Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་ཚོགས་ཀྱིས་འཕེལ་རིམ་རྒྱུད་ནས་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

Posted on 2018-10-18 By ཁ་བརྡ 7 Comments on སྤྱི་ཚོགས་ཀྱིས་འཕེལ་རིམ་རྒྱུད་ནས་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས་ནས།
 
འཛམ་གླིང་གི་ས་གཞི་འདི་ཆགས་པ་ནས་མི་གི་འགྲོ་བ་འཕེལ་བའི་རྒྱུད་རིམ་ལ་ང་ཚོའི་འགན་ཁུར་ནས་ཞིབ་ཏུ་དཔྱད་ཚེ་གདོན་མའི་སྤྱི་ཚོགས་ནས་རིམ་བཞིན་སྔོན་འཐོན་ལ་ཁ་ཕྱོགས་ནས་བུ་ཕྲུག་གསོ་སྐྱོང་དང་ཟས་གོས་འཚོལ་སྒྲུབ་སོགས་ལ་འགན་ཁུར་ནས་བཟའ་ཚང་མཉམ་འདུས་ཀྱིས་ནང་མི་མཉམ་སྡོད་ཀྱིས་ལམ་ལུགས་འོག་ས་ཆ་བདག་བཟུང་གི་འཚོ་བ་འབྲོག་ལས་རྒྱུད་དུད་འགྲོ་སེམས་ཅན་བདག་ཉར་གྱིས་རི་ལུང་གང་སར་ཙ་བཟང་ས་དང་ཆུ་ཞིམ་སར་གནས་ངེས་མེད་ལ་འགན་ཁུར་ནས་དུད་འགྲོ་གསོ་སྐྱོང་གི་འོག་ནས་ནང་མིའི་འཚོ་བ་ལ་འགན་སྲུང་བྱེད་པའི་དུས་རབས་ནས་སྔོན་འཐོན་བསམ་བློའི་འོག་ཏུ་བློ་རྩལ་ཅན་གྱིས་མིའི་སྐད་ཡིག་གསར་གཏོད་འོག་ས་ཞིང་འདེབས་ལས་འགོ་བཙུགས་ནས་ཞིང་འབྲོག་གི་ལས་ཀའི་འོག་ནས་ཁྱིམ་ཚང་གི་འཚོ་བ་ལ་འགན་ཁུར་ནས་མི་ཚེ་སྐྱེལ་བའི་དུས་རབས་ནས་རིམ་བཞིན་མིའི་བསམ་བློའི་འོག་ཏུ་འགན་ཁུར་ནས་མི་མང་ནང་ཁུལ་གྱིས་བདེ་འཇག་དང་ཉེ་འབྲེལ་ཡུལ་སྡེ་ཕན་ཚུན་བར་དགྲ་ཇག་རྐུ་ཁྱེར་སོགས་ལ་བཀག་བསྡོམས་ཆེད་འགན་ཁུར་ཐུབ་པའི་མི་སྣ་ཡུལ་གྱིས་འགོ་དཔོན་དུ་བཀུར་བའི་ལམ་ལུགས་འོག་ནས་རིམ་བཞིན་འགོ་དཔོན་ནས་རྒྱལ་པོའི་རིང་ལུགས་དར་ནས་ལུང་ཆུང་རེ་ལ་དཔོན་ཆུང་རེ་ཟེར་བ་དང་དཔོན་ཆུང་རེ་ལ་བློན་པོ་རེ་ཟེར་བའི་ལམ་ལུགས་འོག་ནས་འཛམ་གླིང་གི་ལུང་པ་མང་པོ་རྒྱལ་པོའི་དབང་འོག་དུ་གནས་ནས་ཞི་བའི་མི་མང་གིས་འཚོ་བའི་མདུན་ལམ་རྒྱལ་པོའི་བློན་པོ་རྒྱུད་ས་ཞིང་བདག་ཉར་ལ་ཚད་བཀག་དང་དུད་འགྲོ་སེམས་ཅན་གསོ་སྐྱོང་བདག་ཉར་གྱིས་ཙ་ཟ་ཆུ་འཐུང་ལ་ཚད་བཀག་དང་རྒྱལ་བློན་གྱི་འཚོ་བ་ཡོངས་རྫོགས་ཞི་བའི་མི་མང་ཞིང་འབྲོག་གཉིས་ལ་ཁྲལ་འགེལ་ལམ་ལུགས་གསར་གཏོད་ཀྱིས་ཞི་བའི་མི་མང་གི་འཚོ་བའི་མདུན་ལམ་ལས་རྒྱལ་པོའི་རྒྱལ་ཁང་གསར་བཟོ་དང་རྒྱལ་པོའི་སྐུ་སྲུང་ཆེད་རྒྱལ་ཁང་གི་མཐའ་སྐོར་དུ་ལྕགས་རི་བསྐོར་རྒྱུ་སོགས་གལ་ཆེར་རྩིས་ནས་ཞི་བའི་མི་མང་ལ་གླ་རྔན་ཀར་ལི་ཙམ་ཡང་མེད་པར་ཉིན་ཚན་མེད་པར་གཡོག་བསྐུལ་བྱས་པའི་དཔང་རྟགས་དེང་སྐབས་ང་ཚོའི་མིག་མདུན་དུ་འཆར་རྒྱུ་ཡོད་པ་ནི་དེང་སྐབས་འཛམ་གླིང་གི་ལུང་པ་ག་པར་ཕྱིན་ཀྱང་དེ་སྔའི་རྒྱལ་པོའི་རྒྱལ་ཁང་དང་རྒྱལ་པོའི་སྐུ་རྒྱུ་སོགས་འགྲེམས་སྟོན་ཁང་བཟོས་ནས་འཛམ་གླིང་གི་ཡུལ་འཁོར་སྤྲོ་འཆམས་ལག་ནས་དངུལ་འབབས་ཡོང་སྒོ་བཟོ་བཞིན་པ་དེ་དག་ལ་བསམ་ཞིབ་བྱ་སྐབས་ཞིང་འབྲོག་མི་མང་གི་སྔུལ་ནག་ཐིག་བསག་ལས་བྱུང་བ་འདི་དག་སྤྱོད་ངན་ངོམ་བཟོ་ཙམ་ལས་མ་འདས་པ་དང་དུས་རབས་ཀྱིས་འགྱུར་འགྲོས་དང་མིའི་བསམ་བློའི་འགན་ཁུར་འོག་ནས་འཛམ་གླིང་གི་ལུང་པ་མང་པོའི་ནང་རྒྱལ་པོའི་ལམ་ལུགས་ལ་འཇུག་བསྡོམས་རྒྱབ་ནས་མི་མང་མང་གཙོའི་ལམ་ལུགས་ནང་ཁ་ཕྱོགས་ནས་རྒྱལ་ཁབ་དང་སྲིད་གཞུང་གིས་ལས་དོན་ཡོངས་རྫོགས་འོས་བསྡུའི་ལམ་ནས་མི་མང་གིས་འགན་ཁུར་ཐུབ་པའི་ལམ་ལུགས་གསར་གཏོད་འོག་ནས་རྒྱལ་ནང་གི་ཆབ་དཔལ་རིག་གསུམ་མང་གཙོའི་སྲིད་གཞུང་གིས་ཁྲིམས་སྒྲིག་འོག་ཏུ་འགན་ཁུར་ནས་མང་ཚོགས་ཀྱིས་འཚོ་བ་ལ་འགན་ཁུར་ཐུབ་པའི་མང་གཙོའི་གཞུང་འཛིན་སྐྱོང་གནང་མཁན་གྱིས་ཀ་བ་གསུམ་སྟེ་ཁྲིམས་བཟོ་གྲོས་ཚོགས་འཐུས་མི་དང་འཛིན་སྐྱོང་གཞུང་འཛིན་བློན་ཆེན་ལྷན་ཚོགས་དང་ཁྲིམས་གཅོད་སྡེ་ཚན་བཅས་ཀ་བ་གསུམ་དང་ཀ་བ་བཞི་པ་དེ་གསར་འགོད་སྡེ་ཚན་བཅས་མང་གཙོའི་ཀ་བ་བཞི་གིས་འགན་ཁུར་འོག་གཞུང་མང་གི་འཚོ་བ་ལ་འགན་ཁུར་བྱེད་པའི་ལམ་ལུགས་དེ་ལ་མང་གཙོ་ ( Democracy ) ཟེར་བ་དང་། དམངས་ཟེར་བའི་ཐ་སྙད་དེ་གྲལ་རིམ་ལ་གོ་དགོས་པ་ནི་དུས་སྔ་མོའི་སྐབས་ལ་རྒྱལ་རིགས་དང་རྗེ་རིགས་དང་བྲམ་ཟེའི་རིགས་དམངས་རིགས་བཅས་རིགས་བཞི་ཡོད་པ་ནས་དམངས་རིགས་ནི་རིགས་མཐའ་མ་དེ་ཡིན་པ་བཅས་མང་ནི་གྲངས་ཀྱི་གསལ་འབྱེད་ཡིན་པ་དང་དམངས་ནི་གྲལ་རིམ་གྱི་གསལ་འབྱེད་ཡིན་པ་བཅས་ནུབ་ཕྱོགས་ཡར་འཐོན་ཅན་གྱི་ལུང་པ་མང་པོའི་ནང་ཆབ་སྲིད་ཀྱི་ལམ་ལུགས་ལག་ལྟར་བྱེད་བཞིན་པ་ནི་མང་གཙོའི་ལམ་ལུགས་ཡིན་པ་དང་ཤར་ཕྱོགས་རྒྱལ་ཁབ་རྒྱ་ནག་ལྟབུ་ཡིན་ན་དམངས་གཙོ་ཡིན་ལ་གཅིག་བསྡུད་ཡིན་ཟེར་བ་དང་མི་རིགས་འདྲ་མཉམ་ཡིན་ལ་ཐ་དད་ཡིན་ཟེར་བའི་གྲལ་རིམ་དམངས་གཙོའི་འོག་ཏུ་མི་མང་འཚོ་དགོས་པའི་ལམ་ལུགས་ནས་གུང་ཁྲན་ཏང་གི་གྲལ་རིམ་འོག་ནས་དམངས་གཙོའི་ལས་དོན་འཛིན་སྐྱོང་བྱེད་པའི་ལམ་ལུགས་འདི་ལ་དམངས་གཙོ་ ( PROLETARIAN ) or CLASS) ཟེར་ཞིང་དབང་ཆ་ཚང་མ་གྲལ་རིམ་ལག་ཏུ་ཡོད་པའི་ཆབ་སྲིད་ཀྱི་ལམ་ལུགས་ཞིག་ཡིན་པ་དང་ནུབ་ཕྱོགས་རྒྱལ་ཁབ་ནང་དར་བའི་མང་གཙོའི་ལམ་ལུགས་(DEMOCRACY) ནི་དབང་ཆ་ཚང་མ་མི་མང་ལག་ཏུ་ཡོད་པའི་ཆབ་སྲིད་ཀྱི་ལམ་ལུགས་ངོ་མཚར་ཅན་ཞིག་ཡིན་པ་ནི་གཞུང་མང་གིས་ལས་དོན་ཡོངས་རྫོགས་ཁྲིམས་དང་སྒྲིག་གཞིའི་འོག་ནས་འགྲུབ་དགོས་པ་བཅས།

སླར་སྨྲས་པ།

མང་གཙོའི་འགན་ཁུར་ཁྲིམས་སྒྲིག་འོག།
དམངས་གཙོའི་འགན་ཁུར་གྲལ་རིམ་འོག།
མང་དང་དམངས་ཀྱི་གོ་དོན་མ་རྟོགས་ན།།
ཆབ་སྲིད་རིག་པས་གྲལ་འཛིན་ངོ་རེ་ཚ།།

སྙིགས་དོར་བཅུད་ལེན་ཐུབ་པའི་མང་གཙོ་དང་།།
གྲལ་རིམ་རུལ་སྲུང་གཉེར་བའི་དམངས་གཙོ་གཉིས།།
གཅིག་གི་གཅིག་ལ་བདེན་ངོ་སྤྲོད་སྲིད་ཀྱང་།།
ཐ་སྙད་ཚད་སྒྲུབ་ཡིན་མིན་རིག་པས་དཔྱོད།།

རྣམ་དཔྱོད་རིག་པས་བསྟན་པའི་གཞུང་ལུགས་ལ།།
ཐེ་འཚེམ་བློ་ཡིས་བླང་དོར་མ་ཤེས་ནས།།
ཕྱོགས་ལྷུང་དཔུང་སྡེའི་སྤྱི་ཚོགས་ལམ་ལོག་འཁྲིད།།
མང་གཙོ་དམངས་གཙོ་དོན་གཅིག་གང་ནས་ཡིན།།

མང་པོའི་བཀུར་བའི་མང་བཀུར་རྒྱལ་པོ་དང་།།
མང་གཙོའི་ལམ་ལུགས་མང་མོས་ཐག་གཅོད་དང་།།
མང་གཙོ་ཡང་དག་ཁྲིམས་ཀྱིས་དབང་བསྒྱུར་ལ།།
མོས་མཐུན་མེད་པའི་བློ་ལྡན་གང་ན་སུ།།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་༢༠༡༨ ཕྱི་ཟླ་ ༡༠ པའི་ཚེས་ ༡༨ ཉིན་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: དགེ་རྒན། ཨ་མ།  ང་།  
Next Post: ཚོར་བའི་མེ་ལྕེ།

Comments (7) on “སྤྱི་ཚོགས་ཀྱིས་འཕེལ་རིམ་རྒྱུད་ནས་མང་གཙོ་དང་དམངས་གཙོ་ལ་དཔྱད་པའི་གཏམ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2018-10-18 at 12:53 am

    བོད་ཀྱི་དུས་བབ། > བསམ་ཚུལ། > སྒྱུར་རྩོམ། > བལ་པོས་རྒྱ་གར་ལས་རྒྱ་ནག་ལ་ཕྱོགས་པའི་རྨི་ལམ་དེ་མངོན་གྱུར་ཐུབ་བམ།
    བལ་པོས་རྒྱ་གར་ལས་རྒྱ་ནག་ལ་ཕྱོགས་པའི་རྨི་ལམ་དེ་མངོན་གྱུར་ཐུབ་བམ།
    http://tibettimes.net/2018/10/17/172774/

    ་་་་་་་་་་་་་ ཉེ་ཆར་བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་ནང་རྒྱ་ནག་གི་བུ་ལོན་གྱི་རྙིའི་ (Debt Trap) སྐོར་གླེང་སློང་ཤུགས་ཆེ་བྱུང་ཡོད། ་་་་་་་་་་་་་་་་་་
    ་
    བལ་ཡུལ་དང་གཅིག འབྲུག་དང་གཉིས། རྒྱལ་ཁབ་ཆུང་ཆུང་འདི་གཉིས། ཐ་མ་རྒྱ་དཀར་ནག་གང་གི་ཁོངས་སུ་འགྲོའམ། ལགས། སུས་གསུང་ཐུབ་བམ། ལགས།། །།

  2. གསལ་ལེ་རྒྱལ། says:
    2018-10-19 at 11:41 am

    མང་གཙོ་དང་དམངས་གཙོ་ལ་ཤད་གཅིག་ཀྱང་མི་དགོས་པ་དེ་གཞི་ནས་ཤེས་སོང་། ཐུགས་རྗེ་ཆེ།

  3. ལ་དྭགས་འཇམ་དཔལ།། says:
    2018-10-20 at 2:27 am

    མང་གཙོ་དང་དམངས་གཙོ། ཞེས་ཁྱད་པར་འདོད་ཀྱང་། སྔར་བོད་ཀྱི་མཁས་པ་རྣམས་ཀྱིས་མངས་ཞེས་མང་ལ་ཡང་སའི་ཡང་འཇུག་བྲིས་པ་མང་དུ་མཐོང་སྟེ། སྒོང་མངས་་མཆོད་རྟེན། ཞེས་པ་ལྟ་བུ། དམངས་རིངས་ནི་སྨད་རིགས་དང་ཁྱད་མེད་པ། བཤེས་སྤྲིངས་འགྲེལ་་པ་རེད་མདའ་པས་མཛད་པ་་ན། དམངས་རིགས་ལ་སྨད་རིགས། ཞེས་ཡོད་པ། བཤེས་སྤྲིངས་ཀྱི་འགྲེལ་པ་རང་ཉིད་་ཀྱིས་བྲིས་་བྲིས་་པ་ན། དགེ་སློང་བཟང་སྦྱིན་པས་གསུངས་སོ།

  4. ཀརྡོ་གཉེར་ཕྱག་པ་ says:
    2018-10-20 at 3:38 am

    རྒྱ་གར་ཧིན་དུ་མུ་སྟེགས་ཆོས་སུ་རིགས་བཞི་དབྱེ་བ་ནི།
    དང་པོ། རྒྱལ་རིགས།
    གཉིས་པ། བྲམ་ཟེ་རིགས།
    གསུམ་པ། རྗེ་རིགས།
    བཞི་པ། དམངས་རིགས་སམ། གདོལ་པའི་རིགས།

  5. ཀརྡོ་གཉེར་ཕྱག་པ་ says:
    2018-10-20 at 3:48 am

    སྒོ་མངས། གཞུང་མངས། རྒྱུད་མངས། མི་མངས།
    དང་།
    དམངས་གཙོ། མང་གཙོ། མངས་གཙོ། གང་དག་གམ། ལགས།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-10-20 at 8:30 am

    གུང་ཁྲན་ཏང་གི་འགོ་ཁྲིད་མ་འོ་ཚེ་ཐུང་གི་ཞིང་པའི་རྒྱེན་ལངས་འོག་
    ནས་གུང་ཁྲན་སྲིད་གཞུང་བཙུགས་པ་དེ་ཞིང་པའི་གྲལ་རིམ་ལ་འགན་
    ཁུར་ནས་དམར་པོའི་གཞུང་བཙུགས་པ་ནས་གྲལ་རིམ་དམངས་གཙོ་
    Proletarian or class གྲལ་རིམ་བྱེ་བྲག་པ་ཞིག་གི་གཞུང་སྲིད་སྐྱོང་
    བའི་ལམ་ལུགས་ལ་དམངས་གཙོ་ཟེར་བ་དེ་གྲལ་རིམས་ཀྱི་གསལ་འབྱེད་
    ཡིན་པ་དང་མང་གཙོ་ནི་མང་པོའི་བཀུར་བའི་མང་བཀུར་གྱི་རྒྱལ་པོ་འམ་མི་མང་ནས་མང་མོས་འོས་འཕེན་རྒྱུད་ནས་འདམས་པའི་མིའི་
    རྒྱལ་ཁབ་དང་སྲིད་གཞུང་ལ་འགན་ཁུར་བའི་ལམ་ལུགས་ལ་མང་གཙོ་
    Democracy ཟེར་བ་གྲངས་ཀྱི་གསལ་འབྱེད་ཡིན་པ་བཅས་།

  7. ཀརྡོ་གཉེར་ཕྱག་པ་ says:
    2018-10-24 at 1:38 am

    ཉི་སྟོང་ ༡༡ ནས། ད་བར་ སྲིད་སྐྱོང་ འོས་སྡུག་ གཉིས་ཀའི་ སྐབས་ལ་ ཞབས་འདྲེན་ ཆེ་ཤོས་ ཞུ་མཁན་ ཁམས་རིགས་དང་། དེ་ནས་ཨམ་རིགས་རེད། དབུས་གཙང་ ཆོས་ཀྱི་ ཆོལ་ཁས་ ཆོས་དངམ་ མཐུན་པར་ བྱས་ཡོད་ རེད་དོ།། ད་དུང་ མ་འོངས་པར་ གཟབ་གཟབ་ བེྱེད་ དགོས་པར་ མང་ངོ་།། །།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme