Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་སྐད་རིགས་འདྲ་མེད་ཐོག་ཚད་ལྡན་གྱི་ན་གཞོན་ལོ་ཙྭ་བ་སྐྱེད་སྲིད་བྱེད་ཐབས།

Posted on 2019-03-062019-03-06 By ཁ་བརྡ 11 Comments on སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་སྐད་རིགས་འདྲ་མེད་ཐོག་ཚད་ལྡན་གྱི་ན་གཞོན་ལོ་ཙྭ་བ་སྐྱེད་སྲིད་བྱེད་ཐབས།

རྔ་བ་ཀུན་བཟང་།
 
{ ནང་དོན་གནད་བསྡུས } བོད་གངས་ཅན་ལྗོངས་སུ་དུས་རབས་བརྒྱད་པའི་སྐབས་སུ་ནས་ནང་བསྟན་ཆོས་ལུགས་དར་སྤེལ་བྱུང་བ་དང་ཆབས་ཅིག།། རིགས་གནས་ཆེ་ཆུང་བཅུ་ཙམ་རིམ་གྱི་གོང་འཕེལ་བྱུང་། དེ་ནས་བཟུང་རིག་གནས་དེ་དག་གི་ཐོག་ལ་ཆེད་ལས་མཁན་ཅན་བརྒྱ་ཕྲག་མང་པོ་གསོ་སྐྱོང་གནང་ཡོད། འོན་ཀྱང་། ཚན་རིག་ཤེས་ཡོན་གྱི་ཚུ་ཚད་དང་དེང་རབས་འཛམ་གླིང་འཕེལ་རྒྱལ་སོགས་ཀྱི་མྱུར་ཚད་ལ་དཔྱད་ནས་བསྡུར་ན་ཡང་ཧ་ཅང་རྗེས་ལུས་ཐེབས་པའི་གྲས་སུ་བསྡད་ཡོད་པ་དང་།

ལྷག་པར་ཏུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་ཐོག་ནས་བཤད་ན་ལོ་རེ་ལས་ལོ་རེ་རྗེས་ལུས་ཐེབས་པ་ཆེ་རུ་འགྲོ་བཞིན་ཡོད། དེའི་འབྱུང་རྩ་དང་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ཡོད་ཀྱང་མཐར་གཏུགས་ནས་བཤད་ན། ན་གཞོན་ཤེས་ཡོན་ཅན་དང་རིག་གནས་ཚན་རིག་གི་ཚུ་ཚད་དམའ་པོ་ཡིན་པ་དེར་ཐུག་ཡོད། དེ་དང་མཉམ་དུ་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་སློབ་གསོ་དང་ཁྲ་བྲལ་བ་དང་། ཕ་མེས་ཡང་མེས་ཀྱི་སྐད་ཡིག་དང་ཁ་བྲལ་བ་དེ་ལ་བརྟེན་ནས་བྱུང་བ་རེད། དེར་བརྟེན་ངས་ཚད་ལྡན་གྱི་ན་གཞོན་ལོ་རྩྭ་བ་སྐྱེད་སྲིད་བྱེད་ཐབས་དང་འབྲེལ་བ་ཡོད་པའི་གནད་དོན་འགའ་ཞིག་གླེང་རྒྱུ་ཡིན།

{ བརྡ་ཆད་གཙོ་བོ } སེམས་ཁམས། བསམ་བློ། ཤེས་ཡོན། ལག་ལེན།

དང་པོ། ན་གཞོན་ལོ་རྩའི་བསམ་བློ་དང་སེམས་ཁམས་་ཀྱི་སྤུས་ཚད་ལ་ཞིབ་ལྟ་དགོས་ཚུལ།

༡༽ སེམས་ཁམས་ཀྱི་སྤུས་ཚད།
དེ་ཡང་དེང་རབས་ཚན་རྩལ་རིགས་པའི་མྱུར་ཚད་དང་དེ་ལས་བྱུང་བའི་རྣམ་རྟོག་གིས་སྒྲོ་བཏགས་མང་དྲགས་པས། ན་གཞོན་ཤེས་ཡོན་ཅན་དུ་མ་ཞིག་ཕྱི་སྨན་བཞིན་ནང་མ་སྨན་པས་མི་རིགས་འདི་དང་དེའི་རིགས་གནས་ཚུ་ཚད་ཐོན་སྐྱེད་དང་གོང་འཕེལ་གཏོང་བའི་ལམ་ཁ་ཞིག་ལ་བསླེབས་དཀའ། ལྷག་པར་ཏུ། ལོ་རྩྭ་བའི་རྨང་གཞིའི་ཆ་རྐྱེན་དང་འབྲེལ་ནས་བཤད་ན།

མིའི་རིགས་གྱི་སེམས་ཁམས་སྤུས་ཚད་ལོན་དགོས་པ་ཆེས་ཐོག་མའི་ཆ་རྐྱེན་ཡིན། དེ་འདྲའི་སེམས་ཁམས་སྤུས་ཚད་དགོས་དོན་ནི་ཚན་རིག་གི་དུས་རབས་ལ་ཕྱི་རང་བྱུང་ཁམས་དང་ནང་བསམ་བློའི་གཉིས་ཀ་ལ་ངོས་འཛིན་བྱེད་པའི་ནུས་པ་ལྡན་དགོས། ནུས་པ་དེ་དང་ལྡན་སོང་ན་ད་གཟོོད་བསམ་པ་དང་ཀུན་སྤྱོད་གཉིས་ལྡན་ལ་འགྱུར་ཟིན། བསམ་སྤྱོད་གཉིས་ལྡན་ནི་ཕྱི་ནང་ཀུན་གྱི་ཡོན་ཏན་ཚད་མཐོན་པོར་སླེབས་པའི་རྟགས་མཚན་ཡིན།

གལ་ཏེ་མིའི་རིགས་ཀྱི་སེམས་ཁམས་སྤུས་ཚད་ཞན་སོང་ན། མི་དེ་ཡི་སློབ་སྤྱོང་མི་བྱེད། འགྲིག་ལམ་མི་བརྩི། ཆང་འཐུང་། ཤོ་རྒྱག།། འཁོན་འཛིན། རྡུང་རེ་བྱེད། རྐུས་བྱེད་པ། བརྩི་བཀུར་མེད། ཁ་ལེན་ཚིག་བརྩི་མི་བྱེད། རང་དོན་སོགས་ཀྱི་བྱ་སྤྱོད་མཁན་མང་དོན་ཡང་མཐར་ཐུགས་ན་སེམས་ཁམས་ཀྱི་སྤུས་ཚད་ཞན་པའི་རྟགས་ཡིན། མདོར་ན། མིའི་སེམས་ཁམས་ཀྱི་སྤུས་ཚད་ཞན་ན་ལས་ཀ་བྱེད་ཕྱོགས་ལ་ནོར་ནས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ཐུབ་པའི་སྐྱོན་ཆ་དང་གཅིག། ། གཉིས་སུ་དགའ་ན་ཡར་འཇོག་ཆོག་ཆོག་དང་། མ་དགའ་ན་མར་འཕེན་ཆོག་ཆོག་གི་ཆགས་སྡང་ཅན་ཞིག་ལ་འགྱུར་སོང་ན། སྤྱི་ཚོགས་དང་རྒྱལ་ཁབ་ཕར་ཞོག་་ཐ་ན་རང་གི་ཕ་མ་ཡིན་ཡང་ཞེན་ཁ་ལོག་སའི་མི་ཞིག་ལ་འགྱུར་འགྲོའོ།

༢༽བསམ་བློའི་སྤུས་ཚད།
མིའི་སེམས་ཁམས་དང་བསམ་བློའི་སྤུས་ཚད་གཉིས་གཅིག་ལས་གཅིག་འབྱུང་ཡིན། རྒྱུ་མཚན། དེ་རིང་ངའི་བཤད་འདོད་པའི་བསམ་བློ་ཟེར་བ་ནི་མི་སུ་དང་གང་ཞིག་གི་ཕྱི་ནང་གི་དངོས་པོ་ཀུན་ལ་འདུ་ཤེས་འཛིན་སྟངས་ཀྱི་ཤེས་ཡོན་གྱི་སྤུས་ཚད་དང་། རང་ཉིད་ཀྱི་ནུས་བ་དང་འཇོན་ཐང་སོགས་ཀྱི་སྤྱི་ཚོགས་ཧྲིལ་པོ་ལ་འགྱུར་བ་བཏང་ཐུབ་པའི་རིག་སྟོབས་ཀྱི་བསམ་བློ་ཡོད་པ་བཅས་ལ་ཟེར་བ་ཡིན།

ལྷག་པར་ཏུ་དེང་སང་ཐོན་དང་ཐོན་བཞིན་པའི་གསར་སྐྱེས་ལོ་རྩྭ་རྣམས་དང་དེ་དག་ཡང་སྐད་གཉིས་ཤེས་ཙམ་མ་ཡིན་པར། མི་སྒེར་རང་ཉིད་ཀྱི་བསམ་བློའི་སྤུས་ཚད་ལོན་དགོས། ཅིའི་ཕྱིར་ཞེ་ན།སྤྱི་ཚོགས་ལ་དགོས་པ་ནི་བསམ་པའི་དཔལ་ཡོན་ལྡན་པའི་ཐོག་ནས་ལོ་རྩྭ་བ་ཞིག་རེད་མ་གཏོགས། མགོ་བདེ་བ་དང་། གླགས་འཚོལ་མཁན ། ཁྲིམས་འགལ་བ། ལུགས་དཀྲུག་མཁན། སྤྱི་གནོད་བ། སྒེར་སེམས་ཅན་གྱི་མི་ཞིག་དགོས་མེད་ལ།

ད་དུང་། རིག་གནས་ཚན་རིག་གི་ཤེས་ཡོན་དང་འབྲེལ་བའི་བསམ་བློ་བ་ཞིག་དགོས་ཏེ།། དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་འགྱོགས་དྲགས་པས་དུས་རབས་འདིའི་ནང་ལ་སྤྱི་ཚོགས་ལ་མཁོ་བའི་མི་དུ་མ་ཞིག་ཕན་མེད་དུ་འགྱུར་བཞིན་ཡོད ། བསམ་པའི་སྟོབས་ཤུགས་མེད་ན་ཕྱིའི་དངོས་པོའི་སྟོབས་ཤུགས་ལ་མགོ་གནོན་དཀའ། དེ་ཕྱིར་བསམ་བློའི་སྤུས་ཚད་ལྡན་ན་རིག་གནས་སློབ་གསོའོ་ཁ་ཕྱོགས་དང་ཐབས་ཤེས་ཡང་དག་པ་ཞིག་ལ་བརྟེན་ནས་སྤྱི་ལ་མཁོ་བའི་ལོ་རྩྭ་བ་ཙམ་མ་ཟད་་འགྲོ་བ་རིགས་དྲུག་ཀུན་ལ་ཕན་པའི་མི་ཞིག་ལ་འགྱུར་ཐུབ་བོ།

གཉིས་པ། ན་གཞོན་ལོ་རྩའི་ཤེས་ཡོན་དང་ལག་ལེན་སྤུས་ཚད་ལ་ཞིབ་ལྟ་དགོས་ཚུལ།

༣༽ ཤེས་ཡོན་གྱི་སྤུས་ཚད།
གོང་དུ་བཤད་པ་ལྟར་སེམས་ཁམས་དང་བསམ་བློའི་སྤུས་ཚད་གཉིས་ནི་ལོ་རྩྭ་བ་ཞིག་ལ་མཚོན་ན་འབྲས་བུ་ཡང་དག་བསྐྱེད་བར་བྱེད་པའི་རྒྱུ་ཞིག་ལ་ངོས་འཛིན་གནང་བཞིན་ཡོད། གཉིས་པ་རྒྱུ་དེ་དང་འབྲེལ་བའི་འབྲས་བུ་གཙོ་བོ་དེ་ཤེས་ཡོན་གྱི་སྤུས་ཚད་ལ་ཐུག་ཡོད་ལ། སྤུས་ཚད་དེ་ཡང་མིའི་བསམ་བློའི་ངོས་ནས་བལྟས་དགོས་ཏེ། རྒྱུ་གཙོ་བོ་ཤེས་ཡོན་ལས་འབྲས་བུ་ལྟ་བ་དང་་ལག་ལེན་གཉིས་ཟུང་འབྲེལ་ཐོག་ནས་སྤྱི་ཚོགས་དེའི་དགོས་མཁོས་ལ་དམིགས་པའི་ནུས་ཤུགས་ཁྱད་པར་བ་ཞིག་བསྐྲུན་ཐུབ།

དེ་ཡང་གཙོ་བོ་ལོ་རྩྭ་བ་ཞིག་གི་ཤེས་ཡོན་གྱི་སྤུས་ཚད་ཞེས་བརྗོད་སྐབས་གནའ་དེང་ཟུང་འབྲེལ་གྱི་ཤེས་རིག་ཀུན་དང་། ལྷག་པར་བོད་ཀྱི་སྲོལ་རྒྱུན་རིག་གནས་ལས་ནང་དོན་རིག་པའི་ཐོག་ལ། དང་པོ། མ་ཤེས་པ་ཤེས་པར་བྱེད་པའི་ལོ་རྩྭ་བའི་ཆེད་སྤྱོང་ཐོག་ལ་སློབ་གཉེར་གནང་དགོས་ལ། གཉིས་པ། བཟང་ངན་དང་དྭངས་སྙིགས་ཡིན་མེད་ལ་ཞིབ་འཛུག་བྱེད་གནང་དགོས ། གསུམ་པ་། དགོས་མཁོས་དང་གལ་གནད་ཐོག་ནས་སྤྱི་ཚོགས་ཐོག་ལ་ལག་ལེན་གནང་དགོས།

རྒྱུ་མཚན། མ་ཤེས་ན་རྒན་མོ་ལོང་བ་ཞིག་གི་གཟུགས་ཀྱི་རིང་ཐུང་བཤད་པ་དང་འདྲ། མ་དཔྱད་ན་མི་འོན་པ་ཞིག་གི་གླུ་དབྱངས་ཀྱི་སྒྲ་སྙན་མི་སྙན་བཤད་པ་དང་འདྲ། སྤྱི་ཚོགས་ལ་ཁ་མ་ཕྱོགས་ན་ཕྱུགས་བདག་ཚོང་རྒན་ཞིག་ཚིག་སྐམ་བཤད་པ་དང་འདྲ། ཕྱོགས་གཞན་ཞིག་ནས་དཔྱད་ན། ཤེས་ཡོན་གྱི་སྤུས་ཚད་ཞེས་པ་ཚད་གཞི་དེ་མི་རིགས་དང་སྤྱི་ཚོགས་བར་གྱི་འབྲེལ་བ་སྒྲུབ་མཁན་གྱི་རིག་གནས་བཅུ་དང་། དེ་དག་ལ་ཐོས་བསམ་དང་དཔྱད་ཞིབ་བྱེད་གནང་ནས་ཡིན་ལུགས་དང་མིན་ལུགས་ཀྱི་རྣམ་དཔྱད་ལས་རིག་གནས་ནང་འབྲེལ་དང་ཕྱིར་འབྲེལ་གནང་ཐུབ་པ་ན། ད་གཟོད། རྟགས་དང་མཚན་མོའི་སྟེང་ནས་ཁྱེད་ལ་ལོ་རྩྭ་བ་ཞེས་འབོད་ཆོག་གོ།

༢༽ ལག་ལེན་གྱི་སྤུས་ཚད།
དེ་ཡང་ལག་ལེན་གྱི་སྤུད་ཚད་ཞེས་པ་ནི་གོང་གི་གནད་དོན་ཆ་ཚང་ཞིག་ལྡན་པའི་ཐོག་ནས་སྤྱི་ཚོགས་དངོས་སུ་བཞུག་པའི་བྱ་སྤྱོད་ཀྱི་སྤུས་ཁ་དང་ནུས་ཤུགས་ལ་གོ་བ། རྒྱུ་མཚན། འཇིག་རྟེན་གྱི་བྱ་སྤྱོད་བཟང་ངན་གྱི་རིང་ཐང་ནི་སྤྱི་ཚོགས་ལ་ཕན་གནོད་ཀྱི་སྟེང་ནས་ཕྱེ་བ་ཡིན། ལྷག་པར་ཏུ་ལོ་རྩྭ་་བའི་ལས་ལེན་གྱི་སྤུས་ཚད་ཞེས་བཤད་ཡོང་དུས། གཙོ་བོ་རྣམ་པ་གསུམ་གྱི་ཐོག་ནས་དཔྱད་དགོས།

༡༽ རྣམ་པ་དང་པོ། སྤྱི་ཚོགས་ལ་སྲོལ་རྒྱུན་རིག་གནས་ཀྱི་ནུས་ཤུགས་སྤྲད་དགོས།

སྤྱིར་བཏང་ནས་རིག་གནས་ཆེད་ལས་མཁན་སུ་དང་སུ་ཡིན་ཀྱང་། ཆེས་བློ་འཚབས་ཀྱི་བསམ་བློ་ཞིག་ཡོད་པ་ནི་མི་རབས་དང་མི་རབས་བར་ན་མི་རིགས་ཀྱི་བསམ་བློ་དང་རིག་གནས་ཀྱི་སྟོང་ཆ་ཤོར་བ་དེ་ཡིན། སྟོང་ཆ་དེ་ཡང་རིག་གནས་ནང་འབྲེལ་མཁན་དང་བོད་སྒྱུར་མཁན་གྱི་ལོ་རྩྭ་བ་ཉུང་དྲགས་བས། རང་གི་སྲོན་རྒྱུན་རིག་གནས་བོར་བརླུགས་བྱེད་ཡོད་ལ། གནས་ཚུལ་དེ་ནི་ལོ་རྒྱུས་ཀྱིས་རང་བཞིན་ལྡན་པའི་ཕམ་ཁ་ཞིག་ལ་ངོས་འཇིན་གནང་བཞིན་ཡོད།

དེ་ཕྱིར། ལོ་རྩྭ་ཞིག་གི་ལན་ལེན་དང་འབབ་ས་གཙོ་བོ་དེ། སྤྱི་ཚོགས་དངོས་སུ་བཞུག་པའི་མི་མང་དང་གསར་དུ་འཚར་ལོང་བྱེད་བཞིན་པའི་མི་རབས་གསར་པ་དག་གི་བསམ་བློའི་སྤུས་ཚད་ལོན་ཐབས་སུ་བཅོས་མིན་གྱི་སྒྱུར་ཐབས་ཀྱི་རིགས་པ་བསླབ་དགོས། རྒྱུ་མཚན། རང་གི་སྲོལ་རྒྱུན་གྱི་རིག་གནས་གང་ཡང་མ་ཤེས་བར་རྒྱུན་འཛིན་དང་གསར་སྐྲུན་བྱེད་དགོས་ཟེར་བ་ནི། བྱིས་པ་ལོ་གསུམ་ཅན་གྱི་གཏམ་ལས་མ་འདས།
མི་རིགས་གང་ཡང་ཐོག་མར་རང་གི་ཕ་སྐད་དང་འབྲེལ་བའི་སྲོན་རྒྱུན་གྱི་རྨང་གཞི་མེད་ན། མི་རིགས་དེ་དང་དེའི་འཚོ་གནས་དང་ཁ་ཕྱོགས་ལ་གསོལ་ཉམས་མེད། མདོར་ན། ལོ་རྩྭ་བ་ཞིག་གི་ལག་ལེན་གྱི་སྤུས་ཚད་ལས་རྣམ་པ་དང་པོ་མི་མང་སྤྱི་ལ་བོད་ཀྱི་སྲོལ་རྒྱུན་རིག་ཚན་གཞིར་བཟུང་ནས་དེང་རབས་རིག་ཚན་ཁ་སྣོད་དང་འབྲེལ་བའི་སྒྱུར་ཐབས་དང་སྒྱུ་གཞི་དག་ངོ་སྤྲོད་གནང་ནས་སྔར་མེད་ཀྱི་ནུས་ཤུགས་གསར་བ་ཞིག་བསྐྲུན་ཐུབ་དགོས།

༢༽ རྣམ་པ་གཉིས་པ། རིག་འཛིན་པའི་སློབ་མ་སྐྱེད་སྲིད་གནང་དགོས།

ལོ་རྩྭ་བ་ཞིག་མཚོན་ན་མི་རིགས་དང་དེའི་རིག་གནས་ནི་ཁོང་གི་སྲོག་ཤིང་ལ་ཐུག་ཡོད།དེ་བས་ཀྱང་། བོད་ཀྱི་ལོ་རྩྭ་བ་ནི་མི་རིགས་དང་རིག་གནས་བར་ཀྱི་བྲེལ་ཐབས་མེད་པའི་ལུས་སེམས་ལྟར་ཡིན། དེ་ཕྱིར། ལོ་རྩྭ་བའི་ལག་ལེན་ཁྲོད་ནས་དཔྱད་སྐབས། རྣམ་པ་གཉིས་པ་དེ་རིག་འཛིན་པའི་སློབ་མ་གསོ་སྐྱོང་གནང་དགོས།རྒྱུ་མཚན། མི་རིགས་ཞིག་གི་རིག་གནས་ཞེས་བརྗོད་སྐབས་མི་རབས་ནས་མི་རབས་བར་གནས་དགོས་པས། རང་དང་འདྲ་བའི་རིག་ལྡན་གྱི་ལོ་རྩྭ་བ་གསོ་སྐྱོང་མ་གནང་ཚད། དུས་ཉི་མ་ཞིག་ལ་རིག་གནས་དེ་ཡང་བརླགས་འགྲོ།

སྐབས་དེ་དུས་མི་དང་དུད་འགྲོ་ཆ་གཅིག་ཡིན། རིག་གནས་ནི་མི་དང་དུད་འགྲོ་ཁ་ཁར་འབྱེད་བྱེད་ཀྱི་རྟགས་གཅིག་པུ་ཡིན་ཟེར་བའི་གཏམ་དེ་མཁས་པ་དུ་མའི་བཤད་བཞིན་ཡོད། མདོར་ན། སྔར་ཡོད་པ་དག་རྒྱུན་འཛིན་དང་གསར་སྐྲུན་གནང་ཐབས་སུ་སྟོབས་ལྟན་དང་རིག་ལྡན་མཁན་གྱི་སློབ་མའི་ཁ་གྲངས་མང་དུ་བཏང་ནས་རང་དང་མཉམ་དུ་སྤྱི་ཚོགས་ཐོག་ནུས་ཤུགས་ཁྱད་པར་ཞིག་བསྟོན་དགོས། རྒྱུ་མཚན། རིག་འཛིན་པའི་མི་འཇོན་ཐང་ནི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ནུས་ཁུངས་ངོ་མ་དེ་ཆགས་ཡོད་དོ།

༣༽ རྣམ་པ་གསུམ་པ། ལོན་ལེན་ཞོར་དུ་རང་ལ་ཡིད་ཆེས་སྐྱེད་དགོས།

དེ་ཡང་ལོ་རྩྭ་བ་ཞིག་གི་ལག་ལེན་གྱི་རྣམ་པ་གསུམ་དེ་ཡིད་ཆེས་ཆགས་ཡོད། རྒྱུ་མཚན། རང་ཉིད་ལ་ཡིད་ཆེས་ཡོད་པ་ནི་དཀའ་ངལ་ཁྱད་དུ་གསོད་པའི་ཐབས་དམ་པ་དེ་ཡིན། ཐབས་དེ་ཡང་སྤྱི་ཚོགས་དང་མི་སྒེར་བར་སྔར་མེད་ཀྱི་གྲུབ་འབྲས་ཞིག་དང་། ཡང་དག་པའི་ནུས་པ་ཐོན་ཐབས་ཞིག་ལ་ངོས་འཛིན་གནང་དགོས་སོ། སྤྱིར་བཏང་ནི་ལོ་རྩྭ་བའི་ལས་ཀ་ལ་སྙིང་རུས་དང་འབད་བརྩོན། བཟོད་སྲེན། རིག་སྟོབས། རྣམ་དཔྱོད་སོགས་མེད་ན་གྲུབ་འབྲལ་ལྡན་པ་ཞིག་ཆགས་དཀའ། ལྷག་པར་སྤྱི་ཚོགས་ཐོག་གི་ལན་ལེན་དང་འབྲེལ་ནས་བཤད་ནས་རང་ཉིད་ཀྱི་རང་ཉིད་ལ་ཡིད་ཆེས་དགོས།

རྒྱུ་མཚན། སྤྱི་ཚོགས་ཐོག་ན་དགའ་ན་ཡར་འཇོག་མཁན་དང་། མི་དགའ་ན་མར་ཐེན་མཁན་མང་། གོང་འཕེལ་ལ་དགའ་མཁན་མང་། དཀའ་ངལ་ལ་མི་དགའ་མཁན་མང་། བཅོས་བསྒྱུར་ལ་དགའ་མཁན་མང་། བཅོས་ཚུལ་མི་ཤེས་མཁན་མང་། འབྲས་བུ་ལ་དགའ་མཁན་མང་། རྒྱུ་ལ་འཕང་སེམས་མཁན་མང་། གནས་ལུགས་ལ་དད་མཁན་མང་། སྒྲོ་སྐུར་ལ་འཇིགས་མཁན་ཉུང་།

དེ་ཕྱིར་ལོ་རྩྭ་བ་ཡིན་ན་སྤྱི་ཚོགས་ཐོག་གི་ཁ་རུབ་དུ་མ་ཞིག་ལ་ལྡོག་ལན་གནང་དགོས། ད་དུང་། རང་ཉིད་ཀྱི་ལས་ཀ་དང་དེའི་རིན་ཐང་ལ་ཡིད་ཆེས་མེད་ན། ནམ་ཞིག་ལ་རེ་བ་སྟོང་གི་རེ་ཐག་དུམ་བུར་ཆད་སྲིད ། སྐབས་དེར། གཞི་ནས་རང་ཉིད་ཀྱི་འཇོན་ཐང་ལ་སྲུང་སྐྱོབ་མེད་པ་དང་། སྤྱི་ཚོགས་ཀྱི་རང་ཉིད་ལ་རྡོག་བརྗིས་གཏང་བའི་སྣང་བ་ཤར་ཡང་ཧ་ཅང་ཕྱིན་དྲགས་པ་ཡིན་ནོ། མདོར་ན། ཅི་སྲིད་འཚོ་བའི་བར་ཏུ་རང་ཉིད་ཀྱི་ལས་ཀ་ལ་རང་ཉིད་ཀྱི་ཡིད་ཆེས་དང་སྲུང་སྐྱོབ་གནང་དགོས་ལ། རྩི་མཐོང་དང་རྒྱུན་འཁྱོངས་ལྷག་ཏུ་གནང་དགོས་སོ།

མཇུག་གཏམ།

སྙིང་ལ་རུས་པ་བསྐྱེད་དགོས།
བདག་ལ་ནམ་ཡིན་ཡང་ལྟ་ཚུལ་གཅིག་ལས་མེད། དེ་ཡང་རིག་གནས་དང་འཇིག་རྟེན་བྱ་བ་གང་ཡང་ཅོལ་ཆུང་བྱིས་པའི་རྣམ་འགྱུར་གྱིས་ཐག་གཅོད་ལ་མི་དགའ་ལ། དཔྱད་རྟོགས་རིག་
གསུམ་ལྡན་པའི་རིགས་ལམ་ཕྲ་མོ་ལས་བརྟེན་ནས་ནན་ཏན་དུ་དཔྱད་པའི་མཐའ་མ་ཕམ་ཡང་སྐྱོང་སྣང་མེད།

མ་ཟད། གོང་དུ་བཤད་པའི་ལོ་རྩྭ་བའི་བསམ་བློ་དང་སེམས་ཁམས། ཤེས་ཡོན། ལན་ལེན་སོགས་ཀྱི་གནད་དོན་ཁྲོད་ནས་དཔྱད་དགོད་པ་གཙོ་བོ་ནི དེང་རབས་ཀྱི་སྤྱི་ཚོགས་ལ་མགོ་བ་ནི་མི་གཤིས་ལྡན་པའི་ལོ་རྩྭ་བ་ཞིག་དགོས་ལས། ཕྱིར་སྨིན་ནང་རུས་ཅན་གྱི་ལོ་རྩྭ་བ་ཞིག་ང་ཚོ་ཡི་སྤྱི་ཚོགས་ལ་དགོས་བ་གང་ཡང་མེད།

མདོར་ན། རང་ཉིད་ཀྱི་འཇོན་ཐང་དང་སྤྱི་ཚོགས་ཀྱི་དགོས་མགོ་ལ་ཆ་རྒྱུད་ཡོད་པའི་ཐོག་ནས་འབད་དགོས་པ་ལས། ཆ་མེད་རྒྱུད་མེད་པས་འོས་ཚོད་བྱས་ན་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་ནས་སྤྱི་ཚོགས་ལ་ཕན་པ་ལས་གནོན་སྐྱེད། ཁ་གསང་ནས་བཤད་ན། སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་སྐད་རིགས་འདྲ་མེད་ཐོག་ཚད་ལྡན་གྱི་ན་གཞོན་ལོ་ཙྭ་བ་སྐྱེད་སྲིད་བྱེད་ཐབས་ཞེས་འདི་ཡང་ཕྲན་གྱི་ལྟ་ཚུལ་དང་བསམ་ཚུལ་གཞི་མ་བྱེད་ནས་དེ་རིང་གི་མི་རབས་གསར་པ་རྣམས་ལ་ཕུལ་བའི་སེམས་གཏམ་ཡིན་ནོ།

དཔྱད་རྩོམ།

Post navigation

Previous Post: དཔའ་བོའི་གླུ།
Next Post: ལོ་རྒྱུས་ཀྱི་འགྱུར་ལྡོག་གི་གླེང་གཞི་ལ་གཞིགས་པའི་དྲན་ཚུལ།

Comments (11) on “སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་སྐད་རིགས་འདྲ་མེད་ཐོག་ཚད་ལྡན་གྱི་ན་གཞོན་ལོ་ཙྭ་བ་སྐྱེད་སྲིད་བྱེད་ཐབས།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2019-03-06 at 9:28 am

    སེམས་ཁམས་ཀྱི་སྤུས་ཚད།
    བསམ་བློའི་སྤུས་ཚད།
    ཤེས་ཡོན་གྱི་སྤུས་ཚད།
    ལག་ལེན་གྱི་སྤུས་ཚད།
    སྙན་པོ་འདུག་རིག་པས་དཔྱད་ན་དཔྱད་རིན་ཆོག་པ་
    འདུག་ཐུགས་རྗེ་ཆེ་བཀྲིན་ཆེ།

  2. ཀརྡོ་རབ་འབྱམས་པ་ says:
    2019-03-06 at 9:53 pm

    ་་་་་་་་་ སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་སྐད་རིགས་འདྲ་མེད་ཐོག་ཚད་ལྡན་གྱི་ན་གཞོན་ལོ་ཙྭ་བ་སྐྱེད་སྲིད་བྱེད་ཐབས། ་་་་་་་་་་་་
    འདི།
    སྤྱི་ཚོགས་ཀྱི་དགོས་མཁོ་དང་འཚམས་པའི་སྐད་རིགས་འདྲ་མིན་ཐོག་ཚད་ལྡན་གྱི་ན་གཞོན་ལོ་ཙྭ་བ་སྐྱེད་སྲིད་བྱེད་ཐབས།
    ་
    ་་་་་་་་་་་་་་བཀྲིན་ཆེ། ་་་་་་་་་་་་་
    འདི།
    ་་་་་་་་་་་་་་བཀའ་དྲིན་ཆེ།
    ད་ནས་བཟུང་དུས་ནམ་ཡང་བསྡུས་ཚིག་འབྲི་མི་ཉན།

  3. ཀརྡོ་རབ་འབྱམས་པ་ says:
    2019-03-06 at 9:55 pm

    ་་་་་་་སྤྱི་ཚོགས་ཀྱི་དགོས་མགོ་ལ་ཆ་རྒྱུད་ཡོད་པའི་ཐོག་ནས་་་་་་་་
    འདི།
    སྤྱི་ཚོགས་ཀྱི་དགོས་མགོ་ལ་ཆ་རྒྱུས་ཡོད་པའི་ཐོག་ནས་

  4. ཀརྡོ་རབ་འབྱམས་པ་ says:
    2019-03-06 at 10:13 pm

    ན་གཞོན་ཤེས་ཡོན་ཅན་དུ་མ་ཞིག་ཕྱི་སྨན་བཞིན་ནང་མ་སྨན་པས་
    འདི།
    ན་གཞོན་ཤེས་ཡོན་ཅན་དུ་མ་ཞིག་ཕྱི་སྨིན་བཞིན་ནང་མ་སྨིན་པས་
    ་
    ལོ་རྩྭ་བའི་རྨང་གཞིའི་ཆ་རྐྱེན་དང་འབྲེལ་ནས་བཤད་ན།
    འདི།
    ལོ་ཙ་པའི་རྨང་གཞིའི་ཆ་རྐྱེན་དང་འབྲེལ་ནས་བཤད་ན།
    ་
    ཐ་ན་རང་གི་ཕ་མ་ཡིན་ཡང་ཞེན་ཁ་ལོག་སའི་མི་ཞིག་ལ་འགྱུར་འགྲོའོ།
    འདི།
    ཐ་ན་རང་གི་ཕ་མ་ཡིན་ཡང་ཞེན་པ་ལོག་སའི་མི་ཞིག་ལ་འགྱུར་འགྲོའོ།
    ་
    རང་ཉིད་ཀྱི་ནུས་བ་དང་འཇོན་ཐང་
    འདི།
    རང་ཉིད་ཀྱི་ནུས་པ་དང་འཇོན་ཐང་
    ་
    དེ་དང་དེའི་འཚོ་གནས་དང་ཁ་ཕྱོགས་ལ་གསོལ་ཉམས་མེད།
    འདི།
    དེ་དང་དེའི་འཚོ་གནས་དང་ཁ་ཕྱོགས་ལ་བསོས་ཉམས་མེད།
    ་
    སྣང་བ་ཤར་ཡང་ཧ་ཅང་ཕྱིན་དྲགས་པ་ཡིན་ནོ།
    འདི།
    སྣང་བ་ཤར་ཡང་ཧ་ཅང་ཐལ་དྲགས་པ་ཡིན་ནོ།
    ་
    ཅི་སྲིད་འཚོ་བའི་བར་ཏུ་
    འདི།
    ཇི་སྲིད་འཚོ་བའི་བར་ཏུ་
    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
    ངས་དག་བཅོས་ནོར་ཡོད་ན་ཡང་། ཁྱེད་ཚོས་དག་བཅོས་གྱིས་ཤིགུ

  5. AྀBHARU JIGWANG says:
    2019-03-06 at 10:26 pm

    སྐད་ཅིག་སྐད་ཅིག་གི་འཇིག་ནས་འགྲོ། ནམ་མཁའི་འཇའ་ལྟར་ཡལ་ནས་འགྲོ།
    ཡིན་ཡང་ཁྱོད་ང་མ་བརྗེད་རོགས་གནང། སྐྱེ་བ་ཕྱི་མ་འཇལ་བའི་སྨོན་ལམ་འདེབས།

  6. རྔ་བ་ཀུན་བཟང་། says:
    2019-03-07 at 8:43 am

    རྒན་ལགས་རྣམས་པ་བཀའ་དྲིན་ཆེ། ནོར་བཅོས་མཁན་དང་ཀློག་པ་པོ་ཡོངས་ལ་བཀའ་དྲིན་ཆེ།

  7. བན་དེ་བ། says:
    2019-03-07 at 9:14 am

    རིག་གནས་ཆེ་ཆུང་དང་ནང་བསྟན་དུས་རབས་བརྒྱད་པ་ནས་དར་འཕེལ་བྱུང་ཧཧཧཧཧཧ་ཡཡཡ་དེ་ཡང་ཅོལ་ཆུང་གཡམ་ལ་རྒྱུགས་པའི་ཟེར་སྒྲོས་ཀྱི་རྗེས་འབྲེངས་ལས་གསར་གཏོད་ཀྱི་རིག་པ་དང་ཚན་རིག་དང་མཐུན་པའི་ཞིབ་འཇུག་གི་སྐད་ཆ་ཞིག་ཅང་མེད་ཀི།།

  8. ལ་དྭགས་འཇམ་དཔལ།། says:
    2019-03-09 at 8:12 am

    བཀྲིན་ཆེ། དང་། དྲིན་ཆེ།་གཉིས་ལ་ ཁྱད་པར་ཡོད་དམ་མེད།

  9. བསོད་ནམས། says:
    2019-03-15 at 4:57 am

    རྒན་འཇམ་དཔལ་ལགས། བཀྲིན་ཆེ་ནི་བཀའ་དྲིན་ཆེ་ཞེས་པའི་ཚིག་བསྡུས་ཙམ་མིན་པར། དེ་ནི་ཚད་མཐོ་བའི་ཞེ་ཚིག་ཅིག་ཡིན་པ་བདག་གི་དགེ་རྒན་ཆེན་མོས་གསུངས་པ་དྲན།
    ༧རྒྱལ་བའི་བཀྲིན། ཕ་མའི་བཀའ་དྲིན། གྲོགས་པོའི་དྲིན་ཞེས་རིམ་པར་སྦྱར་བར་བྱའོ། །

  10. རྨ་བུ་གསར་སྨྱུག says:
    2019-03-15 at 10:58 am

    ཞུ་མོ་འདི་སུ་རེད་ཀོ

  11. ཀརྡོ་རབ་འབྱམས་པ་ says:
    2019-03-16 at 12:50 pm

    བཀའ་དྲིན་ནི། སངས་རྒྱས་དང་། བླ་མ་དང་། དགེ་རྒན་གྱི་བཀའ་ལས་བྱུང་བས་བཀའ་དྲིན།
    སྐུ་དྲིན་ནམ། དྲིན་ཆེའམ། དྲིན་ནི། གཙོ་བོ་ལུས་ངག་དང་། ནོར་ལོངས་སྤྱོད་། རོགས་རམ་སོགས་སམ། ཕ་མའི་ལུས་སམ། ཡབ་ཡུམ་གྱི་སྐུའི་དྲིན་ལས་བྱུང་བས་ན། སྐུ་དྲིན་ནམ། སྐུ་དྲིན་ཆེ་ཞེས་ཟེར་སྲོལ་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme