Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟོང་ལོ་བརྒྱད་པར་ཕྱི་མིག་བལྟ་བ།

Posted on 2009-01-03 By དགེ་རབ་ No Comments on སྟོང་ལོ་བརྒྱད་པར་ཕྱི་མིག་བལྟ་བ།

ཤིས་ཚང་ལྗང་མྱུག
———————-
དོ་དགོང་ནི་སྟོང་ལོ་བརྒྱད་པའི་ཆེས་མཐའ་མཇུག་གི་དགུང་མོ་རེད་ལ། མིག་འཛུམ་ཙམ་གྱི་སྐད་ཅིག་གི་སྣང་བས་ལོ་ཡི་འཁོར་མོ་གཅིག་འདི་ལྟར་རྫོགས་སོང་བའི་སྟོང་ལྷང་ལྷང་གི་སྣང་བ་ཞིག་ཀྱང་འགོག་མེད་དུ་ཤར། བསམ་གཞིགས་ཤིག་དང་ལྷན་མལ་དུ་ཉལ་རྗེས་ཕྱི་རོལ་ཏུ་ལོ་གསར་བསུ་བའི་ཤོག་སྦག་གི་འགས་སྒྲ་གཅིག་རྗེས་གཉིས་མཐུད་ཀྱིས་རྣ་ལམ་དུ་གྲགས་འོང་ལ། ཚུལ་དེས་དོ་དགོང་གི་གཉིད་ཐེབས་འདི་དང་ལྷན་དུ་ལོ་ཡི་འཁོར་མོ་གཅིག་གི་མཇུག་བསྡུ་བཞིན་པར་གསལ་བརྡ་ཡང་ཡང་བྱེད་པ་དང་འདྲ། ང་དེ་རིང་གི་ཆམ་ནད་འདིའི་དབང་གིས་སམ་རྒྱུ་རྐྱེན་གང་ཡིན་མ་ངེས་མོད། གློག་སྒྲོན་སོགས་གཟིམ་ནས་ཡུད་ཙམ་འགོར་ཡང་ད་དུང་གཉིད་དུ་ཁུགས་རྒྱུའི་རེ་བ་གཏན་ནས་མེད་པར་དེ་ལས་ལྡོག་སྟེ་ཕྱི་རོལ་གྱི་ཤོག་སྦག་གི་འགས་སྒྲ་རེ་རེ་དང་ངའི་རྣམ་རིག་ཀྱང་ཇེ་གསལ་ནས་ཇེ་གསལ་དུ་གྱུར། སྐབས་འདིར་ངས་སྟོང་སྣང་དང་རེ་སྒུག་གི་ཁྲོད་ནས་བཞུད་ཟིན་པའི་སྟོང་ལོ་བརྒྱད་པར་ཕངས་སེམས་དང་བཅས་འདི་ལྟར་ཕྱི་མིག་ལྟ་བཞིན་ཡོད།

ནམ་རྒྱུན་སྐབས་བབ་སློབ་གཉེར་གྱི་ཞར་ཞོར་དུ་དཔེ་དེབ་འདྲ་མིན་ཀློག་རྒྱུ་དང་། རྩོམ་ཡིག་ཐར་ཐོར་འབྲི་བ། གཞན་ཨམ་ཕྲག་གི་གནས་བབ་ལ་བལྟས་ཏེ་དྲ་ཐོག་ཏུ་འཁོར་རྒྱུ་སོགས་ནི་ངའི་དུས་ཚོད་གཏོང་ཡུལ་གཙོ་བོ་དག་ཡིན་ཞེས་བཤད་ཀྱང་ཆོག སྟོང་ལོ་བརྒྱད་པའང་ང་ལ་མཚོན་ན་དམིགས་བསལ་འཐོབ་བྱ་གང་ཡང་མེད་པར་མ་འཐོབ་མ་རྙེད་པའི་སྡུག་ཡུས་སྤྱིར་བཏང་བ་ཞིག་གི་ཁྲོད་ནས་དེ་ལྟར་རྫོགས་སོང་མོད། ལོ་འདིར་ཁོ་བོའི་སྙན་དེབ་གཉིས་པ་༼ཀ་ཁའི་ང་རོ་༽དཔར་སྐྲུན་འགྲེམས་སྤེལ་བྱས་པ་ནི་ཅུང་གླེང་རིན་ཡོད་པ་ཞིག་ཏུ་ངོས་འཛིན་ཆོག་ལ། ད་དུང་ལོ་འདིའི་ནང་དུ་ཁོ་བོས་སྙན་ངག་ལས་འབོལ་རྩོམ་བྲིས་པའི་ཁ་གྲངས་མང་བ་འདི་ཡང་ཁོ་བོ་རྩོམ་རིག་ལམ་ཁར་ཞུགས་པའི་ཐོད་བརྒལ་བའི་འཕེལ་རིམ་ཞིག་ཏུ་གླེང་ཀྱང་ཆོག་པར་འདོད།

ཕྱོགས་གཞན་ཞིག་ནས་གླེང་ན། སྟོང་ལོ་བརྒྱད་པ་ནི་སྒང་བ་རིས་སུ་གཏོགས་པའི་བོད་མི་སུས་ཀྱང་བརྗེད་མི་རུང་བའི་ལོ་ཞིག་རེད་ལ། མ་འོངས་ལོ་རྒྱུས་ཁྲོད་དུ་ཡང་ཡང་དྲན་གསོ་བྱེད་འོས་པའི་སྟོང་ལོ་དམིགས་བསལ་བ་ཞིག་ཀྱང་ཡིན། དེ་རིང་སྟོང་ལོ་བརྒྱད་པ་འདི་ལྟར་འདས་པའི་སང་ཉིན་ནས་བོད་པ་ཁ་འཐོར་དུ་སོང་སྟེ་མི་ལོ་ལྔ་བཅུ་ཧྲིལ་བོ་འཁོར་བ་རེད་ལ། ད་དུང་ཡང་སྐྱོ་སྡུག་གི་གནས་བབ་འདིའི་འོག་ནས་མི་ལོ་ག་ཚོད་བགྲོད་དགོས་པར་བསམ་ན་ངོ་མ་ལུས་སེམས་གཉིས་ཀ་གྲང་ཤུར་ཤུར་ཞིག་རེད་ཨང་། ཡིན་ནའང་། དོ་དགོང་གི་གྲང་ཤུར་ཤུར་གྱི་ཚོར་བ་འདི་བཏེགས་ཏེ་སང་ཉིན་ནས་སླར་ཡང་སྡུག་ཡུས་ཀྱི་ནམ་ཟླ་ཞིག་འགོ་རྩོམ་དགོས་པར་ཅིས་ཀྱང་གཡོལ་ཐབས་མེད་པས། ”ཆིག་སྒྲིལ་ནི་སྟོབས་ཤུགས་ཡིན་”པའི་ཡང་དག་པའི་བསམ་བློའི་མན་ངག་འདིའི་ཁྲོད་སྟོང་ལོ་གསར་བ་འདིའི་ནང་ང་ཚོས་སྔར་ལས་ལྷག་པའི་ནུས་ཤུགས་ཡོད་ཚད་གཅིག་སྒྲིལ་གྱིས་བོད་པ་མགོ་ལུས་ཚང་བ་ཞིག་བཟོ་རྒྱུའི་རེ་བ་དང་ཡིད་ཆེས་གདེང་སྤོབས་ཆེན་པོས་བྱེད་ཆོག་པར་འདོད།

༢༠༠༨།༡༢།༣༡དགོང་མོར་བྲིས།

རྩོམ་རིག

Post navigation

Previous Post: བཀའ་བློན་ཁྲི་པ་དང་བོད་མི་མང་།
Next Post: ཁྱེད་ཀྱིས་༢༠༠༩ལོར་གནས་ཚུལ་གང་བྱུང་གི་ཡོད་པ་དེ་དག་འདིར་སྔོན་དཔག་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme