Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤྱི་དོན་ལ་དགོངས་བཞེས་ཡོང་བ།

Posted on 2021-07-072021-07-07 By ཁ་བརྡ 2 Comments on སྤྱི་དོན་ལ་དགོངས་བཞེས་ཡོང་བ།

ཚེ་བརྟན་འགྱུར་མེད།

ཆོས་ལུགས་དང་མདོ་སྟོད་སྤྱི་འཐུས་རྣམ་པའི་སྤྱི་འཐུས་དམ་ཆ་མ་ཕུལ་ནས་ད་བར་གྲོས་ཚོགས་འཚུགས་མ་ཐུབ་པའི་རྐྱེན་ལས་བཀའ་བློན་འདེམས་རྒྱུ་སོགས་བོད་སྤྱི་པའི་ལས་དོན་མང་པོ་ཞིིག་ཞུ་མ་ཐུབ་པར་རྒྱུན་རིང་ནར་ལུས་སུ་གྱར་ཡོད་པ་ཚང་མས་མཁྱེན་གསལ་རེད། ད་དུང་དེ་ལྟར་མུ་མཐུད་གནས་རྒྱུའི་དོག་གཞི་ཡོད་ན་དབུས་འོས་བསྡུ་ལྷན་ཁང་ནས་སླར་དུས་འགྱངས་སུ་མ་འགྲོ་བའི་ཐག་གཅོད་ཞུ་དགོས་གལ་ལས་དེ་མིན་འོས་བསྡུ་ལྷན་ཁང་ལའང་མི་དགོས་གཏམ་ངན་ཡོང་མི་སྲིད་པ་མིན། གོང་འཁོད་སྤྱི་འཐུས་ནང་དབུས་གཙང་དང་བྱང་ཨ་རི་སྤྱི་འཐུས་གཉིས་སྐོར་ཞུས་མེད། ཁོང་གཉིས་ལ་མགོ་མཐར་སར་འཇུག་མ་མཐར་པའི་འགྲེལ་བཤད་ཡོད་ན་ལས་དེ་མིན་ཕྱོགས་སོ་སོའི་ཁུངས་ནས་གང་གབ་གཟིགས་དགོས་རྒྱུ་ཡང་མེད་དམ་སྙམ།

གཉིས་སུ་དཀའ་གནད་འདི་དང་འབྲེལ་བའི་ལམ་སེལ་གནས་དོན་ཞིག་དེ་སྔ་དུས་བབ་ནང་ཞུས་ཡོད། ད་རེས་ཀྱང་སླར་ཞུས་ན་ཕན་པ་

ལས་གནོད་གང་ནས་འོང་། དེ་ཡང་དེ་སྐབས་མདོ་སྟོད་མགོ་སྟོན་པའམ་མི་མང་ཆེ་མཐོང་ཡོད་པའི་གྲགས་ཅན་མཁས་དབང་ཟབ་གདོང་རིན་པོ་ཆེ་དང་སྲིད་སྐྱོང་ཟུར་པ་བློ་བཟང་སེང་གེ་རྣམ་གཉིས་ཀྱི་མཚན་ཐོག་ནས་ཞུས་ཡོད། ད་ཡང་ཁོང་རྣམ་གཉིས་དང་དེ་མིན་ཆབ་སྲིད་དང་སྤྱི་ཚོགས་ནང་མཐོང་དང་གུས་བཀུར་ཡོད་པའི་མི་སྣ་རྒྱ་རི་སྒྲོལ་མ་ལགས་དང་དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་སོགས་སྤྱི་སྙོམས་ཀྱི་དགོངས་གཞི་ཡོད་མཁན་རྣམ་པས་ཁོང་ཚོར་གོ་བསྡུར་ལམ་ནས་འགྲིགས་ཆགས་བྱུང་ན་དེ་ལས་ལམ་མངོན་འདོད་ཆེ་བ་ཞུ་དགོས་མེད། ལྷག་དོན་ད་ཡོད་ཁྲིིམས་ཞིབ་མདུན་ནས་དམ་ཆ་ཐོག་མ་ཞུ་མཁན་ནི་བཀའ་ཤག་གསར་རྙིང་གཉིས་ལས་གཞན་བྱུང་མེད་པས་དེར་འབྲེལ་ལམ་ཞིག་མ་མཆིས་སམ།

ཁ་ནང་གི་རྨ་དེ་ཁ་ནང་ནས་སྒྲིག་གསལ་ལྟར་གསོ་ཐབས་བྱུང་ན་ལེགས་པའི་རྒྱན། སྤྱི་ཚོགས་ཡར་རྒྱས་ཀྱི་རྣམ་པ། ཆོལ་གསུམ་རྡོག་བསྒྲིལ་གྱི་གོང་ནུས་སོགས་རྣམ་གྲངས་དུ་མ་བཀོད་རྒྱུ་ཡོད་ལ་མདོ་སྟོད་སྤྱི་འཐུས་རྣམ་པར་དགའ་གུས་ཀྱང་འོང་ཆེ། ཆོལ་གསུམ་མི་མང་གི་མངོན་འདོད་ཀྱང་དེ་ལྟར་ཡིན་པས་ཁྱེད་རྣམ་པར་ཐུགས་བསམ་མི་ཆུང་བ་ཅེས་ཞུས་ན་ཁྱད་གསོད་དུའང་མི་འགྲོའམ། གང་ལགས་ཞུས་ན་མང་གཙོའི་གཞུང་ནང་མང་བ་དེ་གལ་ཆེ་ཡིན་པ་ཚང་མས་མི་མཁྱེན་ནམ། དེ་ལྟར་མ་བྱུང་ན་མཐའ་མིའི་ཞུ་ཡུལ་དེ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་༸གོང་ས་མཆོག་ལ་སྙན་གསོལ་གྱི་ཐབས་ལམ་ཡོང་བ་ཞུ་རྒྱུ་ཕྱི་མ་གྱུར་ཀྱང་སྔ་མེད་པ་ཚང་མས་བློ་ཚབ་ངང་གནས་ཡོད་གཤིས་ལ་སོང་དེ་ལྟར་འོས་བསྡུ་ལས་ཁང་ནས་གནང་རྒྱུ་མིན་ནམ་བསམ་བཞིན་པ་ཞུ། བོད་མི་མང་གི་འདོད་དོན་སླད་༸གོང་ན་མཆོག་གིས་བཀའ་ཇི་ཕེབས་སུ་ཆོལ་གསུམ་མི་མང་ནས་བཀའ་གསུངས་དམ་གཙང་ཞུ་རྒྱུ་ཡིན་ལགས་སོ། བོད་འབངས་རྒྱལ་གྱུར་ཅིག །།

བསམ་ཚུལ།

Post navigation

Previous Post: རྡོ་བ། བླ་མ། ཚེ་སྲོག
Next Post: འཚལ།

Comments (2) on “སྤྱི་དོན་ལ་དགོངས་བཞེས་ཡོང་བ།”

  1. པ་རྡོ་རྗེ། says:
    2021-07-09 at 11:28 pm

    བོད་ཆོལ་ཁ་གསུམ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བོད་མིའི་གནད་དོན་ལ་ཐག་གཅོད་ཞུ་དགོས། འོན་ཀྱང་ངོས་བོད་རྣམས་ལ་གལ་ཆེ་ཤོས་དེ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་ལ་སྙིང་ཐག་པ་ནས་བརྩི་བཀུར་ཇི་ལྟར་ཞུ་ཡི་ཡོད་མེད་ལ་རགས་ལུས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེ་དབུས་སུ་བཞག་ནས་དེ་དང་འགལ་མེད་ཀྱི་སྟེང་ནས་ཐག་གཅོད་ཞུ་དགོས། བཅའ་ཁྲིམས་རིན་པོ་ཆེ་དང་འགལ་བའམ་འགལ་བཅུག་ནས་བོད་ཆོལ་ཁ་གསུམ་རྡོག་རྩ་ཆིག་སྒྲིལ་ཡོང་ཐབས་མེད། སྐབས་འདིའི་རྙོག་གླེང་དེའང་གནས་ཚུལ་དེར་ཐུག་ཡོད། དེ་ལྟར་ཡིན་དུས། བོད་མིའི་འགོ་འཁྲིད་ཚོས་གང་མྱུར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་ཐག་གཅོད་གནང་དགོས་པ་ལས་དེ་མུར་དུས་ཚོད་བསྐྱལ་ནས་འཇོག་ཐབས་མེད།

    ད་ལྟའི་བོད་་མིའི་རྙོག་གླེང་ནང་དུ་རྒྱ་དམར་གྱི་གཡོ་བྱུས་གཞིར་བོད་མི་བསམ་མེད་འགས་དངུལ་དངོས་ཀྱི་ཁེ་ཕན་བླངས་ནས་འཁྲབ་བཞིན་ཡོད་པ་ཚང་མས་ཤེས་དགོས། དེ་དག་གིས་ངོ་ཚ་སྤངས་ནས་འགོ་འཁྲིད་ཁུལ་བྱས་ཏེ་བོད་མི་བསམ་མེད་ཀླད་ཆུང་མང་པོ་ཞིག་མགོ་བོ་འཁོར་ནས་སྡོད་ཡོད་པའང་བོད་མི་ཚོས་ཤེས་དགོས། འོན་ཀྱང་ཁྱོད་རྣམས་ལ་ལས་རྒྱུ་འབྲས་ཀྱིས་འཕྱུགས་མི་ཡོང་ངོ་།། ཁྱོད་འདྲ་བ་སྤྱི་ཚོགས་དཀྲུག་མཁན་མང་པོ་ལ་ཚེ་མཇུག་ཏུ་བཀྲ་མི་ཤིས་པ་ཡོང་བ་དང་འཆི་ཁར་སྡུག་བསྔལ་སྣ་ཚོགས་མྱངས་ནས་འཆི་ཡི་ཡོད་པ་ང་ཚོས་མིག་མཐོང་དུ་བྱུང་སོང་བའང་ལས་རྒྱུ་འབྲས་ལ་ཐུག་ཡོད་དོ།། བོད་རྒྱལ་ལོ།།

  2. ཚེ་བརྟན་འགྱུར་མེད། says:
    2021-07-11 at 1:51 pm

    པ་རྡོ་རྗེ། ཁྱེད་ཀྱི་བསམ་ཚུལ་དང་ངའི་བསམ་ཚུལ་ལ་མཐུན་པའི་ཆ་དེ་བཅའ་ཁྲིམས་གཞི་བཟུང་འགྲོ་དགོས་གལ་དེ་ཡིན་འདུག གནས་དོན་རྒྱ་ཆེ་ས་དེ་ད་ག་རང་རེད། ཡིན་ཀྱང་ཁྱེད་ཀྱི་ཆན་གྱི་མཐར་དེར་ཁྱོད་འདྲ་པོ་སྤྱི་ཚོགས་དཀྲུག་མཁན་ཅེས་པའི་ཁྱོད་དེ་ང་སྤྱི་དོན་ལ་དགོངས་བཞེས་ཡོང་བ་ཅེས་ཞུ་མཁན་པ་གོ་མིན་ནམ་བསམ་བྱུང། རེད། ཆོལ་ཁའི་མིང་བྲིས་ན་དཀྲུག་མཁན་ལྟ་བུ་མངོན་སྲིད་ཀྱང་སྐྱོན་ཡོད་ས་དེ་མཛུབ་སྟོན་ཞུས་ན་ནམ་ལངས་ན་འགྲོ་བདེ་པའི་་དང་པོའི་དཔེ་ལྟར་རེ་བ་ལས་སྤྱི་ཡོངས་སུ་གོ་རྒྱུ་འཚོ་མེད་པའི་ཁྲོམ་གཡུག་ཞུས་མེད། བཅའ་ཁྲིམས་ནང་༸རྒྱལ་བའི་སྐུ་པར་དང་བཅའ་ཁྲིམས་སྐུ་མདུན་དམ་འབུལ་ཞུ་རྒྱུ་ཡོད་པ་གང་དུ་གསལ་ལམ། རྐྱེན་རྩ་འདི་རེད། དངོས་བདེན་དང་ཐབས་བྱུས་མཉམ་ཞུས་ཡོད།
    ང་ཚེ་བརྟན་འགྱུར་མེད་ལ་ཆ་མཚོན་ན་མི་ཚེའི་གསུམ་ཆ་གཅིག་ཙམ་བོད་རྒྱལ་ཁབ་དང་མི་མང་ཞབས་སྤྱི་ཞུས་ཡིན། སོ་སོའི་མི་ཚེའི་མདུན་ལམ་རང་ཁ་རང་གསོས་ཀྱིས་ད་དུའང་ལོ་གཅིག་ཉི་མ་གསུམ་བརྒྱ་དྲུག་བཅུའམ་དྲུག་བཅུ་རེ་ལྔ་ནས་ཉིན་བརྒྱ་ལྷག་ཙམ་བོད་རྒྱལ་ཁབ་དང་མི་མང་མངོན་འདོད་ཆེད་འབད་རྩོན་ཞུ་བཞིན་ཡོད་དོ། ཁྱེད་རང་གི་སྒྲུང་དེ་གསུང་དང་པ་རྡོ་རྗེ་། མིང་འདིའང་རྫུན་མིན་ན་ལེགས་ཐེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme