Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤེལ་རྗམ་ནང་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་ལས་འགུལ།

Posted on 2012-08-092012-08-09 By ཁ་བརྡ་ 12 Comments on སྤེལ་རྗམ་ནང་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་ལས་འགུལ།

གནས་ཚུལ་མཁོ་གཏོང་བ་ས་དཀར་བཀྲ་ཤིས།

ཕྱི་ཟླ་༨པའི་ཚེས་༨ཉིན་གྱི་དགོང་དྲོ་ཆུ་ཚོད་༥ པའི་སྟེང་། སྤར་སིལ་བོད་ཀྱི་དོན་གཅོད་ཁང་གི་གོ་སྒྲིག་དང་། སྤེལ་རྗམ་བོད་རིགས་ཚོགས་པའི་གཙོ་འགན་ཁུར་བའི་འོག ས་གནས་གཞོན་ནུ་དང་། ས་གནས་ཆུ་སྒང་། སྤེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་ཁང་བཅས་མཉམ་རུབ་ཀྱིས་བཀའ་ཁྲི་བློ་བཟང་སེང་གེ་ཡིས་༸གོང་ས་མཆོག་གི་སྐུ་མདུན་ནས་ལས་ཁུར་དམ་འབུལ་ཞུས་ཏེ་ལོ་འཁོར་གཅིག་ཧྲིལ་བོ་འཁོར་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཉིན་མོ་སྲུང་བརྩི་དང་། ལྷག་པར་ཏུ་རང་ལུས་མེ་རུ་སྒྲོན་པའི་དཔའ་བོ་དཔའ་མོ་ཚོ་གཙོས་སྡུག་སྦྱོང་མནར་གཅོད་མྱངས་དང་མྱོང་བཞིན་པའི་གཞིས་ལུས་བོད་མི་ཚོའི་ཆེད་དུ་གདུང་སེམས་མཉམ་སྐྱེད་ཀྱི་མར་མེ་ལས་འགུལ་ཞིག་སྤེལ་རྗམ་བོད་རིགས་འདུས་སྡོད་ཆེ་ཤོས་ཀྱི་གྲོང་ཁྱེར་ཨན་ཁྲིར་ཝར་ཕན་ཏུ་སྤེལ་ཡོད་ལ། ཐོག་མར་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ལྷག་རྒྱལ་ཁང་རི་མོའི་སྒྱུ་རྩལ་འགྲེམས་སྟོན་ཁང་Koninklijk Museum Voor Schone Kunstenགི་མདུན་ཐང་དུ་འདུ་འཛོམས་ཀྱིས་ཆུ་ཚོད་གཅིག་རིང་བདེན་ཚིགས་སྨོན་ལམ་གྱེར་ཏེ་ཞི་བའི་ངང་Groenplaats ཕྱོགས་སུ་གོམ་བགྲོད་ཀྱིས་བསྐྱོད་པ་དང་། གོམ་བགྲོད་སྐབས་ལས་འགུལ་དང་འབྲེལ་བའི་ཡིག་ཆ་ཨིན་ཡིག་དང་ནེ་ལྡར་ལན་ཊིའི་སྐད་ནང་བཀོད་ཡོད་པ་གཅིག་སྟོང་ཙམ་མི་མང་ལ་བགྲམས། Groenplaats ས་གནས་སུ་ཡོད་པའི་ཡེ་ཤུ་ལྷ་ཁང་མདུན་ཐང་དུ་འབྱོར་རྗེས་རང་ལུས་མེར་བསྲེགས་པའི་རྒྱལ་གཅེས་བ་ཚོའི་སྐུ་པར་མདུན་དུ་མཆོད་མེ་ཞལ་ཕྱེ་གནང་བ་དང་མྱ་ངན་གུས་འདུན་གྱི་ངག་བཅད་ཞུས། དོན་གཅོད་ལས་བྱེད་ཀརྨ་ཆོས་དབྱིངས་ལགས་ཀྱིས་མཛད་རིམ་ངོ་སྤྲོད་གནང་བ་ལྟར། སྤེལ་རྗམ་བོད་རིགས་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་འཕེལ་རྒྱས་ལགས་དང་ས་གནས་གཞོན་ནུའི་ཚོགས་གཙོ་ངག་དབང་བསྟན་པ་གཉིས་ཀྱིས་མི་མང་ལ་གཏམ་བཤད་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ལ་བསམ་གཞིགས་ཀྱིས་བོད་མི་ཚོ་ལས་འགུལ་སྤེལ་ཏུ་ངེས་བར་ཡོང་དགོས་བ་དང་། འཆར་ཟླའི་ནང་བདེན་པའི་མེ་ལྩེ་ལས་འགུལ་གྱིས་མཚོན་མ་འོངས་བའི་ལས་འགུལ་རབ་དང་རིམ་པར་མི་མང་གིས་རྒྱབ་སྐྱོར་དང་འཛུལ་ཞུགས་གནང་དགོས་བའི་རེ་སྐུལ་གནང་། སྦར་སིལ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ཡིས་བཀའ་ཤག་སྐབས་༡༤ པའི་ལས་དོན་ཁག་ངོ་སྤྲོད་སྐབས་བཀའ་ཤག་གསར་བའི་བོད་དོན་དྲིལ་བསྒྲགས་དང་། ལས་བྱེད་གནས་སྤོ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ཡར་རྒྱས་གཏོང་བ་སོགས་ལས་གཞི་ཁག་མི་མང་ལ་གསལ་བཤད་དང་སྤྲགས། ཕྱི་རྒྱལ་ལུང་བར་གནས་བའི་བོད་མི་ཚོས་རང་དོན་ལྟོ་གོས་ཁོ་ནའི་ནང་མ་ཟགས་པར་བོད་ནང་གི་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་རྒྱལ་གཅེས་དཔའ་བོ་ཚོའི་འབོད་སྒྲ་འཛམ་གླིང་ལ་སྒྲགས་དགོས་བ་དང་། ཁོ་ཚོའི་ཆེད་དུ་སྨོན་ལམ་གསུངས་དགོས་རྒྱུ་གལ་ཆེན་ཡིན་པ་ཅེས་བརྗོད། དེའི་རྗེས་སྤེལ་རྗམ་བོད་ཀྱི་ཆོས་རིག་འཛིན་སྐྱོང་གི་སློབ་མ་རྣམས་ཀྱིས་རྒྱལ་གཅེས་གླུ་དབྱངས་འབུལ་ལམ་ཞུས་རྗེས་ཆུ་ཚོད་གཉིས་རིང་སྨོན་ལམ་གསུང་འདོན་གྱིས་བཞུགས་པ་དང་། མཐར་སྤེལ་རྗམ་བོད་རིགས་ཚོགས་པའི་དྲུང་ཆེ་ལྷག་པ་ཚེ་རིང་ལགས་ཀྱིས་ཐུགས་རྗེ་ཆེ་གསུང་བཤད་དང་སྤྲགས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་སྟེ་ལས་འགུལ་མཇུག་སྒྲིལ།

གསར་འགྱུར།

Post navigation

Previous Post: དུས་གསུམ་གྱི་རྣམ་བཞག་བློ་མུན་སེལ་བའི་འོད་སྣང་ལ་ཞུ་དག་གནང་བའི་སྐབས་ཀྱི་དཔྱད་གཏམ།
Next Post: བལ་ཡུལ་དུ་བཀའ་ཁྲིའི་དུས་དྲན་སྲུང་བརྩི་བཀག་འགོག

Comments (12) on “སྤེལ་རྗམ་ནང་བརྒྱད་པའི་ཚེས་བརྒྱད་ཉིན་གྱི་ལས་འགུལ།”

  1. གནམ says:
    2012-08-09 at 7:21 am

    ཁྱེད་རང་ཚོ་ཁ་བྲོ། བོད་མི་རིགས་ལ་དགོས་བའི་སྐད་འབོད། བོད་མི་ཡོངས་རྫོགས་ག་ས་ག་བ་ནས་འདི་ལྟར་དུས་མཉམ་དུ་གཅིག་ངར་བའི་རེ་འདོད་ཆེ། བོད་མི་ཡོད་ཚད་ཀྱིས་ལག་རྡང་སྤྲད་དེ་རྒྱ་ནག་གཞུང་ཚབ་ཁང་སོ་སོའི་མཐའ་སྐོར་ནས་ཞི་བའི་ངོ་རྒོལ་འདྲ་སྤེལ་ཐུབ་ན་ཅི་མ་རུང་། རྒྱ་ནག་དམགས་མིས་བོད་མིའི་མཐའ་སྐོར་ནས་ཡོད་པའི་ངན་མཚང་ཕྱི་ལ་འདོན་ཐབས་ཞིག་ཆེད་དུ་དེ་ལྟར་བྱས་ན་རྒྱ་དཔོན་ཧམ་པ་ཅན་དེ་ཚོ་རང་བཞིན་གྱིས་འགུལ་འི་རེད། ཁོང་ཚོས་གནད་ཆོག་གི་མ་རེད། ཡག་བཙོག་གང་ལ་འགྱུར་བའི་དབྱེ་བ་མི་ཤེས་ཏེ་གནས་ཚུལ་འདི་ཚབས་ཆེན་རང་བཞིན་ཅན་ཞིག་ཡིན་པའི་གསལ་བརྡ་སྤྲོད་ཐུབ། ཅི་ལྟར་ཚབས་ཆེན་རང་བཞིན་དུ་འགྲོ་ཐུབ་ན་དེ་ལྟར་ང་ཚོའི་བོད་མི་ཚེ་མཆོད་པ་ཚོའི་རེ་འདུན་དང་བོད་མིའི་བདེན་དཔང་གི་ཐབས་རྩོད་འདི་ཐབས་རྩོད་ངོ་མ་ཞིག་ཡིན་པས་སེམས་ཤུགས་བོད་མི་ཡོངས་ལ་རྒྱས་ཐུབ།

  2. ཇ་མ་ says:
    2012-08-09 at 8:43 am

    ཡོ་རོབ་ནང་གི་བོད་མི་ཚོ་རླབས་ཆེན་རེད། བཀའ་བློན་བློ་བཟང་སེངྒེ་ཁྲི་ལོར་བརྟན་པར་ཤོག མ་འོངས་པའི་བྱ་བཞག་རྣམས་དབྱར་མཚོ་རྒྱས་པ་བཞིན་འཕེལ་གྱུར་ཅིག

  3. ཁྱབ་འཇུག says:
    2012-08-09 at 9:26 am

    རྒྱ་ནག་གི་སྐྱག་རྫུན་གྱིས་ཀྱང་སྐབས་རེར་འཛམ་གླིང་མགོ་འཐོམས་སུ་འཇུག་ཐུབ་ན་བོད་མའི་དྲང་བདེན་གྱིས་འཛམ་གླིང་སད་དུ་ཅིའི་འཇུག་མི་སྲིད་དམ། ད་བར་ཆེས་གཙོ་བ་ནི་ཁྱབ་བསྒྲགས་རང་རེད། མུ་མཐུད་དུ་ཤུཊ་རྒྱོབ།

  4. དགེ་བསྙེན་རྡོ་རྗེ་ says:
    2012-08-09 at 11:03 am

    གཞིས་བཞུགས་བོད་མི་མང་ཚོགས་གཅིག །
    རྒྱ་བལ་འབྲུག་སྡོད་བོད་རིགས་གཉིས། །
    ཕྱི་སྡོད་བོད་རིགས་ཡོངས་སྡོམ་གསུམ། །
    ཡར་རྒྱས་ལས་འགུལ་འགྲན་ཟླ་དགོས། །

  5. གངས་ལྗོངས་རྒྱལ་སྲས says:
    2012-08-09 at 11:17 am

    བརྒྱད་པའི་ཚེས་བརྒྱད་ལ་ལས་འགུལ་སྤེལ་བ་འདི་ངོ་མ་ཡག་པོ་འདུག་ལས་འགུལ་བ་རྣམས་ལ་སྙིང་ནས་རྗེས་སུ་ཡིད་རིང་ཞུ་བོད་མིའི་བདེན་མཐའ་མྱུར་དུ་སེལ་བར་ཤོག བོད་རྒྱལ་ལོ བོད་རྒྱལ་ལོ བོད་རྒྱལ་ལོ།

  6. རྣ་བ་བརྒྱདཔ་ says:
    2012-08-09 at 12:17 pm

    འདས་དོན་བདེན་པའི་དོན་ལ་འཐབ་རྩོད་གཅིག། མི་རིགས་མཐུན་བསྒྲུབ་ཅན་གྱི་ལས་མགུལ་གཉིས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཤེས་ཡོན་ལྷག་བསམ་ཅན་གྱི་དབུ་ཁྲིད་གསུམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གང་བསམ་ལྷུན་གྱིས་འགྲུབ་པའི་བརྟེན་འབྲེལ་ཡིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འཇམ་དཔལ་རོལ་བའི་བློ་གྲོས་གྱི་ཞལ་ནས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ངས་མི་ནུས་མ་བསམ་དལ་འབྱོར་གྱི་ལས་རྟེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དོན་མི་ཤེས་མ་བསམ་སྨྲ་ཤེས་དང་དོན་གོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེས་ཅི་བྱེད་མ་བསམ་ཚེ་རབ་གྱི་གཏན་མདུན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དོན་དེ་ལྟར་གྱིས་དང་རིམ་བཞིན་དུ་ཤེས་ཡོང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་གསུངས་བ་ལྟར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ངེས་མི་ནུས་མ་བསམ་མི་རིགས་གྱི་ཐོབ་ཐང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐབས་མི་ཤེས་མ་བསམ་དབུ་མ་ཡི་ཐབས་ལམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེས་ཅི་བྱེད་མ་བསམ་ཞི་བདེ་ཡི་དཔལ་ཡོན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བློ་ཞིམ་པ་མེད་ན་རིམ་བཞིན་དུ་འཐོབ་ཡོང།

  7. རྣ་བ་བརྒྱདཔ་ says:
    2012-08-09 at 12:21 pm

    འདས་དོན་བདེན་པའི་དོན་ལ་འཐབ་རྩོད་གཅིག།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མི་རིགས་མཐུན་བསྒྲུབ་ཅན་གྱི་ལས་མགུལ་གཉིས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཤེས་ཡོན་ལྷག་བསམ་ཅན་གྱི་དབུ་ཁྲིད་གསུམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་གང་བསམ་ལྷུན་གྱིས་འགྲུབ་པའི་བརྟེན་འབྲེལ་ཡིན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་འཇམ་དཔལ་རོལ་བའི་བློ་གྲོས་གྱི་ཞལ་ནས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ངས་མི་ནུས་མ་བསམ་དལ་འབྱོར་གྱི་ལས་རྟེན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དོན་མི་ཤེས་མ་བསམ་སྨྲ་ཤེས་དང་དོན་གོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེས་ཅི་བྱེད་མ་བསམ་ཚེ་རབ་གྱི་གཏན་མདུན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དོན་དེ་ལྟར་གྱིས་དང་རིམ་བཞིན་དུ་ཤེས་ཡོང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཞེས་གསུངས་བ་ལྟར།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ངེས་མི་ནུས་མ་བསམ་མི་རིགས་གྱི་ཐོབ་ཐང།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ཐབས་མི་ཤེས་མ་བསམ་དབུ་མ་ཡི་ཐབས་ལམ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དེས་ཅི་བྱེད་མ་བསམ་ཞི་བདེ་ཡི་དཔལ་ཡོན།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བློ་ཞིམ་པ་མེད་ན་རིམ་བཞིན་དུ་འཐོབ་ཡོང།

  8. མིག་བརྒྱད་པ། says:
    2012-08-09 at 10:31 pm

    ད་བར་དུ་སྤེལ་རྗམ་བོད་རིགས་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་། བོད་ཀྱི་རྩ་དོན་ལ་ཤུགས་གནོན་བརྒྱབ་པར་བསྔགས་བརྗོད་ཞུ་འོས་པ་དང་། སླད་ཕྱིན་ཡང་འཛམ་གླིང་གང་སར་རང་ཉིད་བོད་པ་ཞིག་ཡིན་པའི་ངོ་གདོང་བསྟན་དགོས་པ་དེ་གལ་ཆེན་པོ་རེད།

  9. གསང་གྲོལ། says:
    2012-08-10 at 3:12 am

    གསར་འགྱུར་འདི་ངས་ཁ་ཉིན་གསར་འགོད་བརྒྱུད་ལམ་ཁག་ཅིག་ལ་དུས་མཉམ་དུ་བཏང་བ་ཡིན་མོད། ཁ་བརྡ་ཚང་ལས་གཞན་བདག་སྤྲོད་བྱེད་མཁན་མི་འདུག སོ་སོར་མཚོན་ན་ལས་ཀར་དགོངས་པ་ཞུས་ཏེ་ཆུ་ཚོད་གཅིག་དང་ཕྱེད་ཀའི་གཞུང་ལམ་ཤོག་སྐྱ་ལྟེབ་ལྟེབ་བྱེད་ནས་ལས་འགུལ་གྱི་ཡུལ་དངོས་ལ་ཕྱིན། ཕྱིར་ཡོང་ནས་གསར་འགྱུར་འདི་འབྲི་ཁུལ་བྱས་ཏེ་བཏང་བ་ཡིན་ལ་སྔོན་མ་ང་ལ་འདི་གའི་ཤེས་ལྡན་པ་ཞིག་གིས་ཁྱེད་ཀྱིས་འདི་གའི་གསར་འགྱུར་གཏོང་མ་གཏོང་ཡོད་མ་རེད། བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་གིས་བདག་སྤྲོད་བྱེད་ནི་མ་རེད་ཅེས་བརྗོད་སོང་མོད་ང་རང་དེ་འདྲ་ཡིད་ཆེས་མ་སོང་། ཡིན་ནའང་ད་བལྟས་ཡོང་ན་ངོ་མ་རེད་འདུག གསར་འགྱུར་བྲིས་ནས་སྒོ་ཁར་བསྐྱལ་ན་ནང་ལ་མི་ལེན་པ་འདི་ཧ་ལས་བའི་ཐབས་རྡུགས་རེད་ལ་བློ་ཕམ་གྱི་རང་བཞིན་རེད། ལྷག་པར་ཕྱི་རྒྱལ་བོད་ཚོགས་ཁག་གི་ལས་འགུལ་དང་འབྲེལ་བའི་གསར་འགྱུར་རིགས་ལ་ནམ་ཡང་སྣང་མེད་དང་བདག་སྤྲོད་མི་བྱེད་དོན་ཅི་ཡིན་ནམ། ད་ཕྱི་རྒྱལ་བོད་རིགས་ཚོགས་པ་རྣམས་མཉམ་འབྲེལ་གྱིས་བོད་པའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ངོ་རྒོལ་གྱི་བསྒྲགས་གཏམ་སྤེལ་བའི་དུས་ལ་བབས་འདུག དོན་གནད་འདི་བོད་ཚོགས་མཉམ་འབྲེལ་ཚོགས་ཆེན་སྟེང་བགྲོ་གླེང་ཏན་ཏན་བྱེད་ཀྱི་ཡིན།

  10. ཨ་རོགས་ཁམས་པ says:
    2012-08-10 at 3:48 am

    གསང་གྲོལ་ལགས་ནས་གསུངས་པ་དངོས་བདེན་རེད། བོད་དོན་དང་འབྲེལ་བའི་ལས་འགུལ་ཆེ་ཕྲའི་རིགས་གང་ཡིན་བོད་རང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་དམིགས་བསལ་གྱིས་དོ་སྣང་བརྒྱུད་སྒྲོགས་གནང་དགོས་པ་གལ་ཆེན་རེད་དེ་འོས་འགན་ཡང་རེད། མཚམས་མཚམས་སུ་གུས་པས་ཀྱང་བོད་དོན་གྱི་གསར་གནས་རེ་གཏོང་ཁུལ་ཞུས་ཀྱང་དང་ལེན་གནང་གི་མི་འདུག

  11. ཨ་རོགས་ཁམས་པ says:
    2012-08-10 at 3:48 am

    གསང་གྲོལ་ལགས་ནས་གསུངས་པ་དངོས་བདེན་རེད། བོད་དོན་དང་འབྲེལ་བའི་ལས་འགུལ་ཆེ་ཕྲའི་རིགས་གང་ཡིན་བོད་རང་གི་གསར་འགྱུར་བརྒྱུད་ལམ་ཁག་ནས་དམིགས་བསལ་གྱིས་དོ་སྣང་བརྒྱུད་སྒྲོགས་གནང་དགོས་པ་གལ་ཆེན་རེད་དེ་འོས་འགན་ཡང་རེད། མཚམས་མཚམས་སུ་གུས་པས་ཀྱང་བོད་དོན་གྱི་གསར་གནས་རེ་གཏོང་ཁུལ་ཞུས་ཀྱང་དང་ལེན་གནང་གི་མི་འདུག

  12. ཇ་མ་ says:
    2012-08-10 at 9:11 am

    ཡུམ་དུམ་པ་མི་ངར་གི་ན། རང་བ་དག་དག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme