Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྣང་བ་བན་བུན།  


Posted on 2018-11-12 By ཁ་བརྡ 3 Comments on སྣང་བ་བན་བུན།  


དགའ་བ་མཇེ་ཕྲུག་ནས།
 
རི་ནགས་གནས་རི་བསྐོར་ནས་རྐང་ཆུང་ན་རོགས་ཙམ་རེད།།
ཆོས་མཇལ་ཆོས་འདོན་མང་ན་ང་རྒྱལ་རྒྱས་པའི་རྒྱུ་རེད།།
སོ་སོའི་སེམས་པ་གཅིག་དེ་སོ་སོས་བདག་གཅེས་ཤེས་ན།།
ཆོས་དང་འཇིག་རྟེན་གཉིས་ཀྱི་སྙིང་པོ་དོན་གྱི་ནོར་རེད།།

རང་གི་སེམས་པ་གཅིག་དེ་དུལ་བའི་ནུས་ཤིག་མེད་དུས།།
གཞན་སེམས་བརྒྱ་སྟོང་འདུལ་བའི་ཆོས་པ་སུ་ཞིག་ཡོད་རེད།།
རང་ཉིད་དཔེ་ལ་བཞག་ཏེ་ཆོས་དང་འཇིག་རྟེན་གཉིས་ཀྱི།།
བདེན་དོན་དངོས་ཡོད་མཐའ་དག་མ་སྦས་གསུང་ན་ལོས་བཟང་།།

ང་རང་ལྷ་ལ་དགའ་བའི་རྒྱུ་མཚན་བཙལ་རུང་མ་རྙེད།།
རང་ཉིད་ཀུན་ལ་དབང་བའི་མི་ཚེའི་སྐལ་བཟང་འདི་ཀོ།།
རང་གཞན་སོ་སོའི་གཤིས་དང་མཐུན་པའི་འཚོ་བ་རོལ་ན།།
ལྷ་འདྲེའི་ཕན་གནོད་རྩོད་པའི་ཐ་ཤལ་ལས་ཤིག་མི་མཁོ།།

གང་བྱས་བླ་མ་དཀོན་མཆོག་གསུམ་གྱིས་བཀའ་དྲིན་ཡིན་ན།།
ང་ཚོ་བོད་ལས་སྡུག་ག་ས་སྟེང་འདི་ལ་མ་མཐོང་།།
རང་ས་རང་ཡུལ་འཕྲོག་མཁན་རྒྱ་ནག་དམར་པོའི་རིགས་ལ།།
མགོ་ལ་དཀོན་མཆོག་མེད་ཀྱང་སྐྱིད་པའི་འཚོ་བ་ཡོད་རེད།།

རྐང་ལག་རང་ལ་ཡོད་ཀྱང་ལས་དབང་ལྷ་ལ་བཅོལ་མཁན།།
སྒྱིད་ལུག་སོས་དལ་གཤིས་ལ་རིང་ནས་ངན་ལང་ཤོར་མཁན།།
དཀའ་ལས་མ་རྒྱག་འདོད་པའི་མི་ཚེའི་རྒྱས་སྤྲོས་འཚོ་བ།།
དཀོན་མཆོག་གསུམ་ལས་མེད་པའི་བདག་ཅག་བོད་རིགས་སྤུན་ཟླ།།

སོ་སོས་ལས་ཤིག་བྱེད་དང་ལས་ལ་གྲུབ་འབྲས་ཡོད་རེད།།
ཐམས་ཅད་ལྷ་ཡིས་བཀོད་ཚུལ་ཅོལ་ཆུང་གཏམ་དེ་དོར་རོགས།།
ལྷ་དང་བླ་མ་དཀོན་མཆོག་སོ་སོའི་ས་ལ་བཞག་རོགས།།
གང་བྱས་ལས་ཀྱི་ཁྲོད་ལ་དཀོན་མཆོག་དགོས་དོན་མི་འདུག །

ལྷ་ལ་མངོན་ཤེས་ཡོད་ན་འདྲེ་ལ་ནུས་མཐུ་ཡོད་ན།།
ང་དགུའི་ལོ་ཡི་ནང་ལ་བོད་རིགས་སྡུག་པོ་མྱང་དུས།།
ཡུལ་ལྷ་དཀོན་མཆོག་གསུམ་པོ་གང་དུ་བྲོས་པ་རེད་དམ།།
ལྷ་ས་ཁྲག་གིས་ཁེངས་དུས་ཚོར་བ་མེད་པ་ཅི་རེད།།

སྙན་ངག

Post navigation

Previous Post: རིག་གནས་ཆེ་བ་ལྔའི་ཡ་གྱལ་སྒྲ་རིག་པ།
Next Post: བོད་ཀྱི་ལོ་རྒྱུས་ནང་སློབ་གྲྭ་ཞེས་པའི་མིང་ནམ་ཞིག་ལ་བྱུང་བ།

Comments (3) on “སྣང་བ་བན་བུན།  
”

  1. ྸAbharu Jigwang says:
    2018-11-13 at 9:21 pm

    དཔེ་ཡག་པོ་བྲིས་འདུག་ ང་ཡང་དེ་ལྟར་ཡང་སེ་བསམ་བཞིན་ཡོད།
    བོད་པ་རྒན་གྲས་ཞིག་གི་གསུངས་གསལ་ལ།
    རྒྱ་དམར་པོས་བོད་བཙན་འཕྲོག་བྱས་སྐབས་ལྷ་སྲུང་མ་་་ཡུལ་ལྷ་རྣམས་བོད་སྐྱོབ་རྒྱུ་ཕར་བཞག་ཁོང་
    རང་ཚོ་སྔོན་ལ་བྲོས་ཏེ་ས་མཚམས་སུ་སླེབས་འདུག་ཟེར་ལ། ཧ་ཧ་ཧ།
    དགོངས་དག་ལྷ་སྲུང་མ་རྣམས།

  2. ཀརྡོ་རབ་འབྱམས་པ་ says:
    2018-11-14 at 2:01 am

    རང་སེམས་ཆོས་ལ་བཀོལ་དུས། །
    དཀོན་མཆོག་དད་པ་མ་བརླག །
    བསམ་དོན་ལས་ལ་འབུང་དུས། །
    ལྷ་སྲུང་འཕྲིན་བཅོལ་མ་ཆག །

    ལྷ་མི་ལས་དབང་མཐུན་ལ། །
    ལྷ་མིའི་ཀུན་སྤྱོད་མཐུན་ཞེས། །
    ཀུན་ལ་གྲགས་ཚོད་ཡིན་པ། །
    དྲ་གྲོགས་ཁྱེད་ཀྱང་ཤེས་དགོས། །

  3. ཀརྡོ་རབ་འབྱམས་པ་ says:
    2018-11-14 at 5:15 am

    https://www.facebook.com/TYCCENTREX/videos/1980253862274071/UzpfSTUxMTc2NTU4NjoxMDE2MTAwNDQ4MzcwMDU4Nw/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme