླེབས་ཡོད་མེད་གསལ་བཤད་བྱེད་རྒྱུ་གལ་ཆེན་པོ་རེད།
    ཐེ་ཝན་ནང་རྒྱ་ནག་སྐམ་ས་ཡོང་བའི་མི་མང་བོ་ཡོད་པས་ཕན་ཐོག་ངེས་ཡིན།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-12-10 at 12:41 pm

    ་་་་་་་་་་་་་་ སྤྱི་འཐུས་འབའ་བ་སྐལ་བཟང་རྒྱ་མཚན་ལགས་ནས་གསུང་བསྒྱུར་གྱི་ཆ་ཤས་ཀྱང་གནང་ཡོད་པ་རེད་འདུག ་་་་་་་་་

  4. ཚ་ཕྲུག་རྒྱལ། says:
    2014-12-10 at 5:12 pm

    བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་གཙོས་པའི་སྤྱི་འཐུས་ཚོགས་ཆུང་ཞིག་ཐེ་ཝན་དུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བ།

    བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་པ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་གཙོས་པའི་སྤྱི་འཐུས་རྒྱ་རི་བུ་ཕྲུག་དང་། སྤྱི་འཐུས་ཀརྨ་ཡེ་ཤེས། སྤྱི་འཐུས་རྨོག་རུ་བསྟན་པ་སོགས་སྤྱི་འཐུས་བཞི་ལས་གྲུབ་པའི་ཚོགས་ཆུང་ཞིག་གཞུང་འབྲེལ་ཐོག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་རུ་འབྱོར་ཡོད་པ་དང་། འདི་ཟླའི་ཕྱི་ཚེས་༧ ནས་བཟུང་གསར་འགོད་པ་དང་། ཐེ་ཝན་གྲོས་ཚོགས་འཐུས་མི། བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཙོས་པའི་ཚོགས་མི་དང་། བོད་ཀྱི་ཆོས་ཚོགས་ཁག་ཅིག་ཏུ་མཇལ་འཕྲད་དང་གཟིགས་སྐོར་སོགས་ཀྱི་མཛད་འཆར་སྐྱོང་བཞིན་ཡོད་འདུག། ཞེས་གསུངས་སྟངས་ལ་ཞིག་ན་སྐབས་འདིར་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་སྤྱི་འཐུས་ཀྱི་གྲལ་དུ་མེད་པ་འདྲ། མདའ་མོ་ཚང་གིས་འདིར་གསལ་བཤད་ཡོད་པ་ཞུ།

  5. ཇུས་ཏོག says:
    2014-12-11 at 5:44 am

    ཐེ་ཝ་་དང་འབྲེལ་བ་གནང་ན་་བོད་དོན་ལ་ཕན་ལས་གནོད་ཆེ་བ་མ་རེད་དམ་།
    ྔང་ཚོའི་སྤྱི་འཐུས་ཚོའི་རྒྱལ་སྤྱིའི་ཆབ་་སྲིད་མཁྱེན་གྱི་ཨ་ཡོད་།ཤ་ཚ་ ཁྲིམས་བཟོ་མི་ཤེས་་མཁན་གྱི་་ཆབ་སྲིད་གང་ནས་ ་ཤེས་མི་མང་གི་ནག་ཁུང་མདའ་
    མོ་གང་ཕན་་བྱས་པའི་མི་སྣ་ལས་སྒྲུབ་་པ་ཤ་རྟག་རེད

  6. Tenzin tashi says:
    2014-12-11 at 2:07 pm

    ལས་ཀ་འདི་དག་འཛིན་སྐྱོང་གི་སྐུ་དབང་དང་འབྲེལ་བའི་ཕྱག་ལས་རེད། འཐུས་མི་ཚོར་ལས་ཀ་མེད་ན་ཅི་བྱ།

  7. ནད་མེད་ཚེ་རིང་། says:
    2014-12-11 at 4:44 pm

    སྤྱི་འཐུས་རྣམ་པ་ཕྱོགས་ཕེབས་ཀྱིས་གཞུང་དང་ཚོགས་པ་སོགས་མི་སྣ་མཇལ་འཕྲད་གནང་ནས་བོད་དོན་དྲིལ་བསྒྲགས་གནང་བར་མངགས་བརྗོད་ཡོད། འོན་ཀྱང་ཕྱོགས་ཕེབས་མི་འགྲོ་སུ་ཕེབས་ནའང་མཐའ་ན་དབྱིན་སྐད་རང་སྐྱ་འཕེར་བ་ཡོད་ན་སུ་མཇལ་སྐབས་སྐད་བསྒྱུར་མ་དགོས་པར་རང་ངོས་ནས་འགྲེལ་བརྗོད་གང་ལེགས་སྐྱོན་ཐུབ་ངེས་ཡིན།

  8. ཀརྡོ་གཉེར་ཕྱག་པ་ says:
    2014-12-11 at 10:52 pm

    བཀའ་ཤག་གོང་གི་སྤྱི་འཐུས་དེ། །
    ཁ་རྩོད་ལམ་སྟོན་རང་དོན་དང་། །
    གར་འགྲོ་གོ་ཆོད་མེད་པས་ན། །
    ང་ནི་ཁོདང་་མཉམ་སྡེབ་འགྲོ །

  9. Tibetan gyalpo says:
    2014-12-12 at 11:19 am

    སྤྱི་འཐུས་ཞིག་ལ་མཚོན་ན་ངེས་པར་རྒྱ་སྐད་ཤེས་མཁན་ཡིན་ན་ལེགས་པོ་རེད། རྒྱུ་མཚན་ང་ཚོའི་འཐབ་རྩོད་་རྒྱ་མི་དང་མཉམ་དུ་རྩོད་དགོས་པས། རྒྱ་སྐད་མི་ཤེས་རུང་དབྱིན་སྐད་ལེགས་པོ་ཤེས་མཁན་ཞིག་ངེས་པར་ཡིན་དགོས། དེ་མིན་ད་དུང་། སྐབས་རྗེས་མའི་སྤྱི་འཐུས་འོས་ཤོག་ནང་དགེ་ལུགས་སྤྱི་འཐུས་ཕུད། གྲྭ་བ་དེ་ཚོས་འཚང་ཁ་མ་རྒྱབ་ཧ་ཅང་ལེགས་པོ་རེད། གྲྭ་བ་དེ་ཚོ་ཆབ་སྲིད་མི་འཇོན་པ་ལོ་རྒྱུས་ཀྱི་བདེན་དཔང་ཡོད།
    གྲྭ་བ་སྤྱི་འཐུས་ཚོས་དགོངས་པ་བཞེས་རོགས།

  10. ནད་མེད་ཚེ་རིང་། says:
    2014-12-12 at 1:31 pm

    བསྟན་འཛིན་རྒྱལ་པོ་ལགས། གྲྭ་བའི་ཆབ་སྲིད་མི་ཤེས་ཟེར་ན་གད་མོ་ཤོར་རྒྱུ་ལས་མ་འདས། དེང་གི་ལོ་རྒྱུས་ནང་གྲྭ་བའི་ཆབ་སྲིད་མང་བ་རྩེད་ཀྱི་ཡོད་པ་མ་མཁྱེན་ནམ། སྲིད་སྐྱོང་ཞབས་སྟེགས་ཐོབ་འདོད་ན་གདན་ས་དང་ཆོས་སྒར་ཁག་གི་མཁན་བླ་ཚོར་འབྲེལ་བ་ཡག་པོ་ཡོད་ན་ཐོབ་ཐོབ་པ་རེད། སྤྱི་འཐུས་གྲོས་ཚོགས་ཚོགས་སྐབས་འཛིན་སྐྱོང་བཀའ་ཤག་གི་ལས་དོན་ཐོག་དྲི་བ་གནད་ལ་འཁེལ་བ་གཏོང་མཁན་ནི་སྤྱི་འཐུས་གྲྭ་བ་ཚོ་ཡིན། དཔེར་མཚོན་ཙམ་ཞུས་ན། བཀུར་འོས་སྤྱི་འཐུས་ཨཱ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས་དང་བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་གཉིས་ཡིན། མི་སྐྱ་སྤྱི་འཐུས་ཚོར་དྲི་བ་གཏོང་གི་མེད་པ་ནི་འཛིན་སྐྱོང་གི་ཕྱག་ལས་གང་གནང་ཐོག་དོ་སྣང་གནང་མེད་སྟབས་དྲི་བ་གཏོང་སྟངས་ཤེས་ཀྱི་མེད། དྲི་བ་གཏོང་མཁན་ནས་དུས་རྟག་ཏུ་བཙན་བྱོལ་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པའི་ཕྱག་ལས་གནང་སྟངས་ལ་དོ་སྣང་གི་ཡོད་པའི་རྟག་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme