Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་།

Posted on 2012-03-142012-03-14 By ཡེ་ཤེས་ 14 Comments on སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་།

ཀླུ་སྨྱོན།

སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་།

ཁྱོད་འཇིག་རྟེན་དུ་བཞུགས་དུས།

གྲྭ་པ་རེ་རེའི་གཟན་སྣེ་རུ་ཞི་བདེའི་རླུང་བུ་རེ་རེ་ལྡང་བཞིན་ཡོད་ལ།

བླ་མ་རེ་རེའི་སྤྱན་ལམ་ན་གྲྭ་ཤག་རེ་རེར་ཆོས་དབྱངས་འཕུར།

ཁྱོད་འཇིག་རྟེན་ན་བཞུགས་དུས།

གྲྭ་པ་ལ་གྲྭ་པའི་ཚོད་ཀྱི་སྡོམ་པ་ཡོད་ཅིང་།

གྲྭ་པ་ལ་སྤྱི་ཚོགས་སྟེང་ན་གུས་ཞབས་ཡོད།

ཁྱོད་དག་ཞིང་དུ་ཕེབས་ཚར་དུས།

གྲྭ་པའི་སེམས་ལ་ཡང་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས་གནས་མལ་བཅས་ཤིང་།

གྲྭ་པའི་མིག་ལམ་གྱི་འཁོར་བ་ཡང་མཛེས་སྡུག་སྟོང་གི་ཉིང་བཅུད་དུ་གྲུབ་སོང་།

ལྷག་པར་དུ་ན་ནིང་དོ་ཚིགས།

སྟོན་པ་ཁྱེད་ཀྱི་གྲྭ་པ་ཚོས་ཅི་ཞིག་བསམ་བཞིན་པ་མི་ཤེས་མོད།

གྲྭ་པ་མང་པོ་ཞིག་གི་གཟན་སྣེ་མེ་རུ་འབར་སོང་།

མེ་དེས་གྲྭ་པ་རེ་རེའི་སྐུ་ལུས་བསྲེགས་ཤིང་།

མཐའ་སྐོར་གྱི་མི་སྐྱ་ཚོའི་སློག་ཧྲུལ་ཡང་བསྲེག་གྲབ་བྱས་སོང་།

སྟོན་པ་འཇིག་རྟེན་དུ་མི་བཞུགས་དུས།

སངས་རྒྱས་ཀྱི་ཆོས་སྒྲ་ཇེ་གཉོམ་ནས་ཇེ་གཉོམ་དང་།

གྲྭ་པ་ཚོའི་གཟན་སྣེ་རུ་མེ་ལྕེ་རེ་གཅིག་རྗེས་གཉིས་མཐུད།

སྤྱིར་ན་གཟན་དམར་པོ་འདི་ཚོས་མེ་ལྕེ་རེ་རེ་མཚོན་ཞིང་།

དེ་ཡང་འདོད་ཆགས་ལྟ་བུའི་མེ་ལྕེ་ཞིག་ཅིས་ཀྱང་མཚོན་འོས།

སྟོན་པ་ཡ་སྟོན་པ།

ཁྱེད་ཀྱི་བསླབ་བྱ་ཟབ་མོ་དག་གཞི་རུ་བཞག་སྟེ་དཔྱད་ན།

མེ་ལྕེ་འདི་དག་གྲྭ་པ་ཚོའི་སེམས་གཏིང་དུ་འབར་དགོས་པ་ཞིག་ཡིན་མོད།

དུས་ངན་སྙིགས་མ་ལྔ་བདོའི་དུས་འདིར།

མེ་ལྕེ་འདི་དག་གྲྭ་རྐྱང་ཚོའི་གཟན་སྣེ་རུ་འབར་བྱུང་ཨང་།

དག་ཞིང་གང་ཞིག་ཏུ་བཞུགས་མིན་མི་ཤེས་པའི་སྟོན་པ།

གྲྭ་གཟན་མེ་རུ་འབར་བ་མི་གཟིགས་པའི་སྟོན་པ།

ཀྱེ་མ་བདག་གི་སྟོན་པ་ཡ།

ང་དང་ངའི་ཆོས་གྲོགས་ཚོའི་གཟན་སྣེ་རུ་མེ་ལྕེ་རེ་རེ་འབར་བྱུང་ཨང་།

སྙན་ངག

Post navigation

Previous Post: ངའི་བོད་ཡིག་གང་ན་ཡོད།
Next Post: མདོ་སྨད་རེབ་གོང་རོང་བོ་དགོན་ཆེན་དུ་རང་ལུས་མེར་བསྲེགས་བཏང་སྐབས་ཀྱི་སྐུ་པར་ཁག་ཅིག

Comments (14) on “སྟོན་པ། ངའི་གཟན་སྣེ་མེ་རུ་འབར་སོང་།”

  1. འབྲོང་ངུར་ཆོས་རྗེ། says:
    2012-03-14 at 12:59 pm

    ཀྱེ་ཀྱེ། སྟོན་པ།
    ངས་ཀྱས་འདང་བརྒྱབས།
    ཡུན་རིང་རིང་མོ་ཞིག་ནས་བརྒྱབས།
    གཏིང་ཟབ་ཟབ་མོ་ཞིག་ནས་བལྟས།
    རྒྱ་ཆེ་ཆེ་ས་ཞིག་ནས་བསྐོར།
    ཡིན་ནའང་། རྙེད་འོང་བ་ནི། སེམས་ཁྲལ་ཞིག

    སྟོན་པ་ཀྱེ། ཁྱེད་ཀྱིས་མ་ནུས་པ་ཞིག་ང་ཚོས་སྒྲུབ་ནུས་སམ།
    ཁྱེད་ཀྱིས་ཐལ་རྡུལ་དུ་དོར་ཟིན་པ་ཞིག

  2. ཐུབ་པ། says:
    2012-03-14 at 1:47 pm

    ཀླུ་སྨྱོན་ཟེར་བ་འདིས་ཡང་ཞབས་འདྲེན་ཞུ་བཞིན་འདུག
    ག་རེ་རེད།

  3. པཀྵི says:
    2012-03-14 at 4:09 pm

    ང་ཚོས་ལོ་ངོ་སྟོང་ཕྲག་རིང་མེ་ལྕེ་ནང་ལ་སྦར་དགོས་བསམ་ནས་དེ་རིང་བར་ཡོང་པ་རེད། ང་ཚོས་ནང་ལ་མེ་ལྕེ་སྦར་པའི་ཆེད་དུ་མི་རིགས་འདི་བློས་བཏང་པ་རེད། ད་ལྟ་ང་ཚོ་རང་ཉིད་རང་ལ་མི་དབང་ཞིང་། རང་སྐད་རང་གིས་བསླབ་མི་ཆོག་པའི་གཉན་འཕྲང་གི་དུས་ཚོད་འདི་འདྲ་ཞིག་གི་སྐབས་སུ་ཡང་། ང་ཚོས་ནང་གི་མེ་ལྕེ་ཞིག་ལ་རེ་སྟོང་བརྒྱབ་ནས་བསྡད་ན་ནམ་ཞིག་གི་ཚེ་ང་ཚོ་དང་མཉམ་དུ་སྟོན་པས་གནང་པའི་ཆོས་དེ་ཡང་ཡལ་ངེས་རེད། དགོས་དམིགས་འདི་འདྲ་ཞིག་གི་ཆེད་དུ་ཕྱི་ཡི་མེ་ལྕེ་དེ་སྦར་པ་ཡིན་ན་དེ་ནི་རླབས་ཆེན་གྱི་སེམས་བསྐྱེད་ཅིག་རེད། དེར་བརྟེན་ཁོང་ཚོའི་གཟན་སྣེ་མེ་རུ་འབར་བ་ནི་སེམས་ལ་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གནས་མལ་བྱས་པའི་ལག་རྗེས་ཤིག་ཏུ་གཏན་ནས་དགོངས་མི་རུང་ཤིང་། དེ་ལས་ཀྱང་དུས་ངན་སྙིགས་མ་ལྔ་བདོའི་རང་མདངས་ཤིག་ཏུ་སེམས་མི་རུང་ཏེ། བོད་ཀྱི་རང་དབང་སླར་གསོ་བྱེད་པ་ནི་མཐར་གཏུགས་ན་སྟོན་པས་གནང་པའི་ཆོས་འདི་དང་དེ་ལས་འོངས་པའི་བོད་ཀྱི་རིག་གཞུང་འདིའི་ཆེད་དུ་ཡིན་པ་ནི་གཟན་ལྡན་སེར་མོ་བ་དག་གི་མངོན་འདོད་ངོ་མ་དེ་རེད།

  4. ཀརྨ་ཡེ་ཤེས says:
    2012-03-14 at 6:17 pm

    སྟོན་པས་ཞེས་སྡང་གིས་མེ་བསད་ནས་གྲུབ་པ་ཐོབ་ཀྱང་། ངས་ཞེ་སྡང་གི་མེ་འབར་ནས་རང་ལུས་བསྲེག་པ་ལ་ཐེ་ཙོམ་ཅི་མི་འདུག ལུས་མེ་འབར། ངག་འབར། སེམས་འབར་ནས་དམྱལ་བ་གསོན་པོ་མྱོང་བ་འདི་བདེན་པ་བཞི་བཤད་པའི་སྙིང་པོ་ཡིན་ནམ། སྟོན་པ་ལགས། གཟན་ཤམས་དམར་པོ་དེ་མེ་སྦོར་ཞེས་པའི་དོན་ཡིན་ནམ། གཟན་ཤམས་་་་་་་་་

  5. ཆོས་འཕེལ་དར་རྒྱས་ says:
    2012-03-14 at 7:50 pm

    ཨ་ལགས་ཀླུ་སྨྱོན་གྱི་གཟན་སྣེ་མེ་ལ་མ་འབར་སྔོན་མཛངས་མ་ཚེ་རིང་མིང་ཅན་ཞིག་གི་ཆེད་གཟན་དབྱུག་ཡོད་པ་ཞིག་གོ་སོང་། བདེན་མིན་མི་ཤེས།

  6. ཅོག་རོང་གི་མྱི། says:
    2012-03-14 at 11:04 pm

    སྟོན་པ་མཉམ་མེད་ཤཀྱ་ཐུབ་དབང་བཞུགས་དུས་དགེ་སློང་ཕོ་མོ་གོ་བ་མ་གཏོགས་བླ་མ་སྤྲུལ་སྐུ་སོགས་ཐོས་མ་མྱོང་།

  7. ཀརྡོ་གཉེར་ཕྱག་པ་ says:
    2012-03-15 at 2:03 am

    སྤྲུལ་སྐུ་དང་པོ་དོན་གྲུབ་བྱང་ཆུབ་ཐོབ། །
    བླ་མ་དང་པོ་རྒྱལ་དབང་རྡོ་རྗེ་འཆང་། །
    བློས་གཏོང་དང་པོ་དམྱལ་བར་ཤིང་རྟ་འདྲེན། །
    བློ་གཏོང་བར་པ་སྟག་མོ་ལུས་སྦྱིན་བསྒྲགས། །

    གཟན་གཤམ་མེར་བསྲེགས་ཐོག་མ་བོད་ལ་མིན། །
    རྒྱལ་ཁབ་མི་རིགས་ཆེད་དུ་རང་སྲོག་དང་། །
    རང་ལུས་མེ་ལ་སྒྲོན་པའི་ལོ་རྒྱུས་ནི། །
    བོད་སའི་སྔོན་དུ་བྱུང་ཟིན་ལོ་རྒྱུས་སོམས། །

    སྟོན་པ་ཤཀྱྰ་ཐུབ་པ་རྒྱལ་འགྱུར་ཅིག །

  8. ལུང་རྟོགས། says:
    2012-03-15 at 2:20 am

    པཀྵིའི་སྐད་ཆ་ལ་གནས་ལུགས་འདུག གང་གི་ཆེད་དུ་གཟན་སྣེ་མེ་རུ་འབར་བ་དེ་ཤེས་དགོས།

  9. ནག་ཐར་སྐྱིད། says:
    2012-03-15 at 5:46 am

    ཀླུ་སྨྱོན་རིན་པོ་ཆེ་ལགས། སྐུ་ཉིད་ལ་རང་ཉིད་ཀྱི་ཚོར་སྣང་སྤྲིད་བྱེད་ཀྱི་སྙན་ངག་ཐན་ཐུན་རེ་དང་། ཆགས་པའི་གདུང་བ་སེལ་བྱེད་ཀྱི་བུ་མོ་བྲེད་པོ་རེ་མ་གཏོགས་དགོས་མཁོ་མེད་པ་དེ་བཞིན་ག་ལེར་བཞུགས་རོགས། རིན་པོ་ཆེས་ད་བར་དུ་སྨྱོ་རྟགས་གཟར་རྟགས་ཅི་ཞིག་བསྟན་རུང་ཡག་ཉེས་གང་གི་སྐད་ཆ་བྱེད་མྱོང་མེད་སྟེ། སྤྱི་ལ་ཕན་ཞིང་མིག་ལ་མཛེས་བ། ཡིད་དུ་འོང་ཞིང་སྙིང་དུ་སྡུག་པའི་ལས་རིམ་ཞིག་རིན་པོ་ཆེ་ཡིས་དབུ་རྩོམ་པའི་རེ་བ་ཤིན་ཏུ་ནས་ཆེ། མ་གཞི་ནས་ཀླུ་སྨྱོན་ཚང་ནི་བྱམས་སེམས་ཆེ་ཞིང་གཏོང་ཕོད་ཆེ་བ་ཞིག་ཡིན་ཚུལ་ལོ་འདི་གའི་རིང་ལ་མང་མང་གི་ཤེས་གསལ་རེད། དེ་སྔོན་ཞིག་ལ་དད་པ་གློ་བུར་དང་སྙིང་རྗེ་ཚད་མེད་ཀྱིས་དབང་གིས་ཕུག་རོན་རྐང་ཆགས་ཞིག་ལ་ཞེན་ཆགས་ནས་སྙིང་རླུང་འཚུབ་འཚུབ་དང་མིག་ཆུ་ཁྲོམ་ཁྲོམ་དུ་བཞུར་བའི་ལེ་ཚན་དེ་བསམ་ཚེ། ཡེ་ཤེས་སམ་ཀླུ་སྨྱོན་དམར་ལྷབ་ལྷབ་ཨ་རིའི་རྒྱ་ནག་གཞུང་ཚབ་ཀྱི་མདུན་ན་འབར་ཀྱིན་པའི་སྣང་བ་ཞིག་ཚོད་ཚོད་ལ་སེམས་ལ་འཆར་ཀྱིན་འདུག དེ་མིན་རིན་པོ་ཆེ་ལགས་ལ་ཨ་རིའི་མི་ནག་གི་ཐོབ་ཐང་རྩོད་ལེན་བྱེད་ཕྱོགས་དང་རྒྱལ་སྤྱིའི་གསར་འགོད་བརྒྱུད་ལམ་ལ་རྒྱུས་མངའ་ཡོད་མཁན་ཞིག་གམ་དོ་སྣང་བྱེད་མཁན་དེ་མིན་པ་མང་མང་གི་ཤེས་ཡོད་ལེ་རེད། དོན་དངོས་ཐོག་ཀླུ་སྨྱོན་རྒྱ་ནག་དོན་གཅོད་ཀྱི་མདུན་ནས་འབར་སོང་ན། སྐུ་ཉིད་བློ་བདེ་བདེ་ངང་ཕེབས་རོགས། སྐུ་ཉིད་ཀྱི་རྗེས་ལ་གྲ་འགྲིག་པོ་དང་སྙིང་རྗེ་མོ་དགོས་ཕན་ཆེ་བའི་ལས་འགུལ་རིམ་པ་ཞིག་བྱེད་དང་བྱེད།

  10. དམར་ཁ་ཚ། says:
    2012-03-15 at 6:17 am

    ཀྱེ་ཀླུ་སྨྱོན་ཡ། སྟོན་པས་དག་པ་ཡེ་ཤེས་ཀྱི་ཞིང་ནས་ཁྱེད་ལ་གསུངས་དོན། ཁྱེད་ཀྱིས་བདག་གིས་གྲྭ་པ་ཚོས་ཅི་ཞིག་བསམ་བཞིན་པ་མི་ཤེས་བསམ་པ་ནི་ཁྱེད་ཀྱིས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པའི་ཐབས་དམ་པ་བདག་གི་གསུང་རབས་ལ་ཟབ་སྦྱོང་མ་ཐུབ་ཅིང་ཤེས་ནས་དད་པ་མ་ཐོབ་པས་ཡིན་ལ། སྔོན་ངས་ཀྱང་སྟག་མོར་དུས་སྦྱིན་ནས་གཞན་དོན་དུ་རང་ལུས་བཏང་བ་ཡིན། མ་ཟད་སུ་ཡི་རྒྱུད་ལ་གནས་ལུགས་རིག་པའི་ཤེས་རབ་ཟབ་མོའི་མེ་འབར་བཞིན་ཡོད་མེད་ཁྱོད་འདྲ་བ་གང་ཟག་གིས་གང་ཟག་གི་ཚོད་འཛིན་པར་མི་བྱ་ཞེས་ངས་ཁྱེད་ཅག་ལ་་བཤད་པ་ཡང་ཁྱེད་ཀྱིས་གཏིང་བརྗེད་དུ་བཏང་འདུག་མོད།  ངོ་མ་ཉེས་པ་རེད་ཡ། ངའི་གཅེས་པའི་བུ་གཅིག་ཡ་གསུངས་ཀི   ཧཧཧཧཧཧ

  11. དིང་རྡོར says:
    2012-03-15 at 7:22 am

    ག་རེ་ཟེར་གྱི་ཡོད་པ་རེད། དོན་གྱི་དབུལ། ཚིག་ཉོག་མང་ 

  12. ཇ་མ་ says:
    2012-03-15 at 10:30 am

    སྙན་མོ་ཞེ་དྲག་མི་འདུག་ན་དཀོན་མཆོག་གསུམ།
    མེ་སུ་ལ་འབར་ཆོག
    གྲྭ་པ་དང་གྲོང་པ། གྲྭ་རྐྱང་དང་སློབ་མ་སུའི་སྟེང་ལ་ས་སྣུམ་བླུག་ནས་མེ་བཞག་ན་མེ་འབར་ངེས་རེད།
    མེ་ལ་སྙིང་རྗེ་མེད་ལ་ཞེ་སྡང་མེད།
    མེ་ལ་ཕྱོགས་རེས་དང་ཆགས་ཞེན་མེད།
    མེས་མི་ཚིག ཁང་པ་ཚིག ཡོད་ཚད་ཚིག

  13. ཚངས་དབྱངས། says:
    2012-03-15 at 8:28 pm

    དཀའ་སྡུག་དང་གཉའ་གནོན་འོག

    བོད་མིས་རང་ལུས་མེར་བསྲེག་མི་གཏོང་བའི་འབོད་སྐུལ། འོད་ཟེར་གྱི་དྲ་རྒྱའི་སྟེང་ནས་བླངས།

    ༼ ༢༠༡༢ ལོའི་ཟླ ༣ ཚེས ༧ ཉིན། ༽

    བོད་མིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་ཀྱིས་ཐོན་ཡོང་། ད་བར་དུ་སྐྱ་སེར་ཕོ་མོ་ཉེར་དྲུག་ལ་སླེབས་ཤིང་། ཐེངས་རེ་རེར་བཟོད་གླགས་མེད་པའི་མེ་ལྕེའི་ཚ་བསྲེག་ཁྲོད་བཞུད་སོང་།

    ཐེངས་བཅུ་དྲུག་པར་རང་ལུས་མེར་བསྲེག་གནང་མཁན་ནི་ཨ་མདོ་མགོ་ལོག་ས་ཆའི་བླ་མ་བསོད་བྷ་ཚང་ཡིན་ལ། ཁོང་གི་ཁ་ཆེམས་ནང་དུའང་འདི་ལྟར་བཀོད་ཡོད་དེ། ༼སྔོན་ཆད་བདག་ཅག་གི་སྟོན་པས་རང་གི་སྐུ་ལུས་སྟག་མོར་སྦྱིན་པ་བཏང་བའི་ལོ་རྒྱུས་“སྟག་མོ་ལུས་སྦྱིན་”ནང་བཞིན། རང་ལུས་མེར་བསྲེག་བཏང་བའི་རང་རིགས་སྤུན་ཟླ་དེ་ཚོ་ཡང་ང་དང་འདྲ་བར་བདེན་དོན་དང་རང་དབང་གི་ཆེད་དུ་རང་སྲོག་སྙིང་སྟོབས་ལ་བརྗེ་བ་ཤ་སྟག་ཡིན།༽

    འདི་ནི་སྲིད་ན་དཀོན་པའི་སྦྱིན་པའི་བསྔོ་བ་ཞིག་ཡིན། འདིས་འབྱུང་འགྱུར་བོད་མི་རིགས་ཀྱི་སྤྱི་ཚོགས་ཧྲིལ་བོར་སྲུབ་ཐབས་མེད་པའི་ཤུགས་རྐྱེན་ཐེབས་ངེས་ལ། ང་ཚོས་དུས་དང་རྣམ་པ་ཀུན་ཏུ་བརྗེད་མི་སྲིད་པའི་བྱ་གཞག་ཞིག་ཀྱང་ཡིན།

    རང་ལུས་མེར་སྲེག་བཏང་བ་དེས་བོད་མིའི་མངོན་འདོད་མཚོན་ཡོད་ལ། མེར་བསྲེགས་བཏང་བའི་མི་ཉེར་དྲུག་དེས་དྲག་གནོན་དང་མནར་གཅོད་འོག་གི་སྡུག་ཡུས་ཆ་ཚང་བརྗོད་ཡོད། འོན་ཀྱང་མངོན་འདོད་ཙམ་བརྗོད་པས་དམིགས་ཡུལ་དང་འདོད་འདུན་འགྲུབ་པ་ཞིག་མིན་པས། མངོན་འདོད་དེ་ཉིད་དོན་དངོས་དང་དངོས་ཡོད་འཚོ་བར་བསྒྱུར་རྒྱུ་དེའོ།

    དེ་ལྟ་ན་ཚེ་སྲོག་གསོན་པོས་ད་གཟོད་འདོད་འདུན་དག་སྒྲུབ་ཐུབ་ལ་འཚོ་བ་དངོས་ལ་བསྒྱུར་པའི་ནུས་པ་ཡོད། གལ་ཏེ་ད་དུང་མུ་མཐུད་དུ་རང་ལུས་མེར་བསྲེགས་ན་ཚེ་སྲོག་རེ་རེ་ནི་ཕྱིར་ཡོང་མེད་པའི་མི་རིགས་ཀྱི་གྱོང་གུད་ཡིན།

    དེའི་རྐྱེན་གྱིས་ད་ནས་བཟུང་སྟེ་ཚང་མས་རང་ལུས་མེར་བསྲེགས་མི་གཏོང་བར་རེ་བ་དང་སྨོན་འདུན་ཞུ་གི་ཡིན། བོད་མི་རེ་རེ་ནས་ཚེ་སྲོག་ལ་གཅེས་སྤྲས་གནང་རྒྱུ་དང་སྡུག་རུས་ཆེན་པོས་གསོན་ཐབས་གནང་རྒྱུ་ཤིན་ཏུ་གལ་ཆེ། གཉའ་གནོན་ཆེན་པོའི་འོག་ཏུའང་ཚེ་སྲོག་ནི་གསོན་ཤུགས་དང་རྒྱལ་ཁའི་རྩ་བ་ཡིན། རང་ལུས་མེར་སྲེག་ཁོ་ནས་ད་སྔའི་རྣམ་པ་བསྒྱུར་མི་ཐུབ་པ་མ་ཟད། ང་ཚོར་སྡང་བའི་མི་དེ་དག་གིས་ལྐོག་ནས༼ བསྲེགས་ཚར་སོང་ན་བཟང༽ཞེས་དམོད་དམོ་བྱེད་ངེས། དངོས་ཡོད་ཀྱི་རྣམ་པ་འདི་བསྒྱུར་དགོས་ཚེ་ང་ཚོ་གསོན་པོར་གནས་ནས་འཐབ་བརྩོད་དང་འགུལ་བསྐྱོད་བྱེད་པ་དང་། འཚོ་བཞིན་པའི་ང་ཚོར་བརྟེན་ནས་ཆུ་ཐིགས་གསོག་པས་རྒྱ་མཚོ་ནང་བཞིན་གྱི་བརྩོན་པ་བསྐྱེད་དགོས་ལ། བོད་མི་ཁྲི་འབུམ་མང་པོའི་ཚེ་སྲོག་གསོན་པོ་ལ་བརྟེན་ན་ད་བཟོད་ང་ཚོའི་མི་རིགས་ཀྱི་སྙིང་སྟོབས་དང་ཁྲག་རྒྱུན་བརྒྱུད་སྤེལ་བྱེད་ཐུབ།

    བོད་ཡུལ་གྱི་གྲྭ་བ་དང་ལོ་ལོན་རྒན་རྒོན། ཤེས་ལྡན་མི་སྣ་དང་མང་ཚོགས་སོགས་གང་ཡིན་གྱིས་རང་གི་ཆོས་གྲོགས་དང་དད་ལྡན་མི་དམངས། མདོར་ན་ཡུལ་མི་སྐྱ་སེར་ཕོ་མོ་རྣམས་ཀྱིས་མུ་མཐུད་རང་ལུས་མེ་ལ་བསྲེགས་མི་འཇུག་པར་ལྟ་སྐུལ་བྱེད་པའི་རེ་འབོད་ཞུས་པ་ཡིན།

    ང་ཚོས་བོད་འབྲེལ་རྩ་འཛུགས་དང་ལས་ཁུངས་སོགས་ལ་ད་སྔའི་འགྲོས་མགྱོགས་ལ་རྒྱ་ཆེར་འགྲོ་བཞིན་པའི་རང་ལུས་མེར་སྲེག་གི་རྣམ་པ་ཚབས་ཆེན་འདི་འགོག་པར་ཞབས་སྐུལ་ཞུས་པ་ཡིན།

    ང་ཚོས་ཡིད་ཆེས་བྱེད་དགོས་པ་ཞིག་ལ། བོད་མིའི་མ་འོངས་པ་ནི་བོད་མི་རང་གིས་བརྩོན་ལེན་བྱེད་དགོས།

    ཨོཾ་མ་ཎི་པདྨེ་ཧཱུྃ།

    འོད་ཟེར།༼ཚེ་རིང་འོད་ཟེར།རྩོམ་པ་པོ། པེ་ཅིང་ནས།༽

    ཨ་ཀྱཱ་བློ་བཟང་འཇིགས་མེད་ཐུབ་བསྟན་རྒྱ་མཚོ། ༼ཨ་ཀྱཱ་རིན་པོ་ཆེ། ཨ་རི་ནས། ༽

    དགའ་བདེ་ཚེ་རིང་། ༼སྙན་ངག་པ། ཨ་མདོ་ནས།༽

  14. རྩམ་དགའ། says:
    2012-03-16 at 1:46 am

    སྟོན་པ་འཇིག་རྟེན་དུ་བཞུགས་དུས།
    གྲྭ་རྐྱང་ཚོའི་གཟན་སྣེ་ནའང་སྡོམ་གསུམ་གྱི་ཚུལ་ཁྲིམས་ཁྱབ་ཡོད་ལ།
    སྟོན་པ་འཇིག་རྟེན་དུ་མ་བཞུགས་དུས།
    གྲྭ་རྐྱང་ཚོའི་གཟན་སྣེ་ནའང་བྱུག་རྫས་སྣ་ཚོགས་ཀྱི་དྲི་མས་ཁྱབ་ཡོད་ལ།
    སྟོན་པ་འཇིག་རྟེན་དུ་བཞུགས་དུས།
    གྲྭ་རྐྱང་ཚོའི་འགྲོ་སྟངས་འདུག་སྟངས་ཡིད་དུ་འོང་ལ།
    སྟོན་པ་འཇིག་རྟེན་དུ་མ་བཞུགས་དུས།
    གྲྭ་རྐྱང་ཚོའི་འགྲོ་སྟངས་ལ་ཡང་དད་ལྡན་ཚོ་ཨ་ཐང་ཆད་འགྲོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme