Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོད་འགག་དང་སྟོད་འགག་སེར་པོ།

Posted on 2018-01-232018-01-23 By ཡེ་ཤེས་ 4 Comments on སྟོད་འགག་དང་སྟོད་འགག་སེར་པོ།

ཀླུ་སྨྱོན།

བོད་ཀྱི་གྲྭ་པའི་གྱོན་ཆས་ལ་རིགས་མི་འདྲ་བ་མང་པོ་ཞིག་ཡོད་ཀྱང་མདོར་བསྡུས་ན་སྟོད་འགག་དང་གཟན། ཤམ་ཐབས་དང་ཆུ་རས། ཆོས་གོས་དང་སྣམ་སྦྱར་བཅས་སྣ་ཁ་མི་འདྲ་བ་དྲུག་ཏུ་དབྱེ་ཆོག་ཅིང་། སྔོན་ཆད་བོད་ནང་དུ་གྲྭ་པ་མང་ཤོས་ཀྱིས་ཆུ་རས་ཀྱི་ནང་དུ་གུ་ཐུང་གྱོན་སྲོལ་མེད་ན་ཡང་། ཕྱིས་སུ་རྒྱ་བལ་དུ་ཆུ་རས་ནང་ངམ་ཡང་ན་ཆུ་རས་ཀྱི་ཚབ་ཏུ་གུ་ཐུང་གྱོན་སྲོལ་ཞིག་མི་མངོན་པའི་ཚུལ་དུ་དར་ཁྱབ་བྱུང་དང་འབྱུང་བཞིན་འདུག ཆུ་རས་ལ་མཚོན་ན་མདོ་སྨད་ཕྱོགས་སུ་རས་དཀར་པོའི་ཆུ་རས་ལ་རས་དམར་པོས་མཐའ་རྒྱན་བཙེམས་སྲོལ་འདུག་ཅིང་། རྒྱ་གར་དང་བལ་ཡུལ་དུ་ཆུ་རས་ཕལ་ཆེ་བ་རས་སེར་པོས་བཟོས་འདུག ཡིན་ན་ཡང་རྩོམ་ཐུང་འདིའི་ནང་དུ་གུ་ཐུང་དེ་རིགས་རེ་ཞིག་ཟུར་དུ་བཞག་སྟེ། སྟོད་འགག་དང་སྟོད་འགག་སེར་པོའིི་སྐོར་ཅུང་ཙམ་གླེང་འདོད་བྱུང་།

སྤྱིར་སྟོད་འགག་གི་རིགས་འདི་བོད་ལ་དུས་རབས་ནམ་ཞིག་གི་རིང་དར་ཁྱབ་བྱུང་ལུགས་བཤད་སྲོལ་མི་འདྲ་བ་འདུག་ཅིང་། ལ་ལས་བླ་ཆེན་དགོངས་པ་རབ་གསལ་གྱི་དུས་ཡིན་ཟེར་ལ། ལ་ལས་ས་སྐྱ་པཎ་ཌྀ་ཏའི་དུས་ཡིན་ཟེར། ཡང་ལ་ལས་རྗེ་ཙོང་ཁ་པའི་དུས་ནས་ཡིན་ཟེར། གང་ལྟར་སྟོད་འགག་འདིའི་བཟོ་ལྟ་ནི་གནའ་སྔ་མོའི་རྒྱ་ནག་དང་ཀོ་རི་ཡ་འཇར་པན་སོགས་ཀྱི་མི་ཆེན་ཚོའི་སྟོད་གོས་རིགས་ཤིག་དང་ཧ་ཅང་འདྲ་བོ་འདུག སྟོད་འགག་གི་ཕྲག་གླན་རིགས་སྣ་ཚོགས་ཤིག་ཡོད་པའི་ནང་ནས་སྟོད་འགག་རྒྱན་དྲུག་ཅེས་པའི་ཧ་ཅང་མཛེས་ཤིང་བརྗིད་པའི་སྟོད་འགག་ཅིག་བོད་ཀྱི་ཆོས་བརྒྱུད་ཁག་གི་ནང་དུ་དར་ཁྱབ་བྱུང་ཡོད་ལ། སྟོད་འགག་རྒྱན་དྲུག་གི་ཕྱི་གཡོགས་ཚང་མ་གོས་ཆེན་དང་སྣམ་ཕྲུག་ལས་གྲུབ་པ་ཞིག་ཡིན་པས་ལྗིད་ཁོག་ཀྱང་ཅུང་ཆེ་ཙམ་ཡོད། སྔོན་ཆད་སྟོད་འགག་རྒྱན་དྲུག་འདི་བླ་མ་སྤྲུལ་སྐུ་དང་གྲྭ་པ་ཕྱུག་པོ་ཚོའི་ཆས་གོས་ཤིག་ཡིན་པ་འདྲ་ཡང་། ཕྱིས་སུ་སྤྱི་ཚོགས་ལ་འགྱུར་ལྡོག་བྱུང་སྟེ་སྟོད་འགག་རྒྱན་དྲུག་ཀྱང་ས་ཁྱབ་རྡོ་ཁྱབ་ཏུ་ཕྱིན་པ་འདྲ། ཡིན་ཡང་རྒྱ་གར་དང་བལ་ཡུལ་སོགས་སུ་གནམ་གཤིས་ཚ་བ་ཆེ་བའི་རྐྱེན་གྱིས་རྒྱན་དྲུག་ཕར་ཞོགས་ཕྲུག་གི་གོང་སྣམ་ཅན་གྱི་སྟོད་འགག་ཀྱང་གྱོན་མི་ཐུབ་པས། རྒྱ་བལ་དུ་སྟོད་འགག་འདིའི་རིགས་ཕལ་ཆེར་མཐོང་དཀོན་ཡང་། བལ་ཡུལ་དུ་ཚོང་ཁང་རེ་ཟུང་ནང་བཙོང་རྒྱུ་འདུག སྟོད་འགག་གི་ཕྲག་གླན་གྱི་ཁ་དོག་ལ་རིགས་བཞི་ཙམ་མཐོང་བ་ནི། སེར་པོ་དང་དམར་པོ། དམར་སྨུག་དང་སྔོན་པོ་བཅས་རེད། དེ་དག་ལས་དགེ་ལུགས་པ་དང་རྙིང་མའི་སྟོད་འགག་ཕྲག་གླན་སེར་པོ་ཤས་ཆེ་ཞིང་། ས་སྐྱ་པའི་དམར་པོ། བཀའ་བརྒྱུད་པའི་དམར་སྨུག་ཅུང་མང་པོ་འདུག བོད་ཀྱི་ཐང་ཀ་གསར་རྙིང་མང་པོ་ཞིག་གི་ངོས་སུ་འཇམ་མགོན་ས་པཎ་དང་ཀུན་མཁྱེན་ཀློང་ཆེན་པ། རྗེ་ཙོང་ཁ་པ་གསུམ་གྱིས་སྟོད་འགག་རྒྱན་དྲུག་མནབས་པ་འབྲི་སྲོལ་དར་ཁྱབ་ཆེན་པོ་འདུག་ཅིང་། ཐང་ཀ་ལ་ལའི་ངོས་སུ་ཁོང་རྣམ་པས་སྟོད་འགག་དཀྱུས་མ་དེ་འདྲ་མནབས་པ་བྲིས་འདུག་ཅིང་། མཚུངས་ཆོས་ཤིག་ནི་རྣམ་པ་གསུམ་ཀའི་སྟོད་འགག་གི་ཕྲག་གླན་སེར་པོ་འབྲི་སྲོལ་ཅུང་ཆེན་པོ་འདུག

འདིར་གླེང་བྱའི་སྟོད་འགག་སེར་པོ་དེ་དགེ་ལུགས་པར་མཚོན་ན་མདོ་སྨད་དང་ཁམས་ཕྱོགས་སུ་གྲྭ་པ་ཕལ་མོ་ཆེས་མནབས་སྲོལ་འདུག་ཅིང་། སྔོན་གྱི་གྲྭ་ས་སེ་འབྲས་དགེ་གསུམ་དང་རྒྱུད་གྲྭ་སྟོད་སྨད་སོགས་ཀྱི་ལུགས་སྲོལ་མ་ཤེས་ཀྱང་། དེང་སྐབས་རྒྱ་གར་དུ་ཡོད་པའི་སེ་འབྲས་དགེ་གསུམ་དུ་བླ་སྤྲུལ་དང་དགེ་བཤེས་ཐོན་པ་ཚོས་སྟོད་འགག་སེར་པོ་མནབས་སྲོལ་ཞིག་འདུག་ཅིང་། རྩེ་རྣམ་རྒྱལ་གྲྭ་ཚང་གི་གྲྭ་པ་ཚོས་སྟོད་འགག་སེར་པོ་མནབས་སྲོལ་འདུག བལ་ཡུལ་དུ་བླ་མ་བཟོད་པའི་ཀོ་པན་དགོན་པ་སོགས་དགེ་ལུགས་པའི་དགོན་པ་ཁག་གི་གྲྭ་པ་མང་པོ་ཞིག་གིས་ཀྱང་སྟོད་འགག་སེར་པོ་མནབས་འདུག

རྒྱ་གར་རྣམ་གྲོལ་གླིང་གི་གྲྭ་པ་མང་ཤོས་ཀྱིས་རས་སེར་པོ་ཡུག་གཅིག་གིས་བཟོས་པའི་སྟོད་འགག་གམ་སྟོད་གོས་ཤིག་མནབས་སྲོལ་འདུག་ཅིང་། ལ་ལས་དགེ་ལུགས་སོགས་ཀྱིས་མནབས་པའི་སྟོད་འགག་སེར་པོ་ཞིག་མནབས་འདུག བལ་ཡུལ་ཞེ་ཆེན་དགོན་སོགས་རྙིང་དགོན་གྱི་མཁན་གྲྭ་སྐོར་ཞིག་གིས་སྟོད་འགག་སེར་པོ་ཞིག་མནབས་ཡོད་ལ། བཀའ་རྙིང་གང་གི་ཁོངས་གཏོགས་ཡིན་མིན་མ་ཤེས་ཀྱང་། འབྲུག་ཡུལ་དུ་དགེ་འདུན་པ་ཚོས་སྟོད་འགག་ཕྲག་གླན་སེར་པོ་ཡིན་པ་འདི་མནབས་སྲོལ་ཆེན་པོ་ཞིག་འདུག དེ་བཞིན་བོད་ཕྱི་ནང་གི་བོན་པོ་ཕལ་མོ་ཆེའི་སྟོད་འགག་གི་ཕྲག་གླན་སྔོན་པོ་ཡིན་ཡང་། བོན་གྱི་གྲྭ་པ་མང་པོ་ཞིག་གིས་ཕྲག་གླན་སེར་པོ་ཡོད་པའི་སྟོད་འགག་འདི་མནབས་འདུག

སྤྱིར་ན་བོད་པའི་གྲྭ་ཆས་འདི་གྱོན་ཕྱིན་ཆད་མི་དེའི་ལུས་ལ་རང་བཞིན་གྱིས་གཟི་བྱིན་ཞིག་བསྣན་ཡོང་བ་དང་། ཁྱད་པར་དུ་སྟོད་འགག་སེར་པོ་འདི་གྱོན་ཚེ་གྲྭ་བཙུན་དེའི་ལུས་ལས་མི་མངོན་པའི་ཞི་བདེའི་གཟི་འོད་ཅིག་འཕྲོ་བཞིན་ཡོད། ཡིན་ཡང་ཨ་རི་སོགས་ཕྱི་རྒྱལ་ཁག་ཏུ་དོལ་རྒྱལ་བ་ཚོས་སྟོད་འགག་སེར་པོ་འདི་གྱོན་ནས་གོང་ས་མཆོག་ལ་ངོ་རྒོལ་བྱེད་ཐེངས་མང་པས། ཕྱི་གླིང་པ་སྟོད་འགག་སེར་པོ་གྱོན་པ་ཞིག་མཐོང་ཚེ་རྣམ་རྟོག་སྐྱེ་དགོས་པའི་དུས་ཤིག་ཀྱང་ཤར་མྱོང་བ་མིན་ནམ།

གང་ལྟར་སྟོད་འགག་སེར་པོ་འདིས་སྟོན་པ་ཐུབ་པའི་དབང་པོའི་བསྟན་པ་ད་དུང་ས་སྟེང་འདིར་གནས་ཡོད་པའི་བརྡ་རྟགས་ཧ་ཅང་གསལ་བོ་ཞིག་བསྟན་དང་སྟོན་བཞིན་ཡོད་པ་དང་། ནམ་ཞིག་གི་ཚེ་བ་གླང་གི་ཀོ་བ་སེར་པོ་རེས་སྟོད་གོས་ཀྱི་ཕྲག་པ་གཡོགས་ནས་ང་ནི་སྟོན་པའི་རྗེས་སུ་འཇུག་པའོ་ཞེས་བརྗོད་དགོས་པའི་དུས་ཤིག་ཀྱང་འཆར་རྒྱུ་ཡིན་ཞིང་། དུས་རབས་དེའི་མིང་ལ་རྟགས་ཙམ་འཛིན་པའི་ལེའུ་ཞེས་གནས་སྔ་མོ་ནས་ནང་བསྟན་གྱི་ལོ་རྒྱུས་ཡིག་ཚང་དུ་ཧ་ཅང་གསལ་བོར་གསུངས་ཡོད།

***བོད་ཀྱི་དུས་བབ་དྲ་ཚིགས་ལས་དྲངས།

བསམ་ཚུལ།

Post navigation

Previous Post: ༄༅།། སངས་རྒྱས། ཞེས་པའི་བོད་བསྒྱུར་མུ་འབྲེལ་བརྙན་འཕྲིན་ཟློས་གར་ངོ་སྤྲོད་མདོར་བསྡུས།
Next Post: རིག་པའི་ཁྱེའུ་ཡི་མཚམས་སྦྱོར།

Comments (4) on “སྟོད་འགག་དང་སྟོད་འགག་སེར་པོ།”

  1. ལ་དྭགས་འཇམ་དཔལ།། says:
    2018-01-23 at 10:43 pm

    སྤྲུལ་སྐུ་ཀླུ་སྨྱོན་ལེགས་ཀྱིས་སྟོད་འགག་གི་བཤད་པ། ལེགས་པར་བྲིས་པར་དགའ་བསུ་ཞུ། བདག་གི་གླེང་འདོད་ནི། ལ་དྭགས་པ་རིགས་པའི་བསམ་བློ་གཏོང་མཁན་ཞིག་གིས། ལོ་སུམ་ཅུ་སྔོན་དུ། ཨ་རིར་འབེལ་གཏམ་བཤད་དུས། ནུབ་ཕྱོགས་པ། གི་རིག་ཡུལ་གྱི་དམག་མིའི་ཆས། སྟོད་འགག་དང་། ཚོགས་ཆས་ཟླ་གམ། རྩེ་ཞྭ་བཅས་ཡིན་པར་བཤད་སོང་།
    བོད་དུ་རྒྱ་མིའི་འདའ་ཡང་མཐོང་དུས། འདའ་ཡང་སྒོར་མོ་ཞིག་གི་སྒང་ལ། རྩེ་ཞྭ་གོན་པའི་གི་རིག་གི་དམག་མི་འདྲ་བ་ཞིག་མཐོང་། ལོ་ངོ་དོན་གྲངས་མགོ་སྟོད་ཀྱི་གཏམ་མོ།

  2. གཙང་ཞོལ་བདེ་གསལ། says:
    2018-01-25 at 1:31 am

    དེ་ཙམ་ཨེ་རེད། ་་་་་

  3. དོལ་པོ་ says:
    2018-01-26 at 8:36 pm

    སྤྱིར་གུས་པ་རང་ཉིད་ཤེས་ཚད་དམའ་བ་དང་ཉམས་མྱོང་དབེན་པའི་རྐྱེན་གྱིས་མཐའ་ལས་འདས་པའམ་ཡིད་མཁར་འཇོ་བའི་འདྲི་བ་མེད་དེ་སོ་སོར་སྐྱེ་བོ་ཕལ་བ་ཡིན་པའི་ཕྱིར་ན་འདྲི་བ་ཆུ་ཐིག་ཙམ་ཞིག་མ་གཏོགས་མེད་པས་སོ་::-སྤྱིར་ཆོས་ལུགས་ཁག་གི་ཆོ་ག་ཕྱག་ལེན་འདྲ་མིན་སྣ་ཚོགས་པ་ཡོད་པ་རེད་དེ་འོན་ཀྱང་སྟོན་འགག་ལ་སོགས་པ་མཚོན་གསེར་ཅན་དག་འགའ་ཞིག་གི་མཁན་པོ་མ་གཏོགས་གྱོན་མི་ཆོག་པ་དང་འགའ་ཤས་གྲྭ་བ་ཡོངས་ཀྱིས་གྱོན་ཆོག་པ་ཞིག་འདུག་སྟེ་དེ་དག་གི་སྐོར་གསལ་བཤད་དམ་སྲོལ་རྒྱུད་ཇི་ལྟར་ཡིན་ནམ་དེ་ལ་ལན་ཡོད་པར་མཁྱེན་མཁྱེན། །། ཞེས་དོལ་པོ ་སྨྱུག་མིང་བློ་གྲོས་རིན་ཆེན། བལ་ཡུལ་བན་ཆེན་དགོན་ནས་འབུལ་ལོ། །།

  4. ཨོ་རྒྱན་ཉི་མ། says:
    2018-01-28 at 3:52 pm

    ཨ་ཁུ་ཀླུ་སྨྱོན་འདིས་གོས་དུང་དང་། གུ་ཐུང་ནོར་འདུག་་་་་ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme