Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤོ་བོ་བྷིར་ནེ་གླེང་བ།

Posted on 2021-01-26 By ཁ་བརྡ No Comments on སྤོ་བོ་བྷིར་ནེ་གླེང་བ།

བཞག་ལྡོམ་ལྗང་ལོ།

བྷིར་ནེ་ནི་དགུང་ལོ་བགྲེས་ཤིང་མཚམས་རེ་དགོད་བྲོ་བ་དང་སྐབས་རེ་གཟབ་ནན་ཀྱི་ཆབ་སྲིད་པ་ཞིག་ཡིན་། ཁོ་ནི་སྤྱི་ལོ་་༡༩༤༡/༩/༨་ལ་ཨ་རིའི་མངའ་སྡེ་ནེའུ་ཡོག་ནས་ལྗེའུ་མི་རིགས་ངལ་རྩོལ་ཁྱིམ་ཚང་ཞིག་ནས་སྐྱེས་ཤིང་། ལོ་ན་ཆུང་དུས་སུ་སློབ་གྲྭ་འགྲིམ་བཞིན་པའི་སྐབས་ཕ་མ་གཉིས་པོ་འདས་ཀྱང་མུ་མཐུད་ནས་སློབ་སྦྱོང་བྱས་ཏེ་ཨ་རིའི་མངའ་སྡེ་Chicago སློབ་གྲྭ་ཆེན་མོ་ནས་སྲིད་དོན་ཚན་རིག་རབ་འབྱམས་པའི་ལག་ཁྱེར་བཞེས་། ཁོ་བོ་ལོ་ན་ཆུང་བའི་སྐབས་ནས་མི་རིགས་འདྲ་མཉམ་དང་དབུལ་ཕྱུག་འདྲ་མཉམ་ལ་སེམས་ཁུར་ཧ་ཅང་ཡོད་པ་བརྟེན་འཚེ་མེད་ཞི་བའི་སྒོ་ནས་སྤྱི་ཚོགས་སུ་ལས་དོན་སྣ་ཚོགས་སྤེལ་མྱོང་མཁན་ཞིག་ཀྱང་རེད་། སྤྱི་ལོ་༡༩༦༨ ཙམ་ནས་དེ་རིང་བར་ཁོ་བོ་ཨ་རིའི་མངའ་སྡེ་Vermont་ནས་གཏན་དུ་གཞིས་ཆགས་པ་མ་ཟད། དེའི་གྲོང་ཁྱེར་ Burlington་གྱི་སྤྱི་ཁྱབ་བློན་ཆེན་སྤྱི་ལོ་༡༩༨༡་ནས་༡༩༨༩་བར་བྱས་ཤིང་། སྤྱི་ལོ་༡༩༩༡་ནས་༢༠༠༧ བར་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་དང་། སྤྱི་ལོ་༢༠༠༧་ནས་ཁོ་་ཨ་རིའི་གྲོས་ཚོགས་གོང་མིའི་ཚོགས་མི་ཆགས་ཏེ་ད་དུང་ཡང་ཚོགས་མི་བྱེད་ཀྱིན་པ་རེད།

ཁོའི་ཨ་རིའི་རྒྱལ་ནང་གི་ཆབ་སྲིད་དང་། སྤྱི་ཚོགས། དཔར་འབྱོར་བཅས་ཀྱི་ལྟ་བ་ནི་མང་ཚོགས་འབྱོར་མེད་ཚོའི་ཕྱོགས་སུ་ལངས་མཁན་ཞིག་རེད་། རྒྱུ་མཚན་ནི་། མང་ཚོགས་སྐྱོ་བོ་ཚོའི་ས་གནས་སྲིད་གཞུང་ནས་དབུས་སྲིད་གཞུང་ལ་སྤྲད་པའི་དཔྱ་ཁྲལ་སྣ་ཚོགས་དང་ཁྲིམས་ཀྱི་ཁེ་ཕན་གང་མང་ཞིག་འབྱོར་ལྡན་མཉམ་འབྲེལ་ཚོང་པ་ཚོའི་ལོངས་སྤྱོད་དུ་གྱུར་བ་ལས་སྐྱོ་བོ་ཚོ་མིན་པས། ཁོས་མང་གཙོའི་རྒྱལ་ཁབ་གཞན་པ་ལྟར་གཞི་རིམ་མང་ཚོགས་ཀྱི་་གླ་ཆ་ཡར་འཕར་དགོས་བ་འདོད་པ། མང་ཚོགས་དབུལ་ཕྱུག་ཁྱད་མེད་ཀྱི་འཕྲོད་སྟེན་ལྟ་སྐྱོང་འདྲ་མཉམ། སློབ་ཡོན་རིན་མེད་སོགས་སུ་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་། ད་དུང་འཁོར་ཡུག་སྲུང་སྐྱོབས་སྐོར་ལ་ལས་དོན་འདྲ་མིན་སྤེལ་མཁན་ཞིག་ཀྱང་རེད་།

བྷིརནེ་སྤྱི་ལོ་༢༠༡༦ དང་༢༠༢༠་གཉིས་སུ་ཨ་རིའི་སྲིད་འཛིན་འགྲན་རྩོད་ལ་ལངས་ཡང་ཁོར་སྲིད་འཛིག་བྱེད་པའི་གོ་སྐབས་མ་བྱུང་བ་རེད་མོད། འོན་ཀྱང་ད་ལོ་སྤྱི་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་བྷ་ཌན་ཀྱི་སྲིད་འཛིན་མཛད་སྒོའི་སྟེང་ཁོས་དྲོ་སོབ་སོབ་ཀྱི་གྱོན་གོས་སྤྱིར་བཏང་བ་ཞིག་དང་ལག་ཤུབས་དགོད་བྲོ་བ་ཞིག་གྱོན་ནས་སྡོད་སྟངས་དེས་གསར་འགོད་པ་དང་མང་ཚོགས་ཀྱི་དོན་སྣང་བྷ་ཌམ་མདུན་ནས་བརྐུས་ཏེ། གསར་ཁང་དང་སྤྱི་ཚོགས་དྲྭ་བ་གང་མང་ཞིག་ན་དེའི་སྐོར་ལ་གད་མོ་ཤོར་བའི་སྒྲུང་གྲངས་ལས་འདས་བ་བཤད་ཀྱི་འདུག དགོད་བྲོ་བའི་སྒྲུང་དེ་དག་གི་གཞི་འཛིན་ས་མང་ཆེ་བ་ནི་ཁོའི་ལག་ཤུབས་འབྱུང་ཁུངས་རེད་། ལག་ཤུབས་ནི་ཁོའི་མངའ་སྡེའི་སློབ་ཆུང་འཛིན་རིམ་གཉིས་པའི་དགེ་རྒན་མིང་ལ་Jen Ellis་ཟེར་བ་ཞིག་གིས་སློབ་ཁྲིད་བྱེད་ཞོར་དུ་བལ་གོས་རྙིང་བ་ལས་ལག་ཤུབས་བཟོས་ཀྱི་ཡོད་པ་རྣམས་ལས་གཅིག་བྷིར་ནེ་ལ་རྔན་པར་སྦྱིན་ཡོད་པ་དེ་ཡིན་འདུག བྷིརནེ་ཡི་དགོད་བྲོ་བའི་གཤིས་ཀ་ལ་བརྟེན་ནས་ལག་ཤུབས་བཟོ་མཁན་དང་དེའི་ལག་ཤུབས་ཀྱི་མིང་མི་ཤེས་བ་ལས་ཤེས་བ་གྱུར་ནས་དེང་སྐབས་སྐད་གྲགས་ཅན་ཞིག་ལ་ཆགས་འདུག དེར་རྟེན་། བྷིརནེ་ནི་ཆབ་སྲིད་ཕྱོགས་ནས་ཧ་ཅང་གཟན་ནན་ཅན་ཞིག་ཡིན་ཡང་ཁོའི་གཤིས་ཀ་ནི་བཞིན་རས་ཀྱི་རྒས་ཉེར་དང་ལྷན་དུ་སྤོ་བོ་དགོད་བྲོ་བ་ཞིག་ལ་གྱུར་འདུག

སྣ་ཚོགས།

Post navigation

Previous Post: ནད་ཡམས་ཞི་ཆེད་ཐའེ་ཝན་དུ་བརྒྱུད་པ་གསུམ་གྱི་དགེ་འདུན་པས་སྨན་བླའི་སྟོང་མཆོད་འཚོགས་པ།
Next Post: བོད་ཀྱི་གསོ་རིག་ལ་སྐད་རིགས་གང་ཡིན་ཡང་ངེས་པར་དུ་བོད་ཀྱི་གསོ་རིག་ཅེས་པའི་དོན་བསྒྱུར་གྱི་མིང་གདགས་དགོས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme