Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤེལ་ནོར་དང་དོན་དངོས།

Posted on 2017-09-212017-09-21 By ཁ་བརྡ་ 1 Comment on སྤེལ་ནོར་དང་དོན་དངོས།

བློ་གྲོས་རབ་བརྟན་གྱིས་བསྐྱར་འབྲི་བྱས།
 

གྲོང་ཁྱེར་སྤྱི་ཁྱབ་པ་རེ་ན་ཏོ་དང་གོང་ས་མཆོག

ཉིན་འདི་དག་ལ་གོང་ས་མཆོག་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལིར་མཛད་འཕྲིན་སྐྱོང་བཞིན་ཡོད། ཨ་ཊ་ལིའི་གྲོང་ཁྱེར་མེ་སེ་སུ་ན་ནི་མཛད་འཕྲིན་སྐྱོང་ཡུལ་གཅིག་རེད། གྲོང་ཁྱེར་གྱི་སྤྱི་ཁྱབ་པ་རེ་ན་ཏོས་ཕེབས་བསུ་ཟབ་རྒྱས་གནང་བ་མ་ཟད། གྲོང་ཁྱེར་གྱི་ཆེས་མཐོའི་བཟང་རྟགས་དང་ལྷན་དུ་མེ་ཏོག་ཆུན་པོ་ཞིག་གོང་ས་མཆོག་ལ་ཕུལ། མེ་ཏོག་ཆུན་པོ་དེ་དང་འབྲེལ་ཏེ་གཏམ་བརྒྱུད་སྙན་མོ་ཞིག་གིས་ས་གཞི་སྒུལ་གྱིན་ཡོད།

ད་ནས་ཡར་བརྩིས་པའི་ལོ་ངོ་ཉི་ཤུ་སྔོན་དེ་1996 ལོར་གོང་ས་མཆོག་ས་གནས་དེ་རང་ལ་ཕེབས་པ་རེད། སྐབས་དེར་ད་ལྟའི་གྲོང་ཁྱེར་སྤྱི་ཁྱབ་པ་རེ་ན་ཏོ་ནི་ལོ་ཆུང་ཞིང་མི་དཀྱུས་མ་ཞིག་རེད་དེ། ཁོང་གིས་གོང་ས་མཆོག་མཚན་སྙན་གོ་མྱོངས་བ་མ་ཟད། ཐེངས་གཅིག་མཇལ་ཐུབ་ན་བསམ་པའི་འདུན་པ་ཞིག་ཡོད། གོང་ས་མཆོག་ས་གནས་དེ་རང་ལ་ཕེབས་རྒྱུ་ཡིན་པ་ཤེས་རྗེས། གོ་སྐབས་དེ་ཤོར་དུ་འཇུག་མི་ཉན་པ་དང་། ངེས་པར་དུ་མཇལ་ཐུབ་པ་བྱེད་དགོས་བསམས་ཏེ། མེ་ཏོག་ཆུན་པོ་ཞིག་བསྣམས་ནས་གོང་ས་མཆོག་ཕེབས་སར་བཅར་ཀྱང་། མི་ཚོགས་མང་བ་དང་འཚང་ཁ་ཆེ་བས། གོང་ས་མཆོག་གི་མདུན་དུ་བཅར་ཐུབ་པའི་གོ་སྐབས་ཧ་ཅང་ཉུང་བས། མི་ཚོགས་དཀྱུལ་དུ་མེ་ཏོག་ཆུན་པོ་དེ་བཟུང་ནས་མི་འདུག་རང་འདུག་ཆགས། སེམས་སུ་མཇལ་ཐུབ་ཀྱི་མིན་པའི་བློ་ཕམ་ཞིག་དང་ལྷན་དུ་གོང་ས་མཆོག་ལྡིང་ཆའི་སྟེང་ཕེབས་ཡོང་བར་རྒྱང་ལྟ་བྱས་ནས་བསྡད།

ཅུང་ཙམ་འགོར་རྗེས། གོང་ས་མཆོག་སྐུ་སྲུང་བ་དང་ཞབས་ཞུ་བ་བཅས་མི་བཅུ་སྐོར་ཞིག་དང་མཉམ་ལྡིང་ཆའི་སྟེང་ལ་ཕེབས་སོང་། གོང་ས་མཆོག་ཞལ་རས་འཛུམ་གྱིན་ཕྱག་གཉིས་ཐལ་མོ་སྦྱར་ནས་མི་ཚོགས་ལ་གུས་འདུད་ཡང་ཡང་བྱེད་ཅིང་། ལྡིང་ཆའི་གཡས་གཡོན་དུ་ག་ལེར་ཕེབས་ཤིང་། མི་ཚོགས་ཁྲོད་གཟིགས་ནས་ཕྱག་བརྡ་རེ་ཡང་བྱེད་བཞིན་མཆིས། སྐབས་དེར་གོང་ས་མཆོག་གིས་མི་ཚོགས་ཀྱི་དཀྱིལ་ནས་རེ་ན་ཏོ་ཡིས་མེ་ཏོག་ཆུན་པོ་ཞིག་བཟུང་ནས་ལག་པ་གནམ་ལ་རྐྱོང་བཞིན་པ་མཐོང་སྟེ། ” ཡར་ཤོག ” ཅེས་ཕྱག་གཡབ་མཛད་དེ་རེ་ན་ཏོ་ཚོགས་རྭའི་ལྡིང་ཆའི་སྟེང་དུ་ཡོང་བཅུག་སྟེ། ཕྱག་འཇུ་དང་དབུ་ཐུག འཐབ་འཁྱུད་བཅས་གནང་སྟེ་རེ་ན་ཏོ་རེ་བའི་རྨི་ལམ་མངོན་དུ་གྱུར། རེ་ན་ཏོས་བཟུང་བའི་མེ་ཏོག་ཆུན་པོ་དེ་གོང་ས་མཆོག་ལ་ཕུལ་ཏེ། སྐུ་ཉིད་ཡང་ཡང་ས་གནས་འདིར་ཕེབས་ནས་བཀའ་སློབ་ལམ་སྟོན་ཡོང་བའི་སྐྱབས་འཇུག་ནན་ཏན་ཞུས། གོང་ས་མཆོག་གིས་ཡིན་ད་ཡིན་ཞེས་བཀའ་ལན་དང་བཅས་ཁ་བཏགས་དཀར་གཙང་ཞིག་ཁོའི་རྐེ་ལ་བསྐོན། མི་ཚོགས་ཀྱིས་དགའ་བསུའི་ཐལ་མོ་བརྡབས་སྒྲའི་ཁྲོད་དུ། རེ་ན་ཏོ་མགོ་སྒུལ་སྒུལ་བྱེད་བཞིན་ལྡིང་ཆ་ལས་མར་བབས་ཏེ་མི་ཚོགས་ཀྱི་གྲལ་དུ་བསྡད།

མི་རྣམས་ཀྱིས་རེ་ན་ཏོ་གོང་ས་མཆོག་དང་མཇལ་ཚུལ་དེ་གླེང་གཞི་ཞིག་ཡིན་ཀྱང་། དེ་ལས་ཡ་མཚན་པ་ཞིག་ལ། གསར་འགྱུར་བརྒྱུད་ལམ་ཁག་གིས་རེ་ན་ཏོ་གྲོང་ཁྱེར་མེ་སེ་སུ་ན་ཡི་སྤྱི་ཁྱབ་པར་ནོར་ཏེ། གྲོང་ཁྱེར་སྤྱི་ཁྱབ་པས་གོང་ས་མཆོག་ལ་མེ་ཏོག་ཕུལ་བ། གྲོང་ཁྱེར་དེར་ཆིབས་བསྒྱུར་ཡང་ཡང་ཡོང་བའི་གསོལ་འདེབས་ཞུས་ཚུལ་གང་སར་བསྒྲགས། སྐབས་དེར་མཚོན་ན། གསར་འགྱུར་མཁོ་སྒྲུབ་ཀྱི་མཐུན་རྐྱེན་འཛོམས་པོ་མེད་པས། དེང་སང་ལྟ་བུའི་གསར་འགྱུར་ཞིབ་ཚགས་འགོད་རྒྱུ་ལས་སླ་བོ་ཞིག་མིན་ཚོད་རེད།

རེ་ན་ཏོ་ནི་གྲོང་ཁྱེར་དེའི་སྤྱི་ཁྱབ་པ་ཆགས་ན་བསམ་པ་ཡེ་ནས་མེད་ཀྱང་། མི་མང་དཀྱུས་མའི་འཚོ་བ་རོལ་མཁན་ཞིག་རེད་དེ། ཁོས་ཁོ་རད་གྲོང་ཁྱེར་སྤྱི་ཁྱབ་པར་ནོར་བའི་གསར་འགྱུར་དེ་ཤེས་རྟོགས་བྱུང་བ་དང་མཉམ་དུ་རྟེན་འབྲེལ་ལམ་དགོས་པ་ཞིག་ཡོད་ངེས་པ་དང་། དེ་ནི་གོང་ས་མཆོག་གི་བྱིན་རླབས་སམ་མ་འོངས་ལུང་བསྟན་ལྟ་བུ་ཡིན་ཆོག་པར་བསམས་ཏེ། དེ་ནས་བཟུང་ཁོ་སྤྱི་ཚོགས་ཀྱི་ལས་དོན་འདྲ་མིན་ནང་མཉམ་ཞུགས་དང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ། རྒྱལ་སྤྱིའི་ཆབ་སྲིད་སོགས་ལ་དོ་སྣང་གནང་བར་མ་ཟད། བོད་དོན་དང་གོང་ས་མཆོག་གི་འཇིག་རྟེན་ཡོངས་ཁྱབ་ཀྱི་ལས་འགན་སོགས་ཀྱི་ཐད་ལས་འགུལ་སྤེལ་བ་དང་། ལས་འགུལ་དེ་དག་སྤེལ་དུས་ནམ་ཡིན་ནའང་བོད་རང་དབང་ཞེས་བྲིས་པའི་སྟོད་ཐུང་ཞིག་གྱོན་གྱིན་ཡོད་འདུག

ལོ་མང་སོང་བའི་རྗེས། 2013 ལོར་མི་མང་གིས་སྐུ་ཞབས་རེ་ན་ཏོ་གྲོང་ཁྱེར་མེ་སེ་སུ་ན་ཡི་སྤྱི་ཁྱབ་པར་དངོས་སུ་འདེམས་པ་རེད་ལ། དེ་ནི་1996 ལོར་རེ་ན་ཏོ་གྲོང་ཁྱེར་སྤྱི་ཁྱབ་པར་མིན་ནའང་གསར་ལམ་ཁག་ནས་སྤྱི་ཁྱབ་པར་ནོར་ཏེ་གསར་འགྱུར་སྤེལ་བ་ནས་ལོ་ངོ་17 རྗེས་སུ་དངོས་སུ་གྱུར་བ་རེད། དེ་ནས་2016 ལོར་རེ་ན་ཏོ་ཡང་བསྐྱར་གྲོང་ཁྱེར་སྤྱི་ཁྱབ་པ་འོས་འདེབས་བྱུང་སྟེ། ད་ལྟ་གྲོང་ཁྱེར་སྤྱི་ཁྱབ་པའི་ལས་འགན་སྒྲུབ་མུས་རེད།

ལོ་འགའི་རིང་སྐུ་ཞབས་རེ་ན་ཏོ་ཡི་གྲོང་ཁྱེར་སྤྱི་ཁྱབ་པའི་མཚན་ཐོག་ནས་གོང་ས་མཆོག་ཆིབས་བསྒྱུར་ཡོང་བའི་གསོལ་འདེབས་ཡང་ཡང་ཞུས་ཏེ། ཡང་བསྐྱར་ད་ལོ་སྤྱི་9 ཚེས་17 ཉིན་གོང་ས་མཆོག་གྲོང་ཁྱེར་མེ་སེ་སུ་ནར་ཕེབས་ཅིང་། གྲོང་ཁྱེར་སྤྱི་ཁྱབ་པ་རེ་ན་ཏོ་ཡིས་གནམ་ཐང་ནས་ཕེབས་བསུ་ཟབ་རྒྱས་གནང་བ་མ་ཟད། བོད་རང་དབང་ཞེས་པའི་སྟོད་ཐུང་ཞིག་གྱོན་ཏེ། མི་མང་ཁྲི་སྟོང་འཛོམས་པའི་དབུས་སུ་གོང་ས་མཆོག་གི་ཞི་བདེ་དང་འདྲ་མཉམ། བཟང་སྤྱོད་གོང་སྤེལ་གྱི་མཛད་འཕྲིན་ལ་ཆེ་བསྟོད་བླ་མེད་དང་བཅས་གྲོང་ཁྱེར་གྱི་བཟང་རྟགས་མཐོ་ཤོས་དེ་གོང་ས་མཆོག་ལ་ཕུལ་ཅིང་། དེ་དང་ལྷན་དུ་མེ་ཏོག་ཆུན་པོ་ཞིག་ཀྱང་ཕུལ་བས་མེ་ཏོག་དེས་སྔོན་མའི་གཏམ་བརྒྱུད་ལ་མཐུད་བརྒྱབ་ཡོད། གོང་ས་མཆོག་གིས་ཞལ་འཛུམ་དང་བཅས་བཟང་རྟགས་ཕྱག་ཏུ་བླངས་ཏེ་ཞིབ་གཟིགས་གནང་བ་དང་། མེ་ཏོག་ཆུན་པོ་དེ་ཞབས་ཞུའི་ལག་ཏུ་བཞག་སྟེ། སྤྱི་ཁྱབ་པར་དབུ་ཐུག་དང་འཕྲག་པ་ནས་མནན་ཙམ་གནང་སྟེ། ཐུགས་རྗེ་ཆེ་ཞེས་དབུགས་དབྱུང་གནང་སྟེ་མཉམ་དུ་སྐུ་པར་བསྒྲོན་ཅིང་། མང་ཚོགས་ཀྱི་དགའ་འབོད་དང་ཐལ་མོ་རྡེབ་སྒྲའི་ཁྲོད་དུ་དགའ་དད་སྤྲོ་གསུམ་གྱིས་ཁྱབ་འདུག

ཐེངས་འདིའི་གོང་ས་མཆོག་ཆིབས་བསྒྱུར་དང་གྲོང་ཁྱེར་གྱི་སྤྱི་ཁྱབ་པ་སྐུ་ཞབས་རེ་ན་ཏོ་ཡི་གཏམ་བརྒྱུད་དག་གིས་མི་རྣམས་ཡིད་དབང་འཕྲོག་ཅིང་། ཨི་ཊ་ལི་གྲོང་ཁྱེར་མུ་སེ་སུ་ཡི་བྱུང་རབས་ཁྲོད་ཀྱི་གཏམ་བརྒྱུད་གསོན་ཉམས་ལྡན་པ་ཞིག་ཏུ་འགྱུར་བཞིན་ཡོད།

༼གནས་ཚུལ་འདི་ཨ་རིའི་རླུང་འཕྲིན་ཁང་གི་དྲ་ངོར་སྤེལ་འདུག གནས་ཚུལ་འདི་ཡིད་དབང་འཕྲོག་པ་ཞིག་ཡིན་པས། ཕྲན་ནས་བསྐྱར་བྲིས་བྱས་ཏེ་གསོན་ཉམས་དོད་དུ་བཏང་ཁུལ་ཡིན་ཅིང་། ཡག་བཙོག་གང་དུ་བཏང་ཡོད་མེད་མི་ཚོས་གཟིགས་རྒྱུ། གནས་ཚུལ་དེ་དང་འབྲེལ་པའི་སྐོར་ལ་རྒྱུས་ལོན་མང་ཙམ་བྱས་ཏེ་ཞིབ་ཚགས་སུ་འབྲི་གལ་ཆེ་ནའང་ཁོམ་མ་སོང་། གཅིག་བྱས་ན། རྗེས་མ་ཞིག་ལ་བལྟ་ཆོག༽

ངོ་སྤྲོད།

Post navigation

Previous Post: ཨེ་ཝྃ་རྣལ་འབྱོར་གྱི་བདེན་ཚིག
Next Post: སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་༤ པའི་ཉིན་ ༣ །

Comment (1) on “སྤེལ་ནོར་དང་དོན་དངོས།”

  1. ཀརྡོ་རབ་འབྱམས་པ་ says:
    2017-09-21 at 2:55 am

    ༸གོང་ས་མཆོག་༸སྐུ་ཚེ་ཡུན་བརྟན་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme