Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་མཐུས་ཀྱིས་བྲོ་འཁྲབ། བཀའ་ཤག་གིས་ལྟད་མོ་བལྟས།

Posted on 2021-05-242021-05-29 By ཁ་བརྡ 1 Comment on སྤྱི་མཐུས་ཀྱིས་བྲོ་འཁྲབ། བཀའ་ཤག་གིས་ལྟད་མོ་བལྟས།

རྟ་རྫི་ཚང་ཚེ་རིང་།

དེང་སྐབས་བློ་བཟང་སེང་གེའི་རྒྱབ་སྐྱོར་བ་དག་གིས་ཟུར་པ་ཟུར་ཟེར་བཞིན་ཉིན་མཚན་དབྱེར་མེད་དུ་སྲིད་སྐྱོང་གི་ནག་ཉེས་འདག་ཐབས་སུ་ཟུར་པ་དག་ལ་ཉེས་མེད་ཉེས་འཛུགས་ཀྱིས་བསྙོན་འདིང་སྣ་ཚོགས་བྱེད་ཀྱིན་འདུག་པས། ངས་འདི་ནས་བརྗོད་རྒྱུར། ཟུར་པ་ཚོ་ག་ཚོད་ཐབས་སྐྱོ་ཡང་སྐྱ་ཆད་སྔོ་སྡུག་གི་དུས་ཚོད་ནས་འགོ་བརྩམས་ཏེ་ཁ་ཞེ་གཉིས་མེད་དང་། ལྷག་བསམ་གཙང་མའི་སྒོ་ནས་རྒྱལ་དབང་ཐམས་ཅད་མཁྱེན་པའི་ལམ་སྟོན་ལྟར་ཡང་དག་པའི་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་གཞུང་ཞིག་༡༩༦༡–༢༠༡༡ བར་དུ་ཐེམ་པ་རིམ་འཛེགས་ཀྱིས་བསྐྱངས་ནས་ཡོང་ཡོད་ལ། དེའི་རིང་དུ་བོད་པའི་གཞིས་ཆགས་དང་། དགོན་སྡེ་སློབ་གྲྭ་སོགས་རིམ་བཞིན་ལོ་ལྟར་ཡར་རྒྱས་ཕྱིན་པ་ལས་འཐུས་ཤོར་གང་ཡང་བཏང་མེད་ལ། ལྷག་པར་དུ་ཆོལ་ཁ་ཆོས་བརྒྱུད་བར་དུ་སྔར་བོད་ཀྱི་ལོ་རྒྱུས་སུ་བྱུང་མྱངས་མེད་པའི་དམ་ཚིག་གཙང་མ་དང་མཐུན་སྒྲིལ་བྱས་ནས་ཡོང་ཡོད། དེང་སྐབས་ཁྱོད་ཚོས་ཟུར་པ་ཚོར་དགྲ་བོ་མཐོང་བ་བཞིན་བྱེད་བཞིན་པ་ནི་ངོ་ཚ་ཁྲེལ་གཞུང་མེད་པ་དང་། ལས་འབྲས་རྩིས་མེད་གཏོང་བའི་བྱ་སྤྱོད་མ་རུངས་པ་ཞིག་མ་རེད་དམ། དོན་དངོས་ཐོག་ཟུར་པ་དག་གི་

བཀའ་དྲིན་ལ་བསམ་ཤེས་མ་ཐུབ་ཀྱང་། ཁོང་ཚོ་ནི་བོད་ཀྱི་འབངས་མི་ཞིག་ཡིན་པའི་ཆ་ནས་བསམ་འཆར་འདོན་པའི་ཐོབ་ཐང་དང་འོས་འགན་གཉིས་ཀ་ཡོད་པ་ནི་བོད་ཀྱི་དམངས་གཙོའི་ལྟ་གྲུབ་ནང་དུ་བླ་ན་མེད་པའི་ཁེ་དབང་ཞིག་ཡིན་པར་ངོས་འཛིན་མི་ཤེས་པ་ནི་ངོ་ཚ་བའི་གནས་དང་། ཡང་ན་དམངས་གཙོའི་གོ་རྟོག་མེད་པའི་སྐྱོན་ཉིད་དུ་ཟད།

ཅི་སྟེ་བཙན་བྱོལ་སྒྲིག་འཛུག་དེ་བཞིན་སྒེར་གཅོད་ཀྱི་སྲིད་གཞུང་ཞིག་ཡིན་ན་ཟུར་པ་ཚོའི་ཁ་འགོག་ལོས་ཆོག་ཀྱང་། ཡང་དག་པའི་དམངས་གཙོའི་ཁེ་དབང་ལོངས་སུ་སྤྱོད་པར་སུ་ལའང་ཁ་འགོག་པའི་ཐོབ་ཐང་མེད་པར་ཤེས་དགོས་ཤིང་། སྲིད་སྐྱོང་གི་ཕྱོགས་ནས་བཤད་ན། ༢༠༡༡–༢༠༢༡ བར། དུས་ཡུན་ལོ་བཅུའི་རིང་གི་བཀའ་ཤག་གིས་ཕྱོགས་གང་ཐད་ནས་བོད་ཀྱི་རྩ་དོན་ལ་ཕན་པའི་གཟེངས་སུ་ཐོན་པའི་ལས་དོན་དམིགས་བསལ་བ་གང་ཡང་བསྒྲུབས་ཐུབ་མེད་པ་ནི་གཟུར་གནས་སུས་བལྟས་ཀྱང་གསལ་པོ་ཤེས་ནུས་ལ། ཡང་སྒོས་ངེས་པར་དུ་བསྒྲུབ་དགོས་པའི་དོན་ཚན་དག་ནི།༡ བོད་རྒྱ་འབྲེལ་མོལ་དང་། ༢ རྒྱལ་སྤྱིའི་སྡིང་ཆའི་སྟེང་ནས་བོད་དོན་རྒྱབ་སྐྱོར། ༣ ནང་ཁུལ་མཐུན་སྒྲིལ། ༤ སྒྲིག་འཛུག་གི་སྲ་བརྟན། ༥ བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐོབ་གཏན་ལ་ཕབ་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་སོམ་ཉི་མེད་པར་ཤར་སྐྱོད་དགོས་པ་བཅས་དོན་ཚན་ལྔ་ཡོད་པ་བཞིན། དེ་དག་གི་སྐོར་ཆོལ་ཁ་དང་ལུང་ཚན་ཕྱོགས་ཞེན་གྱི་དབང་འོག་ཏུ་ཚུད་ནས་ཡོད་མཁན་དག་ལ་ཁ་གསལ་ཙམ་བྱས་ནས་བཤད་ན།

དང་པོ། ཐོག་དང་པོ་སྲིད་སྐྱོང་འོས་མིའི་སྐབས་སུ། གོང་ས་མཆོག་ཕོ་བྲང་པོ་ཏཱལའི་ནང་དུ་གདན་ཞུ་བྱ་མདོག་བསྟན་ཀྱང་། བསམ་ཡོད་བོད་མི་ཀུན་གྱིས་དེ་ནི་འོས་སྡུའི་སྐྱག་རྫུན་དང་ཧམ་བཤད། དྲིལ་བསྒྲགས་ཙམ་གྱི་ངོ་བོར་བཞག་སྟེ་ཕྱིས་སུ་གླེང་སླང་བྱེད་མཁན་ཡང་ཉུང་ཤས་ལས་བྱུང་མེད་ལ། དོན་དངོས་སུའང་གནད་འགག་དེ་ཙམ་མེད་པར་སེམས། ལོ་བཅུའི་རིང་དུ་རྒྱ་བོད་འབྲེལ་མོལ་མ་བྱུང་ཁར་མཐར་དེའི་འགན་ཡོད་ཚད་རྒྱལ་བ་རིན་པོ་ཆེ་ལ་ཡོད་པ་ལས་བཀའ་ཤག་ལ་མེད་པའི་རྣམ་འགྱུར་ལོ་སྔོན་མ་ནས་ཡང་ཡང་སྟོན་དགོས་ཐུག་ཡོད། མ་གཞི་ནི་གྲུབ་འབྲས་ཤིག་མཐོང་ཚེ་རང་ཉིད་དང་འབྲེལ་བ་ཡོད་མེད་ལ་མ་བལྟོས་པར་ཨུ་ཚུགས་ཀྱིས་སོ་སོའི་བྱས་རྗེས་སུ་སྒྲོག་པར་བྲེལ་བ་དང་། མི་ལེགས་པའི་གནས་ཚུལ་ཞིག་ལྷག་ཚེ་ཞྭ་མོ་གཞན་ལ་གཡོགས་ཅི་ཐུབ་བྱེད་པ་ནི་སེང་གེའི་བཀའ་ཤག་གི་ཚང་གི་ཁྱད་ཆོས་དང་འཇོན་ཐང་ངོ་མ་དེ་ཡིན།

གཉིས་པ། རྒྱལ་སྤྱིའི་སྟེང་བོད་ཀྱི་གནད་དོན་ཐོག་ཏུ་རྒྱབ་སྐྱོར་དང་དོ་སྣང་གནང་མཁན་ལ་མཚོན་ནའང་སྔོན་མ་དང་སྡུར་ན་སྤྱི་ཡོངས་ཀྱི་ཆ་ནས་ཉུང་དུ་དང་ཤུགས་ཆུང་དུ་འགྲོ་བཞིན་པའི་དཔེ་མཚོན་ནི། ལོ་འདི་དག་གི་ནང་དུ་ཨ་རི་གཙོས་ནུབ་ཕྱོགས་པའི་སྟོབས་ཆེན་རྒྱལ་ཁབ་དག་གི་གླེང་བྱ་གཙོ་བོ་ནི་ཐེ་ཝན་གྱི་གནད་དོན་དང་། ཤར་ཏི་ཀི་སི་ཐན། ཧང་ཀོང་སོགས་ཀྱི་གནད་དོན་དག་ནི་ཕལ་ཆེར་ཉིན་ལྟར་གླེང་བཞིན་པ་དང་གྲོས་ཆོད་འཇོག་བཞིན་པ་ལས་བོད་དོན་ཐད་ནས་ཧ་ཅང་ཉུང་དུ་ཕྱིན། དཔེར་ན་༢༠༢༠ ལོའི་ཨ་རིའི་ཁྲིམས་འཆར་ཞེས་པར་སྲིད་སྐྱོང་གིས་ལོ་དགུའི་རིང་དུ་སྒོ་བརྡུངས་ནས་འཇོག་ཐུབ་སོང་ཟེར་ནས་འུར་བ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྣེ་ཁྲིད་པའི་ཨ་རིའི་མི་སེར་གྱུར་པའི་བོད་རིགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་དང་མི་སྒེར་པ་མང་པོས་ལོ་ངོ་ ༡༢ ལྷག་རིང་ཞུ་གཏུགས་ཀྱི་ཡིག་ཆ་ཁྲི་ཕྲག་ཁ་ཤས་གྲོས་ཚོགས་སུ་འཇོག་ཐུབ་པའི་ནུས་པ་ལས་མཐར་སྲིད་འཛིན་ལས་ཁུངས་སུ་སྐྱེལ་ཏེ་ཊོམ་གྱིས་ས་རྟགས་བཀོད་ཚུལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བར་རྒལ་ཚོགས་གཙོ་བསྟན་ཆོས་རྒྱ་མཚོ་དང་། བུ་ཆུང་ཚེ་རིང་སོགས་ཀྱིས་སྔར་རྗེས་གླེང་བ་སོགས་ནང་ཁུལ་གླེང་གཞི་ཅན་གྱི་ཁྲིམས་འཆར་དེར་ས་ཡིག་བཀོད་པའི་རྗེས་སུ་ཨ་རིའི་སྲིད་གཞུང་གསར་པའི་མི་སྣ་དང་། རྒྱ་ནག་གི་དཔོན་རིགས་ཚོ་ཐེངས་དང་པོར་ཨ་ལ་སི་ཀར་ཐུག་ཕྲད་སྐབས། ཐེ་ཝན་དང་ཤར་ཏི་ཀི་སི་ཐན་སོགས་ཀྱི་གནད་དོན་བཅས་རྒྱ་ནག་གི་དཔོན་རིགས་ལ་ཐད་ཀར་ཤུགས་ཆེར་གླེང་ཡོད་ཀྱང་བོད་དོན་ཐད་ཞར་བྱུང་གི་ཚུལ་དུ་ཅུང་ཟད་ལས་གླེང་མེད།

ངོ་མ་བྱས་ན་སྲིད་འཛིན་ཊམ་གྱི་ལས་དུས་སུ་ཨ་རི་ནས་བོད་དོན་རྒྱབ་སྐྱོར་བཙལ་བདེ་ཤོས་སུ་གྱུར་ཡོད་པ་ནི། སྲིད་འཛིན་ཊམ་དང་ཕྱི་སྲིད་དྲུང་ཆེར་(ཕམ་ཧྥེའུ་ཡ་)གཉིས་ཀས་རྒྱ་ནག་ལ་གནོད་པའི་བྱ་བ་དང་། ངན་ཁག་འགེལ་ས་ཞིག་མཐོང་ཚེ་འཛེམ་ཟོན་གང་ཡང་མེད་པར་ཐད་ཀར་མཛུབ་བཙུག་བྱས་ཡོད་ཀྱང་། བོད་དོན་ཐད་ནས་ཆེས་མཐར་གཞུག་ཏུ་འོས་ཤོག་གི་ཁེ་ཕན་དང་། གྲོས་ཚོགས་ཀྱི་གནོན་ཤུགས་མ་ཐེག་པ། རྒྱ་ནག་ལའང་ངན་ངན་སེམས་ཀྱིས་ཁ་གཡར་ས་ཙམ་དུ་སྔོན་མའི་གནས་རིམ་ལས་མར་ཕབ་སྟེ་བོད་དོན་འབྲེལ་མཐུད་པ་ཞིག་བསྐོས་པ་དང་། ཁྲིམས་འཆར་ལའང་ས་ཡིག་བཀོད་པ་ཙམ་ལས་སྲིད་འཛིན་ཊམ་གྱི་ཁ་ནས་བོད་ཅེས་པའི་ཚིག་ཙམ་ཡང་ཐོན་མྱངས་མེད་པར་ཡོངས་གྲགས་ཡིན། ཁྲིམས་འཆར་དེའང་གོང་ཞུས་ལྟར་ནང་ཁུལ་དུ་རྙོག་གླེང་ཅན་ཞིག་ཏུ་སྲིད་སྐྱོང་གིས་ང་ང་ངས་ངས་མང་སོང་བས་བསྒྱུར་བ་རེད། ལྷག་པར་དུ་ཆབ་སྲིད་ཀྱི་འཐབ་རྩོད་ནི་གོ་སྐབས་དམ་འཛིན་ཐུབ་མིན་ལ་རག་ལས་ཀྱི་ཡོད་སྟབས། གསར་འགོད་པས་བོད་ཀྱི་སྐོར་དྲི་བ་གཏོང་བར་ལན་འདེབས་བྱས་ཡོད་ཅེས་ཧ་ལས་ལས་ག་ཚོད་བྱས་ཀྱང་བསམ་མེད་འགའ་རེ་ལས། དེ་མིན་ཤེས་ལྡན་སུས་ཀྱང་རླབས་ཆེན་གྱི་བྱ་བར་ངོས་འཛིན་མི་བྱེད། དཔེར་ན། རྒྱ་དཀར་ནག་གི་ས་མཚམས་ཀྱི་རྙོག་གླེང་དང་བསྟུན་ནས་རྒྱ་གར་དུ་བོད་དོན་ཞུ་གཏུགས་དང་ལས་འགུལ་གནད་དུ་སྨིན་གང་ཡང་སྤེལ་མ་པ་ནི་གྱོང་གུད་ཧ་ཅང་ཆེན་པོ་རེད་ལ། ནད་ཡམས་དང་། རྒྱ་ནག་གི་བྱ་སྤྱོད་མང་དག་ཞིག་ལ་རྒྱལ་སྤྱི་ནས་གདོང་ལེན་དང་གནོན་ཤུགས་སྤྲད་དང་སྤྲོད་བཞིན་པའི་གོ་སྐབས་ནི་ཤུན་ཏུ་དཀོན་ཡང་ང་ཚོས་གནད་སྨིན་གྱི་གོ་སྐབས་གང་ཡང་ལེན་ཐུབ་མེད།

གསུམ་པ། ནང་ཁུལ་མཐུན་སྒྲིལ་ལ་མཚོན་ན་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་ལམ་སྟོན་འོག་བོད་ཀྱི་ལོ་རྒྱུས་སུ་བྱུང་མ་མྱངས་པའི་ཆོལ་ཁ་གསུམ་དང་ཆོས་ལུགས་ཁག་མཐུན་སྒྲིལ་ཞིག་ལོ་ངོ་དྲུག་ཅུའི་རིང་དུ་བྱུང་ཡོད་ཀྱང་། ༢༠༡༦ ལོ་ནས་ཉམས་རྒུད་འགྲོ་མགོ་ཚུགས་ཏེ་ད་ལྟ་ཆོལ་ཁ་ནང་ཚུན་བསམ་བློའི་ཁ་བྲལ་སྔར་བྱུང་མྱངས་མེད་པའི་གནས་སྟངས་སུ་བསྒྱུར་བ་ནི་ནམ་ཡང་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་ནག་ཉེས་ཤིག་བསྐྲུན་ཟིན་པར་ཡོངས་གྲགས་ཡིན་པས་རེ་རེ་བཞིན་ངོ་སྤྲོད་དགོས་གལ་མ་མཐོང་།

བཞི་པ། མི་ཐོག་རྒན་པ་དང་ཟུར་པ་དག་གི་དྲིན་ལས་དམངས་གཙོའི་ཀ་བ་གསུམ་ལྡན་གྱི་སྒྲིག་འཛུག་འཛམ་གླིང་དུ་ངོམས་སུ་འོས་པ་ཞིག་ཡོད་ཀྱང་། སྤྱི་མཐུས་རྣམས་ཀྱིས་བྲོ་འཁྲབ། ཁྲིམས་ལུགས་མཁས་ཅན་འབུམ་རམས་པ་ཆེན་མོ་སྲིད་སྐྱོང་བློ་བཟང་སེང་གེའི་དབུས་པའི་བཀའ་བློན་ལྷན་རྒྱས་ཀྱིས་ལྟད་མོ་བལྟས་ནས་མཐར་སྤྱི་ལོ་༢༠༢༡ ཟླ་ ༣ ཚེས་༢༥ ཉིན་དངོས་སུ་ཁྲིམས་འགལ་གྱིས་གཏོར་གཤིག་གཏོང་ཡོད་ལ། འདི་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་སུ་ཐེངས་དང་པོ་བྱུང་བའི་ཡང་དག་པའི་དམངས་གཙོའི་སྒྲིག་འཛུགས་དེ་བཞིན་དགྲ་བོ་རྒྱ་ནག་གིས་ཀྱང་གཏོར་གཤིག་བཏང་མ་ཐུབ་པ་དེ་བཀའ་སྤྱིའི་ལྷན་རྒྱས་ཀྱི་མཛད་གཙོ་རྣམ་པས་ཁྲིམས་འགལ་གྱིས་གཏོར་གཤིག་བཏང་བ་རེད་ལ། དེ་ལྟ་བུའི་གནས་སྟངས་འོག་ནས་རི་ལུག་ན་ཐག་པས་བཀྱིག་མི་ཐུབ་པའི་དཔེར་ལྟར་སྡིག་པ་མིག་བཙུམ་དང་འུ་ཐུག་ཐབས་ཟད་ཀྱིས། མུ་མཐུད་ནས་ཡུལ་ཁྲིམས་དང་བོད་མིའི་སྒྲིག་འཛུགས་ཀྱི་རྩ་ཁྲིམས་དང་འགལ་བའི་ལས་ཀ་ཤ་སྟག་བྱས་དང་བྱེད་བཞིན་པ་ནི་གཞི་རྩའི་ཡང་དག་པའི་མང་གཙོའི་ལྟ་གྲུབ་དང་འགལ་བ་ཙམ་དུ་མ་ཟད། མི་ཆོས་རིང་ལུགས་ཀྱི་ཐད་ནས་བཤད་ནའང་མ་རབས་ཐ་ཤལ་གྱི་བྱ་སྤྱོད་ལས་མ་འདས་ཤིང་། བྱ་སྤྱོད་དེ་དག་དང་འབྲེལ་བའི་ཁ་མཆུ་ཨང་༢༠ པ་ལས་བྱུང་བའི་གྲུབ་འབྲས་སུ་ཤོག་གྲངས་༡༠༠༠ ལྷག་ཙམ་ལས་གྲུབ་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཆེན་པོ་ཞིག་ཀྱང་གསར་དུ་བསྐྲུན་པ་རེད།

ལྔ་པ། དབུ་མའི་ལམ་གྱི་སྲིད་བྱུས་ལ་མཚོན་ནའང་ཕྱི་གསལ་ནང་གསལ་དང་། ཆོད་སེམས་བརྟན་པོས་ལག་བསྟར་མ་བྱས་ཁར། ད་དུང་གཞུང་འབྲེལ་མིན་པའི་ཚོགས་པའི་ལས་འགུལ་ལའང་མི་འདོད་པའི་རྣམ་འགྱུར་དང་། ལམ་དབུ་མའི་བདག་དབང་བཀའ་ཤག་ཡོད་ཚུལ་གྱིས་དགོས་མེད་ཀྱི་ཀླན་ཀ་བཙལ་འཚོལ་བགྱིས་ཏེ་དམངས་སེམས་ཡང་ཡང་དཀྲུག་པ་སོགས། ཧ་ཅང་ཐབས་སྐྱོ་བའི་བྱ་སྤྱོད་ཤ་སྟག་འོག་ནས་ལས་ཡུན་རྫོགས་པར་ཉེེར་ནའང་ད་དུང་ཐུགས་རྗེ་ལེགས་འབུལ་སློང་འགོ་བརྩམས་སོང་། ད་དུང་དགོད་ཁ་སློང་བྱེད་ཅིག་ལ། འབྲེལ་ཡོད་གཞིས་མགོའི་ལས་བྱེད་རེ་འགའ་དང་། དེ་མིན་ཨ་རི་དང་ཁེ་ན་ཊ་སོགས་སུ་ཡོད་པའི་ངོ་ཤེས་གྲོགས་པོ་དག་ལ་ཐབས་དང་སྒོ་སྣ་ཚོགས་ནས་གནོན་ཤུགས་དང་རེ་བསྐུལ་སྦྲགས་མའི་འོག་ནས་གཟེངས་རྟགས་དང་ལེགས་འབུལ་གྱི་མཛད་སྒོ། གཏམ་བཤད་གཉེར་དགོས་ལུགས་སོགས་ཀྱི་དགོས་འདུན་བཏོན་དང་འདོན་བཞིན་སྐད་ཐོས་ཀྱང་ཁུངས་ལྡན་དང་ཚད་འཛིན་འོས་པའི་དཔང་རྟགས་མེད་པས་བདེན་མིན་གསལ་པོར་མ་ཤེས། གཅིག་བྱས་ན་སྲིད་སྐྱོོང་བློ་སེང་ནི་རང་ཉིད་ཀྱི་མིིང་དང་གྲགས་པའི་དོན་དུ་ཅི་ཡང་བྱེད་ཕོད་པའི་སྙིང་སྟོབས་ཡོད་མཁན་ཞིག་ཡིན་པ་ནི་གཞན་ལྟར་ཅི་སྨྲོས། རྒྱལ་བ་རིན་པོ་ཆེ་ལས་ཀྱང་འཇོན་ནུས་ཆེ་མདོག་གི་རྣམ་འགྱུར་མངོན་སུམ་འཛེམ་མེད་དུ་སྟོན་ནུས་པའི་བློ་ཁོག་ཡོད་པ་ནི། དཔེར་ན། ཨ་རི་ཕོ་བྲང་དཀར་པོའི་ནང་དུ་འགྲོ་མཁན་ཆབ་སྲིད་ཀྱི་འགོ་ཁྲིད་དང་པོ་དེ་ཁོ་རང་ཡིན་པ་ལས་རྒྱལ་བ་རིན་པོ་ཆེ་མིན་ཚུལ་ཡང་ཡང་བསྒྲགས་པ་སོགས་ལས་མི་རྣམས་ཧང་སང་དགོས་པ་ཐེངས་མང་བཟོས་ཡོད་པས་གོང་གི་གནས་ཚུལ་དེ་རྣམས་ཀྱང་བདེན་མི་སྲིད་པའང་མིན་སྙམ།

མཐར་དོན་བརྒྱ་བཤད་སྟོང་བཤད་དང་། འཇོན་རབས་ཐོན་རབས་ག་ཚོད་བྱས་ཀྱང་ད་ལྟའི་དུས་འདིར་སུ་གང་ལའང་ངན་ཁག་གཡོག་ས་དང་ལག་པ་ཕྱིས་ས་མེད་པའི་ནག་ཉེས་ནི། ལོ་ངོ་དྲུག་ཅུའི་ལྷག་རིང་དུ་གོང་ས་མཆོག་གི་དབུས་ལས་བྱེད་ཟུར་པ་དག་གིས་དཀའ་ལས་བརྒྱབས་ནས་མང་གཙོའི་སྒྲིག་འཛུགས་ཀྱི་སྲིད་གཞུང་ཀ་བ་གསུམ་ལྡན་དེ་བཞིན་སྤྱི་ལོ་ ༢༠༢༡ ཟླ་༣ ཚེས་ ༢༥ ཉིན་སྐབས་བཅུ་དྲུག་པའི་ལས་གྲོགས་ཚོགས་ཚོགས་འདུ་བཅུ་པའི་ལས་ཉིན་བཅུ་པའི་སྔ་དྲོར། གསང་བའི་འོས་ཤོག་ཐོག་ནས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་རྒན་པ་དང་གཞན་གཉིས་ཁྲིམས་འགལ་གྱིས་འཕོར་འགྱུར་གཏོང་བ་ནི་བཀའ་སྤྱི་གཉིས་ཀྱིས་དམངས་གཙོའི་སྒྲིག་འཛུགས་དངོས་སུ་གཏོར་གཤིག་བཏང་ཟིན་པས། ནག་ཉེས་ཀྱི་ལོ་རྒྱུས་འདི་ནི་བཙན་བྱོལ་བོད་མིའི་ལོ་རྒྱུས་ཀྱི་ཐོག་མ་ཡིན་པ་ཙམ་དུ་མ་ཟད། རྒྱལ་སྤྱིའི་སྟེང་གི་དམངས་གཙོའི་རྒྱལ་ཁབ་གང་གི་ནང་དུའང་ད་བར་དུ་བྱུང་མྱངས་མེད་པའི་ཟིན་ཐོ་ཐོག་མ་དེའང་ཡིན་པས། འབྲེལ་ཡོད་བཀའ་སྤྱི་གཉིས་པོ་ལོ་རྒྱུས་ཀྱི་ནག་ཉེས་འདིའི་འོག་ནས་ནམ་ཡང་ཐར་ས་མེད་དོ།། །།

བསམ་ཚུལ།

Post navigation

Previous Post: མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་གྲལ་རིམ་དམངས་གཙོ་ལ་ཁ་ཕྱོགས་པ་མ་རེད་དམ།
Next Post: གྲོས་མཐུན་དོན་ཚན་བཅུ་བདུན་དང་འབྲེལ་བའི་དོན་ཚན་ཞིག

Comments (1) on “སྤྱི་མཐུས་ཀྱིས་བྲོ་འཁྲབ། བཀའ་ཤག་གིས་ལྟད་མོ་བལྟས།”

  1. ཨ་ཁུ་འབྲོག་པ། says:
    2021-05-24 at 9:33 am

    ཀྱེ་མ་གསོན་དང་རྩམ་ཟན་བོད་པ་རྣམས།།
    བློ་བཟང་སེངྒེ་གླང་གོག་སྨྱོན་པ་འདྲ།།
    ཆོས་བརྒྱུད་སྤྱི་འཐུས་དམ་སྲི་གསོན་པོ་འདྲ།།
    མདོ་སྟོད་སྤྱི་འཐུས་ཝ་སྐྱེས་ཝ་མོར་སྡང་།།
    རྒྱུན་ལས་བཅུ་གཉིས་ཁྲོན་པའི་སྦལ་བ་འདྲ།།
    ཨ་ཙྱར་དམར་རིལ་རྩེལ་ལེ་རྐུབ་མེད་འདྲ།།
    འདྲ་མ་འདི་ཚོས་ཁྲིམས་མེད་ལུགས་མེད་བྱས།།
    ད་ནི་འུ་ཐུག་ཐག་གཅོད་འདི་ལ་གཟིགས།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme