Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོན་ཆར་རུ་འགྱུར་བཞིན་པའི་སྦྲང་ཆར།

Posted on 2012-01-01 By ཁ་བརྡ་ 4 Comments on སྟོན་ཆར་རུ་འགྱུར་བཞིན་པའི་སྦྲང་ཆར།

ཅོག་རོང་གི་མྱི།
བབས་ཀྱང་རུང་མ་བབས་ཀྱང་རུང་། འབེབས་པ་ལས་མ་བབས་ན་དགའ་བའི་སྦྲང་ཆར་དུས་དེབ་ལ།
སྤྱིར་སྦྲང་ཆར་འགོ་བཙུགས་ནས་ལོ་འཁོར་སུམ་ཅུ་འགོར་བ་ནི་སྐྱོ་འོས་པའི་གནས་ཤིག་ཡིན་པ་མ་གཏོགས་དགའ་མོས་བྱེད་དོན་སྤུ་ཙམ་མེད་ལ་དོ་སྣང་བྱེད་དོན་ཡང་ཁྱོན་ནས་མེད། ཉེ་སྔོན་དྲ་ཐོག་ནས་སྦྲང་ཆར་ལ་རྟེན་འབྲེལ་དང་བསྟོད་པ་དང་རང་བསྟོད་རྒྱ་ཆེན་བྱེད་པ་དེ་མཐོང་ནས་གང་དང་གང་ལ་ནམ་རྒྱུན་རྗེས་སུ་ཡི་རང་བྱེད་ཐུབ་ཐུབ་ཀྱི་རང་བཞིན་ལྡན་པའི་བདག་གིས་རྗེས་སུ་ཡི་མི་རང་བའི་ཚིག་ག་གཅིག་གཉིས་ཙམ་བཤད་འདོད་བྱུང་། སྦྲང་ཆར་ནི་རྒྱུགས་ཁྱི་ཡིན།
ལོ་ངོ་སུམ་ཅུ་སྔོན་ལ་རྒྱ་ནག་གི་རིག་གནས་གསར་བརྗེའི་མཇུག་རྫོགས་ནས་བཅོས་སྒྱུར་སྒོ་འབྱེད་ཞེས་པའི་སྲིད་ཅུས་སྔར་ལས་ཅུང་གུ་ཡངས་བ་ཞིག་སྤེལ་པའི་དུས་སུ་སྨྲ་སྒོ་དང་རིག་རྩལ་སོགས་ཀྱི་སྒོ་ཡང་སྔར་ལས་རང་དབང་ཅུང་ཟད་ལྡན་པའི་སྲིད་ཇུས་ཤིག་རྒྱ་གཞུང་གིས་སྤེལ། དེ་དུས་མེ་ཏོག་བརྒྱ་མཉམ་བཞད་དང་མཁས་བརྒྱ་མཉམ་གླེང་ཟེར་བའི་སྐབས་དེ་དང་བསྟུན་ནས་སྦྲང་ཆར་བོད་ཀྱི་ས་ཐོག་ཏུ་བྱོན། དེ་དུས་སྦྲང་ཆར་གྱི་དམ་བཅའ་ནི་བོད་ཀྱི་རྩོམ་རིག་དར་སྤེལ་བྱེད་པ་དེ་ཁོ་ན་ཡིན། ཡིན་ནའང་ཅུང་མ་འགོར་བར་གུར་པ་ཁྱོ་ཧྤུ་ཡིས་ཨ་རུ་སུའི་གུང་ཁྲན་རིང་ལུགས་ཀྱི་སྲིད་དབང་ཞི་བའི་སྒོ་ནས་མཚམས་བཅད་དེ་མ་རྩ་རིང་ལུགས་ལ་བསྒྱུར་བའི་དོན་རྐྱེན་ལས་རྒྱ་ནག་ལ་༨༩ལོའི་གནམ་བདེ་སྒོ་མོ་ཆེའི་གྱེན་ལངས་བྱུང་བས་རྒྱ་གཞུང་གིས་སྨྲ་སྒོ་དང་རིག་རྩལ་གྱི་རང་དབང་ཕྱིར་བསྡུ་བྱས་ཏེ་དུས་ད་ལྟ་བར་དུ་དམ་འཛིན་བྱས་དང་བྱེད་བཞིན་ཡོད། གུང་ཁྲན་ཏང་གི་དམ་འཛིན་ལ་ངོ་རྒོལ་བྱེད་པའམ་དེང་ལེན་མི་བྱེད་མཁན་བྱུང་ན་རྒྱ་གཞུང་གིས་ཆད་པའང་འདྲ་མིན་བཅད་དེ་ཚར་གཅོད་གང་འདོད་འདོད་བྱས། ༡༩༨༩ལོར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བོད་མིའི་བདེ་སྡུག་རྒྱ་དང་བརྩད་མཐར་རྒྱ་གཞུང་གིས་བཀྲོངས། དེའི་སྔོན་ལ་ལྷ་ས་དང་རྔ་བ་ནས་བོད་མིས་ཡར་ལངས་བྱས་པའང་རྒྱ་གཞུང་གིས་གདུག་རྩུབ་ཀྱིས་དྲག་གནན་བྱས། དེ་ནས་༢༠༠༨ལོའི་གྱེན་ལངས་ལའང་དྲག་གནོན་ཚད་ལ་འདས་པ་བྱས་ཏེ་བོད་མི་བརྒྱ་སྟོང་ལྷག་གི་ཚེ་སྲོག་ཤོར་ཡོད་པ་མ་ཟད་ཉེ་བའི་ཆར་བཙུན་པ་ཕོ་མོ་བཅུ་གསུམ་ལྷག་གིས་རང་ལུས་གསོན་བསྲེག་མཛད་ནས་རྒྱ་གཞུང་གི་རྩིང་སྤྱོད་ལ་ངོ་རྒོད་བྱས། མདོར་ན་འདས་ཟིན་པའི་ལོ་ངོ་སུམ་ཅུ་ནི་བོད་ཕྱི་ནང་ལ་མཚོན་ན་དགའ་སྟོན་རྟེན་འབྲེལ་ལས་མྱ་ངན་རྗེས་དྲན་བྱེད་དགོས་པའི་དུས་ཚོད་སྐྱི་གཡའ་བ་འཇིགས་སུ་རུང་བ་ཞིག་ཡིན། འོན་ཀྱང་སྦྲང་ཆར་ལ་མཚོན་ན་མི་ལོ་སུམ་ཅུ་དེ་ནི་རླབས་ཆེན་གཟི་བརྗིད་ཡང་དག་གི་གུང་ཁྲན་ཏང་གིས་བྱམས་སྐྱོངས་གནང་ནས་མ་ལག་རྒྱས་པའི་ལོ་སུམ་ཅུ་ཡིན་ཞེས་སྦྲང་ཆར་ཚང་གིས་བསྒྲོག་པ་བཞིན་ནོ།། ཕ་ལ་བསྟོད་ཞོར་ཕ་བསད་ཀྱི་དགྲ་ལ་དེ་ལས་ལྷག་པའི་བསྟོད་པ་བྱེད་པ་ནི་སྦྲང་ཆར་དུས་ད་ལྟ་བར་དུ་ཆགས་འཇིག་ཉམས་ང་ཅི་ཡང་མ་བྱུང་ལ་འདམ་ལས་སྐྱེས་ཅིང་འདམ་གྱི་དྲི་མ་མ་གོས་པར་གཟི་མདངས་རྒྱས་རྒྱལ་མཚན་བསྒྲེང་ཐུབ་པའི་མན་ངག་ཉག་གཅིག་ཡིན། རྩོམ་པ་པོ་འོད་ཟེར་ལགས་ཀྱིས་གང་ཟག་དང་ཚོགས་པ་ལ་ལས་ཁ་བྲལ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དེ་རྒྱུ་འབྱོར་བ་འཕེལ་ཐབས་དང་དཔོན་གོ་གནས་འཕེར་ཐབས་ཀྱི་ལམ་ཀ་ཞིག་ཏུ་བརྩི་བཞིན་ཡོད་ཞེས་བརྗོད་པ་དེ་སྦྲང་ཆར་ཚང་ལ་བཤད་པ་ལོས་ཡིན་སྙམ། བོད་ནང་ནས་སྦྲང་ཆར་ལ་བསྟོད་པ་བྱུང་ན་ཁག་མི་འདུག་མོད་རང་དབང་ལུང་བ་ན་གནས་པའི་བོད་པ་ཚོས་ཕ་མ་སྤུན་ཟླ་བསད་གསོད་ཀྱི་དགྲ་བོའི་རྒྱུགས་ཁྱི་ཞིག་ལ་བསྟོད་པ་བྱེད་དོན་མེད་ལ་སྦྲང་ཆར་ཀློག་ཉོ་བྱེད་དོན་ཡང་མེད།

སྣ་ཚོགས།

Post navigation

Previous Post: རྡོར་གདན་གྱི་༧གོང་ས་མཆོག་གི་མཛད་འཆར།
Next Post: གསུང་མཆོག་ཆོས་ལ་བདག་ནི་སྐྱབས་སུ་མཆི།

Comments (4) on “སྟོན་ཆར་རུ་འགྱུར་བཞིན་པའི་སྦྲང་ཆར།”

  1. རྔ་བ་གཉན་རྒོད says:
    2012-01-02 at 3:33 pm

    ཧཧཧཧ་སྐད་ཆ་དེ་འདྲ་ཞིག་ཨེ་ཡིན་ན་་་་ཁྱེད་རང་ནས་སྤྲང་ཆར་ལ་ལྟ་ཚུལ་དེ་འདྲ་ཡོད་ན་ཡང་་རང་དབང་ལུང་པའི་བོད་མི་ཚང་མ་ལ་སྐད་ཆ་དེ་མི་འགྲོ་བ་ཐུགས་འཇགས་མཚལ་་

  2. lobsang. says:
    2012-01-03 at 9:47 am

    སྦྲང་ཆར་དུས་དེབ་ཀྱིས་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་དང་། རྩོམ་པ་པོ་སྐྱེད་སྲིང་ཐད་བྱས་རྗེས་བཞག་དང་འཇོག་བཞིན་ཡོད་པས། ཕྱོགས་རེ་ལོང་མཆོང་གི་སྐད་ཆ་འདི་ཚོ་ཐབས་རྡུགས་པ་ལ།

  3. lobsang. says:
    2012-01-03 at 9:53 am

    སྦྲང་ཆར་ལ་སྐྱོན་བརྗོད་བྱེད་རྒྱུ་ལས་དང་པོ་རང་གིས་སུམ་རྟགས་ཀྱི་འགྲོ་སྟངས་ཡག་པོ་ཞིག་སྦྱོངས། དེ་བསླབ་བྱ་བརྒྱབ་པ་ཡིན་དཱ། དཔེར་ན་ཡིག་ཚོགས་འདིའི་ཁ་བྱང་ལ། སྟོན་ཆར་རུ། ཞེས་བྲིས་པ་དེ་འདྲ་ཞིག་གནའ་ནས་ད་བར་བོད་ཀྱི་བརྡ་སྤྲོད་འགྲོ་སྟངས་ནང་ལ་མེད། དེ་བས། སྟོན་ཆར་དུ། ཞེས་ཕྲིས་ཤོག། དེ་དག་བཅོས་ཡིན་དཱ

  4. མཁའ་ལྡིང་གི་ཞལ་ལྕེ། says:
    2012-01-04 at 2:14 am

    སྒོ་ཡང་དྲག་ཏུ་ཕྱེ་མི་ཕོད།།
    སྐད་ཆའང་སྦོམ་པོར་བཤད་མི་ཕོད།།
    དེ་འདྲའི་བོད་མི་གཉོམ་ཆུང་ལ།།
    སྟོབས་ལྡན་རྒྱ་ནག་ཅིའི་ཕྱིར་འཇིགས།།
    དེ་ནས།
    ང་ད་ན་མ་ར་ལ་དུ་ཤེས་དཱ་ཤེས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme