Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་འཐུས་ཚོ། ལམ་ནོར་ལྡོག་ཤེས་བྱུང་བ་ལ་དགའ་བསུ་ཞུ།

Posted on 2021-10-21 By ཁ་བརྡ 2 Comments on སྤྱི་འཐུས་ཚོ། ལམ་ནོར་ལྡོག་ཤེས་བྱུང་བ་ལ་དགའ་བསུ་ཞུ།

རིག་འཛིན།

ཁྲིམས་འགལ་གྱི་གྲོས་ཆོད་བཞག་པ། ཁྲིམས་ཀྱི་དབང་བསྒྱུར་ལས་ལྡོག་ཕྱོགས་སུ་བསྐྱོད་རྩིས་བྱས་པ། ཁྲིམས་ལ་ལོག་འགྲེལ་བྱས་པ། མང་ཚོགས་མགོ་སྐོར་བསླུ་བྲིད་ཀྱི་ཐབས་ཤེས་བྱས་པ་བཅས་མདོར་ན་དོན་མེད་མཁྲེགས་བཟུང་བྱས་ཏེ། ༸གོང་ས་མཆོག་ལ་ཐུགས་ཕམ་དང་གཞིས་བཞུགས་བོད་མིའི་ནང་བློ་ཕམ་ཡིད་ཆད་འབྱུང་གཞི་མང་དག་ཅིག་བརྩམས་པའི་འཐེན་འཁྱེར་བྱུས་ངན་མཐའ་དག་རྦད་དེ་ཕམ་ཉེས་ཕྱིན་ནས་འགྲོ་ལམ་མེད་པར་གྱུར་པའི་ཚེ། ད་གཟོད་ལམ་ཁ་ནོར་བ་དང་། གོམ་པ་སྤོ་སྟངས་ནོར་བ་ཤེས་ནས། ལམ་ནོར་ལྡོག་ཤེས་བྱུང་བ་ལ་དགའ་བསུ་ཞུ།

ཇི་ལྟར་༸གོང་ས་མཆོག་གིས་ལམ་སྟོན་གནང་བའི་ནང་། “དཀའ་རྙོག་འདི་དག་སེལ་ཐབས་ཀྱང་བཅའ་ཁྲིམས་སུ་གསལ་ཡོད་པ་ལྟར་ཁྲིམས་ཀྱི་དབང་བསྒྱུར་ངོས་ལེན་བྱས་ན་དཀའ་རྙོག་ཡོང་གཞི་མ་མཆིས། བཅའ་ཁྲིམས་ཀྱི་འབྲུ་དོན་ལག་བསྟར་དཀའ་རིགས་ཡོད་ཚེ་ཁྲིམས་ལུགས་གཞིར་བཟུང་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཐབས་ལམ་ཡོད་བཞིན་པ་དང་། འབྲུ་དོན་འགྲེལ་བརྗོད་བྱེད་སྟངས་ལ་ཐེ་ཚོམ་བྱུང་ན་ཁྲིམས་ལུགས་ལྟར་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཞུ་གཏུགས་ཀྱི་ལམ་ནས་བསལ་དགོས། བཅའ་ཁྲིམས་འགྲེལ་བརྗོད་ཀྱི་མཐའ་མའི་འགན་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ཁོ་ནར་ཡོད།” ཅེས་གསལ་བ་ལྟར། མ་འོངས་པར། དོན་མེད་མཁྲེགས་བཟུང་དང་། ཁྲིམས་ཀྱི་དབང་བསྒྱུར་ལས་ལོགས་སུ་ཐོན་ནས་བོད་མིའི་སྒྲིག་འཛུགས་གཏོར་ཐབས་ཀྱི་བྱ་སྤྱོད་ཉི་ཚེ་བའི་རིགས་མི་སྤེལ་བ་དང་། དོན་མེད་ཧམ་བཤད་དང་མང་ཚོགས་མགོ་སྐོར་བསླུ་བྲིད་རིགས་མི་བྱེད་པར། ཁྲིམས་ལུགས་གཙུག་ཏུ་བཀུར་ཞིང་། ཁྲིམས་ཀྱི་དབང་བསྒྱུར་གྱི་ལམ་དུ་ཤར་བསྐྱོད་བྱེད་པའི་རེ་བ་ཞུ།

སླད་ཕྱིན། “ད་ནས་བཟུང་སྟེ་སྤྱི་འཐུས་རྒྱུན་ལས་ནས་ཀྱང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་གཏན་འབེབས་གནང་བའི་གྲོས་ཆོད་ཡིག་ཆ་ཨང་ 39 པའི་དགོངས་དོན་མཇུག་སྐྱོང་བྱ་ཐབས་གང་ཡང་མི་འདུག་” ཞེས་ཁྲིམས་འགལ་གྲོས་ཆོད་འཇོག་མཁན་སྤྱི་འཐུས་སྐབས་བཅུ་དྲུག་པའི་སྐུ་ཚབ་རྒྱུན་ལས་ཚོས་ཁྲིམས་འགལ་གྲོས་ཆོད་དེར་མཇུག་སྐྱོང་གི་རིན་ཐང་མེད་པའམ་ནུས་པ་མེད་པའི་གསལ་བསྒྲགས་བསྐྱངས་ཟིན་པ་ལྟར། མ་འོངས་པར་ཁྲིམས་འགལ་མི་བྱེད་པ་དང་། དགོས་མེད་ཨུ་ཚུགས་མི་བྱེད་པ། དོན་མེད་མཁྲེགས་བཟུང་མི་བྱེད་པ། ལོག་འགྲེལ་མི་བྱེད་པ་གལ་ཆེན་ཆགས་ཡོད། གལ་སྲིད། ཁྲིམས་དང་འགལ་བ་ཆགས་ན། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ལམ་སྟོན་དང་བཀའ་ཁྱབ་ལ་ཉན་ཞིང་དེར་གནས་ཐུབ་དགོས་པ་ཐུགས་ལ་འཛིན་རོགས་ཞུ།

བསམ་ཚུལ།

Post navigation

Previous Post: སེམས་པ་དེ་ཤིགས་ཙམ་གནང་དང་།
Next Post: བོད་ནང་གི་གནས་ཚུལ་གསར་པ་ཞིག

Comments (2) on “སྤྱི་འཐུས་ཚོ། ལམ་ནོར་ལྡོག་ཤེས་བྱུང་བ་ལ་དགའ་བསུ་ཞུ།”

  1. གཞུང་པ་ཚེ་དབང་བསོད་ནམས། says:
    2021-10-21 at 4:13 pm

    གནས་ལུགས་དང་རྒྱུ་ཚན་ལྡན་པ་། ཁྲིམས་ལུགས་དང་གོ་རིམ་ལྡན་པ་། ལྷག་བསམ་དང་འགན་འཁུར་ལྡན་པ་། ཁྲིམས་དང་རྒྱུ་ཚན་ལ་དཔྱད་པ་། དྲང་བདེན་གྱི་དཔྱད་རྩོམ་འདི་ལ་བརྒྱ་ཆ་བརྒྱ་ཐམ་པ་100% རྒྱབ་སྐྱོར་ཡོད་ལ་བསྔགས་བརྗོད་དང་རྗེས་སུ་ཡིད་རངས་ཞུ་གི་ཡོད་།

  2. པ་རྡོ་རྗེ། says:
    2021-10-22 at 4:28 am

    ལུང་ཚན་གྱི་དུག་གིས་ཟིན་པའི་གང་ཟག་ཐ་ཞན་དག་ལ་ཞུ་རྒྱུར། དུག་དེ་ཡིས་གཞན་ཙམ་མ་ཟད་རང་ཉིད་ལའང་གནོད་སྐྱོན་ཡོང་རྒྱུ་ཡིན། བོད་མི་རིགས་ལ་དཀའ་ངལ་བྱུང་ན་ཁྱོད་ཚོའང་མི་རིགས་དེར་གཏོགས་པས་འགྲོ་ས་མེད། ཁྱོད་ཚོ་ཐད་ཀར་ལ་ཁྱད་པར་མ་སོང་ནའང་གཉེན་ཉེ་དུ་རྣམས་བོད་མི་ཡིན་པས་བསམ་བློ་ཐོངས། ད་ཞབས་འདྲེན་ཞུ་རྒྱུ་མཚམས་འཇོག་བྱུང་ན་ལེགས། བོད་མི་ཚོས་ལྟ་ནས་བསྡད་ཡོད། བོད་མི་རིགས་ཀྱི་ཞེན་ཁོག་དེ་བཟུང་ནས་༸གོང་ས་མཆོག་གི་བཀའ་ལ་བརྩི་དགོས། དེ་མིན་རྒྱ་མའི་གཞུང་ཚབ་ཀྱི་མདུན་ན་རང་ཤི་རྒྱོབས་དང་དངོས་གནས་ཕོ་ཁྱོ་ག་ཡིན་ཞེས་ང་ཚོས་བཀུར་ཆོག་གོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme