Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོན་པའི་ཞལ་པར་ཨང་གྲངས་དང་ཤཱ་རིའི་བུའི་སྐད་འཕྲིན། མོའུ་འགལ་བུའི་ངོ་དེབ་དང་འོད་སྲུང་ཆེན་པོའི་ཁྲུའི་ཁྲར། (མུ་འགོད)

Posted on 2019-07-182019-07-20 By ཡེ་ཤེས་ 7 Comments on སྟོན་པའི་ཞལ་པར་ཨང་གྲངས་དང་ཤཱ་རིའི་བུའི་སྐད་འཕྲིན། མོའུ་འགལ་བུའི་ངོ་དེབ་དང་འོད་སྲུང་ཆེན་པོའི་ཁྲུའི་ཁྲར། (མུ་འགོད)

ཀླུ་སྨྱོན།

སྤྱིར་ན་ངས་རྒྱ་གར་གྱི་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཇ་མངར་མོ་ཞིག་མངགས་པ་ཡིན་མོད། ཇ་ཁང་ཞབས་ཞུ་བ་དབྱིན་སྐད་བྱང་ཆ་ལྡན་པ་དེས་ང་ལ་བསྐྱལ་ཡོང་བ་ནི་ཨ་རིའི་སེ་ཨ་ཀྲལ་གྲོང་ཁྱེར་ནས་མགོ་བཙུགས་ཏེ་དེང་སྐབས་འཛམ་གླིང་གང་སར་སྐད་གྲགས་ཁྱབ་པའི་འཚིག་ཇ་ཁང་ས་ཀྲར་སྦ་ཁུ་སི་Starbucksཞེས་པ་དེས་བཟོས་པའི་འཚིག་ཇ་ཨ་མེ་རི་ཁ་ནོ་རེད། ང་ནི་འཚིག་ཇ་འདིར་ཧ་ཅང་དགའ་བོ་ཡོད་མཁན་ཞིག་ཡིན་པས་ནོར་ནས་ཁྱེར་ཡོང་བའི་འཚིག་ཇ་འདིར་རྙོག་དྲ་ཅི་ཡང་མ་བཤད་པར། ཐུགས་རྗེ་ཆེ། ཞེས་བརྗོད་པ་ཡིན།

ཇ་ཁང་འདི་ནི་གནའ་རབས་དང་དེང་རབས་ཟུང་འབྲེལ་གྱི་ཁྱད་ཆོས་ལྡན་པ་ཞིག་སྟེ། རྩིག་ངོས་སུ་སྟོན་པ་སངས་རྒྱས་ལོ་ངོ་ཉི་ཤུའི་སྔོན་རི་མོའི་སློབ་གྲྭར་བཞུགས་དུས་སུ་ཁོང་གིས་བྲིས་གནང་བའི་མཛེས་མ་དང་བ་གླང་གི་རི་མོ་འགའ་དཔྱངས་ཡོད་པ་དང་། དེའི་ཕར་ཙམ་དེར་བརྙན་འཕྲིན་ཆེན་པོ་ཞིག་ལས་དེ་རིང་གི་སྟོན་པ་སངས་རྒྱས་ཀྱི་ཕྱི་དྲོའི་གསུང་ཆོས་ཚང་མ་ཐད་གཏོང་བྱེད་བཞིན་འདུག་ལ། སྟོན་པའི་མདུན་དེར་ཨ་རིའི་སེ་ཨེན་ཨེན་དང་དབྱིན་ཇིའི་སྦི་སྦི་སིའི་གསར་འགོད་པ་བརྙན་ཆས་ཐོགས་པ་འགས་གསུང་ཆོས་ཐད་གཏོང་བྱེད་བཞིན་པ་ཡང་མཐོང་གི་འདུག ཇ་ཁང་འདིས་གནའ་བོའི་རྒྱ་གར་གྱི་གསེར་དངུལ་གྱི་སྒོར་མོ་དང་མགྲོན་བུའི་དངུལ་དོད་ལེན་གྱི་འདུག་ལ། དེང་རབས་ཀྱི་རྒྱ་གར་ཤོག་དངུལ་བརྒྱ་ལོར་སྲིད་བློན་མུ་དྷེས་གསར་བསྒྱུར་བྱས་པ་དེ་དང་ཨ་རིའི་སྒྲོ་ལོར་གཉིས་ཀ་ལེན་གྱི་འདུག ཇ་ཁང་འདིའི་ཁྱབ་བསྒྲགས་སྟེགས་བུ་གླང་ཆེན་དང་རྨ་བྱའི་རི་མོ་འབུར་དོད་ཅན་དེའི་སྟེང་དུ། ཉེ་ཆར་མ་ག་དྷ་བཟང་མོས་གཉེན་སྒྲིག་བྱེད་སྐབས་ཀྱི་སྤྲོ་ཚོགས་ཆེན་མོའི་སྐོར་གྱི་བརྙན་དེབ་ཡིད་དུ་འོང་བ་ཞིག་དང་། འཕགས་པ་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རིའི་ཡུལ་སྐོར་ཟིན་ཐོ་ཡུལ་མི་རང་བཞིན་པའི་སྐད་ཡིག་དང་དབྱིན་ཡིག་ཤན་སྦྱར་ནང་བརྩམས་པ་ཞིག་ཀྱང་རིན་མེད་དུ་སྦྱིན་བཞིན་འདུག གཞན་ཀུན་དགའ་བོས་རྩོམ་སྒྲིག་པ་གནང་བའི་སྟོན་པའི་ཟླ་བ་འདིའི་ནང་གི་མཛད་རིམ་ཁག་ཡིག་རིགས་མང་པོའི་ནང་བཀོད་པའི་ཁྱབ་བསྒྲགས་ཤོག་བྱང་སྙིང་རྗེ་བོ་དེ་འདྲ་ཡང་མཐོང་རྒྱུ་འདུག་ཅིང་། ཤོག་བྱང་དེའི་མར་གཤམ་དེར་སྟོན་པའི་ཞལ་པར་ཨང་གྲངས་དང་ཤཱ་རིའི་བུའི་སྐད་འཕྲིན། མོའུ་འགལ་བུའི་ངོ་དེབ་དང་འོད་སྲུང་ཆེན་པོའི་ཁྲུའི་ཁྲར་ཞལ་བྱང་བཅས་རིམ་བཞིན་བཀོད་འདུག་ལ། སྟོན་པར་ཞལ་པར་འབུལ་དུས་ནི་ཉིན་རེའི་ཉིན་གུང་གསོལ་ཚིགས་ཀྱི་རྗེས་དེ་མ་ཐག་ཆུ་ཚོད་དང་པོ་ནས་བཞི་པ་བར་ཡིན་འདུག་ལ། གནས་བརྟན་ཆེན་པོ་ཚོར་འབྲེལ་བ་གནང་དུས་ལ་ཆུ་ཚོད་ཀྱི་ངེས་པ་དེ་འདྲ་བཀོད་མི་འདུག བརྙན་འཕྲིན་ནང་ཤར་བ་ལ་བལྟས་ན། སྟོན་པའི་གཡས་ཟུར་དེར་འཇར་པན་ནས་ཐོན་པའི་གྲང་གློག་དཔེ་གསར་ཞིག་བཞག་ཡོད་པ་དེ་ལས་བསིལ་རླུང་གི་རྦ་རླབས་སྟོན་པ་མཆོག་གི་སྐུའི་ཕྱོགས་སུ་མཆེད་བཞིན་འདུག་ལ། ཁོང་གི་སྐུ་མདུན་གྱི་ཤིང་གི་ཅོག་ཙེ་སྤུས་ལེགས་དེའི་སྟེང་དུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཡོང་བའི་གསར་འགོད་པ་ཚོའི་སྒྲ་ལེན་སྦུ་གུ་འདྲ་མིན་སྤུངས་བཞག་ཡོད་པ་ཡང་མཐོང་གི་འདུག (མུ་འགོད།)

རྩོམ་རིག

Post navigation

Previous Post: རི་སྨུག་པ་ཅན་གྱི་སྙན་ངག
Next Post: ཁ་སང་ཉི་མ་ལྷ་མོས་གང་བཤད་ཡོད།

Comments (7) on “སྟོན་པའི་ཞལ་པར་ཨང་གྲངས་དང་ཤཱ་རིའི་བུའི་སྐད་འཕྲིན། མོའུ་འགལ་བུའི་ངོ་དེབ་དང་འོད་སྲུང་ཆེན་པོའི་ཁྲུའི་ཁྲར། (མུ་འགོད)”

  1. ནག་ཆུ་ཀུན་དགའ says:
    2019-07-18 at 2:41 pm

    ད་ཡིན་ན། ཁ་བརྡ་དྲྭ་བ་ལ་ཆོ་མི་འདུག།
    གནོན་ཤུགས་ལ་མགོ་བོ་ཤོར་ཚར་འདུག་ག།

  2. ཨ་ཁུ་འབྲོག་པ། says:
    2019-07-18 at 2:51 pm

    འདི་སྔོན་གྱི་རྣལ་འབྱོར་བ་སྤྱོད་པ་ལ་གཤེགས་པའི་གསུང་སྒྲོས་ནི་ག་ལ་ཡིན་ཏེ། གསར་བརྗེའི་རྣལ་འབྱོར་བ་སྨྱོ་བའི་སྨྱོ་ལབ་རིང་མོ་ཡིན་ངེས་པས་མུ་མཐུད་འགོད་རོགས་གྱིས།

  3. ལ་དྭགས་འཇམ་དཔལ།། says:
    2019-07-18 at 11:50 pm

    ཨ་བླ་ཀླུ་སྨྱོན་གྱིས་བརྡ་ཡིག་ཆད་ལྷག་ཡོད་པ་བྲིས། ཞལ་པར་ལ་ས་སྒོ་ཆད་༐ དབྱིན་སྐད་ལ་ད་སྔོན་འཇུག་དང་། མིང་གཞི་བ་ཡ་བྲིས་པ་དོན་མེད་ལྷག་པ་བྲིས་མི་འདུག་གམ།
    ་
    བླུན་པོ་གྲག་པའི་རྗེས་སུ་འབྲང་།
    ,
    ཞེས་སོགས་སྤང་ན་མི་ལེགས་སམ།

  4. ཨ་ཁུ་འབྲོག་པ། says:
    2019-07-19 at 8:37 am

    སངས་རྒྱས་ཀྱི་ཞལ་སྤར་ཨང་གྲངས་གསར་དུ་བསྒྲུབ་མི་དགོས་པར་དེ་ལས་ལྷག་པའི་ཞལ་སྤར་ཨང་གྲངས་རང་་ཆས་སུ་ཡོད། དེ་ཡང་སངས་རྒྱས་ཀྱི་ཞལ་པར་ཨང་གྲངས་ནི། གང་གིས་མོས་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་པ་ལྟར་སེམས་ཅན་གྱི་དད་མོས་རེད། སངས་རྒྱས་ལ་ཞལ་པར་ཐོག་བཀའ་མོལ་ཞུ་འདོད་ན་དད་མོས་བྱེད་དགོས། འཇིག་རྟེན་ཀུན་གྱིས་ཐེ་ཚོམ་དོན་ཞུས་ཀྱང་། །དེ་དག་རེ་རེའི་མདུན་དུའང་དེ་སྙེད་ཀྱི། །མཛད་པ་མཛད་ཅེས་སོགས་དང་། སེམས་ཅན་ཀུན་གྱི་ངག་ཏུ་གང་སྨྲས་ཚིག །རྟག་ཏུ་མ་འདྲེས་སོ་སོར་སྙན་ལ་གསན། །་ཞེས་པ་ལྟར་ཡིན་ན་དེང་དུས་ཀྱི་ཀུ་ཤུ་རྟགས་ཅན་སོགས་ཁ་སྤར་གོང་ཆེན་འདི་ཚོ་དོན་མེད་འགྲོ་གྲོན་འཕར་མ་ཡིན་ནོ།།
    ཤཱ་རིའི་བུ་དང་། མོའུ་འགལ་གྱི་བུ། འོད་སྲུངས་ཆེན་པོ་གསུམ་ལ་དེང་དུས་རང་མགོ་རང་གིས་བསྐོར་ཞིང་། དུག་གསུམ་རགས་པའི་ཁ་སྣོན་སྐད་འཕྲིན་དང་། ངོ་དེབ། ཊུའི་ཊར་མི་དགོས་པར་ཁོང་རྣམས་ལ་ལྟ་བའི་མདུན་པ་བཏང་ན་བསྐལ་པ་བརྒྱ་སྟོང་མང་པོའི་སྔོན་གནས་ལག་མཐིལ་དུ་ཀྱུ་རུ་ར་བཞག་པ་ལྟར་གཟིགས་པའི་ནུས་པ་མངའ་ཞིང་། རང་ཅག་ཐེག་ཆེན་པར་ཁས་འཆེ་བ་རྣམས་ཀྱིས་ཉན་ཐོས་ཐེག་དམན་ཞེས་དམན་པའི་གནས་སུ་བྱེད་ཀྱང་། དོན་གྱི་ཆ་ནས་སྟོན་པའི་ེཉན་ཐོས་གསེར་གྱི་རི་བོ་འདྲ་བ་དེ་ཚོའི་ཡོན་ཏན་རང་རེས་བརྗོད་ཀྱི་མི་ལང་ངོ།།

  5. AྀBHARU JIGWANG says:
    2019-07-19 at 12:49 pm

    ལྐོག་གྱུར་གནས་ལུགས་འཚོལ་བའི་ཁུལ་བྱེད་ཀྱང། མངོན་གྱུར་འཆི་བ་མི་མཐོང་ཡིད་རེ་མུག།
    ཉེས་སྤྱོད་ཆུ་བོ་ཐུར་དུ་རྒྱུག་བཞིན་དུ། བདེ་འགྲོའི་རི་རྕེར་འགྲོ་འདོད་ཡིད་རེ་མུག།

  6. ཇ་མ་ says:
    2019-07-20 at 10:38 pm

    རྩོམ་ཁྱི་སྐྱག་འདྲ་བོ་འདི་ཁ་བརྡ་སང་གི་ག་རེའི་ཆེད་བཏོན་པ་ཡིན་ནམ།

  7. སེམས་བཟང་། says:
    2019-07-22 at 12:36 am

    ག་རེ་མུ་འགོད། ད་ཡིན་ན་སྨྱོན་པ་ངོ་མ་དེ་ཆགས་ཡོད་ས་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme