Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྡུག་གི་ལོ་རྒྱུས་དང་མུན་ནག་གི་ལམ་དུ་ཁྲག་གི་རྐང་རྗེས་ལ་ཕྱིར་དྲན།

Posted on 2013-10-162013-10-16 By ཁ་བརྡ་ 5 Comments on སྡུག་གི་ལོ་རྒྱུས་དང་མུན་ནག་གི་ལམ་དུ་ཁྲག་གི་རྐང་རྗེས་ལ་ཕྱིར་དྲན།

སེང་བུ་འབྲུག་ཞོན།

དེ་རིང་། སྡུག་གི་ལོ་རྒྱུས་དང་མུན་ནག་གི་ལམ་དུ་ཁྲག་གི་རྐང་རྗེས་ལ་ཕྱིར་དྲན་གྱིས་མིག་ཆུ་དབང་མེད་དུ་བཞུར་བའི་གངས་ཅན་པ་དག་དང་མྱ་ངན་གྱི་ཉིན་མོར་གློ་བུར་དུ་མཉམ་ཞུགས་བྱེད་དགོས་པའི་ཉིན་ཞིག་རེད། བོད་མུན་པའི་གྲོང་དུ་སྡུག་གི་སྤྲིན་ནག་ལྷོག་ལྷོག་ཁོལ་བའི་བར་གསེང་ནས་གཟི་འོད་འཕྲོ་བའི་བླ་མ་ཨ་དཀོན་གྱི་བཀའ་དྲིན་ཐུགས་རྗེའི་ཉི་ཟེར། མ་རུང་གཟའ་ཡིས་གློ་བུར་དུ་རྩ་་མེད་བཏང་སོང་བ་ཐོས་དུས། འོ་སྐོལ་གྱི་འདས་མ་འོངས་ད་ལྟ་གསུམ་གྱི་གནས་ཚུལ་རབ་རིབ་འགའ། དྲན་པའི་ཡིད་དུ་སམ་སིམ་དུ་བཙན་གྱིས་རྒྱུ་བཞིན་པས། འགོག་མེད་དུ་བསམ་གཞིག་གི་ཀློང་ནས་འདི་ལྟར་ཆིག་ལབ་ཤོར།
རླབས་ཆེན་མའོ་ཞེས་འབོད་པས་བོད་ས་ཡོངས་རྫོགས་དབང་བསྒྱུར་བྱས་ནས། བོད་ཡུལ་གནམ་ས་བླ་འོག་བརྗེས་བ་ལྟ་བུ་བྱུང་ཡོད་ཟེར་བ་དེ། དྲང་བདེན་གཞི་རྩར་བཞག་ཐོག སུ་ལའང་མ་ལྟོས་པའི་སྨྲ་བརྗོད་རང་དབང་ཆ་ཚང་ཞིག་སྤྱོད་ནས་འགྲེལ་ན། སྣོད་བཅུད་གཉིས་ལ་བཟང་ངན་གང་གིས་འཕོ་འགྱུར་ཤུགས་ཆེར་ཐེབས་ཡོད་པར་བསམས་ན། ཐོག་མར་སྣོད་ཀྱི་སྐོར། གུང་ཁྲན་ཏང་གིས་ཁོར་ཡུག་ལ་ཕན་པའི་བྱ་བ་ཅི་བྱས་ནི། དཔེར་ན། ཟས་ཟོས་མིན་མཁུར་ཚོས་ཤ་ལ་ལྟོས། ལས་བྱས་མིན་ལག་པའི་རི་མོར་གཟིགས། ཟེར་སྲོལ་ལྟར། ཚ་དྲོད་ལོ་རེར་ཇེ་འཕར་སོང་བ་དང་། གདོད་མའི་གངས་རྒན་དང་། འཁྱགས་རོམ་སོགས་ཇེ་ཆུང་དུ་འགྲོ་བཞིན་པ་དང་། གཙང་ཆུ་ཆེན་པོ་ཡུར་ཆུར་འགྱུར། ཡུར་ཆུ་དང་། མཚོ་དང་མཚེའུ་གྲམ་ལ་ཐུག་གིན་པའི་རང་བྱུང་ཁམས་ཀྱིས། གུང་ཁྲན་ཚང་གིས་བོད་ཀྱི་ཁོར་ཡུག་ལ་ལེགས་ཉེས་ཅི་བྱས་ཀྱི་བདེན་དཔང་བྱས་ཡོད།

ད་རུང་གཏེར་རིགས་ལ། གསེར། དངུལ། ཟངས། ལྕགས། དངུལ། ཞ་ཉེ་སོགས་གཙོས་པའི་ལྕགས་རིགས་སྣ་ཚོགས་དང་། སྣུམ་རིགས་འདྲ་མིན། སྨན་སྣ་བརྗོད་ཀྱི་མི་ལང་བ། ཤིང་རིགས་ཡོད་དགུ་དང་། འཛད་མཐའ་མེད་པའི་ནགས་ཚལ་གཅོད་འབྲེག་བྱས་དང་བྱེད་བཞིན་པ་དང་། བྱང་མཐའ་ན་བྱང་ཚ་དཀར་མོ་དང་། ཚ་དམར་སོགས། རྫོགས་མེད་ཀྱི་རྡོ་སོལ། ཕུན་སུམ་ཚོགས་པའི་རྣམ་གྲངས་སྣ་ཚོགས་ཀྱི་གཏེར་སྔོག་པའི་ཡོང་འབབ་ཀྱིས་རྒྱ་ནག་གི་དཔལ་འབྱོར་འཛམ་གླིང་ཐོག་ཏུ་ཨང་གཉིས་པར་སླེབ་སྟེ། མི་རིང་བར་རྩེ་གྲལ་དུ་ཟིན་པའི་ཡིད་ཆེས་ཕེར་བའི་གདེང་ཚོད་རྙེད་ཡོད། འོན་ཀྱང་རྒྱ་ནག་གིས་བོད་བཙན་བཟུང་བྱས་ནས། གཏེར་ཁ་དེ་དག་གི་ཆ་ཤས་ཙམ་ཡང་ཕར་ཞོག རིག་གནས་གསར་བརྗེ་སྐབས་སུ། རིན་ཐང་གཞལ་མེད་ཀྱི་སྐུ་གསུང་ཐུགས་རྟེན། གནའ་རབས་རིག་རྫས་སོགས་རྒྱ་ནག་ཏུ་འོར་འདྲེན་བྱེད་པའི་ཡོང་འབབ་གཅིག་པུ་ཙམ་གྱིས། བོད་ཡར་རྒྱས་བཏང་མེད་ཁར། ད་རུང་ཧམ་སེམས་ཆེན་པོས་ཁྲལ་རིགས་ཚད་ལས་བརྒལ་བ་བསྡུ་བཞིན་ཡོད། འབབ་ཐང་དང་། ཁང་བརྩེགས། འཁོར་ལམ་སོགས་ཕྲན་བུ་ཡར་རྒྱས་བཏང་པ་ནི། ཁོ་ཚོར་དགོས་མཁོའི་ཆེད་ལས། མི་དམངས་ལ་བསམ་ནས་ཡར་རྒྱས་ཅི་ཡང་བཏང་མེད།

ད་རུང་བདག་མེད་རི་གནས་སྲོག་ཆགས་ཕལ་ཆེར་རྩ་སྟོང་དུ་འགྲོ་ལ་ཉེ་མཚམས་སུ་སླེབ་པ་འདི་དག་གཅིག་པུར་རྒྱ་ནག་གིས་གྱོང་གུད་གསབ་དུ་མེད་པ་གྱུར་ཟིན། བོད་ནང་མཚོན་ཆ་དང་། རྫས་སྦྱོར་གྱི་བཟོ་གྲྭ་འདྲ་མིན་དང་། རྡུལ་ཕྲན་མཚོན་ཆའི་སྙིགས་རོ་བོད་དུ་སྦས་པ་སོགས་ཀྱིས་ལྷོ་ཤར་ཨེ་ཤེ་ཡི་ཕྱོགས་ལ་རྒྱུ་བཞིན་པའི་མཁའ་རླུང་དང་། ཆུ་བོ་སོགས་ལ་སྦག་བཙོག་ཐེབས་པས། སྲོག་ཆགས་གྲངས་ལས་འདས་པར་གནོད་སྐྱོན་ཕོག་བཞིན་ཡོད། དེའི་རྐྱེན་པས། འཛམ་གླིང་ཁྱོན་ཡོངས་སུ་གནོད་ཤུགས་ཇེ་ཆེར་འགྲོ་ཡི་ཡོད་དོ།།

གཉིས་པ། བཅུད་སེམས་ཅན་ལ་གུང་ཁྲན་གྱིས་ཕན་གནོད་བྱུང་རིམ་ནི། ཐོག་མར་གུང་ཁྲན་དམག་གིས་རྒྱལ་མཚམས་ནས་བཙན་འཛུལ་བྱེད་དུས། གྲོང་སྡེ་མང་པོ་དམིགས་མེད་དུ་བཅོམ་ནས་ཡོང་བ་མ་ཟད། སྐྱེས་ཕོ་མོ་དབྱེར་མེད། མཐའ་ན་བྱིས་པ་དམར་འབྱར་དང་། སྒོ་ཁྱི། སྒོ་ཕྱུགས་སོགས། སྲོག་ཆགས་མིག་གིས་མཐོང་ཚད་བསད་ནས་ཡོང་བ་རེད། བོད་ས་ཧྲིལ་པོ་དབང་འོག་ཏུ་བསྡུས་ཟིན་དུས། དམངས་གཙོ་བཅོས་བསྒྱུར་དང་། རིགས་གནས་གསར་བརྗེ་སོགས། ལས་འགུལ་གཅིག་འཕྲོར་རིམ་མཐུད་དུ་སྤེལ་ཏེ། གདོང་དམར་བོད་པ་ཤི་གསོན་ཕྱེད་ལ་གཏུག མའོ་ཤི་རྗེས་རྒྱ་ནག་གི་སྲིད་ཇུས་ཅུང་ཙམ་གུ་ཡངས་ཕྱིན་ཡོད་ཀྱང་། བོད་ཡོངས་ཀྱི་དགོན་པ་དང་། ལྷ་ཁང་མཆོད་རྟེན་དང་། དད་རྟེན་ཡོངས་རྫོགས་དམིགས་མེད་དུ་རྩ་གཏོར་ཟིན། དེ་དག་མི་དམངས་རང་འགུལ་གྱིས་སླར་གསོ་བ་ལས། རྒྱ་གཞུང་གིས་ཉམས་གསོ་བྱས་མེད།
འོན་ཀྱང་སྔར་ལས་ཕྲན་བུ་གུ་ཡངས་ཀྱི་རྣམ་པ་མངོན་ཡང་། འགྲོ་འདུག་སྤྱོད་གསུམ་དང་། དད་མོས་དང་། དཔལ་འབྱོར་རང་དབང་སོགས་མེད། དེ་རྗེས་ཁ་བྲལ་ལ་རྡུང་རྡེག་ཚ་ནན་གཏོང། ཞེས་པའི་ལས་འགུལ་འོག མི་ཁྲི་ཕྲག་མང་པོའི་ཚེ་སྲོག་བརླག དེ་རྗེས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་བོད་མི་སྡུག་སྦྱོང་གཏོང་བའི་བྱ་འགུལ་བོད་ཁྱོན་ཡོངས་སུ་ལོ་བཅུ་ཕྲག་གཉིས་རིང་དུ་བསྟུད་མར་སྤེལ་བ་རེད།
སྤྱི་ལོ་གཅིག་སྟོང་དགུ་བརྒྱ་ལྔ་བཅུ་ང་དགུ་ལོའི་ཡར་སྔོན་ནམ། སྤྱི་ཚོགས་རྙིང་པའི་སྐབས་སུ། རྒྱ་གཞུང་གིས་བརྗོད་པ་ལྟར། ཀླ་ཀློ་དང་། མུན་ནག་གི་དུས་རབས་ཤིག་ཡིན་པ་བདེན་ཡང་། ཨ་ཁུ་བཅིང་གྲོལ་དམག་བསླེབས་རྗེས་ཀྱི་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་གུད་བྱུང་བ་བཞིན། བོད་རྙིང་པས་སྐབས་སུ་གནོད་སྐྱོན་ཟུར་ཙམ་ཡང་བྱུང་མེད།

བོད་རང་བཙན་ནམ་སྡེ་བ་གཞུང་གི་སྐབས། མི་ཆོས་ལས་འདས་པའི་ཁྲིམ་ལུགས་ལག་ཏུ་བསྟར་ནའང་། བཅིང་གྲོལ་དམག་གིས་བོད་མི་ཤི་གསོན་ཕྱེད་བགོས་བྱེད་ཅིང་བོད་མི་ཕལ་མོ་ཆེ་ལ་རྡུང་རྡེག་ཕོག་པ་མ་ཟད། བོད་ས་ཡོངས་རྫོགས་བཙོན་རྭར་བསྒྱུར་ཏེ། སྔར་མི་ཡུལ་ལ་མ་གྲགས་པའི་གདུག་རྩུབ་གྱི་ཆ་ཙམ་ཡང་མི་མཚུངས།

དུས་རབས་ཉེར་གཅིག་གི་མཇུག་འདིར། ཡུལ་གྲུ་གང་སར་རང་དབང་དམངས་གཙོའི་ཉི་མ་གང་སར་འཆར་བཞིན་པའི་སྐབས་འདིར། རྒྱ་ནག་གི་སྲིད་བྱུས་ལོ་རེ་ནས་གནས་སྟངས་ཇེ་ངན་དུ་འགྱུར་བཞིན་པ་མ་ཟད། དེང་སྐབས་བོད་ས་ཐམས་ཅད་དམག་གིས་བཀང་སྟེ། འཇིགས་རུང་འཛམ་གླིང་དམག་ཆེན་ལངས་བ་ལྟར་གྱུར།
ལྷག་པར་གྲངས་ཉུང་མི་རིགས་རྩ་མེད་བཟོ་རྒྱུ་དེ། རྒྱ་གཞུང་གིས་ངན་བྱུས་འདི་སྔར་ནས་ཡོད་པ་དེ། གྲངས་ཉུང་མི་རིགས་ལྔ་བཅུ་ལྷག ད་ཆ་ཕལ་ཆེར་ལྷག་མེད་པ་ལ་སོམས་དང་ཤེས། དཔེར་ན་བོད་རྩ་མེད་དུ་གཏོང་བའི་ཆབ་སྲིད་ཇི་ལྟར་འཁྲབ་མིན་གོང་དུ་རོབ་བརྗོད་ཟིན་ནའང་། ད་དུང་སྣོན་མ་རགས་སྡུས་འགའ་བཤད་རྒྱུ་ནི། བོད་མི་དམར་གསོད་དང་བཙོན་འཇུག་ལྐོག་བསད། བོར་བརླག་སོགས་བྱུང་དང་འབྱུང་བཞིན་པའི་གནས་ཚུལ་ཉིན་རེ་ནས་ཐོན་བཞིན་པ་དེ། རྒྱུན་ལྡན་གྱི་གནས་ཚུལ་རེད།

ད་དུང་བོད་འདི་འབུར་འཇོམས་དང་། ཁྱད་གསོད་མཐོང་ཆུང་བྱེད་ཀྱིན་པ་ནི། གྲགས་ཅན་གྱི་མི་སྣ། གཞན་པ་སྐད་གྲགས་ཅན་དང་། འབྱོར་ལྡན་དང་། སྒྱུ་རྩལ་བ། མཁས་དབང་། རྩོམ་པ་པོ། མི་རིགས་ལ་གཅེས་མཁན་སོགས། རིམ་བཞིན་རྩ་མེད་དུ་བཟོས་ཡོད་པ་དག་བགྲང་གིས་མི་ལང་ཡང་། དཔེ་མཚོན་ཁ་ཤས་ཙམ་བརྗོད་ན། པན་ཆེན་སྐུ་ཕྲེང་བཅུ་བ། གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས། དགེ་བཤེས་བསོད་ནམས་ཕུན་ཚོགས། གུང་ཐང་རིན་པོ་ཆེ། སོགས་ལྐོག་བསོད་བྱས་པ་ཡོངས་གྲགས་ཀྱི་མི་སྣ་གྲགས་ཅན་དག་རེད། གོང་གི་ལོ་རྒྱུས་དེ་དག་ལ་བསམ་ན། བླ་མ་ཨ་དཀོན་རིན་པོ་ཆེ། རྒྱ་ནག་གིས་ལྐོག་གསོད་བཏང་ཡོད་པར་དོགས་པའི་རླུང་བུ་རང་བཞིན་གྱིས་བོད་མི་ཚོའི་སེམས་ཁོང་ནས་གཡོ་འོང་བ་ཞིག་རེད།
དེང་འདིར་དྲྭ་ལམ་གང་ས་ནས་གནས་ཚུལ་ཐོན་པ་ལྟར། ལྷ་སྐུ་ཁ་ཤས་ཀྱི་གོང་ཚད་ལ། འབྱོར་ལྡན། གཏོང་ཕོད་ཅན་དང་། ལྷག་བསམ་ཅན་གྱི་བླ་མ་ཨ་དཀོན་གྱིས། ཚོད་འཛིན་མེད་པར་དམར་འཛིང་བྱུང་བ་དེ་ཡིད་དུ་མི་འཐད་པའི་གཏམ་དང་། གལ་སྲིད་དམར་འཛིང་བྱུང་ཡོད་ན། མཚོན་ཆ་སྔ་ས་ནས་གྲ་སྒྲིག་ཡོད་པ་དེའང་། ཡིད་མི་ཆེས་པའི་སྐད་ཆ་དང་། ཨ་དཀོན་འཁོར་གཡོག་ཚང་མ་སྡེབ་གསོད་བཏང་བ་དེའང་ཆ་འཇོག་བྲལ་བའི་འུར་གཏམ་གྱི་ལྐོག་གཡོ་ཡིན་པར་དོགས།

དེའི་ནང་དགེ་སྡིག་ལ་ཡིད་ཆེས་ཡོད་པའི་བོད་མི་གསུམ་པོ་སུས་ཀྱང་ཚོད་འཛིན་མེད་པ་སྡེབ་གསོད་བཏང་བ་དེའང་། དོགས་པའི་ཡུལ་རེད། བསད་མ་ཐག་ནས་གསར་འགྱུར་བརྒྱུད་ལམ་མི་འདྲ་བ་མང་པོ་ལས། ཁྱབ་བསྒྲགས་གཅིག་མཚུངས་སུ་བྱུང་བ་དེའང་། ཐེ་ཚོམ་སྐྱེས་གཞི་ཞིག་རེད། ཉེས་ཅན་པ་ཕྲལ་དུ་འཇུས་པ་དེའང་བསམ་ཡུལ་ལས་འདས་པ་ཞིག་རེད། ཉེན་རྟོག་པས་གསར་འགོད་པ་ལ་བཅར་འདྲི་དང་ལེན་མི་ཐུབ་པའི་ཚིག་མགོ་རྔ་མི་མཚུངས་བ་འདི་དག་ཡོང་དོན་ཅི་འདྲ་རེད། བརྒྱུད་རིམ་གང་ལ་དཔྱད་ན། དོགས་གཞི་སྐྱེ་བའི་གནས་ཇེ་མང་རེད། དབྱིན་ཇི་མི་སེར་ཡིན་པས། དབྱིན་གཞུང་ནས་ལས་སླ་པོ་འཇོག་མདོག་མ་རེད་ལ། འཇོག་འོས་པའང་ག་ལ་ཡིན། དབྱིན་གཞུང་གིས་ཞིབ་འཇུག་ཚོགས་ཆུང་རྒྱ་ནག་ནང་གཏོང་གི་ཡོད་ཀྱི་རེད་ལ་གང་མགྱོགས་གཏོང་དགོས་ངེས་རེད།

ངས་ཨ་དཀོན་རི་པོ་ཆེའི་སྐོར་ལ་ཆ་རྒྱུས་ཆེན་པོ་མེད། ཁོང་གི་སྐུ་ཡུལ་ནི། རི་བོ་ཆེ་རེད། དཔའ་ཤོད་ཀྱི་འབྲོག་ཁུལ་ཞིག་གི་བཀའ་བརྒྱུད་དགོན་པ་ཆུང་ཆུང་ཞིག་གི་བླ་མ་རེད། ཁོང་གིས་བོད་མི་རིགས་ལ་རླབས་ཆེན་གྱི་མཛད་རྗེས་བརྗོད་ཀྱིས་མི་ལང་བའི་བྱས་རྗེས་བཞག བོད་ཀྱི་ཆོས་དང་རིག་གཞུང་སྙམ་པ་སླར་གསོ་དང་། མི་ཉམས་གོང་འཕེལ་ཕྱིར་དུ་མི་ཚེ་ཧྲིལ་བོར་བརྩོན་པ་ལྷོད་མེད་གནང་། ཁོང་གིས་བཙུགས་པའི་སློབ་གྲྭ་དང་། སྨན་ཁང་སོགས། བོད་ཡུལ་ཆོལ་ཁ་གསུམ་ལ་ཁྱབ། ལྷག་དོན་ཁམས་ཁུལ་དུ་ཁོང་ལས་ལྷག་པའི་དྲིན་ཆེན་ཞིག་མེད། བོད་ཁྱོན་ཡོངས་ལ་པན་ཆེན་གཉིས་པ་ཞིག་རེད།ཁོང་གིས་རྫོང་ཁག་མང་པོ་ནང་། རྒན་གསོ་ཁང་དང་། སློབ་གྲྭ་དང་། སྨན་ཁང་སོགས་བཙུགས་ཡོད། དབུལ་ཕོངས་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ། དགོན་སྡེ་ཁག་སོགས་ལ་རོགས་དངུལ་དང་། ད་རུང་ཁོར་ཡུག་སྲུང་སྐྱོབ་ཚན་པ་སོགས་ཧ་ཅང་མང་པོ་བཙུགས་ཡོད

ཕྱི་རྒྱལ་ཡུལ་གྲུ་མང་པོའི་ནང་། ཆོས་ཀྱི་སྦྱིན་པ་དང་། ཡར་རབས་ཀྱི་སྤྱོད་ལམ་གོང་འཕེལ་གཏོང་ཆེད། འབད་བརྩོན་རྟག་ཏུ་གནང་ཡོད། ༧གོང་ས་མཆོག་གིས་ཐུགས་བརྩེ་ཧ་ཅང་ཆེ་བའི་བླ་སྤྲུལ་ཞིག་ཡིན། གཞན་ནས་ཐོས་པ་དེ་བདེན་ན། སྔར་ནས་ཁོང་གིས་ནུབ་ཕྱོགས་སུ་ཆོས་བཤད་རྒྱུ་དང་། བོད་ལ་སློབ་གསོ་དར་སྤེལ་གྱི་འབད་པ་བྱེད་རྒྱུ་དེ། མི་ཚེ་གང་བོར་བསྒྲུབ་པའི་དམ་བཅའ་བཞག་ཡོད་འདུག
ཁོང་ལ་བླ་མའི་མིང་ཙམ་ལས་བླ་ཆེན་གྱི་གོ་ས་ཞིག་མེད་པས། མི་དམངས་ཁྱོན་ཡོངས་ནས་རྒྱབ་སྐྱོར་བྱེད་མཁན་མེད་ནའང་། གཏམ་དཔེ་ལ། བུ་རྒོད་ན་གཅིག་གིས་ཆོག ཟེར་བ་ལྟར། མཛད་རྗེས་བླ་མེད་དུ་བཞག་ཐུབ་ཡོད།

བོད་ནང་ནས་ཁོང་ལ་མྱ་ངན་དང་སྨོན་ལམ་འདོན་མཁན་སློབ་གྲྭ་དང་དགོན་སྡེ་ཁག ཚོགས་པ་ཁག སྒེར་སོགས་མང་པོ་འདུག་མོད། ང་ཚོ་བཙན་བྱོལ་ནང་། གཞུང་དང་། ཚོགས་པ། སུས་ཀྱང་ཅང་མི་སྨྲ་བའི་བརྟུལ་ཞུགས་བཟུང་སྟེ་གཉིད་དུ་ཡུར་དགོས་དོན་འདི་ཅི་ཡིན་ནམ། ཁོང་རླབས་ཆེན་གྱི་མི་སྣའི་གྲས་སུ་འཇོག་མ་འདོད་ནའང་། བོད་མི་དཀྱུས་མའི་གྲལ་དུ་འཇོག་ལོས་དགོས། ཁོང་འདས་སྟངས་དེ། དོགས་གཞི་སྐྱེས་དགོས་པ་ཞིག་ཡིན་པས་ངེས་པར་དུ་རང་དགར་འཇོག་འོས་ཤིག་གང་ལ་བསམས་ཀྱང་གཏན་ནས་མ་མཐོང་ངོ་།།

ཨོའུ་སི་ཁྲོལ་ལེ་ཡའི་ཞི་བདེ་མཚོ་ངོགས་ནས།

སྣ་ཚོགས།

Post navigation

Previous Post: རྒྱལ་ཚོགས་ད་དུང་གཉིད་ལོག་གམ།
Next Post: ཁྱེད་བོར་བའི་ཁ་སང་།

Comments (5) on “སྡུག་གི་ལོ་རྒྱུས་དང་མུན་ནག་གི་ལམ་དུ་ཁྲག་གི་རྐང་རྗེས་ལ་ཕྱིར་དྲན།”

  1. ཀརྡོ་གཉེར་ཕྱག་པ། says:
    2013-10-16 at 11:20 am

    ་་་་་ ད་དུང་བོད་འདི་འབུར་འཇོམས་དང་། ཁྱད་གསོད་མཐོང་ཆུང་བྱེད་ཀྱིན་པ་ནི། གྲགས་ཅན་གྱི་མི་སྣ། གཞན་པ་སྐད་གྲགས་ཅན་དང་། འབྱོར་ལྡན་དང་། སྒྱུ་རྩལ་བ། མཁས་དབང་། རྩོམ་པ་པོ། མི་རིགས་ལ་གཅེས་མཁན་སོགས། རིམ་བཞིན་རྩ་མེད་དུ་བཟོས་ཡོད་པ་དག་བགྲང་གིས་མི་ལང་ཡང་།
    དཔེ་མཚོན་ཁ་ཤས་ཙམ་བརྗོད་ན། པན་ཆེན་སྐུ་ཕྲེང་བཅུ་བ། གསེར་རྟ་མཁན་པོ་འཇིགས་མེད་ཕུན་ཚོགས། དགེ་བཤེས་བསོད་ནམས་ཕུན་ཚོགས། གུང་ཐང་རིན་པོ་ཆེ། སོགས་ལྐོག་བསོད་བྱས་པ་ཡོངས་གྲགས་ཀྱི་མི་སྣ་གྲགས་ཅན་དག་རེད།
    གོང་གི་ལོ་རྒྱུས་དེ་དག་ལ་བསམ་ན། བླ་མ་ཨ་དཀོན་རིན་པོ་ཆེ། རྒྱ་ནག་གིས་ལྐོག་གསོད་བཏང་ཡོད་པར་དོགས་པའི་རླུང་བུ་རང་བཞིན་གྱིས་བོད་མི་ཚོའི་སེམས་ཁོང་ནས་གཡོ་འོང་བ་ཞིག་རེད། ་་་་་་་་་་

  2. སེང་བུ་འབྲུག་ཞོན། says:
    2013-10-16 at 6:34 pm

    ཁུར་ཁྱེར་ལྷག་བསམ་མངའ་བའི་སེམས་དཔའ་ཆེ།།
    དྭ་ཕྲུག་ཁྲི་ཕྲག་སྐྱོང་བའི་དྲིན་ཆེན་ཡབ།།
    འཛད་མེད་ནམ་མཁའ་མཛོད་ཐོབ་རྣམ་ཐོས་སྲས།།
    ནུབ་གླིང་མུན་དུ་ཆོས་ཀྱི་སྒྲོན་མེའི་འོད།།
    ཟླ་བྲལ་རིགས་ཞེན་དཔའ་མཛངས་ཨ་ཀོང་བསྟོད།།

  3. བོད་ཞེན་པ says:
    2013-10-16 at 10:08 pm

    སེང་བུ་འབྲུག་གཞོན་ལགས ཨིན་ཡུལ་ནས་ཨ་དཀོན་བླ་མ་དང་། ཨོ་སི་ཀྲོ་ལི་ཡ་ནས་སྨར་ཁམས་པ་འཕྲིན་ལས་རིན་ཆེན། སུད་སི་ནས་སྟག་སྲས་ཚུལ་ཁྲིམས་གསུམ་རྒྱ་གཞུང་གི་སྐུ་མགྲོན་ལ་ཕྱིན་པ་མ་ཟད། འཐབ་ཕྱོགས་གཅིག་འགྱུར་ཁང་གི་ཀྲུའུ་ཝེ་ཆོན་དང་མཉམ་དུ་གསོལ་ཚིགས་ཞུས་པ་གསར་འགྱུར་ཡོངས་གྲགས་ཡིན་པས་བླ་མ་རྒྱ་དགའ་ཞིག་གྲོངས་པར་བོད་གཞུང་ནས་ག་རེ་ཡིན་ཟེ་མྱ་ངན་ཞུ་དགོས་སམ

  4. སེང་བུ་འབྲུག་ཞོན། says:
    2013-10-16 at 11:12 pm

    བོད་ནང་ནས་ཁོང་ལ་མྱ་ངན་དང་སྨོན་ལམ་འདོན་མཁན་སློབ་གྲྭ་དང་དགོན་སྡེ་ཁག ཚོགས་པ་ཁག སྒེར་སོགས་མང་པོ་འདུག་མོད། ང་ཚོ་བཙན་བྱོལ་ནང་། གཞུང་དང་། ཚོགས་པ། སུས་ཀྱང་ཅང་མི་སྨྲ་བའི་བརྟུལ་ཞུགས་བཟུང་སྟེ་གཉིད་དུ་ཡུར་དགོས་དོན་འདི་ཅི་ཡིན་ནམ། ཁོང་རླབས་ཆེན་གྱི་མི་སྣའི་གྲས་སུ་འཇོག་མ་འདོད་ནའང་། བོད་མི་དཀྱུས་མའི་གྲལ་དུ་འཇོག་ལོས་དགོས། ཁོང་འདས་སྟངས་དེ། དོགས་གཞི་སྐྱེས་དགོས་པ་ཞིག་ཡིན་པས་ངེས་པར་དུ་རང་དགར་འཇོག་འོས་ཤིག་གང་ལ་བསམས་ཀྱང་གཏན་ནས་མ་མཐོང་ངོ་།།

  5. སེང་བུ་འབྲུག་ཞོན། says:
    2013-10-17 at 1:08 am

    ཁོང་རྒྱ་དགའ་ཡིན་པ་སུ་ལའང་ཁོང་ལྡན་བཤད་རྒྱུ་མི་འདུག ཁོང་གིས་བོད་ཀྱི་སློབ་གསོ་དང་། ཁ་ཡོད་ལག་ཡོག་གི་བོད་ཀྱི་རིག་གཞུང་དང་། སྐད་ཡིག་ལ་བྱས་རྗེས་བླ་མེད་དུ་བཞག་ཡོད། རྒྱ་མིའི་དཔོན་རིགས་དང་གསོལ་ཚིགས་མཉམ་དུ་རོལ་བ་རྩམ་གྱིས་རྒྱ་དགའ་ཆགས་མི་སྲིད། འགའ་རེས་མི་རིགས་ཀྱི་ལས་དོན་རྒྱ་ཆེ་སར་བསམ་སྟེ། ༧ གོང་ས་མཆོག་ལ་ཚིག་ཙམ་གྱིས་སྐུར་འདེབས་བྱེད་མཁན་ཡོད་ཀྱང་།
    བླ་མ་ཨ་དཀོན་གྱིས་རྒྱ་གཞུང་ལ་སྤྲེལ་ལད་ཕྱིར་དུ། ༧ གོང་ས་མཆོག་ལ་མཚན་སྨད་ཞུ་མྱོང་མེད་པ་མ་ཟད། ༧གོང་ས་མཆོག་གི་ཐུགས་ལ་ཡོད་པའི་རླབས་ཆེན་གྱི་མི་སྣ་རེད། བོད་ཀྱི་ས་ཆ་གང་སར། བྱས་པ་ཁྲི་ཕྲག་མང་པོ་ལ་ཕན་རླབས་ཆེན་ཐོག་ཡོད། ལྷག་དོན་བཀའ་ཤག་སྔ་མས། བོད་ནང་ཡིན་ལུགས་ཚུལ་ལྡན་ཐོག་སུ་སོང་ན་བོད་གཞུང་ནས་དགག་བྱ་མེད་ཀྱང་། རྒྱ་ཡི་དུས་ཆེན་སོགས་ཀྱི་སྐབས་སུ་གཞུང་ཚབ་ཁང་དུ་འགྲོ་བ་སོགས། རྒྱ་ནག་གི་གཡོ་འོག་ཏུ་ཚུད་དེ། བོད་ནང་འགྲོ་མཁན་རིགས་ལ་ངོ་རྒོལ་ཡོད། ཁག་ཤས་བོད་ནང་ལས་དོན་ཆེན་པོ་སྒྲུབ་མཁན་ཡིན་ན་དམིགས་གསལ་ཡིན་ཞེས་སྔར་ནི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་སྤེལ་ཟི། གོང་དུ་ཞུས་ཟིན་པས་སྐྱར་བཤད་མི་བྱེད་དེ་ཙམ་གྱིས་འཐུས་པར་བགྱིད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme