Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤོ་བོ་ཀ་གནམ་རྒྱལ་པོའི་གདུང་ལས་ཕེབས་པའི་ལྷའི་སྲས་མོ་རུ་གྲགས་པའི་བུ་མོ་"གཡང་སྐྱིད་མ"།

Posted on 2013-08-29 By ཁ་བརྡ་ 17 Comments on སྤོ་བོ་ཀ་གནམ་རྒྱལ་པོའི་གདུང་ལས་ཕེབས་པའི་ལྷའི་སྲས་མོ་རུ་གྲགས་པའི་བུ་མོ་"གཡང་སྐྱིད་མ"།

རིག་པའི་རལ་གྲིས།

འོ། ཤ་རུས་ཁྲག་རྒྱུན་གཅིག་པའི་སྤུན་ཟླ་མིང་སྲིང་ཡོངས་ལ། ང་ལ་དེ་རིང་བུ་རམ་ལས་མངར་ཞིང་། ཨ་མྲ་ལས་ཞིམ་པ། རྒྱུད་མང་ལས་སྙན་པའི་གཏམ་བཟང་ཞིག་ཞུ་རྒྱུ་ཡོད། དེ་ནི་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེའི་སྐུ་ཡི་ཚ་མོ་བུ་མོ་ཚེ་རིང་”གཡང་སྐྱིད་”མའི་སྐོར་རེད།

༢༠༡༣ ལོར་རྒྱ་ནག་གི་ཆེས་དགའ་ཤོས་ཀྱི་གླུ་གཞས་སྒྱུ་རྩལ་གྱི་འགྲན་རྩོད་ཀྱི་གླུ་གར་སྤྱི་སྟེགས་རྒྱ་ནག་ཧྲང་ཧེ་ལ་རྟེན་གཞི་བྱས་པའི་ཐོག་ནས། བུ་མོ་གཡང་སྐྱིད་མ་རང་གིས། གྲེ་བ་བདེ་མོའི་འགྱུར་ཁུག་ལས་དྲངས་ཤིང་། ཡན་ལག་དྲུག་བཅུའི་དབྱངས་དང་ལྡན་པར་བླངས་པའི་གླུ་དབྱངས་སྙན་མོ་དང། གུས་ཞབས་དང་ནང་དོན་གྱིས་ཕྱུག་པའི་གཏམ་གྱི་དྲི་ལན། ཧ་ཅང་གིས་མཛེས་སྡུག་ལྡན་པའི་བཞིན་རས། ཡིན་ལུགས་ཚུལ་མཐུན་གྱི་བབ་ཆགས་པའི་འཛུམ་མདངས། དཀའ་ངལ་ཆེ་ཕྲ་ཀུན་ཀྱང་ཁོག་ལ་ཤོང་ཐུབ་ཅིང་དགའ་སླ་སྡུག་འགྱོག་གང་ཡང་མེད་པའི་རྣམ་འགྱུར་བཟང་པོ། ཕྲ་ཞིང་རན་པའི་སྐུ་ལུས་ཀྱི་ལྡེམ་འཁྱུག་སོགས་ཕྱོགས་གང་གི་ཐོག་ནས་འཛམ་གླིང་འདིར། ང་ཚོ་མཐོ་སྒང་བོད་ཀྱི་མི་རིགས་ལ་གང་འདྲ་ཞིག་ཡོད་པ་དང་། ལྷག་པར་ང་ཚོའི་མ་སྲུ་མོ་སྨན་རྣམས་ལ་གང་འདྲ་ཞིག་ཡོད་པ་མངོན་གསལ་དོད་པོས་བསྟན་ཅིང་། སྐྱེ་བོ་བྱེ་བ་མང་པོའི་ཁ་ཞེ་གཉིས་མེད་དུ་ལུས་ངག་ཡིད་གསུམ་གྱིས་བསྟོད་བསྔགས་ཆེན་པོ་ཐོབ་ཡོད་པ་འདི་ནི། ངོ་མ་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་སྤོབས་པ་ཆེན་པོ་བྱེད་རྒྱུ་ཡོད་པའི་གོ་སྐབས་ཤིག་རེག་སོང་།

གྲོགས་པོ་ཚོ་བསམ་གཞིག་ནན་པོ་ཞིག་གྱིས་ནས། འགྲན་རྩོད་འདིའི་ཐོག་མཐའ་བར་གསུམ་གྱི་བརྒྱུད་རིམ་ཡོངས་ལ་སྡོམ་ཞིག་རྒྱོབ་དང་། ཐོག་མར་ཡར་འགྲན་རྩོད་འདིར་ཞུགས་པའི་ཉིན་མོ་རུ། འཛམ་གླིང་རྒྱལ་སྤྱི་ལ་ཆེས་སྙན་གྲགས་ཆེ་ཤོས་ཀྱི། ཨ་རིའི་གྲགས་ཅན་གྱི་གཞས་གཏོང་མཁན་གྱི་སྒྱུ་རྩལ་བ། ཉིས་སྟོང་བཅུ་གཅིག་ལོར་ཡིན་པ་ཡོད། ཨ་རིས་ཀྱི་ཆེས་དགའ་ཤོས་ཀྱི་གླུ་གར་བའི་གཟིང་རྟགས་ཐོབ་པའི་གླུ་བ་ཨེ་ཌམ་ལགས་དང་། འཛམ་གླིང་རྒྱལ་སྤྱིའི་གླུ་མའི་རྒྱ་མོ་རུ་གྲགས་པའི་ཀོ་ཀོ་ལིས་དང་། རྒྱ་ནག་ནང་ཁུལ་གྱི་གླུ་མའི་རྒྱལ་མོ་ཧང་ཧང་སོགས་དཔང་པོ་ཟེར་ན་འདྲ། དཔྱད་གདེམས་པ་ལྔས། བུ་མོ་གཡང་སྐྱིད་མས་ཕ་མེས་ཀྱིས་བཞག་པའི་ཆས་གོས་སྐུ་ལུས་ལ་བསྒོས། རོལ་མོ་ཕྱག་དུ་ཁྲོལ་བ་དང་ལྷན། རྨོ་རྨོ་ལགས་ཀྱིས་བསླབས་གནང་བའི་བོད་ཀྱི་དམངས་གཞས་རྙིང་པ་དེ་པི་ཝང་ལས་ཀྱང་སྙན་ཙམ་ཞིག དེ་སྔོན་འགྲན་རྩོད་དེ་འདྲའི་ནང་བྱུང་མྱོང་མེད་པའི་ལུས་ཀྱི་སྟངས་སྟབས་དང་བཅས་བླངས་པ་མཐོང་བའི་ཚེ། མིག་གཉིས་གཡོ་འགུལ་མེད་པར་མོ་ལ་གཟིགས་ཤིང་། གྱང་ལ་རི་མོ་བྲིས་པ་ལྟར་གྱུར་བ་མ་ཟད། ཧ་ཅང་གི་བསྟོད་བསྔགས་ཆེན་པོར་གནང་བ་ནས་བཟུང་། ཟླ་བ་བཞིའི་རིང་འགྲན་རྩོད་པ་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་བརྒྱ་ཕྲག་ལས་བརྒལ་བ་ཡོངས་ལས་ཐེངས་གཅིག་ཙམ་མ་གཏོགས་ཤོར་མྱོང་མེད་པ་མ་ཟད། རྒྱལ་ཁབ་ཕྱི་ནང་དུ་ཡོད་པ་སུས་ཀྱང་མོའི་སྐད་ངག་སྙན་མོ་ཐོས་ཚེ་སྐད་རིགས་གང་འདྲའི་ཐོག་ལ་བླང་ཡོད་མེད་ལ་མ་ལྟོས་པར། སེམས་ནང་ལ་ཞི་བདེ་ཡི་ཚོར་བ་ཞིག་སྤྲད་ཀྱིན་་འདུག་ཟེར་ཁ་སྒོ་གཅིག་ལས་གྲགས་པའི་བདེན་པའི་གཏམ་བཞིན་གྱུར་ནས། ལྷ་མོ་ཞེས་པའི་མཚན་གྱི་ཅོད་པཎ་དེ་ཆེད་དུ་མ་འབད་བར་མོའི་སྤྱི་བོར་བབས།

མཐའ་མའི་འགྲན་རྩོད་ཉིས་སྟོང་བཅུ་གསུམ་གྱི་སྤྱི་ཟླ་བརྒྱད་པའི་ཚེས་ཉེར་ལྔའི་དགོངས་མོ་ལྟ་བུར་མཚོན་ནའང། ཁ་བའི་སྲས་མོ་གཡང་སྐྱིད་མ་རང་ཉིད་ཀྱིས་བརྩམས་གནང་མཛད་པའི་ཚིག་དང་དབྱངས་ཕུན་སུམ་ཚོགས་པ། དཔེར་ན། “སད་པར་གྱིས” ནམ་འགྱོགས་པོར་ལངས་རན། ལམ་ལ་ཆས། ལམ་ཐག་རིང་། མཛའ་བརྩེའི་མི། ཁྱོད་སྐྲག་སྣང་མ་བྱེད། མུན་པ་ནི་འོད་ཟེར་འཆར་ཀའི་སྔ་རོལ་ཙམ་རེད། འོད་སྣང་ཞེས་དང་། གུ་རུ་རིན་པོ་ཆེའི་གསོལ་འདེབས་དང་། གཞན་ཡང་མ་ཎི་པད་མེ་དང་། ཏ་རེ་ཏུ་རེ་སོགས་དང་། ལྷ་ས་ཞེས་པའི་སྙན་འཇེབས་ལྡན་པའི་གསར་གཞས་རྐྱང་རྐྱང་གིས་འགྲན་རྩོད་པ་ཡོངས་ལས་རྣམ་པར་རྒྱལ་བ་འཛམ་གླིང་སྐྱེ་བོ་ཡོངས་ཀྱི་སྤྱན་ལམ་དུ། ཕར་བལྟས་ཚུར་གསལ། ཟུར་བལྟས་ལེབ་མཐོང་དུ་གྱུར་ནའང་། མོ་རང་གི་དད་པ་དང་དམ་ཚིག་བརྟན་པོ་ལ་གཡོ་འགུལ་མེད་པའི་ཉེར་ལེན་གྱིས། གོ་སྒྲིགས་པའི་ངོས་ནས། བརྗོད་མི་ནུས་པའི་གསང་བའི་གཏམ་རྒྱུད་ཞིག་འཁྲབ་ནས་གཟིང་རྟགས་དེ། རྒྱ་རིགས་བུ་ཆུང་ཐེངས་གསུམ་བཞིར་ཤོར་མྱོང་བའི་ལོའུ་ཤང་ཤང་ལ་སྤྲད་ཅིང་གཡང་སྐྱིད་མ་ལ་ཨང་གཉིས་པའི་བྱ་དགའ་མ་གཏོགས་མ་རེག་པ་འདིས་ནི།
བུ་མོ་གཡང་སྐྱིད་མས། གཞན་བཀའ་མ་ཆོག་ནས་བཏང་དགོས་ཐུག་པའི་དམར་པོའི་ཐིག་ལེ་དེ་གཏན་ནས་བསུབ་བཏང་བ་མ་ཟད། མོ་ཡི་རིགས་ཞེན་ཟབ་མོ་དང་། ཆོས་དད་ཆེ་བའི་ནོར་བུའི་རྒྱན་ཆ་གང་དང་གང་འདྲ་ཞིག་བཏགས་ཡོད་མེད་གསལ་བཤད་བྱས་ཡོད་རེད་ལ། མོའི་རྒྱན་ཆ་དང་མོ་ཡི་རིན་ཐང་དེ་བླ་ནས་བླ་རུ་མཐོ་བར་བྱས་ཡོད་པ་འདིས། བུ་མོ་རང་གི་མི་རབས་མི་བརྒྱུད་ལ་མཚོན་ན། གྱིག་ལས་བཟོས་པའི་མཐའ་མའི་གཟིངས་རྟགས་དེ་བུ་མོ་གཡང་སྐྱིད་མའི་ཕྱག་ལ་སོན་པ་ལས་ཀྱང་། གཟི་བརྗིད་དང་རིན་ཐང་ཆེ་བའི་དོན་གྱི་གཟིང་རྟགས། ཕ་མེས་ཀྱི་དགོངས་པ་རྫོགས་ནུས་ངེས། དེབ་ཐེར་ལ་འཁོད་ཆོག་པའི་ཕྱག་རྟགས་བཟང་པོ་དེ་མོའི་ཕྱག་ཙམ་དུ་མ་ཟད་སྙིང་དཀྱིལ་དུ་སོན་ཡོད་པ་དང་། ལོ་རྒྱུས་དེ་ནི་ཇི་སྲིད་བོད་ཀྱི་ལོ་རྒྱས་སྨྲ་བའི་ལྕེ་རྩེ་མ་སྟོང་བར་འཇིག་རྟེན་ཆེན་པོ་འདིར་གནས་པར་འགྱུར་བའི་ངོས་འཛིན་ཞུ་བཞིན་ཡོད། །

སྣ་ཚོགས།

Post navigation

Previous Post: མཁས་དབང་ནམ་མཁའི་ནོར་བུར་མཇལ་བའི་ཟིན་ཐོ།
Next Post: མཐོ་སྒང་གི་ངར་སྒྲ་གོ་ལ་ཧྲིལ་པོར་སྤེལ་མཁན་གཡང་སྐྱིད་མ།

Comments (17) on “སྤོ་བོ་ཀ་གནམ་རྒྱལ་པོའི་གདུང་ལས་ཕེབས་པའི་ལྷའི་སྲས་མོ་རུ་གྲགས་པའི་བུ་མོ་"གཡང་སྐྱིད་མ"།”

  1. སྤོབས་པ་མཐའ་ཡས། says:
    2013-08-30 at 12:02 am

    བུ་མོ་འདིའི་མིང་ངོ་མ་ལ་དབྱངས་གཅེས་མ་ཡིན་པ་འདྲ། པད་བཀོད་བདུད་འཇོམས་སྤྲུལ་སྐུ་ལ་ཀོང་པོ་ན་བུ་ཞིག་མེད། བུ་མོ་ཞིག་ཡོད་པ་དེ་བདེ་ཆེན་གཡུ་སྒྲོན་རེད། དེའི་དགོན་པ་ནི་བླ་མ་གླིང་ཟེར་བ་སྒོའི་གཡས་གཡོན་ན་ཕོ་མཚན་ཆེན་པོ་འགྲེངས་པའི་གཟུགས་ཡོད་ས་དེ་རེད། ང་དེ་ལ་འགྲོ་ཡང་མྱོང་། མཆན་འབྲི་མཁན་གཅིག་གིས་བདུད་འཇོམས་ཀྱི་བུ་ཆུང་བའི་རྒྱུད་པ་རེད་ཟེར། བདུད་འཇོམས་ལ་བོད་ན་བུ་གཅིག་མ་གཏོགས་མེད་བསམ། དེ་ནི་ས་སྐྱའི་བླ་མ་མདོ་ལ་འཇིགས་མེད་ལགས་རེད། དེང་སང་གི་བདུད་འཇོམས་སྤྲུལ་སྐུ་སྐུ་གཞོན་གཅིག་དེ་ཚང་ལ་འཁྲུངས་པ་རེད། ཁོང་ཡང་ཀོང་པོ་ལ་མི་བཞུགས། སྐུ་ཟླ་སྔོན་མའི་སྲས་ཆུང་ན་རྡོ་རྗེ་དཔལ་བཟང་ལགས་རྒྱ་ནག་ལ་སློབ་གྲར་ཕེབས་པ་དེ་སྟབས་མ་ལེགས་པར་རིག་གསར་སྐབས་ཡས་མས་ཤིག་ལ་བཀྲོངས་པ་རེད། བུ་ཆུང་བ་གཞན་ཕན་ནོར་བུ་ཟེར་བ་ཡིན་ན་ཨ་རི་སོགས་ཕྱི་རྒྱལ་བཞུགས་པ་རེད། བོད་ནང་ལ་འབྲེལ་བ་ཆེར་མེད་མཁན་ཞིག་རེད། ཁྱེད་རྣམ་པས་གསལ་པོ་ཞིག་བཟོ་རོགས། ངས་ངོ་མ་བུ་མོ་འདི་སུ་ཡིན་ཤེས་འདོད་འདུག

  2. རོང་བཙན། says:
    2013-08-30 at 12:05 am

    འོ་དེ་རེད། བཞིན་བཟང་མ་དེར་སྟོད་རིན་ཆོག། སྟོད་ན་འདི་འདྲ་སྟོད་དགོས།

  3. རོང་བཙན། says:
    2013-08-30 at 12:15 am

    ད་དུང་ཅིག་བརྗེད་འདུག། མཐའ་མའི་འགྲན་བསྡུར་སྐབས་ཀྱི་དྲ་ཐག་་ཆ་ཚང་བའི་ཁ་བྱང་ཡོད་ན་དྲ་ཐོག་འདི་ལ་བཀོད་རོགས།

  4. ཐོ་རེངས་སྐར་ཆེན says:
    2013-08-30 at 12:47 am

    བོད་པ་ཚོ་དངོས་གནས་རི་བོང་ཅལ་འགྲོག་གི་རང་བཞིན་ལས་མི་འདུག་ཡ

  5. ཀརྡོ་གཉེར་ཕྱག་པ་ says:
    2013-08-30 at 2:00 am

    ་་་་ རྒྱུད་མང་ལས་སྙན་པའི་གཏམ་བཟང་ཞིག་ཞུ་རྒྱུ་ཡོད། དེ་ནི་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རིན་པོ་ཆེའི་སྐུ་ཡི་ཚ་མོ་བུ་མོ་ཚེ་རིང་”གཡང་སྐྱིད་”མའི་སྐོར་རེད། ་་་་ཟེར།

  6. གནམ says:
    2013-08-30 at 2:07 am

    སྐྱབས་རྗེ་ཁོང་གིས་བོད་བདུད་འཇོམས་རེད་དམ། རྒྱ་བདུད། ཕྱི་བདུད། གང་ནས་འཇོམས་པ་རེད། ཇི་ལྟར་འཇོམས་པ་རེད། གཟུགས་མེད་འཇོམས་པ་རེད་དམ། གཟུགས་ཅན་འཇོམས་པ་རེད།
    དྲིས་བ་འདི་ཀརྡོ་དགའ་བོ་ལ་ཡིན།
    སྐྱོབས་མེད་འཇོམས་ཅན་ལ་དག་ཙམ་ཞེད་སྣང་འདུག། ཧ་ཧ།

  7. དགའ་སྐུ་ says:
    2013-08-30 at 3:19 am

    རིག་པའི་རལ་གྲི་ལགས་ཀྱིས་བསྟོད་པར་འོས་པ་ལ་བསྟོད་པ་ནོར་མ་སོང་། དོན་མེད་ཀྱི་བསྟོད་པ་ཙམ་མིན་པར་ངོ་མ་བསྟོད་ཡུལ་རང་རེད། སུ་ཚང་ཡིན་ན་ཡིན་་མོའི་ཞལ་ནས་་དུས་གསུམ་སངས་རྒྱས་དང་ཏ་རེའི་གཟུངས་སྔགས་སོགས་འཛམ་གླིང་མི་ས་ཡ་མང་པོའི་སྙན་ལམ་དུ་སྒྲོགས་ནས་ཐོས་གྲོལ་གྱི་བྱིན་རླབས་འཇུག་སོང་བསམ་་

  8. ཀརྡོ་གཉེར་ཕྱག་པ་ says:
    2013-08-30 at 7:25 am

    ་་་་ དྲིས་བ་འདི་ཀརྡོ་དགའ་བོ་ལ་ཡིན། ་་་་ཞེས་སོགས་ཀྱི་དོན་ཧ་གོ་མ་སོང་བས། གསལ་བཤད་ཅིག་བྱུང་ན། ལན་འདྲ་ཡོད་ན། འབུལ་ཆོག་པ་མཁྱེན།

  9. རིག་པའི་རལ་གྲི says:
    2013-08-30 at 7:31 am

    སྤོབས་པ་མཐའ་ཡས་ཞེས་པས་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་རིགས་རུས་ནང་མིར་གསལ་ཁ་ཨོ་ཙམ་ཡོད་ཁུལ་འདུག་ནའང་། སྲས་ཆུང་བ་རིགས་གནས་གསར་རྗེའི་སྐབས་སུ་གཤེགས་པ་ལ་སྲས་མོ་ཡོད་མེད་སྐོར་ནག་ཁུང་ཆགས་སོང་འདུག མདོ་བླ་འགྱུར་མེད་ཀྱི་སྐུ་ཚ་མའི་སྲས་མོ་རེད་འདུག

  10. གནམ says:
    2013-08-30 at 7:35 am

    རྟ་དགའ་བོ།
    རྟ་བཟང་བོ།
    མྱི་དགའ་བོ།
    མྱི་བཟང་བོ།

    དགའ་བོ།
    ཡག་པོ
    བཟང་བོ།
    པ་རྐྱང་མ་བྲིས་ན་གོ་བ་མི་ལོན་པ་དེ་ཅི་རེད། རིག་པ་སྤྱང་དྲག་རེད་པེ། ཨུ་ཚུགས་ཆེ་དྲག་རེད། ཨ་ཀརྡོ། ཧ་ཧ།

  11. དྲན་དཀར་དཔལ་ཡོན་ says:
    2013-08-30 at 8:04 am

    མི་གསོན་པོས་བཀོད་པ་ནས་མཐོང་སོང་། ད་དེ་འདྲ་རེད། བོད་ཀྱི་གནས་བབ་ངོས་ནས་བཤད་ན་ངུ་འབོད་ཀྱི་དུས་རབས་རེད། འདི་འདྲའི་རིགས་ལ་རྒྱ་ནག་གི་དྲང་མོ་མ་བྱས་པ་ནི་ཀྲོང་གོའི་ལྐུགས་རྟགས་རེད་བསམ།

  12. རིག་པའི་རལ་གྲི says:
    2013-08-30 at 8:22 am

    http://v.youku.com/v_show/id_XNjAwODM1NDUy.html གཡང་སྐྱིད་མ་ལ་ཧང་ཧང་གིས་བསྟོད་དྲགས་ངུ་ཤོར་ས་གཟིགས་འདོད་ན་འདིར་འདུག་གོ

  13. ཀརྡོ་གཉེར་ཕྱག་པ་ says:
    2013-08-30 at 10:08 am

    གཡང་སྐྱིད་མ། ཞེས་རྒྱབ་སྐྱོར་པས་བོད་ཡིག་ཐོག་ལ་བྲིས་པ་ཞིག་མཐོང་རྒྱུ་འདུག་པས་་་་་་ རང་མིང་ཚེ་རི་གཡང་སྐྱིད་ཡིན་སྲིད་ཀྱང། མོས་ང་གཡང་སྐྱིད་མ་ཡིན་ཞེས་ཟེར་བཞིན་ཡོད་པ་འདྲ།

  14. ཀརྡོ་གཉེར་ཕྱག་པ་ says:
    2013-08-30 at 10:12 am

    ང་རྟ་ལ་དགའ་པོ་ཡོད།
    འདི་རྟ་བཟང་པོ་ཅིག་རེད།
    ང་མི་ལ་དགའ་པོ་ཡོད།
    གནམ་མི་བཟང་པོ་ཅིག་རེད།

    དགའ་པོ་ཡོད། དགའ་པོ་མེད།
    ཡག་པོ་འདུག ཡག་པོ་མི་འདུག
    ཁོ་མི་བཟང་པོ་རེད་། ཁོ་མི་བཟང་པོ་མ་རེད་། ལྟ་བུའོ།། །།

  15. Tsering says:
    2013-08-30 at 11:59 am

    རིག་པའི་རལ་གྲི་ནས་དངོས་གནས་ཞིབ་ཚག་པའ་སྒོ་ནས་འགྲེལ་བཤད་རྒྱབ་ཀྱང་ སྤོབས་པ་མཐའ་ཡས་ནི་ད་དུང་འདོད་བློ་འཁེང་མི་འདུག་ དངོས་གནས་སྤོབས་པ་མཐའ་ཡས་འདི་ཡི་ཨུ་ཚུག་ལ།

  16. ཀརྡོ་གཉེར་ཕྱག་པ་ says:
    2013-09-02 at 2:17 am

    དེང་དུས་བོད་ཀྱི་གཞས་མ་གྲགས་ཅན་གཡང་སྐྱིད་མ་ལགས་ཀྱི་ཡབ་ཀྱི་མཚན་ལ་རྟ་ཆུང་རེད། ཟེར། ཡུམ་ནི་བོད་པའི་སྨན་པ་ཅིག་རེད་ཟེར། ཀོང་པོ་དང་ལྷ་སའི་སློབ་གྲྭར་ཕྱིན་ནས། མཐར་པེ་ཅིང་མཐོ་སློབ་ཏུ་སློབ་མཐོན་ཟིན་པ་རེད་ཟེར་འདུག་གོ། །།

  17. རིག་པའི་ཁྱེའུ་། says:
    2013-09-03 at 8:30 am

    བདུད་འཇོམས་རིན་པོ་ཆེ་ལ་བོད་ལ་སྲས་པོ་སྲས་མོ་བཞི་ཡོད་རེད་མདོ་འཇིག་མེད་ སྲས་མོ་བདེ་ཆེན་། སྲས་མོ་པདྨ་ལ་སྲས་པོ་ལྔ་ཡོད་རེད་་སྐྱེ་སྐུ་མདོ་ལ་བཞུགས། ཡུམ་རྨོ་དཀར་ལ་སྲས་འཇིག་མེད་ཡོད། ་གོ་འཇོ་ལ་བཞུག རྒྱ་གར་ལ་སྲས་འཕྲིན་ལས་ནོར་བུ་། གཞན་ཕན་བཅས་སོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme