Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོད་འགག་དང་། སྟོད་འགག་གི་ཁུང་ལུང་གཉིས་ཀ་འདི་ན་འདུག

Posted on 2010-03-28 By དབང་ཕྱུག་ 14 Comments on སྟོད་འགག་དང་། སྟོད་འགག་གི་ཁུང་ལུང་གཉིས་ཀ་འདི་ན་འདུག

མི་རྐང་གླིང་བུ།

༡༽སྟོད་འགག་གི་བྱུང་རབས་ནི། ཆ་ལུགས་དང་། ཡོ་བྱད་འགའ་ཞིག་གི་རྒྱུ་མཚན་ཉུང་ངུར་གླེང་བ། ཞེས་པ་ལས། སྔོན་དུས་རྒྱ་ནག་གི་ཡུལ་གྲུ་ཞན་ཟིན་བྱ་བའི་ཡུལ་དེའི་རྒྱལ་པོ་བུད་མེད་ཀྱིས་བྱེད་པས་རྒྱལ་མོ་དེས་ནང་པ་ལ་དད་ཅིང་། ཡུལ་དེར་རབ་ཏུ་བྱུང་བ་མང་དུ་ཡོད་པ་ཡིན་འདུག་པས། ཟླ་རེ་བཞིན་རབ་བྱུང་རྒྱལ་མོའི་ཕོ་བྲང་དུ་གསོད་སྙོམས་ལ་གདན་འདྲེན་བྱེད་ཅིང་སྙེན་བཀུར་བཟང་པོ་ཕུལ། སངས་རྒྱས་ཀྱི་རབ་བྱུང་ཡོད་ཚད་ལ་གཟེངས་བསྟོད་མཛད་པར་གྲགས་ལ། སྐབས་ཤིག་རྒྱལ་མོས་ཁྱོད་བནྡེ་རྣམས་ཀྱི་གོས་ཅི་ཡང་མེད་པར་ཤ་རྗེན་པར་མཐོང་བས། ངེད་འདོད་ཆགས་སྐྱེ་བར་འདུག་པས། ཤམ་ཐབ་དང་ཆོས་གོས་གཉིས་སྦྲེལ་ལ་ཚེམ་པའམ་ཤ་མི་མཐོང་བར་གྱིས་ཤིག་གསུངས་པའི་ལུང་བྱུང་བས། དེ་ནས་བཟུང་རབ་བྱུང་རྣམས་ཀྱིས་སྟོད་གཡོག་བྱེད་ཅིང་སྣ་ཚོགས་གྱོན་པའི་རྒྱུ་མཚན་བོད་དུ་དར་བས། འདུལ་འཛིན་ཆེན་པོ་དེ་དག་རྣམས་ཀྱིས་ད་ལྟའི་སྟོད་འགག་འདི་བཞིན་མཛད་ནས་བཞེས་པ་ཡིན་ཞེས་ཐོས་སོ།
09b55b6275f073519b51d759369e154a
༢༽སྟོད་འགག་གི་དབྱིབས་དང་དེའི་མཚོན་དོན་ནི། དེ་ཉིད་ལས། དེ་ལ་འགག་ཐུང་གི་དབྱིབས་ནི། འཆི་བདག་གི་མགོ་ལྤགས་ཀྱི་དབྱིབས་ཏེ། དེ་བགོས་པས་ནི། འཆི་བདག་གི་མཆེ་བ་དང་ཁ་ནང་དུ་ཆུད་པའི་དབྱིབས་ཀྱིས་མྱུར་དུ་འཆི་བདག་གི་ཁར་འགྲོ་བ་བར་བསམ་སྟེ། འཆི་བ་མི་རྟག་པ་དྲན་པའི་ཆེད་དུ་ཡིན། དེ་ནི་མདོ་ལས། རྗེས་ཀུན་ལས་བ་གླང་གི་རྗེས་མཆོག་དང་། འདུ་ཤེས་ཀུན་གྱི་ནང་མི་རྟག་པའི་འདུ་ཤེས་མཆོག་གོ་གསུངས་པ་སོགས་སྤྱིར་ཆོས་འོང་མི་འོང་། བྱེད་མི་བྱེད། མི་རྟག་པ་དྲན་པ་ལ་རག་ལས་པ་རྒྱ་བོད་མཁས་གྲུབ་ཀུན་གྱིས་གསུངས་པ་ལྟར། འདི་ནི་འཆི་བ་རྗེས་སུ་དྲན་པའི་ཕྱིར་དགོས་པ་ཆེ། དེ་ལ་མཆེ་བ་གཉིས་དང་རྣ་བ་སོགས་མཚོན། ཞེས་གསུངས། དེ་ལ་སྟོད་འགག་གི་རྣ་བ་གཉིས་པོ་འདི་ནི་འཆི་བདག་རྣ་བ་དང་། མདུན་དུ་གྱེན་དུ་བསླངས་པའི་རས་ཤར་མོ་འདི་གཉིས་ཀྱིས་འཆི་བདག་གི་མཆེ་བ་མཚོན་པ་ཡིན་འདུག འདི་ནི་གཙོ་བོ་དབྱིབས་གཟུགས་ཀྱིས་མཚོན་ཚུལ་ཡིན་པར་འདྲ།

༣༽ཡང་མཚོན་སྟངས་གཞན་ཞིག་ནི། དེ་ཉིད་ལས། རྟ་མཆོག་རྣ་རྒྱན་སོགས་རྒྱན་དྲུག་ཀྱང་དམ་པ་ཞིག་གིས་མཛད་ཟེར། རྒྱན་དྲུག་ནི། ༡༽གླང་ཆེན་མཆེའི་རྒྱན། ༢༽བུམ་པའི་མགུལ་རྒྱན། ༣༽གཡུ་འབྲུག་མཐའ་རྒྱན། ༤༽རྨ་བྱའི་སྒྲོ་རྒྱན། ༥༽སེང་གེའི་དཔུང་རྒྱན། ༦༽རྟ་མཆོག་རྣ་རྒྱན་ཏེ་དྲུག་ཡིན། འདི་དག་ནི་གཞི་ཡི་སྟེང་དུ་ལྷན་ཐབས་ཀྱིས་གླན་པའི་ཚེམས་དྲུབ་སྟེ། གཙོ་བོ་ཁ་དོག་ཀྱི་མཚོན་སྟངས་ཡིན་པར་སེམས། རེ་རེ་ལ་མཚོན་དོན་འདྲ་བཤད་རྒྱུ་འདུག་ཀྱང་ངེས་གཏན་ཆེར་མི་འདུག
3f71cea35641d406ee7e46c7ec201dab

༤༽སྟོད་འགག་གི་འགྱུར་བ། ང་ཚོའི་ཕ་ཡུལ་ན་ང་བརྒྱད་ལོ་དུས་ཟིང་སྔོན་དང་། དེ་རྗེས་བསྟན་པ་བསྐྱར་དར་གྱི་སྐབས་སུ་དེང་དུས་གྲྭ་ས་ཁག་དང་བཤད་གྲྭ་ཁག་ཏུ་གྱོན་བཞིན་པའི་སྟོད་འགག་འདི་གྱོན་སྲོལ་མེད། སྟོད་འགག་ཆ་ཚང་དམར་སེར་རྒྱན་དྲུག་ཡིན། དེ་ལ་འབྱོར་བ་ཆེ་ཆུང་གིས་རྒྱས་བསྡུས་ཀྱི་ཁྱད་པར་ཕྲན་བུ་ཡོང་། དེའི་རྗེས་མདོ་དབུས་ཁམས་གསུམ་གྱི་དགོན་པ་ཕན་ཚུན་བར་དང་། གཞིས་བྱེས་ཕན་ཚུན་བར་དུ་འབྲེལ་བ་བྱུང་བས་སྟོད་འགག་སོགས་དགེ་འདུན་པའི་གྱོན་ཆས་ཚང་ལ་འགྱུར་བ་ཕྱིན་པ་རེད། དེའི་སྔོན་དུ་སེར་འགག་ཟེར་བ་དང་། དམར་འགག་ཟེར་བ་འདི་དག་མིང་ཡང་མི་གྲགས། དམར་སེར་རྒྱན་དྲུག་འདི་ལ་འགག་རིང་དང་། འགག་ཐུང་གཉིས་ཡོད། སྟོད་ནས་དེ་གཉིས་ལ་ཁྱད་པ་མེད། འོན་ཀྱང་ཕྲུག་དང་། ཡང་ན་ལུག་ལྤགས་སོགས་ཀྱི་སྨད་ཤམ་མཉམ་དུ་འབྱར་བ་དེ་ལ་འགག་རིང་ཟེར། འདི་ནི་རྒྱུན་གོས་ཡིན། འགག་ཐུང་འདི་རྒྱ་སེར་སོགས་ཀྱིས་བྱས་པ་འདི་གཟབ་འཆོར་གྱི་སྐབས་སུ་གྱོན་རྒྱུ་ཡིན། དེང་དུས་བོད་ཀྱི་དགོན་སྡེ་ཕལ་མོ་ཆེར་རས་ཀྱི་སྟོད་འགག་འགག་འདི་དག་ལས་རྒྱ་སེར་ལས་བྱས་པ་འདི་ནི་དགེ་བསྐོས་དང་། བླ་ཆེན་རེ་གཉིས་ཀྱིས་བེད་སྤྱོད་བྱེད་པ་ཙམ་ལས་གཏན་དུ་ནུབ་པའི་ཕྱོགས་སུ་གཞོལ་བར་སྣང་ནའང་འགྱོད་པ་ཅི། འདི་དམག་གི་གོ་ཆ་ལས་བྱུང་ཟེར་བ་ནི་རྟོག་པ་འཆར་ཡན་གྱི་སྒྲོ་བཏགས་པ་ཙམ་ཞིག་ལས་དོན་ལ་འབབ་རྒྱུ་ཡོད་པར་མི་སེམས། །

རོང་ཐ་ཆོས་འབྱོར་ལྷུན་འགྲུབ་ཀྱི་གསུང་འབུམ་ཁ་པར་བཞུགས

སྣ་ཚོགས།

Post navigation

Previous Post: རྒས་པའི་ཉམས་འགྱུར།(ལོ་ན་གྱ་གཅིག་ལ་སླེབས་པའི་ཨ་མྱེ་དང་ཁ་བརྡ་བྱས་རྗེས།)
Next Post: ༼རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་གོ༽

Comments (14) on “སྟོད་འགག་དང་། སྟོད་འགག་གི་ཁུང་ལུང་གཉིས་ཀ་འདི་ན་འདུག”

  1. བཀྲ་ཤིས། says:
    2010-03-28 at 11:13 am

    མི་རྐང་གླིད་བུ་ལགས་ཐུགས་རྗེ་ཆེ། དངོས་གསན་ཡག་པོ་བྲིས་འདུག

  2. གཞོན་ནུ་ཟླ་མེད says:
    2010-03-28 at 11:37 am

    ཚང་མས་གཟིགས་དང་། སྟོད་འགག་གི་དཔར་ཁོ་རང་གིས་དམག་ཁྲབ་ཡིན་ཟེར་ནས་ང་ཚོ་ལ་ཚུར་ཁ་གྲགས་ཡོང་གི་ཡོད་པ་རེད། ང་ཚོས་དེ་ནི་རྒྱ་མོ་ཟིག་གིས་བཟོས་པ་རེད་ཟེར་ནས་ཕར་བཏགས་གི་ཡོད་པ་རེད། རྒྱ་མོ་དེས་རྒྱ་གི་གྲྭ་བ་ཚོར་སྟོད་འགག་འདི་མ་སྤྲད་པར་བོད་ཀྱི་གྲྭ་བ་ཚོར་ག་འདྲ་སེ་སྤྲད་པ་ཡིན་ནམ། ད་རུང་རྒྱ་མོ་དེའི་ལུང་པ་ན་བོད་ཀྱི་རབ་བྱུང་བ་ཤིན་ཏུ་མང་ཟེར། བོད་ཀྱི་རབ་བྱུང་བ་དེ་ཚོ་ས་ཆ་དེར་སྐྱེས་པ་ཡིན་ན་ཨ་མ་རྒྱ་མོ་ལ་སྐྱེས་པ་རེད་དམ། ཡང་ན་བོད་མོ་ལ་སྐྱེས་པ་རེད། རྒྱ་ཡི་ས་ཆ་དེར་བོད་པ་མང་པོ་ཡོད་པ་རེད་དམ། ཡང་ན་ཐག་རིང་བོད་ཀྱི་ཡུལ་ནས་བོད་ཀྱི་རབ་བྱུང་བ་ཚོ་ལོ་ལམ་ཟླ་ལམ་བརྒྱུད་ནས་རྒྱ་ཡུལ་དེར་གསོལ་སྙོམས་ཅིག་གི་ཆེད་དུ་ཕེབས་པ་འེ་རེད། དགོད་བྲོ་བའི་སྒྲུང་འདི་འདྲ་བྲིས་འདུག རྟོགས་པ་འཆར་ཡན་རང་ལུགས་པ་འབྲི་རྩལ་རང་རེད་འདུག་ཀ ཧཧཧ

  3. མགོ་རུལ། says:
    2010-03-28 at 3:00 pm

    དང་པོར་བོད་པའི་རབ་བྱུང་ཚོས་གནམ་གཤིས་ཀྱི་དབང་གིས་རྒྱ་གར་གྱི་སྟོད་འགག་ཕུ་མེད་ཀྱི་ཚབ་ཏུ་ཕུ་ཐུང་རིང་པོ་ཡོད་པ་གྱོན་པ་དང་། དེ་ནས་ཇོ་བོ་རྗེ་བོད་དུ་ཕེབས་དུས་ཕུ་ཐུང་རིང་པོ་དེ་འདུལ་བ་དང་མི་མཐུན་པར་གཟིགས་ནས་ཕུ་ཐུང་བཅད་དེ་ད་ལྟའི་སྟོད་འགག་འདི་གསར་བཏོད་བྱས་པ་ཞིག་ལོས་ཡིན་ཡང་བསམས། རྒྱ་མཚན་ནི་ཁོང་གི་ཕེབས་བསུར་བོད་སྟོན་རྣམས་ཀྱིས་གོས་བེར་རྫིག་པོ་གྱོན་ནས་ཡོང་ནས་མི་མ་ཡིན་བསླེབས་བྱུང་གསུངས་ནས་དབུ་བཏུམས་པ་དང་། དེ་ནས་བོད་སྟོན་ཚོས་གོས་བེར་ཕུད་དེ་ཆོས་གོས་དང་སྣམ་སྦྱར་གྱོན་ནས་ཡོང་དུས་ཐུགས་ཤིན་ཏུ་དགྱེས་ཚུལ་ལོ་རྒྱུས་སུ་འདུག་པས་སོ།། ད་ལྟའི་རྒྱན་དྲུག་མཆོག་གཉིས་སོགས་ཀྱི་ཐང་ཀ་ལ་བལྟས་ན་རྒྱ་གར་པཎ་ཆེན་ཚོས་ཀྱང་སྟོད་འགག་ཅིག་གྱོན་ཡོད་པ་དང་། དེའི་ཁ་དོག་སྔོན་པོ་ཡང་འདུག་པ་དེ་ཆོས་འདུལ་བ་དང་མཐུན་མིན་མི་ཤེས།

  4. མགོ་རུལ། says:
    2010-03-28 at 3:02 pm

    རབ་བྱུང་བས་སྔོན་པོ་གྱོན་མི་རུང་ཟེར་བཞིན་བོད་པའི་རབ་བྱུང་བ་མང་པོས་སྟོད་འགག་གི་ནང་གོས་སྔོན་པོ་བྱེད་པ་འདིའི་མགོ་ཁུངས་ཀྱང་གང་ལ་གཏུག་དགོས་སམ། དེ་བཞིན་རྒྱ་གར་པཎ་གྲུབ་དེ་དག་གི་སྟོད་གོས་སྔོན་པོ་འདི་སངས་རྒྱས་ཀྱི་དུས་ནས་དར་བ་ཞིག་ཨེ་ཡིན་ནམ། གསུངས་དང་།

  5. མི་རྐང་གླིང་བུ། says:
    2010-03-28 at 4:08 pm

    དྲ་གྲོགས་རྣམ་པ་ལགས། འདི་ནི་སྔོན་གྱི་མཁས་པས་བྲིས་པའི་སྟོད་འགག་གི་སྐོར་ཞིག་རེད་དཔྱད་གཞིར་ཕུལ་བ་ཡིན། འདིའི་ནང་གི་སྒྲུང་གཏམ་འདྲ་བོ་ཞིག་འདུག་པ་འདི་ཐམས་ཅད་བདེན་པ་ཡིན་མིན་མི་ཤེས་ཀྱང་མཁན་ཆེན་བོ་དྷི་ས་ཏྭ་བོད་ལ་ཕེབས་ནས་སད་མི་མི་བདུན་རབ་ཏུ་བྱུང་སྐབས་ཁོང་གི་དགེ་ཕྲུག་གསར་པ་བདུན་པོ་དེས་ཀྱང་མཁན་ཆེན་དང་མཐུན་པར་ན་བཟའ་བཞེས་ནས་ཡོད་ཀྱི་རེད་མ་གཏོགས་དམག་གི་གོ་ཁྲབ་མཐུན་པར་གྱོན་དགོས་པའི་རྒྱུ་མཚན་མ་རྙེད། གཞན་སྟོད་འགག་དམག་ཁྲབ་ལས་བྱུང་བའི་ཁུང་འདྲ་ཡོད་ན་སྟོན་གནང་དང་དཔྱད་པ་བྱེད་ཆོག
    རྒྱ་གར་གྱི་གནམ་གཤིས་ཚ་བས་སྟོད་གོས་མེད་ཀྱང་གཟན་སོགས་ཀྱིས་མཐུས་ནའང་ཁོག་སྟོད་དམར་ཧྲེང་དུ་ཕྱིར་ལ་སྟོན་མི་ཆོག་པ་རེད། དེའི་དགག་བྱ་ནི་འདི་ནས་འབྱུང་བ་ལྟར་རྒྱའི་སྦྱིན་བདག་མ་ལྟ་བུ་འགའ་ཞིག་ཆགས་པ་འཕར་ཉེས་ཡོད་པའི་རྒྱུ་མཚན་གྱིས་རེད། དེའི་ལག་ལེན་ད་ལྟའི་བར་དུ་རྒྱ་གར་དང་། ཤྲིར་ལིང་ཀ་དང་། ཐའི་ལན་སོགས་ཀྱི་རབ་བྱུང་རྣམས་ཀྱིས་སྟོད་འགག་མེད་ཀྱང་གཟན་གྱིས་ཁོག་སྟོད་དམ་པོ་སྡོམ་ནས་དམ་ཚིག་དེ་དག་རྒྱུན་སྐྱོང་བཞིན་པ་རེད། གཉིས་ནས་གནའ་གཤིས་གྲང་བས་སྟོད་འགག་འདི་བྱུང་བ་སེམས།
    དོགས་བཅོད་ཞིབ་ཚགས་གནང་དང་དངོས་ཡོད་ཀྱི་དོན་ཞིག་རྙེད་སྲིད།

  6. བཀྲ་ཤིས། says:
    2010-03-29 at 2:27 am

    གོས་སྔོན་པོ་ཡང་རབ་བྱུང་གི་རུང་བའི་རེད། འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། སྔོན་པོ་བཙག་དང་ངུར་སྨྲུག་རྩི། །འདི་དག་རུང་བའི་ཚོན་གསུམ་ཡིན། །ཞེས་སོ།

  7. ྑཁ་ཕྱོགས་མེད says:
    2010-03-29 at 2:58 am

    གྲྭ་ཆས་གྱོན་པའི་རིང་ལ་སྟོད་འགག་གི།།
    མཚོན་དོན་དངོས་དེ་ཁོ་བོས་འཚོལ་མྱོང་མེད།།
    ད་ནི་ང་དང་སྟོད་འགག་རྒྱང་རིང་བས།།
    འདི་ཡི་ཕྱོགས་ལ་བཤད་རྒྱུ་གང་ཡང་མེད།།

  8. སྤོབས་པ་མཐའ་ཡས། says:
    2010-03-29 at 3:38 am

    འདི་ངོ་མ་དམག་ཁྲབ་ཀྱི་བཟོ་ལྟ་ཡིན་ས་རེད། སྔོན་དུས་སུ་བཙུན་པ་ལྷ་ལུང་དཔལ་གྱི་རྡོ་རྗེས་བཙན་པོ་གླང་དར་མ་བཀྲོང་སྐབས། དེའི་རྗེས་སུ་བཙུན་པ་ཏྰ་ཡི་སི་ཏུ་བྱང་ཆུབ་རྒྱལ་མཚན་གྱིས་ས་སྐྱའི་དཔོན་ཆེན་གྱི་ཁྲི་དམག་ཆམ་ལ་འབེབས་དུས། དེའི་རྗེས་སུ་སེ་འབྲས་དགའ་གསུམ་གྱི་གྲྭ་དམག་གིས་ལ་དྭགས་སིང་པའི་དམག་སྣ་བཟློག་སྐབས་སོགས་སུ་གཟན་ཤམ་གཉིས་ཀྱི་བར་དུ་གོ་ཁྲབ་གྱོན་ནས་སོང་ཡོད་པ་སོགས་ཀྱི་རྗེས་དྲན་ལྟ་བུར་འགྲེལ་མི་ཆོག་དོན་འདྲ་མི་འདུག

  9. མི་རྐང་གླིང་བུ། says:
    2010-03-29 at 4:33 am

    སྤོབས་པ་ལགས་་་་་་་་་་་་་་་ཕེབས་པ་བཟང་། ལྷ་ལུང་དཔལ་རྡོར་འདི་དུས་རབས་བརྒྱད་པའི་ནང་རྒྱ་བོད་མཚམས་ཀྱི་དམག་དཔོན་ཞིག་དང་། དེ་རྗེས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་ཕེབས་སྐབས་གདམས་པ་ཞུས། དེ་ནས་རབ་ཏུ་བྱུང་། དེ་ནས་གྲུབ་པ་ཐོབ་ནས་རྗེ་འབངས་ཉེར་ལྔའི་ཡ་གྱལ། དཔལ་གྱི་རྡོར་རྗེ་རི་བྲག་ཐོགས་པ་མེད།། ཞེས་པའི་གྲུབ་ཆེན་དུ་གྱུར་པ་ཡིག་ཚང་ཁུང་མ་རྣམས་སུ་གསལ། དེ་ནས་དུས་རབས་དགུ་པའི་ནང་དུ་བཙན་པོ་དར་མ་དཀྲོང་པ་དང་། དེ་ནས་དུས་རབས་བཅུ་པའི་ནང་དུ་བླ་ཆེན་དགོངས་པ་རབ་གསལ་གྱི་དགེ་འདུན་ཁ་སྐོང་དུ་གདན་མ་དྲོངས་ཟེར་བ་སོགས་དུས་རབས་གསུམ་གྱི་ཡུན་དུ་བཤད་ནས་འདུག་པས་འདི་དག་ཏག་ཏག་ཅིག་འགྲིག་ཨེ་ཡོད་ན་བསམ།
    དེབ་སྔོན་དུ་བཙན་པོ་བཀྲོངས་མཁན་དང་བཀྲོངས་ཚུལ་སོགས་ལ་བཤད་ཚུལ་དུ་མ་ཞིག་ཡོད་པར་གསུངས་འདུག་དྲན་སོང་། དེ་དང་མཐུན་པར་རྒྱའི་ལོ་རྒྱུས་ནང་དུ། ནང་བློན་ཞིག་གིས་བཙན་པོ་དར་མ་བཀྲོངས་པར་བཤད་འདུག འདི་ཡང་རྒྱུ་མཚན་ངེས་ཅན་མེད་གྲང་བསམ་གྱིན་ཡོད།
    སི་ཏུ་བྱང་ཆུབ་རྒྱལ་མཚན་དང་། དགའ་ལྡན་ཚེ་དབང་སོགས་བཙུན་པས་དམག་འཁྲུག་བྱས་པའི་སྐབས་སུ་གྲྭ་ཆས་གྱོན་ནས་དམག་ལ་སོང་མེད་པར་ངེས་ལ་གལ་སྲིད་ཅིག་སོང་ན་གཡུལ་ངོར་ན་ཕམ་འགྲོ་རྒྱུ་མ་གཏོགས་ཅི་ཡང་མེད་པར་གསལ་པོ་ཡིན། གང་གིས་ཤེས་ན་གྲྭ་ཆས་འདི་ཞི་དུལ་གྱིས་འགྲོ་འཆག་ཉལ་འདུག་གང་བྱས་ཀྱང་མི་བདེ་བ་མེད་ཀྱང་། དྲག་ཤུལ་ལས་ཀ་ཕྲན་བུ་དགོས་ན་ཡང་ན་གཟན་བུད་ནས་སྒྱིད་པ་འཆིང་འགྲོ་ངེས་ཡིན། ཡང་ན་ཤམ་ཐབ་རླུང་གིས་བཀྱགས་ནས་མགོ་བོ་གཏུམས་འགྲོ་ངེས་ཡིན། ཐོག་མར་གྲྭ་ཆས་གྱོན་པའི་སྐབས་སུ་ཉིན་གང་པོ་ལག་པ་གཉིས་ཀྱིས་གཟན་གྱི་སྣེ་ནས་འཇུས་ཀྱང་བར་ཤིག་ངོས་གཅིག་ས་ལ་ཐུག་འགྲོ་བ་འདི་གྲྭ་ཟུར་ཀུན་གྱི་སེམས་ན་གསལ་ལེར་ཡོད་ཤག་ཡིན། དེས་ན་གྲྭ་ཆས་ཀྱི་བར་ནས་ཁྲབ་གྱོན་པ་དང་། ཁྲབ་དེ་ཉིད་གྲྭ་ཆས་སུ་གྱུར་པ་སོགས་ནི་ཀུ་རེ་མིན་ན་དཔྱད་རིན་མི་འདུག་སྙམ་མོ།།

  10. གཅན་བཟོད་རྒྱམ། says:
    2010-03-29 at 4:41 am

    དྲ་གྲོགས་སྤོབས་པའི་སྐད་ཆའི་ནང་དུ་གསར་པ་གཅིག་མཐོང་བ་ནི། སིང་དམག་ལྡོག་པར་སེ་འབྲས་དགའ་གསུམ་གྱི་སེར་དམག་སོང་བ་འདི་རེད། སྤོབས་པ་ལགས། འདིའི་ཁོངས་ལུང་གང་ཡིན་གསུང་ན་འགྲིམ་གམ། ལ་སིང་གི་དམག་གི་སྐོར་ན་རོལ་ཙམ་བལྟས་མྱོང་ཡང་འདི་ནི་སྐད་ཆ་གསར་པ་ཞིག་རེད་འདུག བདག་གི་མཐོང་ཐོས་ཀྱི་མིག་བུ་ཆུང་དྲག་པས་ན། ང་ལ་ཤེས་རྒྱ་ཞིག་གནང་རོགས་ཞུ།

  11. སྤོབས་པ་མཐའ་ཡས། says:
    2010-03-29 at 6:18 am

    བཟོད་རྒྱམ་དགོངས་དག ལ་དྭགས་སིང་པ་རེད་མི་འདུག གོར་ཁ་རེད་བཞག གོར་ཁའི་སྟེང་དུ་སེར་འབྲས་དགའ་གསུམ་གྱི་གྲྭ་གཞོན་མང་པོ་དང་བླངས་ཀྱིས་དམག་ཐོག་དུ་ཞུགས་པས་རྐྱེན་བྱས་ནས་རྒྱལ་བ་རིན་པོ་ཆེ་ཐུགས་མ་དགྱེས་ནས་སྐུ་ཞི་བར་གཤེགས་ཚུལ་ཞིག་སྲིད་དོན་རྒྱལ་རབས་ལ་ཡོད་པ་དེ་དང་ནོར་སོང་བ་རེད།

  12. གཅན་བཟོད་རྒྱམ། says:
    2010-03-29 at 9:36 am

    དྲ་གྲོགས་སྤོབས་པས་ལན་གནང་བར་ཐུགས་རྗེ་ཆེ་ཞུ།

  13. འབྲོང་བུ་ཟླ་བ་ཚེ་རིང། says:
    2010-03-30 at 9:54 am

    འགྲེལ་བཤད་ཡག་པོ་ཞིག་གནང་འདུག སྟོད་འགག་འདི་དམག་ཆས་ནས་དར་བ་རེད་འདུག་ཅེས་ལབ་དུས་ཚོར་བ་ཁྱད་མཚར་ཞིག་སླེབས་སོང། དེ་རིང་འདི་ན་ཁུངས་ལུང་ཡོད་པའི་འགྲེལ་བཤད་ཡག་པོ་ཞིག་གནང་འདུག ཐུགས་རྗེ་ཆེ།

  14. ཇུང་ཏོག་ says:
    2015-12-18 at 4:30 am

    ཧ་ཧ་སངས་རྒྱས་ཆོས་ལུགས་པས་སྟོད་འགག་སྐོར་མ་ཤེས་ན་
    ཁྱིམ་པ་ཐབས་ཅག་གཅིག་གནང་ནས་ཉིན་ཚན་མེད་པར་
    བུད་མེད་མཉམ་སྐྱིད་པོ་གཏོང་ནས་སྡོད་ན་ཡག་ཤོས་རེད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme