Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤོ་ལོ་དང་ཚོང་།

Posted on 2012-02-152012-02-15 By ཁ་བརྡ་ 11 Comments on སྤོ་ལོ་དང་ཚོང་།


བཀྲ་ཤིས།
—————
ཁ་སང་དེ་རིང་གི་སྤོ་ལོ་ལ་གཟིགས་ཀྱི་ཡོད་དམ། ཨ་རིའི་རྒྱལ་ཡོངས་སྤོ་ལོ་རུ་ཁག་ ཨེན་བྷི་ཨེ་ཟེར་བ་དེ་ལ་སྒྲུང་གསར་པ་ཞིག་ཐོན་སོང་། སྒྲུང་དེ་ནི་ཨ་རིའི་སྐྱེས་པའི་ཐེ་ཝན་གྱི་རྒྱ་རིགས་ཤིག་གི་ལོ་རྒྱུས་རེད། མིང་ལ་ ཇཱར་མི་ ལིན་ཟེར། བདུན་ཕྲག་གཉིས་ཙམ་གྱི་གོང་ལ་ཁོང་ནི་རྩེད་མོ་རྩེས་པའི་གོ་སྐབས་མེད་མཁན་ཞིག་རེད། ནིའུ་ཡོག་གི་རུ་ཁག་དེར་རྩེད་མོ་ཤོར་ཤོར་བའི་སྐབས་ཤིག་ལ་འུ་ཐུག་ནས་ཁོང་ལ་རྩེད་མོ་རྩེས་པའི་གོ་སྐབས་སྤྲད་འདུག ཁོས་ཤོར་བཞིན་པའི་རུ་ཁག་དེ་ཐེངས་དྲུག་ལ་བསྟུད་བསྟུད་རྒྱལ་ཁ་ཐོབ་བཅུག དེ་བས་ཨ་རིའི་རྩེད་མོའི་གསར་འགྱུར་གྱི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར། གསར་འགྱུར་ལྟར་ན། ཁོང་གིས་རང་གི་རུ་ཁག་གི་ཚོང་དེ་མཐོ་ཚད་ལ་བསྐྱལ་བ་རེད་ཟེར་ལ། ནིའུ་ཡོག་གི་རུ་ཁག་གི་ལྟད་མོའི་འཛིན་བྱང་བཙོང་ཐུབ་པ་མ་ཟད། ཁོའི་ཨང་རྟགས་ ༡༧ ཅན་གྱི་སྟོད་ཐུང་ནི་ཚོང་བྲིན་ཤོས་རེད་ཟེར། ད་འདིའི་རླབས་དེ་རྒྱ་ནག་ལ་འཕྱུར། ཁོ་ནི་རྒྱ་ནག་གི་དྲ་རྒྱའི་ནང་བཙལ་བའི་གྲངས་ཀ་མང་ཤོས་དེ་རེད་ཟེར། ་ཁོའི་བྱིའུ་སྐད་ལ་རྗེས་འདེད་གཏོང་མཁན་ས་ཡ་ཕྱེད་ཙམ་ཟིན། མི་རྣམས་ཀྱིས་ཁོ་མཐོང་འདོད་ལ་ཁོང་ལ་ཉན་ན་འདོད། མི་རྣམས་ཀྱིས་ཁོའི་ལོ་རྒྱུས་ཤེས་ན་འདོད། ཁོ་ནི་ཧ་ཅང་གྲགས་ཆེ་བའི་མི་ཞིག་ཏུ་གྱུར།
དགོངས་པ་ཞིག་བཞེས་དང་། ལིན་གྱིས་སྙན་གྲགས་དེ་ལྟར་བླངས་པ་ནི་སྤོ་ལོ་རྩེ་མཁས་པ་ཙམ་ཞིག་ཡིན། འོན་ཀྱང་ངས་བཤད་ན་འདོད་པ་ནི་ཁོའི་རྩེད་མོའི་སྐོར་མིན། ངས་བཤད་ན་འདོད་པ་ནི་ཁོ་ལ་དགའ་མཁན་གྱི་མི་དམངས་ཀྱི་སྐོར་ཡིན། ཁོང་ལ་ལྟད་མོ་ལྟ་མཁན་གྱི་མི་འདི་ཚོའི་བརྒྱ་ཆ་མང་ཤོས་ཤིག་ནི་ཡེ་ཤུ་བ་རེད། ཁོང་ཚོའི་བསམ་བློ་ནི་ཧ་ལམ་འདི་འདྲ་ཞིག་རེད། ང་དཀོན་མཆོག་གིས་འཇིག་རྟེན་འདིར་ལྟད་མོ་ལྟ་རུ་མངགས་པ་རེད། ངས་འཇིག་རྟེན་འདི་ནས་ལྟད་མོ་ཡག་ཐག་ཆོད་ལྟ་གི་ཡིན། དེ་འདྲ་ཞིག་རེད།
ང་ཚོའི་༧གོང་ས་མཆོག་ཕྱི་རྒྱལ་དུ་ཕེབས་པའི་ཚུལ་དེ་ལ་ཡང་གནས་ཚུལ་འདི་ཡོད་པ་རེད། ་༧གོང་ས་མཆོག་གང་དུ་ཕེབས་ཀྱང་ལྟད་མོ་ལྟ་མཁན་འཚང་ཁ་ཤིག་ཤིག་རེད། ཁོང་ཚོ་ཚང་མ་ནང་བ་མ་རེད་ལ། བོད་ཀྱི་ཆོས་ལ་དད་པ་ཡོད་མཁན་ཡང་མ་རེད། ཁོང་ཚོའི་གྲས་ནས་བོད་ཀྱི་ཆོས་ནང་བཤད་ཅིང་བོད་མིས་ལག་ལེན་བྱེད་བཞིན་པའི་བླ་མ་བསྟེན་ཚུལ་གྱི་དད་པ་དག་སྣང་དེ་ཡོད་མ་རེད། ཁོང་ཚོས་ཡ་མཚན་ཅན་གྱི་ལྟད་མོ་ཞིག་ལ་བལྟ་འདོད་པ་ཙམ་ཞིག་རེད།
སྤོ་ལོའི་རུ་ཁག་དེ་ཚོ་ནི་ཚོང་པ་རེད། སྤོ་ལོ་རྩེད་མཁན་ལ་སྒོར་མོ་ས་ཡ་སྤྲོད་ཀྱི་ཡོད་ལ། ལྟད་མོའི་འཛིན་བྱང་བཙོང་ནས་སྒོར་མོ་ས་ཡ་བཟོ་གི་ཡོད། ཁོང་ཚོས་ལྟད་མོ་བཙོང་བ་ཙམ་དུ་མ་ཟད་མི་ཚོང་ཡང་རྒྱག་གི་རེད། ཇི་ལྟར་སྒོར་མོ་བཟོ་ཐུབ་ན་དེ་ལྟར་ཚོང་རྒྱག་གི་རེད། སྐུ་ཞབས་ལིན་ཀྱང་དེའི་ཁྲོམ་ར་ལ་སླེབས་ཚར་ཙམ་རེད། ད་ནི་དེའི་ཚོང་རྫས་ཡག་པོ་ཞིག་ཆགས་པ་རེད།

རྩོམ་རིག

Post navigation

Previous Post: བཀའ་ཁྲི་མཆོག་ཉིན ༧ ལ་གུང་གསེང་དུ་ཕེབས་རྒྱུ་རེད།
Next Post: སྐུ་ཞབས་བདུད་ལྷ་རྒྱལ་གྱི་གཏམ་བཤད།

Comments (11) on “སྤོ་ལོ་དང་ཚོང་།”

  1. བདེན་པ། says:
    2012-02-15 at 10:40 am

    ཁོས་བཤད་པ་ལྟར་ན་སྤོ་ལོ་མ་རྩེས་པའི་སྔ་ནུབ་གྲོགས་པོའི་ཁྱིམས་ཀྱི་ནེམ་ཁྲིའི་ཐོག་ཏུ་ཉལ་བ་ཡིན་ཟེར། ཕྱི་ཉིན་རྩེ་མོའི་འགྲན་བསྡུར་ལ་ཞུགས་སྐབས་སྔར་དང་མི་འདྲ་བའི་ཚོལ་བ་ཞིག་འདུག ཕལ་ཆེར་ནེམ་ཁྲིའི་ཁོ་ལ་ནུས་ཤུགས་ཞིག་སྤྲད་སོང་བ་འདྲ་ཟེར། དེ་དང་ཆབས་ཅིག་ལྷ་དང་འབྲེལ་བ་ཡོད་པའི་སྐད་ཆ་ཡང་ཐོན་སོང་། གང་ལྟར་ཁོ་ལ་སྐད་གྲགས་རྒྱས་འདུག

  2. བོད་ལ་ཞེན། says:
    2012-02-15 at 10:51 am

    མི་རླུང་རྟ་དར་ན་དེ་འདྲ་ཡོད་རེད།

  3. འདོད་ལྷ་ཁམས་པ། says:
    2012-02-15 at 11:21 am

    གསུང་ཆོས་རྭ་བར་ཆོས་ཞུ་རུ་ཡོང་མཁན་དང་། རྩེད་ཐང་རྭ་བར་ལྟད་མོ་ལྟ་རུ་ཡོང་མཁན་གཉིས་ཀྱི་སེམས་ཁམས་འདྲ་འམ། རྦད་དེ་ངོ་བོ་དང་བསམ་བློ་མི་འདྲ་བའི་རྣམ་པ་འདི་གཉིས་མཚུངས་བསྡུར་བྱེད་པ་ནི་ཆགས་བཞག་ན་་་་་་་མ་ཆ་ན་རོ་ཏོ་་་མ་རེད་དམ།
    ཧཧཧ

  4. བཀྲས་ཁང་། says:
    2012-02-15 at 11:21 am

    ཡོད་ཚད་རླུང་རྟ། བསོད་ནམས། ལས་དབང་སོགས་མི་བུའི་སྤྱི་ཚོགས་ཀྱི་ལྐོག་འགྱུར་ཤ་སྟག་ཏུ་འཇོག་མི་རུང་། འདི། མི་བུ་རང་ཉིད་དང་སྤྱི་ཚོགས་སོགས་ཁྱོན་ཡོངས་ནས་ཕམ་ཉེས་སུ་འགྲོ་བའི་དུག་རྩྭ་ཞིག་རེད། ང་ཚོའི་བོད་རྒྱལ་ཁབ་དེ་བཞིན་དེ་ལྟར་བསྐྱལ་བ་མིན་ནམ། ཨ་རོགས་བོད་ལ་ཞེན་མཁན་ཨུ་ཚུགས་ཅན། བསམ་བློ་ཐོངས་རན་རེད།

  5. དུག་སྦྲུལ་གྱི་ཁ་རླངས། says:
    2012-02-15 at 3:50 pm

    རྐང་རྩལ་སྤོ་ལོའི་ཚོང་གི་བྲིན་ཤོས་ལ་བརྟེན་ནས་གོང་ས་མཆོག་གི་ཕྱོགས་ཕེབས་ལ་དཔྱད་པ་གནང་འདུག
    ཁྱོད་ཀྱིས་ཁ་གསལ་བོར་བརྗོད་ན་གནད་དོན་ཅི་ཞིག་གི་ངོ་གདོང་འགྲེལ་གྱི་ཡོད། ཁ་ཚ་དགོས་གཏུགས་ཀྱི་གནད་དོན་དེར་སྨན་པའི་དགོངས་ཚུལ་ལ་གཞོལ་དགོས།

  6. དཔལ་ཁོ། says:
    2012-02-15 at 4:33 pm

    བཀྲ་ཤིས་ཟེར་བ་འདིས་གོང་གི་རྩོམ་ཡིག་དེ་འབྲི་སྐབས་གནད་ལ་ཁེལ་ཞིང་དོན་སྙིང་ལྡན་པའི་སྐད་ཆ་ཞིག་བཤད་འདོད་ཡོད་ལས་ཆེ་མོད། བྲིས་བྲིས་པའི་རྗེས་སུ་ཁྱིའི་ཡ་མགལ་བླངས་ནས་ཕག་གི་མ་མགལ་སྦྱར་འདུག དཔེ་དང་དཔེ་ཅན། བསྒྲུབ་བྱ་དང་སྒྲུབ་བྱེད་ཤར་ནུབ་ཏུ་སོང་འདུག དད་པ་དང་དག་སྣང་མེད་པའི་མི་རྣམས་ཀྱིས་ ༧ གོང་ས་མཆོག་ལ་ལྟད་མོ་བལྟས་ནས་ ༧ གོང་ས་མཆོག་སྤོ་ལོ་རྩེད་ཀི་མེད་ལ་ཞབས་བྲོ་སོགས་ཀྱང་འཁྲབ་ཀྱི་མེད་པས་དེ་འདྲའི་བླུན་རྟགས་མ་བསྟན་ན་མི་ལགས་སམ།

  7. སྐྱུྐྱུྱུ་རྩི་ནས། says:
    2012-02-15 at 10:28 pm

    ལིན་གྱི་འབྱོན་སྟངས་ལ་བརྟེན་ནས་ནེའུ་ཡོག་གི་རུ་ཁག་ལ་ཐེང་མ་དྲུག་ཙམ་རྒྱལ་ཁ་ཐོབ་ཡོད། ལྷག་པར་lakers རུ་ཁག་ལས་རྒྱལ་བ་ནི་ཆེད་རླབས་ཆེན་ཞིག་ཡིན།

  8. ཀརྡོ་གཉེར་ཕྱག་པ་ says:
    2012-02-16 at 12:51 am

    ༸གོང་ས་མཆོག་དང་། ལིན་གཉིས་ཀྱི་ལྟད་མོ་བ་ཚོ་ལ་ཁྱད་མེད་པ་དེ་འདྲ་རང་ཨ་ཡིན་ནམ། གང་ཡིན་ཟེར་ན་༸གོང་ས་མཆོགགི་་གསུང་བརྟེན་ས་དགའ་སྐྱོའི་ངུ་མཁན་མང་པོ་ཡོད་རེད། འོན་ཀྱང་བོད་ཀྱི་ནང་ཆོས་པ་༡༣ དང་༡༤ནང་གི་མིརིགས་ཚོའི་འཁྲོད་དུ། ནང་པའི་ལིན་ཅིག་ག་དུས་འཁྲུངས་སམ། ངས་ལོ་མང་པོའི་སྔོན་ནས་བསྒུག་ནས་བསྡ་ཡོད། མི་རབས་གསར་པ་ཚོས་རྒྱལ་སྤྱིའི་རྩེད་མོའི་ཐོག་ལ་ཡང་ཤུགས་རྒྱོབས་ཤོག

  9. དབང་འདུས། says:
    2012-02-16 at 6:53 pm

    ཤེས་ཡོན་གྱི་དཔལ་ལ་རོལ་ཞིང་དྲངས་བདེན་གྱི་ལམ་དུ་རྒྱུ་བའི་དྲྭ་གྲོགས་ཚོ། ༧གོང་ས་མཆོད་དང་རྐང་རྩེད་པ་དེ་གཉིས་གང་ནས་འདྲ། ༧གོང་ས་མཆོག་ནི་ལྷའི་སྤྲུལ་པ་རེད། ཁོང་ནི་བདུད་ཀྱི་སྤྲུལ་པ་ཡིན་ལས་ཆེ། ༧གོང་ས་མཆོག་ནི་བོད་ཀྱི་ལེགས་ཆ་ཡོངས་རྫོགས་འགེལ་ས་དང་། ཧིན་འདིའི་པའི་དབང་ཕྱུག་ལྟར་ང་ཚོའི་འཇིག་རྟེན་བཀོད་པ་པོ་ཡིན་ལ། རྐང་རྩེད་པ་དེ་ནི་གྲྭ་པ་ཚོས་གཟིགས་ན་མི་འགྲིག་པའི་བྱ་བ་སྒྲུབ་མཁན་ཞིག་རེད་འདུག ཧ་ཧཧཧཧ།
    ང་ཚོའི་སེམས་ཁོངས་སུ་༧གོང་ས་མཆོག་གིས་དབང་བསྐུར་བ་དང་། རྐང་རྩེད་པས་རྩེད་མོ་བྱེད་པ་གཉིས་ལ་རིན་ཐང་མི་འདྲ་བའི་ཚོར་བ་དེ་འདྲ་བ་ཞིག་ཡོད་ཀྱང་། ཕྱི་རྒྱལ་བ་མང་ཆེ་བའི་སེམས་ཁོངས་སུ་དེ་གཉིས་ཀ་ཁྱད་མཚར་ཞིག་ཏུ་བརྩི་ཞིང་། ད་དུང་གོ་རྒྱུ་དང་མྱོང་རྒྱུ་ཡོད་པ་དེ་རྩེད་མོ་པ་ཡིན་ལས་ཆེ།

  10. མིག says:
    2012-02-16 at 11:05 pm

    མདོར་ན་ཚོང་རྫས་འདྲ་མཉམ་ཙམ་ལས་གཞན་ཅི་ག་ཟིག་མེད་པར་བསྟན་འདོད་པ་དེ་རེད་འདུག ཁ་བརྡ་ཚང་ཐུགས་རྗེ་ཅེ།

  11. བློ་བཟང་ says:
    2012-02-16 at 11:07 pm

    ཁྱེད་བོད་དོན་ལ་ཤ་ཞེན་པ་ཚོ། ང་ཚོའི་བོད་པའི་ནང་སྤོ་ལོ་རྩེས་ནས་མིང་གྲངས་རགས་པ་རྒྱུད་ནས་བོད་དོན་ཐབས་བརྩོད་ཡོད་ལུགས་ཞིག་བཤད་ན་ཤ་ཞེན་ཡོད་པ་ཞིག་ཏུ་འགྱུར་སྲིད། དེ་མིན་ཨ་ཀྱོག་པ་ཀྱོག་གི་སྐད་ཆ་དེ་ཚོའི་བོད་རྒྱལ་ཁབ་ལ་ཕན་ནམ། ཡང་ན་བོད་མི་རིགས་ལ་ཕན་ནམ། ཡང་ན་བོད་རིགས་གཞུང་ལ་ཕན་ནམ། ངས་ལྟས་ན་ཕལ་ཆེར་ཨ་ཀྱོག་པ་ཀྱོག་བཤད་མཁན་ཚོར་དངུལ་ཕོན་ཆེན་ཞིག་རག་ནས་རང་གི་འཚོ་བར་ཕན་ཐོག་པ་ཞིག་ཙམ་མིན་འགྲོ མི་དེ་འདྲ་བ་ཁ་བཤད་ནས་ལས་དོན་ཧུར་ཐག་སྒྲུབ་ཤོག་ཨང་། ད་དཀྲུག་ཕར་དཀྲུག་གནང་དང་། ང་ཚོ་བོད་པ་ཚོ་དཔའ་མི་ཞུམ་ཨ་རོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (47)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme