Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་ཕུལ་བའི་གྲོས་འཆར་ཡི་གེ

Posted on 2011-04-012011-04-01 By tenzin 5 Comments on སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་ཕུལ་བའི་གྲོས་འཆར་ཡི་གེ

སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་ཕུལ་བའི་གྲོས་འཆར་ཡི་གེ
སྤེལ་དུས། 2011-04-01 ཁུངས། བོད་ཀྱི་སྐད་ཡིག རྩོམ་པ་པོ། བླ་མ་བཀྲ་ཤིས་ཀྱིས་བསྒྱུར། རྡེབ་ཚད། 7

ཤོ་རྒྱག་རྒྱལ་སྐུགས་བྱ་བ་ཚར་བཅད་དེ།། རིགས་ཀྱི་ཡར་བསྐྱེད་སྙིང་སྟོབས་ཤུགས་ཀྱིས་གསོ།།

——བོད་རིགས་སྤུན་ཟླ་ཡོངས་ལ་ཕུལ་བའི་གྲོས་གཞིའི་ཡི་གེ
མྰ་ཅང་དང་། ཤོ་རྩེད་དེ་རྒྱལ་སྐུགས་པའི་རླུང་འཚུབ་ཅིག་གིས་བོད་ཁམས་ཀྱི་གྲོང་དང་གྲོང་ བརྡལ་ཕལ་ཆེར་བཏུམ་འགྲོ་བཞིན་པའི་སྣང་ཚུལ་འདི་འགྲེང་བརྒྱ་ཀུན་གྱིས་འཚལ་བ་ ཞིག་རེད་ལ། མྰ་ཅང་རྩེད་ནས་དངུལ་ལོར་རྒྱན་དུ་འཇོག་པ་ཡང་མངོན་སུམ་གྱི་དོན་ཞིག་ཏུ་གྱུར་ འདུག མྰ་ཅང་རྩེད་པ་ནི་ལྐོག་རྔན་སྤྲོད་པ་དང་གསུག་བརྫངས་པའི་ཐབས་ལམ་ཞིག་ཏུ་གྱུར་ ཡོད་པའང་ཀུན་ལ་གསལ་ཆ་ཆེ་བའི་ཡོངས་ཁྱབ་ཀྱི་སྣང་ཚུལ་ཞིག་རེད་ལ།བོད་ཁམས་ཡོངས་ ཀྱི་ཕོ་མོ་རྒན་གཞོན་མང་བོས་དུས་ཚོད་དང་སེམས་ཤུགས། ཡོང་སྒོ་ཚང་མ་མྰ་ཅང་ཅོག་ཙེའི་ཐོག་ཏུ་འཕེན་བཞིན་པའང་ཚང་མར་ཆ་རྒྱུས་ཡོད་པའི་ དོན་ཞིག་རེད།མྰ་ཅང་དང་ཤོ་སོགས་རྒྱལ་སྐུགས་ལ་མགོ་འཁོར་བའི་རྐྱེན་གྱིས་རུལ་ སུངས་ཀྱི་དོན་བསྒྲུབས་ཏེ་ཁྲིམས་མུན་དུ་ཚུད་པ་དང་། ཁྱིམ་ཚང་མ་མཐུན་པ། བུ་ཕྲུག་ལ་ཕ་མའི་བྱམས་བརྩེ་མ་ཐོབ་པར་སེམས་ཁམས་ཡ་མ་བརླ་རུ་གྱུར་བ། འགའ་རེའི་སློབ་གཉེར་མར་འགྲིབ་པ་དང་། ཚོང་གི་མ་རྩ་རྒྱན་ལ་བཞག་སྟེ་ཚར་སོང་བ། ག་ས་གང་དུ་རྒྱལ་སྐུགས་ཀྱི་བུ་ལོན་ཆད་པས་ཁྱིམ་ཚང་ཡང་བཙོངས་པ་སོགས་ནི་འུ་ཅག་ གི་མིག་སྔར་བཤམས་པའི་དོན་དངོས་རང་རེད། མྰ་ཅང་དང་ཤོ་ལ་གཡེང་བའི་རྐྱེན་གྱིས་བྱ་བ་འཛོལ་བ་དང་། ལས་ཀ་དང་མི་སྒེར་གྱི་འཕེལ་རྒྱས་དང་མདུན་ལམ་ལ་ཤུགས་རྐྱེན་ཐེབས་པའི་སྣང་ཚུལ་ ཡོད་པ་ཡང་མི་རེ་རེའི་སེམས་སུ་གསལ། མྰ་ཅང་དང་ཤོ་རྩེད་ནས་རྒྱལ་སྐུགས་ན་ཐོབ་བྱ་ཅི་ཞིག་ཡོད་པ་དཔེ་རེ་གཉིས་ཀྱང་ འདྲེན་རྒྱུ་མི་འདུག་མོད། མི་རེ་འགས། མྰ་ཅང་དང་ཤོ་རྩེས་ན་མིའི་སེམས་ཤུགས་ཁ་འཐོར་དུ་གཏོང་ཐུབ་པས་སྤྱི་ཚོགས་བརྟན་ འཇགས་ལ་ཕན་ཞེས་བརྗོད་ཀྱི་འདུག སྐད་ཆ་འདི་ནི་དབང་འཛིན་སྲིད་གཞུང་གི་བདག་དམ་ནུས་པར་ཟུར་ཟ་འཕྱ་སྨོད་དང་རྫུན་ བཟོ་འགྲེལ་བརྗོད་བྱས་པ་ཞིག་རེད།
བོད་ཁུལ་དུ་ལས་རིགས་སྣ་མང་གསར་དུ་དར་དགོས་ལ། འཛུགས་སྐྲུན་གྱི་ལས་རིགས་ཁག་ལམ་ལ་ཆས་མ་ཐག་ཡིན་པས། རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་མཁོ་ལ། ང་ཚོས་བསྒྲུབ་དགོས་པའི་བྱ་བ་ཤིན་ཏུ་མང་ཞིང་། གསར་གཏོད་གསར་བསྐྲུན་དང་།འཛུགས་སྐྲུན་དོ་དམ་གྱི་བྱ་བའང་རབ་ཏུ་མོད་པས། རང་ཅག་གིས་མྰ་ཅང་ཅོག་ཙེའི་སྟེང་ལ་བཀོལ་བའི་དུས་ཚོད་དང་སེམས་ཤུགས། མ་དངུལ་ཚང་མ་དཔེ་ཀློག་སློབ་སྦྱོང་དང་ལས་རིགས་ཞིབ་དཔྱོད། བརྟག་དཔྱད་ཞིབ་འཇུག་དང་འཛུགས་སྐྲུན་བྱ་བ། ལས་ཀ་དང་བྱ་བ་སོགས་ཀྱི་ཐད་དུ་བཀོལ་ན་ཇི་འདྲའི་བཟང་ཨང་། འདི་ཡང་ལས་རིགས་ཀྱི་འདུ་ཤེས་ལྡན་ལ། འགན་འཁྲིའི་བསམ་བློ་དང་། ལས་ཀའི་བསམ་བློ། ཉེན་ཚབས་ཀྱི་བསམ་བློ་མངའ་བའི་མི་རྣམས་ཀྱིས་ཉིན་མཚན་ལྟོས་མེད་དུ་ངང་སྒུག་ བྱེད་བཞིན་པའི་རེ་སྨོན་ནོ།།
སྲིད་གཞུང་གི་མིག་ལམ་དང་གསར་འགྱུར་བརྒྱུད་ལམ་ཁག་གི་དྲིལ་བསྒྲགས་ལྟར་ན། བོད་རིགས་ལས་བྱེད་མི་སྣ་དག་གི་རིག་གནས་ཀྱི་ཆུ་ཚད་དང་། ཤེས་བྱའི་ཆུ་ཚད། སྲིད་ཇུས་དང་ཁྲིམས་ལུགས་ཀྱི་ཆུ་ཚད། ལས་རིགས་ཀྱི་ཆུ་ཚད། ཆེད་ལས་ལག་རྩལ་གྱི་ཆུ་ཚད་དང་སྤྱིའི་སྤུས་ཚད་བཅས་བཟང་བར་འདོད་ཀྱི་ཡོད་ཀྱང་། བློ་ཞིབ་མོས་རྒྱུས་ལོན་དང་རྩད་ཞིབ་བྱས་ཚེ། སྤྱི་ཁྱབ་ཏུ་ད་དུང་ཆུ་ཚད་དམའ་བའི་གནས་སུ་ཡོད། ལྷག་པར་དུ་ལས་བྱེད་པའི་ཚོགས་ཀྱིས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། སྐད་ཡིག ལོ་རྒྱུས་ཤེས་བྱའི་ཆུ་ཚད་དང་མི་རིགས་རིག་གནས་ལ་བཟུང་བའི་རང་རྟོགས་ཀྱི་འདུ་ ཤེས་སོགས་ཇེ་དམའ་དང་ཇེ་སྲབ་ཏུ་འགྲོ་བཞིན་པ་མངོན་ལ། མི་ཁ་ཤས་དེ་དག་ལ་ཡོངས་སུ་རྨོངས་འདུག་ཅེས་ཀྱང་བཤད་ཆོག འདི་ལྟར་ན། འུ་ཅག་དུས་རབས་ཀྱི་རྗེས་ལུས་པ་དང་རང་གི་རིག་གནས་ཀྱི་རྒྱུན་གཅོད་མཁན་ཞིག་ཏུ་ འགྱུར་འགྲོ་བར་སྐྲག་སྣང་མི་སྐྱེས་སམ།
ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་ཚོགས་འདུ་ཐེངས་ལྔ་བའི་དགོངས་དོན་ནན་ཏིག་ གིས་ལག་བསྟར་དང་། བོད་ཁུལ་གྱི་རྒྱང་མཆོང་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བརྟན་འཇགས་སྐུལ་སྤེལ། ལོ་ལྔའི་འཆར་གཞི་ཨང་བཅུ་གཉིས་པའི་འཆར་གཞིའི་དམིགས་ཚད་སོགས་ཚང་མ་མྰ་ཅང་ཅོག་ ཙེའི་སྟེང་དང་ཇ་ཁང་གར་ཁང་དག་ནས་ལག་བསྟར་ལེགས་འགྲུབ་ཐུབ་པ་ཞིག་ཡིན་སྲིད་དམ། ཁོ་བོས་བལྟས་ན། མྰ་ཅང་ཅོག་ཙེའི་ཐོག་ནས་སྲིད་དོན་མི་འགྲུབ་ཅིང་། ཤོ་ཡི་རྩེད་མོའི་ཁྲོད་ནས་ཤེས་བྱ་སློབ་མི་ཐུབ་ལ།ཇ་ཁང་གར་ཁང་ནང་ནས་གྲུབ་འབྲས་ མི་ཐོན་ཞིང་། གཞན་མིའི་ཡིན་མིན་བརྗོད་དེ་ཕན་འབྲས་མི་མངོན་ནོ།།བོད་ཁུལ་གྱི་དཔལ་འབྱོར་ འཕེལ་རྒྱས་དང་། རིག་གནས་དར་རྒྱས། སྤྱི་ཚོགས་ཡར་ཐོན། བརྟན་འཇགས་འཆམ་མཐུན་བཅས་འབྱུང་དགོས་ན། དཀའ་སྤྱད་སློབ་སྦྱོང་དང་། ལས་ཀར་སྡུག་རུས། ཧུར་བརྩོན་རྒྱལ་སྐྱོང་། རང་དོན་བློས་བཏང་གིས་བྱས་རྗེས་བཞག་ན་ད་གཟོད་རེ་བ་ཡོད་པ་ལས། དེ་ལས་གཞན་པའི་ཐབས་ལམ་གང་ཡང་མི་འདུག་གོ།
ཤོ་རྒྱག་རྒྱལ་སྐུགས་འགོག་ཐབས་ཀྱི་གྲོས་གཞི་འགའ།
གཅིག ཏང་དང་སྲིད་གཞུང་གིས་སྲིད་འཛིན་གྱི་ལག་ཐབས་སྤྱད་དེ་དྲག་རྩུབ་ཀྱིས་བཀག་སྡོམ་ དང་རྩ་རྫོགས་བྱ་དགོས་པ་དང་། མི་མང་འདུ་ས་དང་གསར་འགྱུར་བརྒྱུད་ལམ་ཁག་ནས་བཀག་སྡོམ་བྱ་དགོས་པའི་དྲིལ་ བསྒྲགས་རྒྱ་ཆེན་པོ་བྱས་ཏེ། མི་ཚང་མར་ཤེས་སུ་འཇུག་དགོས།
གཉིས། ཁ་ཏར་མི་ཉན་པའམ་ཉེས་པ་བཟོ་མཁན་ལ་དཔོན་གནས་དང་ལས་གནས་ལས་ཕབ་པ་དང་། ཟླ་ཕོགས་གཅོག་པ། སྒོར་མོའི་ཆད་པ་རྒྱག་པ། གསར་ལམ་དུ་མངོན་བསྒྲགས་བྱེད་པ་སོགས་གཏའ་མ་བྱས་ན་ད་གཟོད་མངོན་གསལ་གྱི་གྲུབ་ འབྲས་ཐོན་ཐུབ།
གསུམ། ཁྲིམས་འཛིན་ལྟ་རྟོག་ལས་ཁུངས་ཀྱིས་གནས་དངོས་སུ་ཞིབ་བཤེར་བྱེད་པའི་ཐབས་ཤེས་ བསྒྱུར་ཏེ། ཇ་ཁང་དང་ཆང་ཁང་སོགས་སུ་ལྟ་རྟོག་འཕྲུལ་ཆས་བཞག་ནས་དངོས་དཔང་ར་སྤྲོད་བྱེད་པ་ དང་རྒྱལ་སྐུགས་མཁན་བྲོས་བྱོལ་གྱི་གོ་སྐབས་སྟེར་མི་རུང་།
ཤོ་དང་མྰ་ཅང་གི་ཚབ་ཏུ་དཔལ་ཡོན་གྱི་རོལ་རྩེད་འཚོ་བ་བསྒྱུར་བའི་བྱ་ཐབས་དང་གྲོས་གཞི།
གཅིག བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་རྩལ་སྦྱོང་རོལ་རྩེད་ཀྱི་རྣམ་གྲངས་སླར་གསོ་བྱ་བ།
བོད་མི་རིགས་ལ་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་མིག་མངས་ཀྱི་རིགས་དང་། ཤོ ཐེ་གེ རྟ་རྒྱུགས་འགྲན་སྡུར། གཡག་རྒྱུགས་འགྲན་སྡུར། ཐག་འཐེན་འགྲན་སྡུར། ས་རྡོ་འཇོག་པ། མདའ་རྩེད། ཐག་མཆོང་། རྒྱང་མཆོང་། ཆུ་རྐྱལ། ཤོག་བྱ་སྤུར་བ་སོགས་རོལ་རྩེད་དང་། རྩལ་སྦྱོང་། རིག་རྩལ་སོགས་གཅིག་ཏུ་གྲུབ་པའི་རྩེད་མོའི་རྣམ་གྲངས་ཤིན་ཏུ་མང་བ་ཡོད་པ་དེ་ དག་སླར་གསོ་བྱས་ཚེ། མི་རྣམས་ལ་རོལ་རྩེད་དང་རྩལ་སྦྱོང་གི་སྟེགས་བུ་ཞིག་བསྐྲུན་ཐུབ་པ་མ་ཟད། རྒྱུན་ཆད་པའི་སྲོལ་རྒྱུན་གྱི་རིག་རྩལ་རྩལ་སྣ་ཀུན་སླར་གསོ་ཡོང་བར་ཡང་སྐུལ་ འདེད་ཐུབ་པ་དང་། དེ་དང་ཆབས་ཅིག ཐུན་མོང་མ་ཡིན་པའི་རོལ་རྩེད་དང་རྩལ་སྦྱོང་གི་རྣམ་གྲངས་འདི་དག་རྒྱལ་ཁབ་ཕྱི་ ནང་གི་འགྲན་སྡུར་དུའང་གཞུག་ཆོག
གཉིས། འཛད་མཐའ་མེད་པའི་གླུ་གར་གྱི་རྒྱ་མཚོ་ནི་ངལ་དུབ་སེལ་བའི་སྨན་མཆོག་དང་།སྤྲོ་ སྣང་ཡོང་བའི་གཞི་མ། སེམས་ཁམས་བག་ཡངས་ཐེབས་པའི་ཁྱད་འཕགས་ཀྱི་རོལ་རྩེད་ཡིན།
གླུ་གར་ལ་མཁས་པ་ནི་བོད་མི་རིགས་ཀྱི་ཁྱད་རྟགས་ཤིག་ཏུ་གྱུར་ཡོད་པ་དང་། བོད་ཀྱི་གླུ་གར་དེ་མིའི་རིགས་ཀྱི་འཚོ་བར་སྤྲོ་སྣང་ཡོང་བྱེད་ཀྱི་སྨན་མཆོག་ ཅིག་ཏུའང་གྱུར་འདུག་ལ། སྐོར་བྲོ་དང་། སྒྲ་སྙན། དམངས་གླུ། ལ་གཞས། ཆང་གླུ། ཇ་གླུ། ངལ་རྩོལ་གྱི་གླུ། ཟློས་གར་སོགས་ནི་འགྲན་ཚོགས་དང་བྲོ་ཚོགས། འཁྲབ་སྟོན། འགྲན་སྡུར་སོགས་ཀྱི་རྣམ་པར་བརྟེན་ནས་སྤེལ་ཚེ། མི་རྣམས་ཀྱི་ངལ་དུབ་སེལ་ཞིང་། སྤྲོ་སྣང་ལྡན་ལ། སེམས་ཁམས་བག་ཡངས་སུ་ཡོང་བའི་ཁྱད་འཕགས་ཀྱི་རོལ་རྩེད་སྟེགས་བུ་ཞིག་བསྐྲུན་ ཐུབ།
གསུམ། ས་གནས་སོ་སོར་དཔེ་མཛོད་ཁང་འབོར་ཆེན་བཙུགས་ཏེ། མི་རྣམས་ལ་དཔེ་ཆ་ལེགས་པོར་བལྟ་རྒྱུ་ཡོད་པ་བྱ་དགོས།
མིག་སྔར་བོད་ཁུལ་གྱི་དཔེ་མཛོད་ཁང་དེ་ཆང་ཁང་མགྲོན་ཁང་དང་། ཇ་ཁང་གར་ཁང་། གཞུང་སྒྲུབ་ཐོག་ཁང་སོགས་དང་བསྡུར་ན། ས་ཁམས་ཀྱི་གནས་ཡུལ་དང་། ཕྱི་ནང་གི་བཀོད་པ། རྒྱ་ཁྱོན་དང་མཛེས་ཆས་བདེ་ཉམས་སོགས་ནས་མགོ་ཁྲིད་ཀྱིས་མཐོང་ཆེན་དང་སྲིད་གཞུང་ གིས་རྒྱབ་སྐྱོར་ཐོབ་ཚད། མི་གྲངས་འདུ་ཚད་སོགས་ཕྱོགས་གང་ནས་ཀྱང་ཤུགས་ཞན་སྣང་མེད་ཀྱི་གནས་སུ་ལྷུང་ཡོད་ པ་འདིས་ཡང་སྙིང་ཅི་ཞིག་མཚོན་གྱི་ཡོད་དམ། འདིས་ཅི་ཞིག་གསལ་བཤད་བྱས་ཡོད་པ་གནས་སྐབས་བཏང་སྙོམས་སུ་བཞག་ཤོག ད་ལྟ་སྲིད་གཞུང་དང་མང་ཚོགས་ཀྱིས་མཐོང་ཆེན་བྱ་དགོས་པ་ནི། ལྗོངས་དང་ཁུལ། རྫོང་རིམ་པའི་དཔེ་མཛོད་ཁང་གི་གནས་ཡུལ་དེ་གྲོང་ཁྱེར་གྱི་ལྟེ་བའི་ཁུལ་དུ་ གཟུག་དགོས་པ་དང་། རྒྱ་ཁྱོན་ཡངས་ཤིང་ཉི་འོད་འཕྲོ་ས་དང་། འཛེར་སྒྲ་དབེན་ས། སྒྲིག་ཆས་སོགས་ཀྱི་ཐད་ཆ་རྐྱེན་ཡོད་དགོས་ཤིང་། དཔེ་དེབ་བླུ་བའི་མ་དངུལ་ལ་ཁག་ཐེག་ཡོད་དགོས་པ་དང་ཞབས་ཞུའི་དུས་ཚོད་ཇེ་རིང་ དུ་གཏོང་དགོས་པ། དཔེ་དེབ་དང་ཚགས་དེབ་ཀྱི་རིགས་ཕུན་སུམ་ཚོགས་པ་དང་། བོད་རྒྱ་ཡིག་རིགས་གཉིས་འདྲ་མཉམ་དུ་བལྟ་དགོས་པ་བཅས་སོ།།
བཞི། ཇ་ཁང་ཆང་ཁང་སོགས་སྤྲོ་བསང་གི་གནས་དང་མགྲོན་ཁང་སོགས་སུ་ཚགས་དེབ་ཀྱི་རིགས་ བཤམས་དགོས་པ་དང་། བག་ཡངས་ཀྱི་མི་རྣམས་ལ་སྟབས་བདེ་ལ་ཕུན་སུམ་ཚོགས་པའི་བསམ་པའི་རྒྱགས་ཕྱེ་ཞིག་ མཁོ་སྤྲོད་བྱ་དགོས།
ཇ་ཁང་ཆང་ཁང་སོགས་སྤྲོ་བསང་གི་གནས་དང་མགྲོན་ཁང་སོགས་ནི་མི་རྣམས་འགྲོ་འོང་ གི་གནས་གཙོ་བོ་ཡིན་པས། གནས་འདི་དག་ཏུ་ཏང་གི་ཚགས་དེབ་དང་། ཁྲིམས་ལུགས་ཤེས་བྱ། ཀྲུང་གོའི་བོད་ལྗོངས། ཀྲུང་གོའི་མི་རིགས་ཚགས་པར། ཀྲུང་གོའི་བོད་རིག་པ། ཀྲུང་གོའི་མི་རིགས། བོད་ལྗོངས་ཞིབ་འཇུག ལྗོངས་དང་ཁུལ། རྫོང་བཅས་ཀྱི་ལོ་རྒྱུས་དཔེ་ཆ། ལས་རིགས་ལས་ཁུངས་བཅས་ཀྱི་ཚགས་དེབ་སོགས་བཤམས་རྒྱུ་ནི་སྒྲུབ་ཐུབ་པ་ཞིག་ཡིན་ ཞིང་། འདི་ནི་བག་ཡངས་སྤྲོ་རྩེད་རིགས་ཤིག་དང་། དཔེ་ཀློག་སློབ་སྦྱོང་། ཤེས་བྱ་གོང་མཐོར། ཆ་འཕྲིན་རྒྱུས་ལོན། བོད་ཁུལ་དྲིལ་བསྒྲགས་སོགས་ལ་ཕན་པའི་བྱ་ཐབས་རྨད་དུ་བྱུང་བ་ཞིག་གོ །
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས།
2011ལོའི་ཟླ3པའི21ཉིན།
བླ་མ་བཀྲ་ཤིས་ཀྱིས་བསྒྱུར།
སྡེ་རོང་ཚེ་རིང་དོན་གྲུབ་ཀྱི་ལོ་རྒྱུས་མདོར་བསྡུས། ༡༩༥༤ལོར་སི་ཁྲོན་སྡེ་རོང་དུ་འཁྲུངས། ཀྲུང་གོ་ཏན་ཡོན་དང་། ཞིབ་འཇུག་པ། རྒྱལ་ཁབ་ཕྱི་ནང་གི་མཁས་པ་གྲགས་ཅན་བཅས་ཡིན། ད་ལྟ་དཀར་མཛེས་ཁུལ་ཡིག་ཚགས་ལས་ཁུངས་སུ་ཕྱག་ལས་གནང་བཞིན་ཡོད། བརྩམས་ཆོས་ལ། 《བོད་ཀྱི་ལོ་རྒྱུས་བཀྲ་ཤིས་གཏེར་བུམ།》དང་།《བདག་གི་རེ་སྨོན》《གནའ་བོའི་ཧྲུའུ་ མིའི་འབྱུང་ཁུངས་ཀྱི་མཐིལ་བརྟོལ་བ》སོགས་ཡོད་པ་མ་ཟད། སྔ་ཕྱིར་《འཆམ་མཐུན་བརྟན་བརླིང་གི་བོད་ཁུལ་འཛུགས་སྐྲུན་བྱེད་པའི་ཐད་ཀྱི་ གྲོས་འཆར་འགའ》ཞེས་པ་དང་《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ འཛུགས་སྐྲུན་ཐད་བཏོན་པའི་བྱ་ཐབས་བཅོ་ལྔ》སོགས་ཀྱི་གྲོས་འཆར་ཡི་གེ་བྲིས་ཏེ་ ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་གཙོ་བོ་དག་ལ་ཕུལ།

གསར་འགྱུར།

Post navigation

Previous Post: རང་དབང་གི་སྣང་བརྙན།
Next Post: CCTV གསར་འགོད་པས་ཤར་ཕྱོགས་ཁུག་རྟར་བཅར་འདྲི་ཞུས་པ།

Comments (5) on “སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་ཕུལ་བའི་གྲོས་འཆར་ཡི་གེ”

  1. བོད་ཁམས་ཉི་མ་། says:
    2011-04-01 at 3:21 pm

    ལྡོང་ཚེ་རིང་དོན་གྲུབ་ནི་རིགས་གནས་ཀྱི་ཆུ་ཚད་དང་ཕུག་རྒྱང་རིང་པོའི་ལྟཚུལ་ཅན་ཞིག་ཏུ་འདོད་། རང་རིགས་ཚོས་ཁོང་གི་གསུང་ལ་མོས་མཐུན་གནང་རོགས།

  2. བོད་པ་ཚང says:
    2011-04-01 at 3:34 pm

    སྡེ་རོང་ཚེ་རིང་དོན་འགྲུབ་ཀྱི་བརྩོམ་མང་བོ་བཀླགས་མྱོང་ཁོང་གིས་བྲིས་པ་ཕལ་ཆེར་ངས་དགའ་བསུ་ཡོད།
    ས་བཅད་དང་བོ་ངས་ནམ་ཡང་དགག་པ་བྱེད་ཀྱིན་ཡོད་རྒྱུ་མཚན་ནི་དོན་ཚན་དང་བོ་ཁ་བྲལ་རང་ལུགས་
    ལ་དགག་པ་བྱ་ཚུལ་དེ་རེད། ངས་གཤད་པ་ནི་ཁོང་གི་བརྩོམ་རྙིང་ཡིན། དེས་ཆོག་པ་བྱོས།

  3. མིག says:
    2011-04-01 at 5:26 pm

    སྐྱེ་ས་མཚར་ས་དེ་གཙོ་བོ་མ་རེད།
    མཁས་དབང་འདིས་རྩོམ་པའི་དེབ་དེ་དག་གི་མིང་ཀློག་པ་ཙམ་གྱི་མི་གཞི་ཡོད་པ་དང་། རྣམ་དཔྱོད་དང་ལྡན་པ་ཞིག་ཡིན་པར་གོ་བྱུང་།
    མདོ་དབུས་ཁམས་གསུམ་གང་ན་བཞུགས་ཀྱང་སྐུ་ཚེ་རི་རབ་ལྟར་བརྟན་པར་ཤོག་ཅེས་ཞུའོ།།

  4. བོད་ཀྱི་ཕོ་གསར། says:
    2011-04-01 at 5:52 pm

    གུས་འདུད་ཞུ་བཞིན་ཡོད།

  5. ཁ་བའི་སྒྲོན་མེ། says:
    2011-04-02 at 6:51 pm

    མཁས་དབང་ཁོང་གི་རྩོམ་ཡིག་མང་པོ་བལྟས་པ་ཡིན། ལང་ཕྱོགས་ཕལ་ཆེར་༧གོང་ས་མཆོག་དང་ཟམ་དགོང་རིན་པོ་ཆེའི་གསུངས་ལས་མ་འདྲ་བ་མི་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme