Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་ཟུར་རྣམ་པ་བཞི་མཉམ་ཞུགས་ཀྱིས་ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༢༢ པ་སྤེལ་བ།

Posted on 2013-11-072013-11-07 By ཁ་བརྡ་ 3 Comments on སྤྱི་ཟུར་རྣམ་པ་བཞི་མཉམ་ཞུགས་ཀྱིས་ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༢༢ པ་སྤེལ་བ།

གནས་ཚུལ་མཁོ་གཏོང་བ། ཙ་ཡུས་ཕུན་ཚོགས།

DSC_0008ཕྱི་ལོ་༢༠༡༣ ལོའི་ཟླ་༡༡ཚེས ༦ཉིན་སུད་སི་གནས་སྡོད་ཁྱིོམ་ཚང་གཉིས་ཀྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༢༢ པ་དེ་སྤེལ་ཡོད་འདུག་ཅིང་། ཐེངས་འདིའི་ལས་འགུལ་ནང་ཡུ་རོབ་སྤྱི་ཟུར་གསུམ་དང་བཀའ་རྒྱུད་སྤྱི་འཐུས་ཟུར་བ་གཅིག་བཅས་མཉམ་ཞུགས་གནང་སོང་ལ། ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་སྤྱི་ཟུར་རྣམ་པ་བཞི་ལ་ཐེངས་འདིའི་ལས་འགུལ་ནང་མཉམ་ཞུགས་ཞུ་དགོས་དོན་དང་། ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུག་གི་ལས་འགུལ་འདི་ལ་དགོངས་ཚུལ་ག་འདྲ་ཡོད་མེད། དེ་བཞིན་མ་འོངས་པར་བོད་པའི་སྤྱི་ཚོགས་ནང་སྤྱི་སྒེར་ཚོགས་པ་སོ་སོས་ཐེངས་འདིའི་ལས་འགུལ་བཞིན་མ་སྐུལ་དང་བླངས་ཀྱི་ལས་འགུལ་མུ་མཐུད་སྤེལ་དགོས་མིན་ཐད་བཅར་འདྲི་ཁག་ཅིག་ཞུས་ཡོད།

༡༽ ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་ཀྱིས་གོང་བརྗོད་དྲི་བ་ཁག་ལ་བཀའ་ལན་གནང་དོན། ང་རང་འདིར་མཉམ་ཞུགས་གནང་དགོས་པའི་རྒྱུ་མཚན་ནི། ཁོང་ཁྱིམ་ཚང་གཉིས་ཀྱིས་ལས་འགུལ་སྤེལ་བཞིན་པ་འདི་ཡིད་ལ་འགྲོ་བོ་དང་། ནད་ཐོག་སྨན་ཁེལ་གྱི་ལས་འགུལ་ཞིག་ཏུ་མཐོང་སོང་། དེ་འདྲ་ཡིན་དུས་ང་རང་འདིར་ཐེངས་གཉིས་བཅར་བ་ཡིན་ལ། དེ་ཡང་ང་རང་གཅིག་པུ་ཙམ་མ་ཡིན་པར་སུད་སི་ནང་གནས་བཞུགས་སྤྱི་ཟུར་རྣམ་པ་གསུམ་ལ་འབོད་སྐུལ་ཞུས་ཏེ་ཐེངས་འདིའི་ལས་འགུལ་ནང་ཕེབས་ཐུབ་ན་ཡག་པོ་འདུག་ཅེས་ཞུས་པ་བཞིན། དེ་རིང་ང་ཚོ་སྤྱི་ཟུར་བཞི་མཉམ་དུ་ལས་འགུལ་འདིར་མཉམ་ཞུགས་ཞུས་པ་ཡིན་ལ། ང་ཚོ་ཚང་མས་ལས་འགུལ་འདི་ཡག་པོ་འདུག
DSC_0004མ་འོངས་པ་ལའང་མུ་མཐུད་ལས་འགུལ་སྤེལ་རྒྱུ་དང་ལས་འགུལ་འདི་རྒྱུན་མཐུད་ནས་སྤེལ་རྒྱུ་ཡིན་དུས་བོད་པའི་སྤྱི་ཚོགས་ནང་མིག་དཔེ་ཡག་པོ་ཞིག་ཡིན་པའི་ངོས་འཛིན་གྱིས་མཉམ་ཞུགས་ཞུས་པ་ཡིན། ཞེས་དང་། ལས་འགུལ་འདི་ལྟ་བུ་བོད་ཀྱི་གནད་དོན་ཐག་གཅོད་མ་བྱུང་བར་དུ་ང་ཚོ་བོད་པ་མི་རེ་ངོ་རེ་ནས་སྤེལ་དགོས་པ་དེ་གལ་ཆེན་པོ་ཡིན་པ་དེ་སྔོན་མ་ནས་བསམ་བློའི་ནང་འཁོར་བསྡད་ཡོད། ནང་མི་འདི་གཉིས་ཀྱིས་བསམ་བློའི་ནང་འཁོར་བསྡད་པ་ཙམ་མ་ཡིན་པར་དངོས་སུ་ལོ་གཅིག་རིང་ལ་ལས་འགུལ་འདི་བཞིན་སྤེལ་གནང་བ་དང་། སྤེལ་བ་ཙམ་མ་ཟད་ད་དུང་ལོ་རྗེས་མ་ལའང་མུ་མཐུད་ལས་འགུལ་སྤེལ་གནང་རྒྱུའི་འཆར་གཞི་སྒྲིག་བཞིན་པ་སོགས་ཞེ་དྲག་གལ་ཆེན་རེད་དྲན་གྱིན་འདུག ཅེས་དང་། ངས་འདི་ལྟར་བལྟས་བསྡད་པ་ཡིན་ན་ང་ཚོའི་སྒྲིག་འཛུགས་ཀྱི་ངོས་ནས་དང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག མི་སྒེར་པ་ཁག་ཚང་མས་ཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་ལས་འགུལ་འདྲ་མིན་སྤེལ་དགོས་པ་རེད་བསམ་གྱིན་འདུག མི་སོ་སོའི་བསམ་བློ་མི་འདྲ་བ་ནང་བཞིན་མི་ཁ་ཤས་ཀྱིས་མི་ཚང་མ་རུབ་རུབ་བྱས་ནས་ལས་འགུལ་སྤེལ་ན་ཡག་པོ་ཡོད་པའི་དགོངས་ཚུལ་འདོན་མཁན་ཡོད་པ་རེད། གང་ལྟར་ང་ཚོ་སྒེར་བ་ཡིན་ནའང་འདྲ། རུབ་རུབ་བྱས་ནས་ལས་འགུལ་སྤེལ་བ་ཡིན་ནའང་འདྲ། ལས་འགུལ་གང་ཡིན་ཡང་ཧུར་ཐག་བྱས་ནས་ལས་འགུལ་དགོས་པ་དེ་གལ་ཆེན་པོ་རེད། ལྷག་པར་དུ་མི་ཚང་གཅིག་གཉིས་ཀྱིས་འགན་བླངས་ཏེ་འགྲོ་སོང་དང་། དུས་ཚོད་སོགས་བཏང་ནས་ལས་འགུལ་སྤེལ་བཞིན་པ་འདི་ཧ་ཅང་ཡག་པོ་རེད་དྲན་གྱིན་འདུག ལས་འགུལ་འདི་འདྲའི་རིགས་བརྒྱུད་དེ་ང་ཚོའི་སྤྱི་ཚོགས་ནང་ལས་འགུལ་གསར་བ་སྤེལ་གནང་རྒྱུ་དང་། རིག་པ་གསར་བ་སླེབས་ཡ་སོགས་ལ་ཕན་ཐོག་ཏན་ཏན་ཡོང་གི་རེད་དྲན་གྱིན་འདུག

DSC_0058༢༽ ཡུ་རོབ་སྤྱི་ཟུར་སྨན་མཁར་བསོད་ནམས་ཕུན་ཚོགས་ལགས་ཀྱིས་གོང་བརྗོད་དྲི་བ་ཁག་ལ་བཀའ་ལན་གནང་དོན། ནང་མི་གཉིས་ཀྱིས་ལས་འགུལ་སྤེལ་གནང་བ་འདི་ལོ་གཅིག་རིང་ལ་ཟླ་བ་རེ་རེར་ཐེངས་གཉིས་སྤེལ་གནང་བཞིན་པ་ཡིན་དུས། གནད་ཁེལ་བོ་ཞིག་དང་། ཡག་པོ་ཞེ་བོ་ཞིག་ཡིན་པའི་བསམ་བློ་འཁོར་སོང་། ད་འདྲ་སོང་ཙང་དེ་རིང་ང་རང་ལས་འགུལ་ཐེངས་ཉི་ཤུ་རྩ་གཉིས་པའི་ནང་དངོས་སུ་བཅར་ནས་ནང་མི་གཉིས་ཀྱི་བོད་པའི་ལས་འགན་འཁུར་སྟངས་ཐད་རྒྱབ་སྐྱོར་ཞུ་ཆེད་བཅར་པ་ཡིན། ཞེས་དང་། ལས་འགུལ་འདི་ཚོ་ང་ཚོ་སུད་སི་ནང་ཡོད་སྟབས་སུད་སི་མི་མང་གི་སྒྲིག་འཛུགས་ཀྱི་ཐོག་ནས་སྤེལ་ཐུབ་ན་ཡག་པོ་རེད་དེ། ཡིན་ཡང་སྒྲིག་འཛུགས་ཅུང་ཆེན་པོ་ཡིན་སྟབས་ལས་འགུལ་འདི་བཞིན་སྤེལ་བ་ལ་གྲོས་བསྡུར་དང་ཆོག་མཆན་སོགས་བརྒྱུད་རིམ་མང་པོ་ཞིག་འགྲོ་དགོས་པ་ཡིན་དུས། མི་ཉུང་ཉུང་ཞིག་གི་ཐོག་ནས་ཐབ་ཆུང་ཆུང་ནང་མེ་ཚ་བོ་བཏང་ཟེར་བ་ནང་བཞིན་གནད་ལ་ཁེལ་བའི་ལས་འགུལ་བརྩམས་ཡོང་བ་ཡིན་དུས། ང་ཚོ་ཡུ་རོབ་སྤྱི་ཟུར་གསུམ་དང་། སུད་སི་ནང་གནས་བཞུགས་བཀའ་རྒྱུད་སྤྱི་ཟུར་གཅིག་བཅས་འདིར་རྒྱབ་སྐྱོར་མཚོན་ཆེད་དངོས་སུ་བཅར་དགོས་པ་དེ་གལ་ཆེན་པོ་ཞིག་ཏུ་མཐོང་སོང་།
དེ་བཞིན་ཕྱིས་སུ་མི་སྒེར་དང་། ནང་མི། ཚོགས་པ་སོགས་ཀྱིས་མི་མང་དང་གཞུང་གཅིག་པུས་ལས་འགུལ་སྤེལ་མིན་ལ་བལྟས་མ་བསྡད་པའི་ཐོག་ནས། བོད་པའི་སྤྱི་བའི་གནད་དོན་དེ་མཉམ་རུབ་ཐོག་ནས་མུ་མཐུད་འགྲོ་དགོས་པ་དེ་གལ་ཆེན་པོ་ཞིག་ཏུ་མཐོང་སོང་། ཞེས་དང་། ལས་འགུལ་ཟེར་བ་འདི་མུ་མཐུད་ནས་འདྲ་མི་འདྲ་མང་པོ་ཞིག་སྤེལ་དགོས་པ་རེད། ང་ཚོས་ལས་འགུལ་ཟེར་དུས་ཡིན་གཅིག་མིན་གཉིས་ཆེན་པོ་ཞིག་སྤེལ་དགོས་ཀྱི་རེད་དྲན་གྱིན་ཡོད་པ་རེད། ལས་འགུལ་ཟེར་དུས་ཡིན་གཅིག་མིན་གཉིས་ཆེན་པོ་ཞིག་སྤེལ་དགོས་པ་ཙམ་མ་ཡིན་པར། ལས་འགུལ་ཆུང་ཆུང་ཞིག་ཡིན་པ་ཡིན་ནའང་གྲ་འགྲིག་པོ། ཚགས་ཚུད་པོ་ཡོང་དགོས་རྒྱུ་དང་། དེ་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དགོངས་པ་དང་། སྲིད་བྱུས་འཛིན་ཕྱོགས་གཙོ་བོར་བཟུང་ནས་ལས་འགུལ་སྤེལ་བ་ཡིན་ན་གཞུང་མང་གཉིས་ཀྱི་ལས་འགུལ་གྱི་ཁ་ཕྱོགས་དང་དམིགས་ཡུལ། འགྲེལ་བཤད་རྒྱག་སྟངས་བཅས་གཅིག་པ་ཆགས་ཡོང་དུས་ལས་འགུལ་ནུས་པ་ཐོན་པ་ཞིག་ཡོང་གི་རེད་བསམ་གྱིན་འདུག

DSC_0005༣༽ ཡུ་རོབ་སྤྱི་ཟུར་གང་གཞོན་ཚང་ངག་དབང་རྒྱལ་མཚན་ལགས་ཀྱིས་གོང་བརྗོད་དྲི་བ་ཁག་ལ་བཀའ་ལན་གནང་དོན། དེ་རིང་ང་རང་མི་སྒེར་གྱི་ངོས་ནས་ཡིན་ན་འདྲ། སོ་སོ་སྤྱི་ཟུར་ཞིག་ཡིན་པའི་ངོས་ནས་འདྲ། སྟག་ཚང་དཀོན་མཆོག་ལགས་དང་། ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་ལགས་གཉིས་ཀྱི་ལས་འགུལ་སྤེལ་ནས་ལོ་གཅིག་འགྲོ་བཞིན་པ་རེད། དེ་འདྲ་ཡིན་ཙང་ངའི་ཕྱག་རོགས་སྤྱི་འཐུས་སྐུ་ངོ་ཚེ་རིང་རྡོ་རྗེ་ལགས་སྔོན་མ་ཐེངས་གཅིག་ཕེབས་ཚར་འདུག ཁོང་གིས་མ་འོངས་པར་ང་རང་ཚོ་སྤྱི་ཟུར་བཞི་ཆ་མཉམ་གཅིག་ཏུ་ཕེབས་ཐུབ་ན་གསུང་གི་འདུག དེ་གསུངས་པ་དང་ཞེ་དྲག་དགའ་བོ་བྱུང་།
ཁོང་གཉིས་ཀྱི་ནང་མིའི་ངོས་ནས་བོད་པའི་ཛ་དྲག་གི་གནས་བབ་འདི་ལ་ལྟོས་པའི་ཐོག་ནས་སོ་སོའི་ལས་འགན་དང་བླང་གིས་ལས་འགུལ་སྤེལ་བཞིན་པ་དང་། དེ་ཡང་ད་ལྟའི་བར་ལས་འགུལ་ཐེངས་ཉི་ཤུ་རྩ་གཉིས་གནང་བའི་ནང་སོ་སོ་བཅར་རྒྱུའི་གོ་སྐབས་བྱུང་བ་ཡག་པོ་རེད་དྲན་པ་མ་ཟད། ང་ཚོའི་བོད་པའི་སྤྱི་བའི་ལས་འགན་འདི་ཚོགས་པ་ཆེན་པོ་ཞིག་ལ་བལྟས་ནས་བསྡད་པ་མ་ཡིན་པར། བོད་པ་མི་སྒེར་མི་རེ་ངོ་རེ་ནས་བསྒྲུབ་དགོས་རྒྱུ་གལ་ཆེན་པོ་ཡིན་སྟབས། ཁོང་རྣམ་པ་གཉིས་ལྟ་བུའི་ལས་འགུལ་སྤེལ་སྟངས་འདི་ལྟ་བུ་མ་འོངས་པར་མུ་མཐུད་གང་མང་ཡོང་ཐུབ་ན་ཡག་པོ་འདུག་བསམ་ནས་ལས་འགུལ་འདིར་བཅར་བ་ཡིན། ཞེས་དང་། ངས་གོང་ནས་ཞུས་པ་ནང་བཞིན་རེད། བོད་ནང་ལ་ཡོད་པའི་རང་རིགས་སྤུན་ཟླ་ཚོའི་སེམས་གཏིང་གི་སེམས་ཤུགས་དང་། མི་རིགས་ལ་ཤ་ཞེན་གྱིས་བློ་ཁོག་ཆེན་པོས་ཕྱག་ལས་མང་པོ་གནང་ཡོང་དུས། ང་རང་ཚོ་བཙན་བྱོལ་ནང་ཡོད་པའི་བོད་མི་ཚོ་རང་དབང་ལུང་པར་སླེབས་ཡོད་པ་རེད། ལྷག་པར་དུ་སུད་སུ་ནི་ཡུ་རོབ་ཁུལ་ནང་བོད་མི་འདུས་སྡོད་ཆེ་ཤོས་གནང་ས་ཞིག་ཡིན་དུས་ལས་འགུལ་རབས་དང་རིམ་པ་མང་པོ་སྤེལ་གྱིན་པ་ཚང་མ་ཡག་པོ་འདུག་དྲན་ཡོད།

དམིགས་བསལ་ཁྱིམ་ཚང་གཉིས་ཀྱིས་ལས་འགུལ་སྤེལ་སྟངས་འདི་ཚོས་བོད་པའི་སྤྱི་ཚོགས་ནང་མིག་དཔེ་སྟོན་ཐུབ་པ་ཞིག་དང་། མ་འོངས་པར་ལས་འགུལ་འདི་འདྲ་ཤུགས་ཆེ་རུ་འགྲོ་བའི་རེ་བ་འདུག ཅེས་དང་། འདི་ལྟའི་ལས་འགུལ་ཞིག་མུ་མཐུད་རྒྱ་ཆེ་རུ་གཏོང་རྒྱུ་དེ་ཧ་ལས་པའི་གལ་ཆེན་པོ་རེད་ལ། རང་ཉིད་དེ་རིང་འདི་ལ་སོ་སོ་སྤྱི་འཐུས་ཟུར་བ་ཞིག་ཡིན་པའི་ངོས་ནས་ལས་འགུལ་འདིར་བཅར་དགོས་པའི་རྒྱུ་མཚན་གཙོ་བོ་ཡང་དེ་ཡིན། བོད་པའི་རྩ་དོན་དང་དཀའ་ངལ་ད་དུང་སེལ་མེད་པ་ཡིན་དུས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཉིན་མཚན་མེད་པར་སྐུ་ལས་སྐྱོན་བཞིན་པ་སེམས་ནས་མ་བརྗེད་པར། བོད་པ་མི་རེ་ངོ་རེ་ནས་དཀའ་ལས་རྒྱག་གི་ཡོད་པ་རེད་ལ་རྒྱག་ཀྱང་དགོས་གི་རེད་དྲན་གྱིན་ཡོད། དེ་བས་ཁོང་རྣམ་པ་གཉིས་ཀྱི་ལས་འགུལ་སྤེལ་སྟངས་འདི་དང་གཞན་ལས་འགུལ་སྤེལ་སྟངས་ཡག་པོ་ཡོད་པ་ཁག་ལ་དཔེ་བལྟས་ནས། མ་འོངས་པར་སུད་སི་ནང་གི་ཚོགས་ཆུང་ཁག་ཡིན་ནའང་འདྲ། སྤྱི་ཚོགས་ག་འདྲ་ཞིག་ཡིན་ནའང་ཚོགས་པ་དང་སྐྱིད་སྡུག་སོགས་ཀྱི་མིང་འཁུར་མི་དགོས་པའི་ཐོག་ནས་ལས་འགུལ་སྤེལ་རྒྱུ་དེ་གལ་ཆེན་པོ་ཞིག་ཆགས་འདུག་ལ། ཁོང་ནང་མི་གཉིས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

༤༽ བཀའ་རྒྱུད་སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་ལགས་ཀྱིས་གོང་བརྗོད་དྲི་བ་ཁག་ལ་བཀའ་ལན་གནང་དོན། སྟག་ཚང་དཀོན་ཅོག་དང་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་གཉིས་ཀྱི་ནང་མིའི་ངོས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ནས་ཐེངས་ཉི་ཤུ་རྩ་གཉིས་པ་དེ་ཆགས་ཡོད་འདུག ལས་འགུལ་འདི་ལྟ་བུ་ཞིག་བརྩམས་པ་ལ་བསྔགས་བརྗོད་དང་། རང་ཉིད་བོད་པའི་མི་ཞིག་ཡིན་པའི་ཆ་ནས་དེ་ལ་རྒྱབ་སྐྱོར་བྱེད་དགོས་པ་ཞིག་རང་བཞིན་གྱིས་ཆགས་ཡོང་གི་འདུག དེ་འདྲ་ཡིན་དུས་ང་རང་གིས་སྤོབས་པ་སྐྱེས་པའི་ལས་འགུལ་འདི་ལ་རྒྱབ་སྐྱོར་ཞུ་ཆེད་དེ་རིང་འདིར་བཅར་བ་ཡིན། ཞེས་དང་། བོད་པའི་གནས་བབ་ངོས་ནས་བལྟས་ན་འདི་ལྟ་བུའི་ལས་འགུལ་སྤེལ་དགོས་པ་དེ་ལས་འགན་ཆགས་ཡོད་པ་རེད། དེ་བས་མི་ཚང་མས་ལས་འགུལ་བརྩམ་དགོས་པ་ནང་བཞིན་ཁོང་རྣམ་པ་གཉིས་ཀྱིས་ལས་འགུལ་སྤེལ་བཞིན་པ་འདི་ལ་མི་མང་པོ་ཞིག་གིས་བསྔགས་བརྗོད་གནང་བཞིན་ཡོད།
འདི་ལྟར་བོད་པ་མི་རེ་ངོ་རེ་ནས་ལས་འགུལ་སྤེལ་བ་ཡིན་ན་མི་ཚང་མས་རྒྱབ་སྐྱོར་གནང་དགོས་པ་ཞིག་རེད་དྲན་གྱིན་འདུག ཅེས་དང་། ང་ཚོས་མཚམས་མཚམས་ལས་འགུལ་བརྩམས་པའི་སྐབས་སུ་གཞུང་དང་ཚོགས་པ་སྐྱིད་སྡུག་ཁག་གིས་ལས་འགུལ་གོ་སྒྲིག་མ་བྱས་པ་ཡིན་ན་ལས་འགུལ་སྤེལ་ཐབས་མེད་པ་འདྲ་བོ་མཐོང་གི་ཡོད་ལ། དེ་མིན་རང་རང་ལས་ཀ་ལ་མགོ་འཐོམས་ནས་བསྡད་ཡོད་པ་རེད། ང་ཚོ་མི་སྒེར་སུ་ལའང་དུས་ཚོད་ཡོད་ན་སོ་སོའི་ངོས་ནས་ལས་འགུལ་སྤེལ་ཐབས་ཡོད་པ་རེད། ལས་འགུལ་སྤེལ་པས་གྲུབ་འབྲས་ཀྱང་གང་ལ་གང་འཚམས་ཐོན་གྱིན་ཡོད་པ་རེད། ཁོང་ནང་མི་གཉིས་ཀྱིས་ལས་འགུལ་སྤེལ་བཞིན་པ་ནང་བཞིན་ཚང་མས་དོ་སྣང་སྤྲོད་དགོས་པ་ཞིག་རེད། ཅེས་གསུངས་སོང་།

དེ་ནས་གཙོ་བོར་ཕྱི་ལོ་༢༠༡༣ ཟླ་༡༡ ཚེས་ ༦ ཉིན་སུད་སི་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་དང་། སྟག་ཚང་དཀོན་ཅོག་ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༢༢ པ་དེ་སྤེལ་ཡོད་འདུག་ཅིང་། ཐེངས་འདིའི་ལས་འགུལ་ནང་ཡུ་རོབ་སྤྱི་ཟུར་གསུམ་དང་བཀའ་རྒྱུད་སྤྱི་འཐུས་ཟུར་བ་གཅིག་བཅས་མཉམ་ཞུགས་གནང་སྟེ་ཁྱིམ་ཚང་གཉིས་ཀྱི་རྒྱལ་ཚོགས་ལ་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ནས་ལོ་གཅིག་འཁོར་བཞིན་པར་རྒྱབ་སྐྱོར་དང་བསྔགས་བརྗོད་གནང་ཡོད་འདུག
ལས་འགུལ་འདིར་རྒྱབ་སྐྱོར་དང་བསྔགས་བརྗོད་ཞུ་ཆེད་ཡུ་རོབ་སྤྱི་ཟུར་གསང་གླིང་ཚེ་རིང་རྡོ་རྗེ་ལགས་དང་། ཡུ་རོབ་སྤྱི་ཟུར་སྨོན་མཁར་བསོད་ནམས་ཕུན་ཚོགས་ལགས། ཡུ་རོབ་སྤྱི་ཟུར་གང་གཞོན་ཚང་ངག་དབང་རྒྱལ་མཚན་ལགས། བཀའ་རྒྱུད་སྤྱི་ཟུར་ཆོས་རྒྱལ་བསྟན་འཛིན་ལགས་བཅས་མཉམ་ཞུགས་གནང་ཞིང་། མ་འོངས་པར་ཁྱིམ་ཚང་གཉིས་ཀྱི་ལས་འགུལ་འདི་བཞིན་བོད་པའི་སྤྱི་ཚོགས་ནང་གལ་ཆེན་པོ་ཡིན་པ་དང་། ང་ཚོའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་སྐབས་གཞུང་དང་ཚོགས་པ་སྐྱིད་སྡུག་ཁག་གི་གོ་སྒྲིག་ལ་སྒུག་ནས་སྡོད་རྒྱུ་མ་ཡིན་པར། བོད་པ་མི་རེ་ངོ་རེ་ནས་བོད་པའི་ལས་འགན་སྒྲུབ་ཐུབ་པ་གནང་དགོས་པའི་ཐད་དགོངས་ཚུལ་ལྷུག་བརྗོད་གནང་བ་མ་ཟད། ཁོང་ནང་མི་གཉིས་ཀྱིས་སུད་སི་ཇི་ནི་ཝ་གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་ནས་ལོ་གཅིག་འགྲོ་བཞིན་པར་རྒྱབ་སྐྱོར་དང་བསྔགས་བརྗོད་མཚོན་ཆེད་མཇལ་དར་ལེགས་སྒྲོན་གནང་བ་མ་ཟད། ལས་འགུལ་ཉིན་གཅིག་རིང་མཉམ་ཞུགས་ཀྱིས་བོད་དོན་ཡིག་ཆ་གྲངས་༦༠༠ ཙམ་འགྲེམས་སྤེལ་གནང་བ་དང་། ལས་འགུལ་འདིའི་དགོས་འདུན་དོན་ཚན་དྲུག་གིས་མཚོན་པའི་དམིགས་ཡུལ་ཁག་མཉལ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་བཅས་སུ་སྙན་ཞུ་ཕུལ།

དེ་ཡང་ལས་འགུལ་འདི་ནི་ཟླ་གཅིག་གི་ནང་གཟའ་ལྷག་པ་དང་པོ་དང་། གཟའ་ལྷག་པ་གསུམ་པ་གཉིས་སུ་བསྟུད་མར་ཟླ་རེར་ཐེངས་གཉིས་རེ་སྤེལ་གྱིན་པའི་ལས་འགུལ་ཞིག་དང་། ལས་འགུལ་སྤེལ་སྟངས་དེ་ཡང་མི་མང་པོ་ལྷན་དུ་འཛོམས་ཏེ་སྐད་འབོད་སོགས་གནང་རྒྱུ་མ་ཡིན་པར། རྒྱལ་ཚོགས་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་དཀའ་སྡུག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ། ལྷག་པར་དུ་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག དེ་བཞིན་ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འགྲེལ་བརྗོད་དང་ཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་འཕྲེད་དར། ༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ་སོགས་རྒྱ་ཡིག་དང་། དབྱིན་ཡིག འཇར་མན་ཡི་གེ་བཅས་ཀྱི་ནང་བསྒྱུར་ཏེ། ཕྱི་རྒྱལ་མི་རིགས་དང་། རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་མང་པོར་འགྲེམ་སྤེལ་བྱེད་ཀྱིན་འདུག་ཅིང་། ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་དགོས་འདུན་སྙན་ཞུ་གཏོང་བཞིན་ཡོད་འདུག

འབྲེལ་གཏུག་ཞུ་ཡུལ།
ཁ་པར། 0041764774162 སྟག་ཚང་དཀོན་ཅོག
ཁ་པར། 0041763080018 ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས།

གསར་འགྱུར།

Post navigation

Previous Post: རྨི་ལམ་འདི་རྨི་ལམ་ཞིག་མིན་ན་ཅི་མ་རུང་།
Next Post: མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་འབོད་སྐུལ།

Comments (3) on “སྤྱི་ཟུར་རྣམ་པ་བཞི་མཉམ་ཞུགས་ཀྱིས་ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༢༢ པ་སྤེལ་བ།”

  1. གནམ says:
    2013-11-07 at 5:50 am

    བཀའ་དྲིན་ཞུ་དགོས་དོན་ཡོད་རྒྱུ་མ་རེད་ཐལ། བཀའ་དྲིན་ཅིག་བྱས་བ་ཡིན། གང་ཡིན་ཟེར་ན། ཉིན་ཞིག་ང་ཚོ་ཚང་མ་ཁྱེད་ཅག་ལྟར་ཁྱེད་ཅག་དང་དུས་མཉམ་དུ་འཕག་ཐུབ་ན། ཇི་འདྲའི་ངར་ཤུགས་བདེན་པ་ཞིག་ཡིན་པ་གསལ་པོ་རེད། འཕག་མཚམས་མི་ཆད་པའི་ལས་དོན་ལ་འབྲས་བུ་ཞིག་ཡོད་ཡོད་པ་རེད། བོད་མིས་བོད་མི་ལ་བཀའ་དྲིན་ཡང་ཡང་ཞུ་དགོས་བ་གལ་ཆེན་རེད། མ་རེད་དམ།

  2. མེ་ཐབ། says:
    2013-11-07 at 7:23 am

    འདི་འདྲའི་སེམས་ཤུགས་གྱིས་ཕྱུག་པའི་སྟག་ཚང་དཀོན་མཆོག་དང་ཀ་རྨ་བཀྲིས་ནང་མི་ཡོངས་སྙིང་ཐག་པ་ནས་གུས་ཕྱག་འབུལ། སོ་སོའི་སྒེར་ངོས་ནས་འགྲོ་གྲོན་དང་ལས་ཀ་སོགས་བཞག་ནས་དཀའ་ལས་རྒྱབ་ནས་ཡོ་རོབ་བོད་མི་ཡོངས་ལ་མིག་དཔེ་ཞིག་བསྟན་སོང་། ཡོ་རོབ་ཁ་ཤས་ན་ད་རུང་སྐྱིད་གཏམ་རྐྱང་བཤད་ནས་གཉིད་དུ་ཡུར་འདུག། ལོངས་ཤོག་ལོངས་ཤོག་བོད་མི་ཚོ་རྡོག་རྩ་གཅིག་སྒྲིལ་ནི་སྟོབས་ཤུགས་གྱི་རྒྱལ་པོ་ཡིན།

  3. གཅན་ཚ བཟོད་རྒྱམ། says:
    2013-11-07 at 8:10 am

    མི་ཚང་གཉིས་ཀྱིས་ལས་འགུལ་འདི་ལྟར་སྤེལ་བར་སྙིང་ནས་དགའ་བསུ་དང་གུས་བཀུར་ཞུ། བོད་མི་ལར་ཞེན་ཚོས་འདི་ལྟར་བོད་དོན་དྲིལ་བསྒྲགས་སྐོར་ལ་ལས་འགུལ་རྒྱུན་མར་སྤེལ་གནང་རྒྱུ་གལ་ཆེ།
    མི་ཚང་འདི་གཉིས་ཀྱིས་འགྲོ་གྲོན་རང་ངོ་ནས་བཏང་སྟེ་ལོ་གཅིག་ལྷག་ལ་འདི་ལྟའི་ལས་འགུལ་སྤེལ་གནང་བ་རེད། ཚོགས་སྒེར་སུ་ཡིན་ཡང་མིག་དཔེ་འདི་འདྲ་བཟུང་སྟེ་ལས་འགུལ་སྤེལ་ཅི་ནུས་བྱ་རྒྱུ་ཧ་ཅང་གལ་ཆེན་རེད། ད་དུང་རིན་བྷོ་ལགས་ཀྱིས་འཛམ་གླིང་གང་སར་སྐོར་སྐྱོད་ཀྱིས་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ་བཞིན་ཡོད། འདི་ཚོ་ཚང་མ་ང་ཚོའི་མིག་དཔེར་བཟུང་ན་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme