Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྟག་གཟིག་བར་གྱི་རྩོད་གླེང་།

Posted on 2020-09-302020-10-01 By ཁ་བརྡ 4 Comments on སྟག་གཟིག་བར་གྱི་རྩོད་གླེང་།

ཆབ་མདོ་ངག་ཕུན།

སྔོན་གླེང་ཐུང་ངུ་།

ད་རེས་བཅོས་སྒྲུང་འདི་དག་ནི་རང་ཉིད་སེམས་ནང་གང་ཤར་བ་རྣམས་བཅོས་སྒྲུང་གི་ཚུལ་དུ་བྲིས་པ་ཞིག་ཡིན་པ་ལས་བདེན་པ་ཡིན་པ་ཞིག་ལ་ངོས་འཛིན་གཏན་ནས་མ་གནང་རོགས་ཞུ་རྒྱུ་དང་། ལྷག་དོན་ང་ཚོ་སྤྱི་ཚོགས་ཀྱི་མ་འོངས་པའི་སོན་རྩ་ན་གཞོན་རྣམས་བོད་ཀྱི་སྐད་ཡིག་ཐོག་ཏུ་དོ་སྣང་ཕྲན་བུ་ཡོང་ཆེད་དུ་དམིགས་ཡུལ་འཛིན་ནས་བརྩམས་པ་ཞིག་ཡིན་པ་ལས་ཚོགས་སྡེ་བྱེ་བྲག་པ་རྐང་བཙུགས་ནས་དམིགས་ཡུལ་ངེས་ཅན་ཞིག་འཛིན་ནས་བརྩམས་པ་ཞིག་དེ་ལས་ཀྱང་མིན།
མཐའ་དོན་བརྩམས་སྒྲུང་ཐུང་ངུ་འདི་ནི་རྣམ་རྟོག་གི་ས་བོན་ལས་བྱུང་བ་ཞིག་ཡིན་པ་ལས་དངོས་འབྲེལ་ཡིན་པར་གཏན་ནས་བརྩི་མི་རུང་ཞིང་། ལྷག་དོན་རང་རིགས་རྣམས་ལ་བརྩམས་སྒྲུང་འབྲི་རྩོམ་ལ་གོམས་གཤིས་བཟང་པོ་ཡོང་རེའི་དམིགས་ཡུལ་འཛིན་ནས་བརྩམས་པ་ཞིག་ཀྱང་ཡིན་ཞིང་། དེ་བཞིན་འདི་ཉིད་ཀློག་པ་པོ་རྣམས་ཀྱིས་ཀྱང་འདི་ཉིད་བཅོས་སྒྲུང་ཞིག་ཡིན་པར་ངོས་འཛིན་པ་ལས་དེང་སྐབས་ཀྱི་གནས་ཚུལ་དང་མཐུན་ཤས་ཆེ་སྙམ་ནས་རྩད་གཅོད་མི་གནང་བའི་རེ་བ་ཞུ་རྒྱུ་ཡིན།

སྟག་གཟིག་བར་གྱི་རྩོད་གླེང་།

 

༄༅། །དེ་རིང་ངས་དེང་སྐབས་ཀྱི་གནས་ཚུལ་ཐོག་ཏུ་གཞི་རྩར་བཟུང་ནས་རྟོག་སྒྲུང་ཐུང་ངུ་ཞིག་འབྲི་འདོད་སྐྱེས་བྱུང་ཞིང་། གོང་ཞུས་ལྟར་དེ་དག་ནི་བཅོས་སྒྲུང་ཁོ་ནར་ཡིན་པ་ལས་བདེན་པ་གཏན་ནས་འཛིན་མི་རུང་བའི་ཀློག་པ་པོ་རྣམས་ལ་རེ་སྐུལ་ཞུ་རྒྱུ་ཡིན། དེ་ཡང་རྒྱབ་རི་མཐོ་ཞིང་། མདུན་རི་དམའ་བ་དང་། དགུན་དུས་རྒྱབ་རི་རྩེ་མོར་ཁ་བས་གཡོག་གི་ཡོད་ཅིང་། གྲང་བསིལ་བསིལ་གྱིས་ལྷགས་པ་རྒྱབ་པ་བསྟུན་ལུས་ལ་གྱོན་ཆས་ཐུག་པོ་གོན་དགོས་འཁེལ་གྱི་ཡོད་པ་རེད། རི་ངོགས་དབུས་མཐའ་རུ་ཤིང་ནགས་ཀྱིས་ཡོངས་སུ་གཡོག་ཅིང་། དུས་བཞིའི་འཕོ་འགྱུར་མེད་པར་སྔོ་ལྗང་གིས་ཡོངས་སུ་བཏུམས་ཤིང་། ཤིང་ནགས་དེ་དག་གིས་གསེང་དུ་འདབ་ཆགས་དང་གཅན་གཟན་རིགས་དུ་མ་ཞིག་རང་དབང་དང་ཞི་བདེའི་བག་ཕེབས་ཀྱིས་ཚོར་སྡོད་བྱེད་ཀྱི་ཡོད། དབྱར་དུས་གནས་དེར་ཆར་པ་རྒྱུན་ཆེད་མེད་པ་འབབ་ཀྱི་ཡོད་ཅིང་། མཁའ་དབྱིངས་སུ་ཆུ་འཛིན་མཁྲེགས་པ་དང་བསྟུན་ལམ་སང་ཆར་པ་འབབ་ཀྱི་ཡོད། དེ་འདྲའི་ཆར་པ་མང་བས་སྐབས་རེ་སྲོག་ཆགས་རྣམས་ཀྱི་སེམས་ནང་སུན་སྣང་སྐྱེ་དགོས་ཆགས་ཀྱི་ཡོད་པ་རེད། གནས་དེར་སྟོན་དུས་གནམ་གཤིས་སྐྱིད་ཤོས་ཡིན་པ་དང་། ཆར་པ་འབབ་མཚམས་ཆད་ཅིང་། ཚ་གྲང་མཉམ་པའི་དུས་ཚོད་ཉག་ཅིག་ཀྱང་ཡིན་པ་རེད།

གནས་དེར་སྤྲོ་འཁྱམ་ལ་ཡོང་མཁན་ཧ་ཅང་མང་ཞིང་། སྤྲོ་འཁྱམ་པ་གནས་དེར་སླེབས་པ་དང་སེམས་ནང་རང་དབང་མེད་པས་ཞི་བདེའི་སྣང་བ་རེ་སྦྱིན་གྱི་ཡོད། སྔ་དུས་ལྟར་མ་ཡིན་པ་གནས་འདི་ནི་ཡུལ་སྐོར་སྤྲོ་འཁྱམ་དུ་འོང་སའི་གནས་མཆོག་ཁྱད་དུ་འཕགས་པ་ཞིག་ཏུ་གྱུར་ཡོད་པ་རེད། ད་ལོ་ནི་གནས་དེར་ཡུལ་སྐོར་སྤྲོ་འཁྱམ་ཡོང་མཁན་ཉུང་ཤོས་ཀྱི་དུས་ཚོད་རེད་བརྗོད་ན་མི་ཆོག་པ་མེད་པ་ལྟ་བུ་གྱུར། རྒྱུ་མཚན་ནི་དེང་གི་དུས་འདིར་འཛམ་གླིང་གི་ས་ཕྱོགས་གང་སར་ནད་ཡམས་ངན་པ་དེ་དར་ཁྱབ་བྱུང་བའི་དབང་གིས་སྔ་རྒྱུན་ཇི་བཞིན་ཡུལ་སྐོར་སྤྲོ་འཁྱམ་ལ་ཡོང་མཁན་ཉུང་དུ་ཕྱིན། ནད་ཡམས་དེས་འཛམ་གླིང་སྤྱིར་སྒེར་ཚང་མར་ཆབ་དཔལ་རིག་གསུམ་ལ་གྱོང་གུད་བསམ་ཡུལ་ལས་འདས་པ་བྱུང་བ་མ་ཟད། དེ་བཞིན་རིན་ཆེན་ཚེ་སྲོག་གྲངས་འདས་པ་ཞིག་འཕྲོག་ཡོད་པ་རེད། ལོ་འདི་ནི་ལོ་ནག་གི་ལོ་ཞེས་བཏགས་པ་ཡིན་ན་མི་ཆོག་པ་ཞིག་ག་ལ་ཡོད།

གནས་དེར་ལོ་ལྟར་གཟིག་གིས་ཚོགས་ཆེན་ཚོགས་སྲོལ་ཡོད་མོད། གོང་ཞུ་ལྟར་ད་ལོའི་ནད་ཡམས་དང་། དེ་བཞིན་ཡུལ་ཁྲིམས་སོགས་ལ་བརྟེན་ནས་གནས་སྐབས་རིང་ལ་ཚོགས་འདུ་འཚོག་རྒྱུ་འཕར་འགྱངས་གནང་བ་རེད། ཡིན་ནའང་ཚོགས་འདུ་འཕར་འགྱངས་གནང་བ་དེར་འགའ་ཤས་ཀྱིས་ཁྲིམས་ལུགས་ཀྱི་དོན་ཚན་དང་འགལ་ཚུལ་གྱིས་བསམ་ཚུལ་བཤད་མཁན་དངོས་སུ་བྱུང་བ་དང་བསྟུན་ནས་སྟག་གིས་དེ་བཞིན་ཁྲིམས་ལུགས་ཀྱི་དོན་ཚན་ཁག་དང་འགལ་ཡོད་ཚུལ་ནན་བརྗོད་གནང་བ་རེད། འོན་ཀྱང་གཟིག་ཚང་གིས་ཁྲིམས་ལུགས་དང་འགལ་བ་གང་ཡང་ཕྱིན་མེད་ཚུལ་ནན་བརྗོད་རིམ་པ་གནང་བ་རེད་ལ། དུས་དེ་ནས་བཟུང་སྟེ་སྟག་གཟིག་བར་ཕན་ཚུན་རྒྱང་བཤད་ཐེངས་མང་བྱས་རུང་། མཐར་དོན་འབྲས་མ་གསོན་ནས་སྟག་གིས་གཟིག་ཚོགས་ལ་བཀའ་ཁྱབ་ཚ་ཐག་གཅོད་གཅིག་འབྱོར་བ་དང་བསྟུན། གཟིག་རྣམས་ཀྱི་སེམས་ནང་དུ་འདི་འདྲ་ཞིག་བཏང་ཡོང་གི་རེད་བསམ་པའི་ཡུལ་ལ་འཁོར་མེད། གཟིག་རྣམས་རང་བཞིན་གྱིས་བློ་ལ་འཐད་པོ་ཞིག་མ་བྱུང་བ་མ་ཟད། བློ་འཚབ་ཀྱང་སྐྱེ་དགོས་བྱུང་བ་རེད།

གཟིག་གིས་ཁྲིམས་ནང་དུ་གསལ་བའི་གནས་ཡུལ་རྒྱལ་ཁབ་ཁག་གི་ཡུལ་ཁྲིམས་དང་མི་འགལ་བ་བྱ་དགོས་ཚུལ་ཞེས་པ་དེ་དག་ལུང་འདྲེན་གནང་ཞིང་། ཚོགས་འདུ་འཕར་འགྱངས་གནང་བ་ཞིག་དག་ཐེར་ཡང་ཡང་བྱས་རུང་། སྟག་ཚང་གིས་དེ་དག་ནོར་འཁྲུལ་ཡིན་པ་ཞིག་ཏུ་ངོས་འཛིན་གནང་བས་ཁོང་གཉིས་བར་དུ་ཛ་དྲག་ཅན་གྱི་རྩོད་གླེང་ཞིག་ཏུ་གྱུར། སྟག་གཟིག་གཉིས་ཀའི་གསུང་པ་ལ་རྒྱུ་མཚན་སྣ་རེ་ཡོད་སྲིད་རུང་། གང་ལྟར་གནས་ཡུལ་གྱི་ཡུལ་ཁྲིམས་ལ་གཟིགས་དགོས་པ་དེ་ཡང་ཁྲིམས་སྒྲིག་གི་དགོངས་དོན་ཡིན་པ་ནི་འགྲེལ་བརྗོད་མ་དགོས་པ་ཞིག་རེད། གང་ལྟར་ནའང་གཟིག་ཚང་གིས་དེ་དག་ངོས་ལེན་བྱ་ཐབས་ཤིག་ག་ལ་ཡོད། དེར་བརྟེན་སྟག་ཚང་གིས་བཏང་བའི་བཀའ་ལུང་དེ་དག་ངོས་ལེན་མེད་པར་གཟིག་ཚང་གིས་ཕྱིར་བསྒྲགས་གནང་དགོས་བྱུང་དང་། དེ་དག་ཕྱིར་བསྒྲགས་མ་གནང་ཀ་མེད་ཀྱི་གནས་ཚུལ་ཞིག་ཀྱང་ཡིན་པ་རེད། གལ་སྲིད་ཕྱིར་བསྒྲགས་མ་གནང་བ་ཡིན་ན་སྟག་ཚང་གིས་གནང་བའི་བཅད་ཁྲ་དང་ལེན་གནང་བ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དུས་དེ་ནས་བཟུང་སྟེ་སྟག་གཟིག་གཉིས་བར་གྱི་རྩོད་གླེང་དེ་སྲོག་ཆགས་ཡོངས་སུ་ཁྱབ་སྤེལ་དུ་ཕྱིན། སྲོག་ཆགས་ཕན་ཚུན་ཐུག་འཕྲད་སྐབས་གནས་ཚུལ་དེའི་སྐོར་ལ་གླེང་སློང་བྱ་ཡུལ་ཆེ་ཤོས་ཤིག་ཏུ་ཆགས་པ་རེད།

སྟག་གཟིག་གཉིས་ཀའི་སོ་སོའི་བདེན་དོན་རེ་བཤད་ཡོང་གི་ཡོད་དུས་གཅིག་འགྲིགས་པ་རེད་ཟེར་མཁན་དང་གཉིས་པ་ནོར་བ་རེད་ཟེར་སའི་གཏུག་བཤེར་གནང་ས་མེད་པ་རེད། ཁོང་གཉིས་ལས་མཐོ་བ་གཞན་ཞིག་མེད་པ་ཡིན་དུས་ད་ཐག་གཅོད་གང་འདྲ་ཞིག་གནང་གི་ཡོད་ན་བསམ་ནས་སྲོག་ཆགས་དབྱིངས་རྣམས་སེམས་ཁྲལ་དང་མགོ་བོ་འཐོམ་ནས་བསྡད་དགོས་གྱུར་ཡོད།

དེ་ནས་ཉིན་གཅིག་དེ་ཕོས་བསམ་བློ་ནང་དུ་ང་ཚོ་སྲོག་ཆགས་ཀུན་ནས་བློ་རིག་བཀྲ་ཤིང་། སྤྱང་གྲུང་ལྡན་པའི་རི་བོང་ཡིན་དུས་རི་བོང་ལ་སྐད་ཆ་ཞིག་དྲིས་ན་གསལ་པོ་ཆགས་པའི་རེ་བ་ཡོད་དྲན་ནས་རི་བོང་ཡོད་སའི་ཕྱོགས་སུ་འཕུར་ནས་ཤིང་སྡོང་རིང་པོ་ཞིག་གི་རྩེ་མོར་འབབ། གཤོག་སྒྲོ་དཀྲུག་དཀྲུག་ཐེངས་འགའ་ཤས་ཤིག་བྱས་ཏེ། དེ་ཕོས་གནས་ཚུལ་གཞན་མ་གོ་བའི་སྣང་མེད་ཚུལ་དུ་ཤིང་རྩེ་ནས་”དེང་སྐབས་གསར་འགྱུར་གསར་པ་གང་ཞིག་ཐོས་རྒྱུ་འདུག་གམ་”ཞེས་དྲིས་པ་དང་། རི་བོང་སྤང་སྟེང་ནས་རྩྭ་ཟ་འཕྲོ་བཞག་ནས་”དེང་སྐབས་ནད་ཡམས་འདིས་གནས་ཚུལ་གསར་པ་དམིགས་བསལ་གང་ཡང་གོ་རྒྱུ་མི་འདུག་རུང་། འོན་ཀྱང་དེང་སྐབས་ང་ཚོའི་སྲོག་ཆགས་ཀྱི་སྤྱི་ཚོགས་ནང་དུ་གནད་འགག་ཆེ་ཤོས་སྟག་གཟིག་གཉིས་བར་དུ་རྩོད་གླེང་ཞིག་བྱུང་བའི་གནས་ཚུལ་ཞིག་གོ་རྒྱུ་འདུག་”ཟེར་བ་དང་། དེ་ཕོས་ཧང་སང་མདོག་གིས་”ཁོང་གཉིས་བར་དུ་རྩོད་གླེང་གང་ཞིག་གི་ཆེད་དུ་བྱུང་བ་ཡིན་ནམ་”ཞེས་བསྐྱར་དུ་དྲིས། རི་བོང་སྤང་སྟེང་དུ་ཀྲོང་ངེར་ལངས་ནས་བསྡད་ཅིང་ཨ་མཆོག་དཀྲུག་དཀྲུག་ཐེངས་འགའ་ཤས་བྱས་ཏེ་བསམ་གཞིག་དང་འབྲེལ་ནས་བརྗོད་དོན། “ད་ལོ་ནད་ཡམས་འདིའི་དབང་གིས་གཟིག་ཚང་གིས་ཚོགས་ཆེན་འཕར་འགྱངས་གནང་བ་དེར་སྟག་ཚང་གིས་ཁྲིམས་ལུགས་དང་འགལ་ཚུལ་ཟེར་ནས་སྟག་གཟིག་བར་དུ་རྩོད་གླེང་བྱུང་ནས་སྟག་ཚང་གིས་གཟིག་ཚོགས་ལ་ཐོབ་ཐང་རེ་ཟུང་མེད་པ་བཟོས་ཡོད་པ་རེད་ཟེར་ནས་གོ་རྒྱུ་འདུག་”ཅེས་བཤད་པ་དང་། དེ་ཕོས་མགོ་བོ་གཡུག་བཞིན་”ད་གང་ཤེས་སྟག་ཚང་གི་དེ་འདྲའི་གནང་སྟངས་ཐེངས་དང་པོ་མ་ཡིན་པ་ཐེངས་འགའ་ཤས་ཡིན་པ། གཟིག་ཚང་གི་ལས་དོན་གནང་ཕྱོགས་ལ་དེ་འདྲའི་ཐད་གཏོགས་གནང་བ་ཡིན་ན་ཁྲིམས་ལུགས་དང་མཐུན་གྱི་ཡོད་མེད་གང་ཤེས་”ཟེར། རི་བོང་གིས་”ང་ཚོའི་དེ་དག་ལ་ཐད་ཇུས་གཏོགས་མ་བྱས་ན་ལེགས་ཀྱི་རེད་མ་གཏོགས་ཉེས་པ་འགེལ་ཡོང་”ཟེར། དེ་ཕོས་བརྗིད་ཉམས་དང་འབྲེལ་”དེ་འདྲའི་བསམ་ཚུལ་བཤད་ཆོག་པའི་ཁྲིམས་ལུགས་ནང་དུ་གསལ་ཡོད་རེད་ད་”ཟེར། རི་བོང་གིས་ངོ་གདོང་འཛུམ་ཙམ་ཞིག་བྱས་ཏེ་”ཁྲིམས་ལུགས་ནང་དུ་གསལ་ཡོད་རུང་ད་མགོ་རུམ་ནང་བཅུག་ན་ལྷག་པ་མེད་ཟེར་བ་ལྟར་རེད། དེ་བཞིན་གནའ་གཏམ་ལས་ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན། རིལ་རིལ་དབུ་ལ་རྨ་བཟོ་འོང་ཞེས་པ་ལྟར་རེད་”ཟེར། དེ་ཕོའི་སེམས་ནང་དུ་དེ་ཡང་གོ་རྒྱུ་ཞིག་འདུག་བསམ་ནས་ལན་འདེབས་གང་ཡང་མ་གནང་བ་ཁ་རོགས་བསྡད་པ་དང་། དེ་འདྲ་བཤད་བཞིན་པའི་སྐབས་དེར་བྱ་གླག་དང་། གོ་བོ། ཁུ་བྱུག །པིང་ཀྱུར་མ། ནེ་ཙོ། གོང་མོ། བྱ་དཀར་མ་ལ་སོགས་འཛོམས་ནས་རང་རང་སོ་སོའི་བསམ་ཚུལ་རེ་བཤད་ནས་རེས་བྱས་ནས་ལུང་པ་འུར་གྱིས་བརྒྱངས། དེ་ནས་བྱ་གླག་ཐང་ཤིང་སྟེང་ནས་གཤོག་སྒྲོ་དཀྲུག་དཀྲུག་ཙམ་ཐེངས་འགའ་ཤས་བྱས་ཏེ་”རྣམ་པ་ཚོའི་ཡག་པོ་བྱས་ཏེ་གསོན་དང་། ངས་བསམ་ཚུལ་ཞིག་བཤད་པར་འདོད་ཟེར་ནས་བྱ་གླག་གིས་ཚིག་ཐག་གཅོད་པོའི་ཐོག་ནས་སྟག་ཚང་གི་ཐག་གཅོད་བྱེད་པ་ལ་དབང་ཚད་ཆ་ཚང་ཡོད་པ་རེད། རྒྱུ་མཚན་ནི་ཁྲིམས་སྒྲིག་གི་དོན་ཚན་ཁག་དང་འགལ་མིན་རྩོད་གླེང་བྱུང་ཚེ་སྟག་ཚང་གིས་ཐག་གཅོད་བྱ་རྒྱུ་ཞེས་གསལ་ཡོད་པ་རེད་”ཟེར།

དེ་ནས་བྱ་རིགས་ཀུན་གྱི་འགོ་དཔོན་ཁུ་བྱུག་གིས་མགོ་བོ་གཡུག་བཞིན་”དེ་འདྲ་མ་རེད། ཁྲིམས་སྒྲིག་དེའི་དོན་ཚན་ནང་དུ་གྲངས་ཚད་མ་ལོངས་ནས་འཕར་འགྱངས་བྱེད་དགོས་བྱུང་ན་ཐག་གཅོད་རྒྱུ་ཞེས་གསལ་ཡོད་པ་རེད། ལྷག་པར་དོན་ཚན་འོག་དེར་གཟིག་ཚང་གིས་ལས་དོན་ལ་སྟག་ཚང་གི་རྩད་གཅོད་མི་ཆོག་ཅེས་གསལ་ཐག་གཅོད་འཁོད་ཡོད་བཞིན་པར་སྟག་ཚང་གི་ག་རེ་གནང་ནས་རྩད་གཅོད་བྱེད་ཀྱི་ཡོད་པ་ཡིན་ནམ། དེ་ལས་མ་ཚད་ཁྲིམས་སྒྲིག་དེའི་ནང་དུ་ད་དུང་ཡུལ་ཁྲིམས་དང་མཐུན་པ་བྱེད་དགོས་ཞེས་གསལ་པོ་བཀོད་ཡོད་པ་རེད། དེ་འདྲའི་ཁ་གསལ་པོ་ཡོད་བཞིན་དུ་དེ་འདྲའི་གནང་བ་ནི་ང་ནི་མགོ་བོ་ཡོངས་སུ་འཐོམ་སོང་”ཟེར། དེ་འདྲའི་ཕན་ཚུན་བསམ་ཚུལ་མི་མཐུན་པ་ཕྱོགས་གཉིས་བྱུང་ཞིང་། ནང་ཁུལ་ལ་མང་པོ་བཤད་རེ་བྱས་ཏེ་མཐར་རི་བོང་གིས་ད་གང་ཤེས་བསམ་བློ་གཏོང་ཤེས་ཀྱི་མི་འདུག་ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ན། རིལ་རིལ་དབུ་ལ་རྨ་བཟོ་ཡོང་ཟེར་བ་ལྟར་རེད་ངས་ནི་གང་ཡང་ཤེས་ཀྱི་མི་འདུག་”ཅེས་བརྗོད་ནས་རང་གནས་སུ་ལོགས་རྩིས་གནང་བ་དང་། དེ་ཕོས་ཕྲན་བུ་བློ་ལ་མ་འཐད་པའི་རྣམ་འགྱུར་དང་འབྲེལ་”ཨ་ཕོ་རི་བོང་ཁྱེད་ཀྱི་གསུང་བ་དེ་མ་རེད་ཟེར་རྒྱུ་མི་འདུག་སྟེ་ང་ཚོར་རྒྱལ་ཁབ་གཞན་ལ་མེད་པའི་མང་གཙོའི་འགྲོ་ལུགས་ང་དག་པ་ཞིག་གསོལ་རས་གནང་ཡོད་པ་རེད། དེ་དག་ང་ཚོའི་ངེས་པར་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་པ་དང་། སྤྱི་ཚོགས་ནང་དུ་སྐྱོན་དང་ནོར་འཁྲུལ་གང་འདུག་ན་འཛེམས་གཟོན་མེད་པར་བཤད་ཕོད་པའི་སྙིང་སྟོབས་དགོས་པ་རེད་མ་གཏོགས་ཁ་རྩུབ་ནས་བསྡད་ན་ང་ཚོའི་སྤྱི་ཚོགས་འདི་དུས་ནམ་ཡང་ཡར་རྒྱས་མི་འགྲོ་”ཟེར་བ་དང་། སྲོག་ཚགས་ཚང་མས་དེ་ཡང་བདེན་པ་གོ་བའི་ཚུལ་དུ་མགོ་བོ་གཡུག་བཞིན་བསྡད། ཨ་ཕོ་རི་བོང་གི་ལེགས་ཉེས་གང་ཡང་ལན་འདེབས་མ་གནང་ནས་དལ་གྱིས་ཕྱིན་ནས་རྩྭ་ཆུ་ལ་རོལ་བཞིན་མཆིས། སྲོག་ཆགས་རྣམས་ཀྱང་རང་རང་སོ་སོའི་གནས་སུ་ལོག །

དེ་འདྲའི་སྐབས་དེར་ཐང་དཀར་རྒོད་པོ་མཁའ་དབྱིངས་སུ་ལྡིང་སྐོར་རྒྱབ་བཞིན་པ་སྐབས་དེར། སྟག་གཟིག་གཉིས་ཀྱིས་རྩོད་གླེང་བྱེད་ཀྱི་ཡོད་པར་མཐོང་རྗེས་ཐང་དཀར་རྒོད་པོ་སེམས་ཀྱིས་མ་བཟོད་ནས་ཤིང་སྡོང་རིང་པོ་ཞིག་རྩེ་མོར་འབབ་པ་དང་། གཤོག་སྒྲོ་དཀྲུག་ཙམ་ཐེངས་འགའ་ཤས་ཤིག་བྱས་ཏེ་སྟག་ཚང་ལ་དྲིས་དོན། དེ་རིང་རྣམ་པ་གཉིས་གང་ཞིག་དོན་དུ་རྩོད་གླེང་བྱུང་བ་ཡིན་ནམ་ཞེས་དྲིས། སྟག་ཚང་གིས་བརྗིད་ཉམས་དང་བདེན་པ་ཡོད་པའི་རྣམ་འགྱུར་དང་འབྲེལ་མགོ་བོ་དཀྲུག་ཙམ་ཐེངས་འགའ་ཤས་ཤིག་བྱས་ཏེ་དེ་རིང་ངེད་གཉིས་རྩོད་གླེང་བྱུང་དོན་གྱི་རྒྱུ་མཚན་གཙོ་བོ་ནི་ད་ལོ་རྒྱ་ནད་དབང་གིས་གཟིག་ཚང་གི་ཚོགས་འདུ་མ་ཚོགས་ནས་འཕར་འགྱངས་གནང་བ་དེ་རེད། དེ་དག་ནི་ཁྲིམས་སྒྲིག་དང་འགལ་ཡོད་པ་རེད། ཁྲིམས་སྒྲིག་སྲུང་སྐྱོབ་བྱེད་མཁན་ནི་ང་ཚོ་སྟག་ཚང་ཡིན་པ་རེད། ལྷག་དོན་ཁྲིམས་སྒྲིག་གི་དོན་ཚན་དང་འགལ་མིན་རྩོད་གླེང་བྱུང་ཚེ་ང་ཚོའི་ཐག་གཅོད་བྱ་རྒྱུའི་དབང་ཚད་ཡོད་པ་ལྟར་ང་ཚོ་སྟག་ཚང་གིས་ཐག་གཅོད་བྱས་པ་ཡིན་མོད། གཟིག་ཚོགས་རྣམས་ཀྱི་དེ་དག་ངོས་ལེན་བྱེད་ཀྱི་མིན་ཟེར།

དེ་ནས་ཐང་དཀར་རྒོད་པོས་གུས་ཞབས་དང་བཅས་ཏེ་གཤོག་སྒྲོ་དཀྲུག་དཀྲུག་ཐེངས་འགའ་ཤས་བྱས་ཏེ་ལེགས་ཉེས་ཀྱི་སྐད་ཆ་གང་ཡང་བཤད་མ་ཕོད་པར་ཤར་རྒྱག་གཟིག་ཚང་ཡོད་སའི་ཕྱོགས་སུ་འཕུར་ནས་ཕྱིན། ལྕང་སྡོང་ཆེན་པོ་ཞིག་ཡོད་པས་དེའི་ཐོག་ཏུ་བབས་ནས་”སྟག་གཟིག་བར་དུ་རྩོད་གླེང་ཅིིའི་ཕྱིར་ཤོར་དོན་”སོགས་གཟིག་ཚང་ལ་དྲིས་རྗེས། གཟིག་ཚང་གིས་”སྐད་གསང་མཐོན་པོའི་ཐོག་ནས་ང་ཚོ་སྒེར་དོན་ཐོག་ཏུ་རྩོད་གླེང་གང་ཡང་ཡོད་མ་རེད། འོན་ཀྱང་སྤྱི་དོན་ཐོག་ཏུ་ཁྲིམས་སྒྲིག་ལ་གོ་བ་ལེན་ཕྱོགས་མ་འདྲ་བའི་དབང་གིས་བསམ་ཚུལ་མ་མཐུན་པ་བྱུང་བ་རེད། དེ་ཡང་ད་རེས་ང་ཚོས་ཚོགས་འདུ་འཕར་འགྱངས་བྱས་པ་དེ་ཁྲིམས་སྒྲིག་དང་འགལ་ནས་ནོར་འཁྲུལ་བྱས་འདུག་ཅེས་སྟག་ཚང་གིས་གསུང་ནས་ང་ཚོར་ཉེས་ཆད་བཏང་འདུག་ཅིང་། ང་ཚོས་ལས་དོན་བྱེད་ཕྱོགས་ཁྲིམས་སྒྲིག་དང་མཐུན་པའི་ལས་དོན་ཞིག་ཡིན་པ་ལས་ང་ཚོའི་ཁྲིམས་སྒྲིག་དང་མ་མཐུན་པའི་ལས་དོན་གང་ཡང་བྱས་མེད།

ལྷག་དོན་ད་ལོ་རྒྱ་ནད་ཀྱིས་ང་ཚོ་ཙམ་མ་ཟད་འཛམ་གླིང་ཁྱོན་ཡོངས་སུ་བརྡབ་གསིག་བསམ་ཡུལ་ལས་འདས་པ་བཏང་དང་གཏོང་བཞིན་ཡོད་ལ། འཛམ་གླིང་གི་མི་དམངས་གྲངས་ས་ཡ་སུམ་ཅུ་སོ་གསུམ་ལྷག་ལ་ནད་ཡམས་དེ་ཉིད་འགོས་པ་དང་། ས་ཡ་གཅིག་ལྷག་ཙམ་འདས་གྲོངས་ཕྱིན་ཡོད་པ་རེད། དེ་འདྲའི་གནས་སྟངས་ཛ་དྲག་ཅན་སྐབས་དེར་ང་ཚོའི་ཚོགས་འདུ་འཕར་འགྱངས་བྱེད་དགོས་པའི་རྒྱུ་མཚན་དེ་རེད། དེ་བཞིན་ང་ཚོས་ཀྱང་ཡུལ་ཆུ་འཐུང་ན་ཡུལ་ཁྲིམས་འཁུར་དགོས་ཞེས་བརྗོད་དོན་ལྟར་གནས་སྐབས་རིང་དུ་ཚོགས་འདུ་འཕར་འགྱངས་བྱས་པ་ཡིན། འོན་ཀྱང་སྟག་གིས་གོང་ཞུས་ལྟར་ང་ཚོའི་ཐག་གཅོད་བྱས་པ་དེ་དག་ཁྲིམས་སྒྲིག་དང་འགལ་འདུག་ཟེར། ང་ཚོས་ཁྲིམས་སྒྲིག་དང་མཐུན་པའི་ལས་དོན་བྱས་ཡོད་མ་གཏོགས་ཁྲིམས་སྒྲིག་དང་འགལ་བའི་ལས་དོན་གང་ཡང་ཐག་གཅོད་བྱས་མེད་ལ། ལྷག་པར་ང་ཚོས་གང་ཞིག་ཐག་གཅོད་གནང་བ་ཡིན་ན་དེར་སུ་ཞིག་གིས་རྩད་གཅོད་བྱེད་མི་ཆོག་ཅེས་ཁྲིམས་སྒྲིག་གནང་དུ་གསལ་པོ་འཁོད་ཡོད་ནའང་ད་དུང་དེ་དག་ལ་ཡིད་འཛིན་མི་གནང་ནས་བཀའ་ཁྱབ་འདི་འདྲ་ཞིག་བཏང་བ་རེད། དེར་ང་ཚོའི་ངོས་ནས་དུས་ནམ་ཡང་ངོས་ལེན་བྱེད་མི་ཐུབ་པའི་གནད་དོན་ཞིག་ཡིན་པ་རེད་”ཅེས་གསུངས།

ཐང་དཀར་རྒོད་པོ་ནི་ཅི་ལབ་མེད་པ་མགོ་བོ་ཡོངས་སུ་འཐོམ་ཞིང་། ལྕང་སྡོང་སྟེང་ལ་བསམ་གཞིག་གི་གནས་སུ་ལྷུང་ཞིང་། དེ་ཡང་ནུས་སྟོབས་དང་དབང་ཚད་འདྲ་མཉམ་ཡིན་པའི་སྟག་གཟིག་གཉིས་བར་དུ་རྩོད་གླེང་ཐུག་ཡོང་དུས་ཐག་གཅོད་གནང་མཁན་གཞན་ཞིག་མེད་པ་རེད། དེ་ཡང་མ་འོངས་པར་ཁྲིམས་སྒྲིག་ཁག་ཏུ་གསལ་པོ་བཀོད་དགོས་པ་དེ་ཡང་ཧ་ཅང་གལ་ཆེའི་གནད་དོན་ཞིག་ཡིན་པ་རེད་ལ། ལྷག་པར་ཁྲིམས་སྒྲིག་ཁག་ཏུ་གང་དུ་འཐེན་ན་འཐེན་ཆོག་ཆོག་མ་ཡིན་པར་འགྲེལ་བཤད་ཚད་ལྡན་གཅིག་འགྱུར་གྱི་ངོས་འཛིན་ཡོད་པ་ཞིག་དགོས་པ་རེད། དེ་འདྲའི་གསལ་ཁ་མེད་པ་སོང་ད་རེས་འགལ་ཟླའི་གནད་དོན་དེ་བྱུང་བ་རེད། ཡིན་ནའང་ད་རེས་སུ་ཞིག་བདེན་མིན་བཤད་རྒྱུར་དཀའ་ལས་ཁག་ཙམ་ཞིག་ཡོད་པ་རེད། གཉིས་ཀར་དབང་ཚད་བླ་ན་མེད་པའི་སྐུ་དབང་རེ་ཡོད། འོན་ཀྱང་བྱ་རྒས་ཐང་དཀར་རྒོད་པོས་བལྟས་པ་ཡིན་ན་གཅིག་བདེན་པ་ཆེ་བ་མཐོང་མོད། དེ་བདེན་པ་འདུག་ཚུལ་བཤད་ན་ཡང་ང་ལ་ཉེས་བརྡ་མི་ཡོང་ངང་སྙམ་ནས་ཁ་རྩུབ་ནས་བསྡད་པ་རེད། ད་མཁྱེན་དཔྱོད་དང་གཟུར་གནས་སྲོག་ཆགས་རྣམས་ཀྱིས་གཟིགས་པ་འཚལ་ཞེས་རྗོད་བཞིན་མཁའ་དབྱིངས་དལ་གྱིས་འཕུར་ནས་སོང་ངོ་། །རྟ་བདུན་དབང་པོ་ཡང་རིམ་གྱིས་ནུབ་ཀྱི་ཕྱོགས་ནས་བྱོན་འགྲོ་བ་མངོན་པ་དང་། རིམ་གྱིས་བྱ་ཚོགས་རྣམས་འུར་སྒྲ་མེད་པ་འཇམ་ཐེང་ངེར་འགྱུར་དུས་ད་གཟོད་ས་རུབ་པ་ཡིན་པ་ཤེས་ཐོབ། དེ་དག་ནི་བཅོས་སྒྲུང་ཞིག་ཡིན་པ་ལས་བདེན་པ་ཡིན་པ་ཞིག་ཏུ་ངོས་འཛིན་མ་གནང་བ་ཐོག་ནས་བཀླག་པའི་རེ་སྐུལ་ཞུ་རྒྱུ་ཡིན། བཅོས་སྒྲུང་འདི་ཉིད་ནི་རེས་གཟའ་ལྷག་པ་དང་ལྷག་དཀར་ཉིན་མོར་འཇུག་རྫོགས་པ་བགྱིས་སོ། །

བརྩམས་སྒྲུང་།

Post navigation

Previous Post: བོད་མི་ཞིག་གི་འགྲུལ་བཞུད།
Next Post: དེ་རིང་གི་ཉིན་ཐོ།

Comments (4) on “སྟག་གཟིག་བར་གྱི་རྩོད་གླེང་།”

  1. ཆབ་མདོ་ངག་ཕུན། says:
    2020-09-30 at 11:30 pm

    མཆན། ཀློག་པ་པོ་ཚང་མར་བཟོད་གསོལ་ཞུ་བ་དང་སྦྲགས། ཟིག་ཅེས་པ་དེ་དག་ཚང་མ་གཟིག་ལ་ནོར་བཅོས་ཡོང་བ་མཛོད།

  2. ཉི་སྣང་། says:
    2020-10-03 at 4:53 am

    བྱ་རྒས་ཐང་དཀར་རྒོད་པོས་བལྟས་པ་ཡིན་ན་གཅིག་བདེན་པ་ཆེ་བ་མཐོང་མོད། དེ་བདེན་པ་འདུག་ཚུལ་བཤད་ན་ཡང་ང་ལ་ཉེས་བརྡ་མི་ཡོང་ངང་སྙམ་ནས་ཁ་རྩུབ་ནས་བསྡད་པ་རེད། ད་མཁྱེན་དཔྱོད་དང་གཟུར་གནས་སྲོག་ཆགས་རྣམས་ཀྱིས་གཟིགས་པ་འཚལ་ཞེས་རྗོད་བཞིན་མཁའ་དབྱིངས་དལ་གྱིས་འཕུར་ནས་སོང་ངོ་། །རྟ་བདུན་དབང་པོ་ཡང་རིམ་གྱིས་ནུབ་ཀྱི་ཕྱོགས་ནས་བྱོན་འགྲོ་བ་མངོན་པ་དང་། རིམ་གྱིས་བྱ་ཚོགས་རྣམས་འུར་སྒྲ་མེད་པ་འཇམ་ཐེང་ངེར་འགྱུར་དུས་ད་གཟོད་ས་རུབ་པ་ཡིན་པ་ཤེས་ཐོབ། དེ་དག་ནི་བཅོས་སྒྲུང་ཞིག་ཡིན་པ་ལས་བདེན་པ་ཡིན་པ་ཞིག་ཏུ་ངོས་འཛིན་མ་གནང

  3. ཀརྡོ་རབ་འབྱམས་པ་ says:
    2020-10-04 at 2:38 am

    ཝུ་ཧེན་ཡམས་ནད། རྒྱ་ནག་གི་ཡམས་ནད། རྒྱ་གུང་བྲན་གྱི་ཡམས་ནད། ཞི་གཅིན་ཕིན་གི་ཡམས་ནད། མིང་མང་ལ་མཚན་བསྟོད་མང་བའི་ཡམས་ནད་འདིས། མི་ས་གཅིག་གི་སྲོག་འཕྲོག་སོང་། ས་ཡ་སུ་ཅུ་སོ་གསུམ་ད་དུང་ནད་ཡམས་འདིས་མནར་ནས་བསྡད་འདུག མི་རིགས་དཀར་པོ་སྐད་གྲགས་ཆེ་བ་མང་པོ་ན་བཞིན་འདུག ད་རྒྱ་ནག་གི་དགྲ་ནག་ཨ་རིའ་སྲིད་འཛིན་ཡང་ནད་འདི་བགོས་ཚར་འདུག ནད་དུག་འདི་ལས་ཀྱིས་དབང་གིས་རང་བཞིན་གྱིས་འབྱུང་བཞིན་ཡོད་དམ། ཡང་ན་གཅིག་གིས་ཁྱབ་བརྡལ་དུ་གཏོང་གང་ཐུབ་ཀྱིས། མི་གསོད་ལག་དམར་གྱི་ལག་ཆ་ཞིག་རེད་དམ། ལགས།
    སུས་ཁ་གསལ་བཟོ་ཐུབ་བམ། ལགས།

  4. ཆབ་མདོ་ངག་ཕུན། says:
    2020-10-14 at 6:38 am

    སྟག་གཟིག་བར་གྱི་རྩོད་གླེང་འདིར་བར་སྡོམ་བྱེད་མཁན་ཞིག་དགོས་རུང་། གཉིས་ཀ་ཆེས་མཐོ་བ་སོང་ཙམ་གཞན་རྣམས་བླ་འདར་གྱི་ཡོད་པ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme