Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྤུར་རྒྱལ་བཙན་པོ་མཐའ་མ་གླང་དར་མ་དང་ལྷ་ལུང་དཔལ་གྱི་རྡོ་རྗེ།

Posted on 2015-11-192015-11-19 By ཁ་བརྡ 36 Comments on སྤུར་རྒྱལ་བཙན་པོ་མཐའ་མ་གླང་དར་མ་དང་ལྷ་ལུང་དཔལ་གྱི་རྡོ་རྗེ།

བགྲོ་གླེང་།

Post navigation

Previous Post: ཕྱོགས་རིགས་དང་འཐེན་འཁྱེར་ལ་དགའ་བའི་བོད་པ་ཚང་།
Next Post: ལྷ་སྲས་བསོད་ནམས་ལ་སྐད་ཆ་འདི་ཡོད།

Comments (36) on “སྤུར་རྒྱལ་བཙན་པོ་མཐའ་མ་གླང་དར་མ་དང་ལྷ་ལུང་དཔལ་གྱི་རྡོ་རྗེ།”

  1. ཚ་ཕྲུག་རྒྱལ། says:
    2015-11-19 at 1:30 pm

    ལོ་རྒྱུས་སྨྲ་བའི་ཤེས་ལྡན་པ་ཞིག་གིས་དཔྱད་གླེང་རེད་འདུག། མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་ཡིན་གོ་ཆད་འདུག།

  2. ཞོལ་གཡག་འབྲོང་རྒྱུད། says:
    2015-11-19 at 4:28 pm

    བོད་ཀྱི་ལོ་རྒྱུས་གླེང་ན་འདི་འདྲ་གླེང་དགོས་པ་ལས་ལྷ་སྒྲུང་དང་རྟོགས་སྒྲུང་གི་ཉི་མ་འཁྱོལ་ཐབས་དེ་དྲང་བདེན་མ་རེེད་ལ་ལྷ་ཆོས་རིང་ལུགས་ཀྱི་ལྟོ་ཕོར་འཚོལ་སྟངས་ཙམ་རེད། དེས་ན་སྟོབས་ལགས་ལོ་རྒྱུས་སྨྲ་བ་མིང་དོན་མཚུངས་འདུག།

  3. རྟ་བདུན་དབང་བོ says:
    2015-11-19 at 5:47 pm

    དང་པོ་ཤཀྱ་ཐུབ་པའི་ཆོས་ལུགས་བོད་ལ་དར་དུས་ཆབ་སྲིད་དང་འདྲེས་མེད་ན་ཡག་པོ་ཆག་ཡོད་ཀྱི་རེད། ཆོས་ལུགས་གང་ཞིག་ཡིན་ཀྱང་ཆབ་སྲིད་དང་འདྲེས་པ་ཡིན་དུས་རྣམ་དག་ཅིག་ཡོང་ཐུབ་ཀྱི་མེད་པ་གསལ་པོ་རེད། བོན་བསྟན་བསྣུབས་དགོས་པའི་རྒྱུ་མཚན་ཀྱང་ཆབ་སྲིད་དང་འབྲེལ་བ་རེད། དེ་དུས་རྒྱལ་པོའི་དབུ་བླ་བོན་རྒན་ཁ་ཅིག་ལ་ཆབ་སྲིད་ཀྱི་དབང་ཆ་རྒྱལ་པོ་དང་མཉམ་པ་ཡོད་ས་རེད། རྒྱུ་མཚན་ནི་མི་དམངས་ཀྱིས་བོན་ཆོས་ལ་དད་གུས་ཆེན་པོ་ཡོད་པས་རེད། བློན་པོ་འགས་བོན་རྒན་ཚོའི་ཆབ་སྲིད་ཀྱི་སྐུ་དབང་འཕྲོག་དགོས་ན་བོན་བསྟན་བསྣུབས་རྒྱུ་དེ་གནད་འགག་ཏུ་མཐོང་ནས་ཐབས་ཤེས་གང་ཡོད་ཀྱིས་བོན་བསྟན་བསྣུབས་པ་རེད། ཆོས་ལུགས་གང་ཞིག་སྣུབ་དགོས་ན་དེའི་སྐྱོན་ཆ་ཐར་འདོན་བྱེད་རྒྱུ་དེ་རེད། དེ་དུས་བོན་རྒན་ཚོའང་ཆབ་སྲིད་དང་རྒྱུ་ནོར་ལ་དབུ་འཁོར་ནས་ཕྱྭ་ཁྲལ་དང་འབུལ་བ་བསྡུ་བ་སོགས་བོན་སྤྱོད་དང་འགལ་བའི་ལས་མང་བོ་བྱུང་ཡོད་ས་རེད། བྱ་སྤྱོད་ངན་པ་དེ་དག་ནི་རྨ་ཐོག་ཏུ་ཚ་བཏབ་པ་བཞིན་བློན་པོ་འགས་བསམ་ཐོག་ཏུ་སོང་ནས་དེའི་ཁར་སྒྲོ་བཏགས་མང་བོ་བྱས་ཏེ་བོན་བསྟན་བསྣུབས་པར་ཅུང་ལས་སླ་བོ་ཆག་པ་རེད་སྙམ། །

  4. ཐོ་བ། says:
    2015-11-19 at 9:44 pm

    ཤེས་རྒྱ་ཅི་ཡང་མེད་པའི་ཡོད་སྣང་ཅན་པོ།

  5. ཀརྡོ་གཉེར་ཕྱག་པ་ says:
    2015-11-19 at 10:56 pm

    ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོས།
    ་་་་་ བཞི་བཅུ་པ། སད་ན་ལེགས་མཇིང་ཡོན་ལ་སྲས། གཙང་མ། ལྷ་རྗེ། ལྷུན་གྲུབ། དར་མ། རལ་པ་ཅན་བཅསལྔ་བྱུང་བ་ལས། གཙང་མ་རབ་ཏུ་བྱུང་། ལྷ་རྗེ་དང་། ལྷུན་གྲུབ་གཉིས་ཆུང་ངུར་གཇེགས། དར་མ་རྒྱུད་རྩུབ་པས། ཁྲི་རལ་པ་ན། མེ་ཁྱི་ ༨༠༦ ལོར་འཁྲུངས་པ། ཤཤིང་ལུག་ ༨༡༥ ལོར་རྒྱལ་སྲིད་ལ་མངའ་གསོལ། ་་་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2015-11-19 at 11:00 pm

    དར་མ་ཟེར་ན། ལོ་གཞོན་པས་དར་མ་ཟེར་བ་ལས། ཆོས་ཀྱི་རྒྱལ་པོའི་སྐད་དོད། དྷརྨ་ཞེས་པོ་དོན་འདིར་འོངས་དོན་མེད་པས་གཞོན་སྐྱེས་ཚོས། རྒྱ་བོད་སྐད་ཡིག་གཉིས་ཀ་ཡག་པོ་སྦྱོངས་དགོས་མི་འདུག་གམ།

  7. ཀརྡོ་གཉེར་ཕྱག་པ་ says:
    2015-11-19 at 11:02 pm

    ལྷ་ལུང་དཔལ་རྡོར། དགུང་ལོ་ ༦༡ ལ་གླང་དར་མ་བཀྲོངས། རང་ཉིད་དགུང་ལོ་ ༨༡ ལ་གྲོངས་པ་རེད།

  8. སྤོབས་པ་མཐའ་ཡས། says:
    2015-11-19 at 11:08 pm

    ཆོས་འབྱུང་གི་ནང་ལ་བཤད་པ་དེ་ཚོས་འགྲིགས་གི་མི་འདུག་ཟེར་ཞོར་ལ་ཁོ་རང་ལ་ཆོས་འབྱུང་ཁག་གི་ནང་ལ་བཤད་པ་དེ་ཚོ་མ་གཏོགས་གཞན་བཤད་རྒྱུ་མི་འདུག ལྷ་ལུང་དཔལ་རྡོར་གྱི་ལོ་རྒྱུས་ནི་བྲག་ཡེར་པའི་དཀར་ཆག་གཏེར་མ་དེར་གཏུག་སོང་། མང་པོ་ཞིག་ནི་སྦ་བཞེད་ལ་གཏུག་སོང་། དེ་ཚོ་ཆོས་འབྱུང་མིན་ན་གང་ཡིན་ནམ།

  9. ཀརྡོ་གཉེར་ཕྱག་པ་ says:
    2015-11-19 at 11:10 pm

    རྗེ་འབངས་ཉེར་ལྔའི་ལྷ་ལུང་དཔལ་རྡོར་དང་། གླར་དར་་བཀྲོང་མཁན་ལྷ་ལུང་དཔལ་རྡོར་གཉིས་མི་གཅིག་རེད་དམ། གང་ཟག་སོ་སོར་རེད། ལགས།

  10. རང་ཤར་རིག་གྲོལ་རྩལ says:
    2015-11-19 at 11:50 pm

    ལོ་རྒྱུས་དྲང་པོར་སྨྲ་དགོས་ན་ཆོས་ལུགས་ཀྱི་ཞེན་ཁོག་རྩ་བ་ཉིད་ནས་མེད་པ་ཞིག་ཡིན་དགོས་རེད། མཁར་རྨེའི་བསམ་གཏན་ནང་བཞིན་དགོས་པ་རེད། ཁོང་ནི་བོན་ཆོས་གཉིས་ལ་མཁྱེན་དཔྱོད་ཡོད་པ་ཙམ་ལས་དད་པ་དང་དག་སྣང་ཡོད་པ་མ་རེད་ཟེར་བཞིན་འདུག མཁས་དབང་ཁོང་སྙིང་རྗེ་བོན་ཆོས་ཤེས་ནས་ཉམས་ལེན་བྱེད་མཁན་གྱི་གྲས་ཡིན་ས་མ་རེད། ཁོང་གིས་སྦྱངས་པའི་ཆོས་ཏེ་ལྟོ་གོས་འཚོལ་བྱེད་ཙམ་ཡིན་ས་རེད། །

  11. ཀརྡོ་གཉེར་ཕྱག་པ་ says:
    2015-11-20 at 12:22 am

    ཆོས་རྒྱལ་ཁྲི་རལ་ཆོས་ལ་དད་དྲགས་ནས། རང་སྲོག་ཤོར། གླང་དར་སྨོན་ལོག་ཆོས་བསྣུབས་དྲགས་ནས། རང་སྲོག་ཤོར། བཙུན་ཆེས་གཡོ་ཆེ་དྲགས་ནས། ཡུམ་བརྟན་བཟོས། བློན་ཚོགས་ངན་ལམ་ཤོར་དྲགས་ནས། འོད་སྲུངས་རྨ་འབྱར་ཆེན་པོ་མ་ཆགས་པར། བོད་ཀྱི་སྲི་བསྐྱངས་མ་ཐུབ་པ་དང་། ཁྲི་རལ་དང་། གཙམ་མས་རྒྱལ་སྲས་བསྐྲུན་མ་ཐུབ་པ་འདིས། བོད་རྒྱལ་དབང་ཤུགས་བསིལ་བུར་ཐོར་བ་འདི་ཡང། འཁོར་བའི་ཉེས་དམིགས་རྗེན་སྟོན་བྱས་མི་འདུག་གམ། ཆོས་གྲོགས་ཚོ། ཧཧཧ།།།

  12. ཀརྡོ་གཉེར་ཕྱག་པ་ says:
    2015-11-20 at 12:40 am

    ང་ནི་རྒྱལ་རབས་ཀློག་རྒྱུར་མི་དགའ་ལ། བོད་པའི་རྒྱལ་རབས་ཀློག་དགོས་དྲན་ཡང་། ཆ་རྐྱེན་མི་འདུག དེང་སང་མཁས་དབང་མཁར་རྨེའི་རྗེས་སུ་འབྲངས་ནས། བཤད་ཡམས་ཤིག་འཁྱར་བཞིན་འདུག དེ་ནི་ཁྲི་རལ་དང་དར་མ་གཉིས་ནི། མི་ཐོག་གཅིག་གི་རྒྱལ་སྲས་གཅེན་གཅུང་གཉིས་རེད།
    གླང་དར་མའི་སྐབས་སུ་ཆོས་བྱེད་དགེ་འདུན་པ་མང་དྲགས་ནས། དཔྱ་ཁྲལ། དམག་མི་ཉུང་དྲགས་པས་སྐྱོན་བཤད་པ་མི་བདེན་པ་ནི། ཁྲི་རལ་གྱིས། དགེ་འདུན་རེ་རེར་ལ། འབངས་མི་ཁྱིམ་བདུན་བདུན་ཕུལ་དགོས་དོན་ཡང་། དེ་དུས་གྲྭ་པ་བྱེད་མཁན་ཉུང་དྲགས་ནས་ཕུལ་བ་མ་གཏོགས། གྲྭ་པ་བྱེད་མཁན་མང་དྲགས།་ན། ཁྱིམ་གཅིག་ཕུལ་ནས་འགྲིགས་འགྲོ་དགོས་པ་ལ། དེས་མ་འཐུས་སྟངས་ག་ར་ེབྱས་པ་རེད།
    མཁར་རྨེས་དང་དིང་ཕྱི་མིའི་བོད་ཀྱི་ཆོས་སྲིད་གཉིས་ལྡན་རྒྱལ་རབས་འཆད་པ་ལ། རྒྱལ་རབས་འགྲེལ་བཤད་རྒྱག་མཁན་དེ་ཡང་ཆོས་སྲིད་གཉིས་ཀའི་ཕན་གནོད་ཤེས་མཁན་ཅིག་དགོས་འདུག་སཉམ་ལགས།།

  13. ཀརྡོ་གཉེར་ཕྱག་པ་ says:
    2015-11-20 at 12:50 am

    དེ་རིང་འདིར། ལྟ་ཁང་སྟོང་ཕྲག་བཞེངས་ཡོད་རེད། ལྷ་ཁང་རེ་ལ་གྲྭ་པ་ལྔ་བརྒྱའམ། ལྔ་རེ་ཡོད་ན། ཞེས་རོབ་བཤད་དང་། ཧམ་བཤད་བྱུང་སོང་།
    སྲོང་བཙན་ནས་སད་མི་བདུན་བར། བོད་ཀྱི་ནང་པའི་གྲྭ་པ་གཅིག་ཀྱང་བཟོ་ཐུབ་ཡོད་མ་རེད། ལྷ་ཁང་ག་ཚོད་དང་ག་ཚོད་བཞེངས་ཚར་བ་ཀུན་གྱིས་ཤེས་གསལ་རེད།
    ཆོས་དར་ཁྱབ་སྤུས་དག་བྱ་རྒྱུ་དེ། ཤིནད་ཏུ་དཀའ་མོ་ཅིག་རེད། དཔེར་ན། དེངསང་་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་། ནང་ཆོས་སྒོམ་ཁང་། ཨིན་སྐད་དུ་སེན་ཊར་ཞེ་པ་དེ་བརྒྱ་ཕྲག་མང་པོ་ཡོད་ཡོད་རེད།
    ཡིན་ན་ཡང་། དེ་དག་གི་ནང་དུ། དགེ་སློང་དང་། དགེ་ཚུལ་མ་ཚད་ལྡན་ི། མཛུ་གུ་ལྔ་ལ་གྲངས་ཀ་མི་ཐེབས་པ་ཡོད་མ་རེད། དེས་ཀྱང་སྔར་དུས་སུ་བོད་ནང་། ནང་ཆོས་དར་སྟངས་ཅུང་ཟད་དཔོག་ཐུབ་པར་ཕན་ཐོགས་པ་མི་འདུག་གམ། ལགས།

  14. ལྷག་པ། says:
    2015-11-20 at 5:59 am

    མཁས་དབང་མཁར་རྨེ་བསམ་གཏན་རྒྱ་མཚོ་དང་། མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གཉིས་དང་གཙང་ཕྲུག་སྟོབས་ཅེས་པ་གདན་གྲལ་གཅིག་ཏུ་བཞག་ནས་དཔྱད་པ་བྱེད་འོས་སུ་མི་རུང་། རྒྱུ་མཚན་མཁས་དབང་རྣམ་པ་གཉིས་ཀྱིས་ནང་ཆོས་མཁྱེན་པའི་ཐོག་ནས་བོད་ཀྱི་རྒྱལ་རབས་དེ་དད་པ་དག་སྣང་དང་མ་འདྲེས་པའི་ལོ་རྒྱུས་ཁེ་གཙང་ཞིག་ཏུ་སྒྲུབ་ཐབས་གནང་གི་ཡོད། གཙང་ཕྲུག་སྟོབས་ཅེས་པར་ནང་ཆོས་ཀྱི་ཤེས་ཚད་ཏིལ་འབྲུ་ཙམ་མེད་པའི་ཐོག་ནས་རང་ཉིད་ཀྱི་གླེང་བའི་གླང་དར་དང་ལྷ་ལུང་དཔལ་རྡོར་སྐོར་དེ་བྱིས་པ་ཐང་སྟོང་ཆེན་པོ་ལ་འཁྱམས་པ་ལྟར་ཆོས་འབྱུང་ཁག་ནས་ཆ་བསྡུ་ཡ་བསྡུ་བྱེད་བཞིན་པའི་ཐོག་ཡང་ཆོས་འབྱུང་ཁག་ལ་དགག་པ་འཕེན་ཁུལ་བྱེད། གཙང་ཕྲུག་སྟོབས་ཀྱི་གཏམ་བཤད་མགོ་ནས་མཇུག་བར་ཉན་སྐབས་རང་ཉིད་ཀྱི་མགོ་བོར་རང་ཉིད་ཀྱིས་ཐོ་བ་རྡེག་པ་དང་མཚུངས། ཨ་རིའི་རླུང་འཕྲིན་ཁང་ལ་བཅར་འདྲི་བྱེད་ཡུལ་མི་དེ་ལྟ་བུ་ཞིག་ལས་མ་ཐོབ་པ་བློ་ཕམ་ཡོད།
    གཙང་ཕྲུག་སྟོབས་ལ་དྲི་རྒྱུར།
    ཆོས་འབྱུང་ཁག་ལ་ཁུངས་མ་གཏུགས་པའི་བོད་ཀྱི་རྒྱལ་རབས་ཤིག་ཡོད་དམ།
    ཆོས་འབྱུང་རྩོམ་པ་པོ་རྣམས་ཀྱིས་ད་བར་མི་མང་མགོ་འཁོར་བའི་རྫུན་གྱི་འཁོར་ལོ་མི་ཟད་པ་ཞིག་བསྐོར་བ་རེད་དམ།
    ཆོས་འབྱུང་རྩོམ་པ་པོ་རྣམས་སངས་རྒྱས་ཀྱིས་བཅས་པའི་སྡོམ་ཁྲིམས་ལ་མི་བརྩི་བ་ཤ་སྟག་ཡིན་ནམ།

  15. ཞོལ་གཡག་འབྲོང་རྒྱུད། says:
    2015-11-20 at 7:31 am

    ཡང་ཀརྡོས་སྙང་མ་གང་སར་ཛར་འདུག། མ་ཟད་སྙང་མ་རྐུབ་ནས་བཏང་བ་ཟད་ཁ་ནས་ཡང་ཐོན་གྲབས་རེད། དེ་མིན་ན་ཁོས་བོད་ཀྱི་རྒྱལ་རབས་ལོ་སྒྱུས་ཀློག་རྒྱུར་མི་དགའ། ཀློག་དགོས་དྲན་ཡང་ཆ་རྐྱེན་མི་འདུག་ཟེར་ཞོར་དུ་ལྷ་སྒྲུང་རྟོགས་སྒྲུང་དེ་ཚོ་ཡར་སྤུངས་འདུག། མ་གཞི་ཁྱོད་ཅི་ཁག། ཆོས་ལུགས་ཀྱིས་ཀླད་པ་དཀྲུས་ཟིན་ཙང་ཆོས་འབྱུང་གི་ལྷ་སྒྲུང་རྟོགས་སྒྲུང་མ་གཏོགས་མི་ཆོས་རང་བཞིན་དང་བོད་ཀྱི་གདོད་མའི་གནོད་བཅུད་རང་བཞིན་གྱི་དྲང་བདེན་གྱི་ལོ་རྒྱུས་དངོས་དེ་བལྟ་འདོད་མེད་པ་རེད་ལ། ཀློག་འདོད་མེད་པ་མ་ཟད་མཐོང་འདོད་ཡང་མེད་པ་རེད་པཱ། དེས་ན་ཉེ་འཆར་ཀླུ་བྱམས་ཀྱིས་སྲིད་དོན་མཚན་རིག་གཞུང་ལུགས་ནས་བོད་ཀྱི་མ་འོངས་ལོ་རྒྱུས་དངོས་འབྲི་ན་རང་བཙན་མི་རྩོད་ཟེར་མཁན་ཚང་མ་ལོ་རྒྱུས་ཀྱི་རྒྱལ་བཙོང་རང་བཞིན་གྱི་ཁོངས་སུ་འདུ་རབས་བཤད་མ་ཐག། ཁྱོད་ཚོ་སྡུག་སྙིང་གས་གྲབས་ཀྱིས་ངན་སྨྲས་ཡོད་དགུ་བཏོན་ཏེས་ཀླུ་བྱམས་རྒྱ་གར་ཁྲིམས་ལུགས་རང་བཞིན་འོག་གནས་ཡོད་པ་མ་གཏོགས་ཕྱི་མའི་ལམ་དུ་བརྫང་རྒྱུར་ཐེ་ཚོམས་མི་འདུག།
    དེས་ན་གནའ་སྔ་མོ་ནས་ད་བར་བོད་ཀྱི་སྤྱི་ཚོགས་འཕེལ་རིམ་དང་དར་རྒུད་ཁྲོད། ཁྱོད་དང་ཁྱོད་འདྲ་བ་མང་སོང་བས་ཁུངས་ཐུབ་རང་བཞིན་ལྡན་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཤིག་མིག་ལམ་དུ་མཐོང་དཀོན་པའི་གནས་སྟངས་འདི་བྱུང་བ་རེད། བྱས་ཙང་བོད་ཀྱི་ལོ་རྒྱུས་སྨྲ་བ་ཚོས་དཔྱད་གཞི་ཡིག་ཆ་ཁུངས་ལྡན་མ་བརྙེད་པར་རྒྱ་ཡི་ཡིག་ཚང་སོགས་མང་པོ་བསྔོག་དགོས་པ་དེ་བྱུང་བ་རེད། བྱ་སྟངས་ལས་སྟངས་འདི་ད་དུང་མུ་འཐུད་ནས་སོང་ན་བོད་མི་རིགས་འདི་སོ་སོས་རང་ངོ་མ་འཕྲོད་པའི་ས་འཚམས་ལ་སླེབས་རྒྱུར་ལམ་ཐག་མི་རིང་ངོ་།

  16. དྲི་མེད་ལྷག་བསམ། says:
    2015-11-20 at 10:01 am

    གཙང་ཕྲུག་སྟོབས་ལེགས། སྤྱིར་ཡག་པོ་འདུག་ཀྱང་དཔྱད་པར་ཞིབ་ཆ་དགོས་ས་ད་དུང་འདུག །
    1༽ལོ་རྒྱུས་ནི་རྫུན་གྱི་ཕྲེང་བ་ཡིན་མོད། ཁ་དང་ལག་པ་མི་དལ་བའི་ཆེད་ཉིན་རེའི་འཚོ་བ་སྐྱེལ་བར་ཧ་ཅང་ཕན། ལོ་རྒྱུས་གང་ཡིན་ཡང་མངོན་འདོད་སྒྲུབ་པའི་ཆེད་དུ་བྲིས་པ་ཡིན་པས་འཁྱོག་མེད་གཅིག་ཀྱང་མི་རྙེད།
    2༽ལོ་རྒྱུས་ལ་རིམ་པ་བཞི་ཡོད། ༡་བརྗེད་ཐོ། ༢་འདོད་པ་སྐོང་ཆེད། ༣་གོ་ཐོས་ཟིན་ཐོ། ༤སྒྲུང་གི་རྣམ་པ་བཅས་སོ། །དང་པོ་ལ་བདེན་ཤས་ཡོད་ཀྱང་དགོས་མཁོ་ཡོད་པ་གཙོ་ཆེ་བས་དེ་ཡང་རྫུན་དུ་འགྱུར།
    3༽གླང་དར་བཀྲོང་རྐྱེན་ཆབ་སྲིད་དང་འབྲེལ་བ་ངེས་ཅན་ཡོད། རྒྱ་ནག་ལོ་རྒྱུས་ལྟར་ན། སྤྱི་ལོ་763་ལོ་བོད་ཀྱིས་དམག་དཔུང་གིས་རྒྱ་ནག་རྒྱལ་ས་ཁྲང་ཨན་བླང་། 765་785་བཅས་ལ་འདུམ་བྱས་ཀྱང་། 787་ལོར་སླར་ཡང་འཁྲུགས། 821་ལ་མཇལ་འདུམ་བྱས། 824་ལ་བོད་ཀྱིས་ས་སློང་བའི་གཡོ་རྒྱུས་རྒྱ་ནག་རི་བོ་རྩེ་ལྔའི་ས་བཟུང་། 842་ལོར་འུ་དུམ་བཙན་བཀྲོང་། 843་ལ་རྒྱ་བོད་འཐབ་པར་བཤད་ཡོད། བོད་ཀྱི་གྲྭ་བར་སྐུ་དབང་ཆེ་བའི་བཀྲོང་བ་ཨེ་ཡིན་ནམ། བོད་ཀྱི་གླང་དར་བར་རྒྱལ་རབས་བཞི་ཙམ་དུ་རྒྱ་ནག་ལ་དཀའ་ངལ་མི་ཉུང་པ་གཏད་པས་དེ་ལ་ཞིབ་འཇུག་བྱས་ཡོད་དམ།
    4༽804་ཁྲི་སྲོང་གཤེགས་སྐབས་ལྷ་ལུང་དཔལ་རྡོར་ལོ་30་ཡིན་ན་འདི་དུས་ལྷ་ལུང་དཔལ་རྡོར་དགུང་ལོ་46་ལས་ལོན་མེད་པས་གླང་དར་གསོད་པའི་ནུས་པ་ལོས་ཡོད། སྤྱིར་ལོ་བརྒྱ་ལོན་དུས་དཔའ་བྱས་པའི་ལོ་རྒྱུས་ཀྱང་མི་རུང་བ་མེད་དོ།
    5༽བོད་ཀྱི་བཙན་པོའི་རྒྱལ་རབས་ཀྱི་ཆག་སྒོ་དེ་གཙོ་བོ་གཞན་རྐྱེན་ལས་བྱུང་བ་ཐང་ཡིག་ལ་བལྟས་པས་གསལ། ཆོས་པ་མང་དྲག་པས་འཐབ་རྩོད་བྱས་པའི་ལོ་རྒྱུས་ཁུངས་ལྡན་མེད། ཡིད་དཔྱོད་ཙམ་རེད།
    6༽རྦ་བཞེད་དུ་གླང་དར་ལ། དྷརྨ་རཱ་ཛ་ཞེས་བྲིས་པ་གང་དུ་བཞུགས། དཔེ་གང་ལས་བྱུངས་བྱུང་། ཕྲན་གྱི་རྨོངས་བློར་རྦ་བཞེད་དུ་མུ་ནེ་བཙན་པོའི་བར་ལས་མེད་སྙམ། ལོ་མང་མ་མཇལ་བས་བརྗེད་པ་ཡིན་སྲིད།
    7༽རྒྱལ་ཁབ་གང་གི་ལོ་རྒྱུས་ཡིན་ཡང་བོད་ཀྱི་ལོ་རྒྱུས་དང་གཅིག་མཚུངས་རེད། དང་པོ་ལྷ་སྒྲུང་། དཔའ་བོའི་རྟོག་བཟོའི་སྒྲུང་། དེ་ནས་མིའི་ཚོ་བ། མཐར་ལོ་རྒྱུས་མིའི་ལྟ་སྤྱོད་དང་བློ་ཡུལ་དུ་ཤོང་པ་ཞིག་བཟོས་ཡོད་པ་རེད། བོད་ལ་ལོ་རྒྱུས་མེད་པའི་དཀའ་ངལ་མེད་མོད། ཞིབ་འཇུག་བྱས་ཏེ་བསྟར་ཆགས་པར་འབྲི་བ་དང་། དེའང་ཆོས་ལུགས་ལ་དད་པ་ཡོད་མེད་ཀྱིས་འདོད་ཕྱོགས་སུ་མ་ཤོར་བ་ཞིག་གལ་ཆེ་སྙམ།

  17. ཀརྡོ་གཉེར་ཕྱག་པ་ says:
    2015-11-20 at 11:27 am

    #15 ཞོལ་གཡག་འབྲོང་རྒྱུད། ་ལགས་ཀྱིས་སྤེལ་དོན།:
    November 20th, 2015 at 7:31 am
    ཡང་ཀརྡོས་སྙང་མ་གང་སར་ཛར་འདུག། མ་ཟད་སྙང་མ་རྐུབ་ནས་བཏང་བ་ཟད་ཁ་ནས་ཡང་ཐོན་གྲབས་རེད། ་་་་་་ ཟེར་བར། ཧཧཧ། ཧོཧོ།།

  18. སྤོབས་པ་མཐའ་ཡས། says:
    2015-11-20 at 5:18 pm

    བཙན་པོ་དར་མ་ནི་མིའི་རྣམ་དཔྱོད་མེད་པར་གླང་བཞིན་དུ་བླུན་ལྐུག་ཡིན་པའི་ཆ་ནས་གླང་ཞེས་བཏགས་པ་ཡིན་སྲིད། དར་མ་མི་ངན་ཐབས་སྡུག་ཅིག་ཡིན་ཚུལ་དེ་དུས་རབས་བཅུ་གཅིག་པའི་རྗེས་སུ་བྱུང་བའི་བོད་ཀྱི་ཆོས་པ་ཚོའི་ཕྱོགས་རིས་ཀྱི་སྐད་ཆ ཤིག་རེད་ཅེས་བཤད་པ་དེ་ནི་དོན་དངོས་དང་མི་མཐུན་ཏེ་རྒྱའི་ཐང་ཡིག་གི་ནང་ན་ཡང་དར་མ་གཏུམ་སྤྱོད་ཅན་དང་ཆང་ལ་དགའ་བས་ཅི་ཡང་མ་འཇོན་ནས་བོད་ཀྱི་སྲིད་དབང་ཉམས་ཚུལ་གསལ་པོར་བྲིས་འདུག
    ཁྲི་རལ་པ་ཅན་གྱི་དུས་སུ་བོད་ཀྱི་སྲིད་དབང་ཉམས་མགོ་ཚུགས་ཚུལ་དེ་ཡང་མི་བདེན་དེ་ཁྲི་རལ་གྱི་དུས་སུ་ད་ལྟ་རྒྱའི་ཧྲན་ཤིའི་ས་ཁོངས་སུ་རྒྱ་བོད་ཀྱི་ས་མཚམས་ཕྱེས་ཚུལ་སྟོབས་ལགས་ཁོང་རང་གིས་བཤད་སོང་།
    ཁོང་གིས་བཤད་སྟངས་མང་ཆེ་བ་ཞིག་ནི་རྨི་ལམ་རྨི་བཞིན་གཉིད་བཤད་རྒྱག་གི་ཡོད་པ་ལྟ་བུ་ཞིག་རེད། གཏེར་མ་སོགས་ཕྱི་རབས་ཀྱི་ཡིག་ཆ་ལ་ཡིད་ཆེས་མེད་ཟེར་ནས་བཤད་ཞོར་ལ་བྲག་ཡེར་པའི་ལོ་རྒྱུས་གཏེར་མ་ཅིག་ཅིག་མིག་ཟེར་ནས་ཁུངས་བཅོལ་ཡོང་གིན་འདུག

  19. དྲི་མེད་ལྷག་བསམ། says:
    2015-11-20 at 11:57 pm

    ད་ལྟ་རྒྱ་ནག་ཧྲང་ཧེ་ལ་མི་ལོ་100་ལོན་པ་1631་ལྷག་ཡོད་འདུག དེའི་ནང་གི་མི་ལྔ50ཙམ་གྱི་གཟུགས་པོའི་རྩལ་མི་ལོ་50་ལོན་པ་ཞིག་དང་ཁྱད་པར་མེད་ཅེས་འཁོད་ཡོད། ལྷ་ལུང་དཔལ་རྡོར་ལོ་བརྒྱ་ལོན་པས་མདའ་འཕེན་མི་ཐུབ་པའི་རྒྱུན་མཚན་ནི་རྟོག་བཟོ། ཁུངས་མེད་རེད།
    上海户籍百岁老人共计1631人,其中5人体力相当于50岁人。

  20. ཀརྡོ་གཉེར་ཕྱག་པ་ says:
    2015-11-21 at 12:19 am

    ་་་་་་་་་ རྒྱའི་ཐང་ཡིག་གི་ནང་ན་ཡང་དར་མ་གཏུམ་སྤྱོད་ཅན་དང་ཆང་ལ་དགའ་བས་ཅི་ཡང་མ་འཇོན་ནས་བོད་ཀྱི་སྲིད་དབང་ཉམས་ཚུལ་གསལ་པོར་བྲིས་འདུག ་་་་་་་་་་

  21. རང་བྱུང་རིག་པའི་རྡོ་རྗེ says:
    2015-11-21 at 12:55 am

    རྣམ་དཔྱོད་ཀྱི་མིག་དང་བྲལ་བའི་མི་ཁ་ཤས་ནས་རྒྱའི་ཐང་ཡིག་གམ་རྒྱའི་ལོ་རྒྱུས་ནས་དེ་འདྲ་འདུག་ཟེར་ནས་ཚད་ལྡན་དུ་འཇོག་པ་ནི་ཤིན་ཏུ་བླུན་པོའི་ལུགས་རེད་དོ། དེ་གང་ཡིན་ཞེ་ན་རྒྱའི་ཡིག་ཚང་གི་བོད་ཀྱི་ལོ་རྒྱུས་ཚང་མ་བོད་མིའི་ངག་ཐོག་ནས་བརྒྱུད་པའམ་ཡང་ན་བོད་ཡིག་ལས་ངོ་བཤུས་བྱས་པ་ཙམ་ལས་རྒྱའི་མི་རིགས་ལོ་རྒྱུས་སྨྲ་མཁན་དངོས་སུ་བོད་ཡུལ་དུ་ཕེབས་ནས་ཞིབ་འཇུག་ཚད་ལྡན་བྱས་པ་ཞིག་མ་རེད། དེ་ཡིན་ཙང་རྒྱའི་སྐད་ཡིག་ལས་བཤད་པ་ཡང་ཚད་ལྡན་ཡིན་མིན་ཅི་རིགས་རེད། ང་ཚོའི་བོད་ཀྱི་ལོ་རྒྱུས་ཚད་མར་འཛིན་མ་ཐུབ་ན་མི་རིགས་གཞན་གྱི་སྐད་ཡིག་ལས་བྱུང་བའི་ལོ་རྒྱུས་ལའང་དེ་ཙམ་ཡིད་ཆེ་བྱེད་ཁག་པོ་རེད། འོན་ཀྱང་མི་རིགས་གཞན་གྱི་སྐད་ཡིག་ལས་ཤེས་བཞིན་དུ་བོད་གྱི་ལོ་རྒྱུས་རྫུན་བཟོ་བྱས་པ་ཉུང་བ་ཡིན་པ་སྨོས་མེད་རེད། །

  22. རྟ་བདུན་དབང་བོ says:
    2015-11-21 at 4:28 pm

    རིག་རྡོར་གྱིས་བཤད་པ་དེ་བདེན་པར་འདུག རྒྱའི་ལོ་རྒྱུས་ཀྱང་གཏུགས་ས་དེ་བོད་ཀྱི་ལོ་རྒྱུས་རང་ལ་གཏུག་ཡོད་པ་མགཏོགས་རྒྱའི་ལོ་རྒྱུས་མཁན་པོ་བོད་དུ་ཕེབས་ནས་ཞིབ་འཇུག་བྱས་ཡོད་ཀྱི་མ་རེད། མདོར་ན་ལོ་རྒྱུས་འབྲི་མཁན་རྨོངས་དད་ཀྱིས་བཅིངས་མེད་ན་ལོ་རྒྱུས་ཚད་མ་ཞིག་འབྲི་སྲིད་པ་ལགས། དེ་མིན་ཆོས་དང་བོན་གང་གི་གཞུང་ནས་བཤད་པའི་ལོ་རྒྱུས་ལ་ཡིད་བརྟན་མི་འདུག་གོ །

  23. སྤོབས་པ་མཐའ་ཡས། says:
    2015-11-21 at 10:17 pm

    རྒྱའི་ལོ་རྒྱུས་ནི་འཛམ་གླིང་ན་ཁུངས་དག་ཤོས་སུ་རྩི་བཞིན་འདུག ཁྱེད་རང་ཚོས་མིག་བཙུམ་ནས་གླེན་བཤད་རྒྱོབས་དང་ཉི་མ་ལག་པས་འགེབས་ཐུབ་གི་མ་རེད་དོ།།

  24. རེབ་གླེན་པ། says:
    2015-11-22 at 12:04 am

    དར་མ་འུ་དུམ་བཙན་གྱི་ཕུང་བོ་ཐང་མར་བརྡལ་བའི་ཆོ་ག་དེ་ལ
    བོན་གྱིས་བཤད་ན་འདྲེ་དང་ཐེའུ་རང་གི་བསྡོངས་གྲོགས་ཡོད་ཟེར་ལ།
    བན་གྱིས་བཤད་ན་ལྷ་དང་བླ་མའི་ལུང་བསྟན་ཡོད་ཟེར།
    དུས་དེ་རིང་ཡང་འདི་ལྟར་ཟེར

  25. རང་བྱུང་རིག་པའི་རྡོ་རྗེ says:
    2015-11-22 at 12:07 am

    སྤོབས་པ་ལགས། རྒྱའི་ལོ་རྒྱུས་བོད་དང་བསྡུར་ན་ཁུངས་བཙན་པོ་ཡོད་སྲིད། དེ་ནི་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཆེ་ཆུང་གི་རེད་སྙམ། ཤེས་དགོས་རྒྱུ་གཅིག་ནི། རྒྱའི་མཁས་པས་བོད་ཀྱི་ལོ་རྒྱུས་འབྲི་དུས་ཁུངས་བཅོལ་ས་དེ་བོད་མི་ཚོའི་ངག་སྒྲོས་སམ་བོད་ཡིག་ལ་བརྟེན་ནས་བྲིས་པ་ཡིན་རྒྱུ་རེད། དེ་མིན་རྒྱ་མཁས་པ་ཚོ་བོད་ལ་དངོས་སུ་ཕེབས་ནས་ཞིབ་འཇུག་བྱས་ཡོད་ཀྱི་མ་རེད། དེ་མེད་སྟབས་རྒྱའི་ཡིག་ཚང་ལས་བཤད་པའི་བོད་ཀྱི་ལོ་རྒྱུས་ལ་ཆག་འཇོག་རྒྱུ་ཡོད་པ་མ་རེད་ཅེས་ཞུས་པ་དེ་ཡིན། །

  26. རང་བྱུང་རིག་པའི་རྡོ་རྗེ says:
    2015-11-22 at 12:09 am

    སྤོབས་པ་ལགས། རྒྱའི་ལོ་རྒྱུས་བོད་དང་བསྡུར་ན་ཁུངས་བཙན་པོ་ཡོད་སྲིད། དེ་ནི་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཆེ་ཆུང་གི་རེད་སྙམ། རྒྱའི་མཁས་པ་ཚོ་བོད་མི་དང་བསྡུར་ན་ཆོས་ལུགས་ཀྱི་ཞེན་ཁོག་ཆུང་བ་ཡོད་པ་གསལ་པོ་རེད། ཤེས་དགོས་རྒྱུ་གཅིག་ནི། རྒྱའི་མཁས་པས་བོད་ཀྱི་ལོ་རྒྱུས་འབྲི་དུས་ཁུངས་བཅོལ་ས་དེ་བོད་མི་ཚོའི་ངག་སྒྲོས་སམ་བོད་ཡིག་ལ་བརྟེན་ནས་བྲིས་པ་ཡིན་རྒྱུ་རེད། དེ་མིན་རྒྱ་མཁས་པ་ཚོ་བོད་ལ་དངོས་སུ་ཕེབས་ནས་ཞིབ་འཇུག་བྱས་ཡོད་ཀྱི་མ་རེད། དེ་མེད་སྟབས་རྒྱའི་ཡིག་ཚང་ལས་བཤད་པའི་བོད་ཀྱི་ལོ་རྒྱུས་ལ་ཆག་འཇོག་རྒྱུ་ཡོད་པ་མ་རེད་ཅེས་ཞུས་པ་དེ་ཡིན། །

  27. རང་བྱུང་རིིག་པའི་རྡོ་རྗེ says:
    2015-11-22 at 12:12 am

    སྤོབས་པ་ལགས། རྒྱའི་ལོ་རྒྱུས་བོད་དང་བསྡུར་ན་ཁུངས་བཙན་པོ་ཡོད་སྲིད། དེ་ནི་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཆེ་ཆུང་གི་རེད་སྙམ། རྒྱའི་མཁས་པ་ཚོ་བོད་མི་དང་བསྡུར་ན་ཆོས་ལུགས་ཀྱི་ཞེན་ཁོག་ཆུང་བ་ཡོད་པ་གསལ་པོ་རེད། ཤེས་དགོས་རྒྱུ་གཅིག་ནི། རྒྱའི་མཁས་པས་བོད་ཀྱི་ལོ་རྒྱུས་འབྲི་དུས་ཁུངས་བཅོལ་ས་དེ་བོད་མི་ཚོའི་ངག་སྒྲོས་སམ་བོད་ཡིག་ལ་བརྟེན་ནས་བྲིས་པ་ཡིན་རྒྱུ་རེད། དེ་མིན་རྒྱ་མཁས་པ་ཚོ་བོད་ལ་དངོས་སུ་ཕེབས་ནས་ཞིབ་འཇུག་བྱས་ཡོད་ཀྱི་མ་རེད། དེ་མེད་སྟབས་རྒྱའི་ཡིག་ཚང་ལས་བཤད་པའི་བོད་ཀྱི་ལོ་རྒྱུས་ལ་ཆག་འཇོག་རྒྱུ་ཡོད་པ་མ་རེད་ཅེས་ཞུས་པ་དེ་ཡིན། སྤོབས་པ་ལགས་ཁྱོད་ལ་ཆོས་ལུགས་ཀྱི་ཞེན་ཁོག་ཆེན་པོ་འདུག་བསམ་བྱུང་། འོན་ཀྱང་ང་གཅིག་པུས་ལྟ་ཚུལ་ཡིན་སྲིད། །

  28. དྲི་མེད་ལྷག་བསམ། says:
    2015-11-22 at 9:50 am

    རྒྱའི་མཁས་པས་བོད་ཀྱི་ལོ་རྒྱུས་འབྲི་དུས་ཁུངས་བཅོལ་ས་དེ་བོད་མི་ཚོའི་ངག་སྒྲོས་སམ་བོད་ཡིག་ལ་བརྟེན་ནས་བྲིས་པ་ཤིན་ཏུ་ཉུང་། རྒྱ་ཟ་ཀོང་ཅོའི་སྐབས་ནས་རྒྱ་ནག་ལ་བོད་ཀྱི་ཞིབ་འཇུག་པ་ཡོད། བོད་ཀྱི་ལོ་རྒྱུས་འབྲི་མཁན་ཏུ་ཧར་རམ།ཏུའུ་ཀྲོང་ཟེར་བ་སོགས་བོད་ནས་བསྡད། བོད་སྐད་ཤེས། ས་རྒྱུས་ཆུ་རྒྱུས་ཤེས་ནས་རྒྱ་ནག་ལ་རིམ་པར་ཡི་གེ་རྫོང་གི་ཡོད། །

  29. ཀརྡོ་གཉེར་ཕྱག་པ་ says:
    2015-11-22 at 11:26 am

    སྲོལ་རྒྱུན་ནམ་ཁ་རྒྱུན་གྱི་རྒྱལ་རབས་ཚང་མ་མེད་པར་བཟོས། དེ་ནས་ཏུ་ཧོང་ཏུན་ཧུང་། རྒྱ་ཡིག་དང་ཕྱི་ཡིག་ནང་གི་རྐྱང་ལབ་བསྡད་ནས། བོད་ཀྱི་རྒྱལ་རབས་སྐོར་ལ་ཕ་རིའི་ལྕི་བ་མེད། ཚུར་རིའི་སླེ་པོ་མེད་པར་ལག་སྟོང་ངང་ལ་བསྡད་རྒྱུ་ཁེལ་བ་མི་འདུག་གམ། ལགས།

  30. རང་བྱུང་རིག་པའི་རྡོ་རྗེ says:
    2015-11-22 at 4:21 pm

    རེད་ཡ། རྒྱ་བཟའ་ཀོང་ཇོའི་སྐབས་སུ་ཡོད་ངེས་རེད། འོན་ཀྱང་རྗེས་སུ་རྒྱ་བོད་བར་གྱི་གཉེན་གྱི་འབྲེལ་བ་ཆད་དུས་ཡོད་ཀྱི་མ་རེད་སྙམ། ཡིན་ཡང་ཡིག་ཆ་ཚད་ལྡན་སོགས་ནས་དེ་འདྲ་མཐོང་མ་སོང་། གནས་ཆུང་ལ་དྲིས་ན་ཤེས་ཚོད་རེད། གནས་ཆུང་ཁྲི་སྲོང་ལྡེ་བཙན་རིང་ནས་བོད་ལ་ཡོད་པ་རེད། གནས་ཆུང་གིས་ཀྱང་དྲང་མོ་ཞིག་བཤད་ཨེ་འོང་ན། །

  31. སྤོབས་པ་མཐའ་ཡས། says:
    2015-11-23 at 12:00 am

    རྒྱ་ནག་གི་ལོ་རྒྱུས་ཁུངས་བཙན་པོ་ཡོད་རེད་ལབ་ན་དེ་ཆོས་ལུགས་ཞེན་ཁོགས་གི་སྐད་ཆ་ག་འདྲ་བྱས་ནས་ཡིན་ནམ། རྒྱ་ནག་གི་ཐང་གི་དུས་སྐབས་ཟེར་བ་དེ་འཛམ་བུ་གླིང་གི་ཤེས་རིག་དང་། དཔལ་འབྱོར། ཁྲིམས་ལུགས། ལག་རྩལ་ཚང་མ་རྩེ་ཕུད་ཡིན་འདུག ཆེས་ཡར་རྒྱས་སྔོན་ཐོན་གྱི་རྒྱལ་ཁབ། ཁྱིམ་མཚེས་རྒྱལ་ཁབ་ཚང་མས་སྔོབ་སྦྱོང་བྱ་ཡུལ་དང་། མིག་དཔེ་བལྟ་ཡུལ། སྐབས་དེ་ལ་བོད་ཀྱི་སྐོར་ལ་ཞིབ་འཇུག་མ་བྱས་པའི་སྐད་ཆ་ཞིག་བཤད་པའི་རྐུབ་རྡོལ་ན་སྲོག་ཐོག་གི་ཉེས་ཆད་ཀྱང་ཕོག་གི་ཡོད་སྲིད་པ་རེད། བོད་ཀྱི་གནས་སྟངས་ཟེར་བ་དེ་ཁོ་ཚོའི་ལག་མཐིལ་ལ་སྐྱུ་རུ་ར་བཞག་པ་ལྟ་བུ་ཡིན་པ་རེད། ཁྱེད་ཚོས་རང་རང་ས་ནས་ཉི་མ་སྦར་མོས་བཀབ་ནས་བསྡད་ཕན་ཐོགས་ཅི་འདུག

  32. རང་བྱུང་རིག་པའི་རྡོ་རྗེ says:
    2015-11-23 at 12:56 am

    ཨ་ལ་ལ། དེ་འདྲ་ཞིག་སྟོད་དྲག་པ་མ་ཡིན་ནམ། བོད་ཀྱི་གནས་སྟངས་ཚང་མ་ཁོང་ཚོའི་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟ་བུ་རེད་ཟེར་ན་ཐལ་དྲག་འདུག་གོ ནམ་རྒྱུན་ཁྱོད་ཀྱིས་སྟོད་ས་ཞིག་ལ་སྟོད་དྲག སྨད་ས་ཞིག་སྨད་དྲག་འདུག་བསམ་བྱུང་། །

  33. BONPO says:
    2015-11-23 at 1:49 am

    བོད་པ་ཚོས་ནི་རྒྱ་གར་འཕགས་པའི་ཡུལ་ཟེར་ནས་ཆོས་དང་རིག་གནས་ལོ་རྒྱུས་ཚང་མའི་འབྱུང་ཁུངས་དངོས་མ་དེ་ཡིན་ཟེར་ནས་འདི་ཕྱིའི་སྐྱབས་ཡུལ་དུ་བརྩི་བཞིན་པ་རེད། ཡིན་ནའང་རྒྱ་གར་ལོ་རྒྱུས་ནང་དུ་བོད་ཀྱི་ལོ་རྒྱུས་དང་བསྒྱུར་རབས་ལས་རབས་མང་པོ་དེ་ཚོ་རི་བོང་གི་རྭ་དང་མོ་ཤམ་གྱི་བུ་ལྟ་བུར་ཆགས་དགོས་པ་གང་ཡིན་ནམ། །

  34. ཀརྡོ་གཉེར་ཕྱག་པ་ says:
    2015-11-23 at 1:52 am

    ཁང་དཀར་ཚུལ་ཁྲིམས་ཀྱིས། རྒྱ་ཡིག་ཐོག སྲོང་བཙན་འདས་ལོ། ལོ་གཅིག་གིས་རྗེས་ུབྲིས་པ་ནི། སྔར་གྱི་འཕྲིན་ཡིག་པ་ལམ་དུ་ལོ་གཅིག་འགོར་བས་རེད་ཟེར། འདི་བདེན་ན། རྒྱ་བོད་ཀྱི་བཙན་པོ་རྣམ་གཉིས་ས་ཐག་རིང་ལོས་འདུག ཧཧཧ།།

  35. ཀརྡོ་གཉེར་ཕྱག་པ་ says:
    2015-11-23 at 1:54 am

    རང་གི་སྲི་བྱུས་དང་བསྟུན་དགོས་དུས། རྒྱལ་དབང་ལྔ་པའི་འདས་ལོ་གསང་རྒྱ་བྱས་པ་བཞིན། རྒྱ་བོད་གཉིས་ཀས་སྔར་བྲིས་ལ་ཐད་པ་མི་ཇད་པ་གཉིས་ཀའི་ཆ་ཡོད་པ་ཆོས་ཉིད་རེད་དོ།།

  36. དྲང་བདེན says:
    2015-11-24 at 7:17 am

    བོད་པ་ཚོས་ནི་རྒྱ་གར་འཕགས་པའི་ཡུལ་ཟེར་ནས་ཆོས་དང་རིག་གནས་ལོ་རྒྱུས་ཚང་མའི་འབྱུང་ཁུངས་དངོས་མ་དེ་ཡིན་ཟེར་ནས་འདི་ཕྱིའི་སྐྱབས་ཡུལ་དུ་བརྩི་བཞིན་པ་རེད། ཡིན་ནའང་རྒྱ་གར་ལོ་རྒྱུས་ནང་དུ་བོད་ཀྱི་ལོ་རྒྱུས་དང་བསྒྱུར་རབས་ལས་རབས་མང་པོ་དེ་ཚོ་རི་བོང་གི་རྭ་དང་མོ་ཤམ་གྱི་བུ་ལྟ་བུར་ཆགས་དགོས་པ་གང་ཡིན་ནམ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme