Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙིང་བཏོན་ཏེ་གླེང་བ།—སྲིང་ཆུང་གུ་རུ་སྐྱིད་ལ་འཕྲིན་ལན་དུ།

Posted on 2016-06-092016-06-09 By ཁ་བརྡ 2 Comments on སྙིང་བཏོན་ཏེ་གླེང་བ།—སྲིང་ཆུང་གུ་རུ་སྐྱིད་ལ་འཕྲིན་ལན་དུ།

ཐེའུ་རང་།

 
ཕན་ཚུན་ངོ་མ་ཐུག་ལ་སྐད་མ་གོ་བར་ལོ་ངོ་ཧྲིལ་པོ་གཅིག་ལྷག་འགོར་བའི་དེ་རིང་། ཁྲི་མུན་བཙོན་གྱི་འོབས་སུ་ཁྱོད་ཀྱིས་བསྐུར་བའི་འཕྲིན་དང་འདྲ་པར་འབྱོར་བར་དགའ་བ་སྨྲ་མི་ཤེས་པ་སྐྱེས་བྱུང་། གནམ་ས་གུ་དོག་པ། གདུག་པ་ཆེ་བ། མུན་པ་འཐིབ་པ་འདི་རུ་ཕ་སྐད་ཀྱི་འཕྲིན་དང་དཔེ་ཆ་འབྱོར་རྒྱུ་ནི་མཁའ་ཡི་མེ་ཏོག་ལྟ་བུར་ཆགས་ཡོད་ལ། འཕྲིན་ཕར་སྐུར་ཚུར་འོང་ལ་ཀླད་ནས་ལྟ་རྟོག་དང་ཞིབ་བཤེར་ཞེ་དྲག་ནན་མོ་བརྒྱུད་དགོས་པས། ནང་གི་དེ་ཉིད་མངོན་པར་མཚོན་པའི་སེམས་ཀྱི་གདངས་ཤིག་ནམ་ཡང་འདོན་ཐབས་དཀའ། འདི་ནི་བཤད་མི་ཤེེས་པའི་སྡུག་བསྔལ་ཅིག་རེད་ཨང་། ཀླད་ལ་དེའི་སྐོར་ནས་ཡོད་འོས་པའི་ཐོབ་ཐང་དང་རང་དབང་། གནས་ལུགས་རྒྱུ་མཚན་ལ་དྲངས་ནས་ཁ་གསལ་གཏིང་གསལ་གྱིས་ཡང་དང་ཡང་དུ་བཤད་ནའང་། དེ་དག་གི་དེ་དག་ཁབ་ཆག་ས་འོག་ལས་མ་འདས།

IMG_2542ཤིན་ཏུ་སྟབས་ལེགས་པ་ལ། དེ་རིང་ཁྱོད་ཀྱིས་བསྐུར་བའི་ཕ་སྐད་ཀྱི་འཕྲིན་ཡིག་ཤོག་ལྷེ་གཉིས་པོ་ཆད་ལྷག་འབྲུ་གཅིག་མེད་པར་འདི་གར་འབྱོར་བྱུང་བར། དངོས་གནས་ཚིག་གིས་མི་ཁྲོལ་བའི་དགའ་བ་སྐྱེས་བྱུང་། བྱེ་མའི་ཐང་ཆེན་པོ་ན་ཚ་བས་གདུང་བའི་སྲོག་ལྡན་སུ་ཞིག་གི་ཁ་ལ་ཆར་ཆུའི་ཐིགས་པ་གཅིག་ཟགས་པ་ལྟ་བུའི། འཆི་ཁའི་ཕྱི་མིག་ལས་ཀྱང་རྣོ་བའི་ཚོར་བ་འདི་ནི། དག་དག་དབྱངས་གསལ་གྱི་ཕྲེང་བར་བརྒྱུས་པའི་ཡི་གེའི་གཟུགས་རིས་སྙིང་ཉེ་བ་འདིས་བསྩལ་འོང་པ་ཞིག་རེད་ཨང་།
སྙུ་གུ་འཛིན་མཁན་ཞིག་ལ་མཚོན་ན། ཤོག་བུའི་ངོས་ཀྱི་ནག་ཆུང་ཡི་གེ་ལས་མཛེས་པའི་རི་མོ་ཞིག་དང་། དེའི་གསེང་དང་ལྟེམས་སུ་འཕྱོ་བའི་རྣམ་ཤེས་ཀྱི་སྐད་སྒྲ་ལས་སྙན་པའི་རོལ་མོ་ཞིག་གང་དུ་ཡོད་དེ་མི་འདུག་གོ ལྷག་པར་དུ། བོད་མི་སྙུག་ཐོགས་པ་ཞིག་ལ་མཚོན་ན། བོད་ཡིག་བོད་སྐད་ལས་རྣོ་བའི་ཚོར་བ་ཞིག་དང་དད་མོས་ཤིག་ཡུལ་དུས་གང་ལའང་མེད་རེད།

ལྟ་སྲུང་ཁང་དུ་འབྲི་ས་འབྲི་བྱེད་མ་རྙེད་པར་བརྩེ་གདུང་དང་ཆགས་སྡང་ཡོད་ཚད་ནང་དུ་བསྡམས་ནས “སྡུག་སྒོང” བྱེད་དུས་དང་། ཡང་བཙོན་ཁང་འདི་རུ་ཐོན་དུས། བོད་ཡིག་གི་འཕྲིན་དང་དཔེ་ཆ་འབྱོར་ས་མེད་པར་བཙན་སྡོམ་བྱེད་དུས། ངས་ང་རང་གསོན་བྱེད་དང་འཆི་བྱེད་ཀྱི་ཚབ་ཉན་པའི་སྟོབས་ཤུགས་ལ། ལག་ནང་གི་སྙུ་གུ་འདི་དང་། དབྱངས་གསལ་གྱི་རི་མོ་འདི་ལས་ཐུ་བ་ཞིག་མེད་པ་གཞི་ནས་རྟོགས་བཞག འདིས་སྙུ་གུ་འཛིན་མཁན་ཞིག་གི་ཕུགས་བསམ་དང་དད་མོས་མཚོན་གྱིན་ཡོད་ལ། ཁྱད་པར་དུ་བོད་མི་སྙུག་ཐོགས་པ་ཞིག་གི་རེ་འདུན་དང་། གནས་བབ། སྐྱིད་སྡུག་མཚོན་གྱིན་ཡོད་པའང་རེད་དེ། རང་དབང་དང་། འདྲ་མཉམ། དམངས་གཙོའི་དུས་རབས་འདི་འདྲ་ཞིག་ལ། ལག་ནང་གི་སྙུ་གུར་ཆག་འཇིག་བཙན་གཡེམ་ཐེབས་པའི་འགྲོ་བ་ལས་ངན་ཞིག་ལ་བོད་མི་ང་ཚོ་ལས་སུ་ཞིག་ཡོད་དམ།

དུས་དེ་རིང་སྙུ་གུ “འཛིན་ཉེས” དང་སྐད་ཆ “བཤད་ཉེས” ཀྱི་བཀའ་ཁྲིམས་ཕོག་སྟེ་ནག་པོ་བཙོན་དུ་སྡོད་དགོས་བྱུང་བ་དང་། བཙོན་ནས་སྙུ་གུ་མ་རྙེད་པར་ཅི་ཞིག་འབྲི་འདོད་ཀྱི་འདུན་པས་ཡིད་སེམས་མནར་བའི་མྱོང་ཐོབ་འདིས།ང་རང་གསོན་བྱེད་ཀྱི་གདེང་དང་འཆི་བྱེད་ཀྱི་སྟོབས་ནི་ལག་ནང་གི་སྙུ་གུ་འདི་དང་། དེའི་རྩེ་མོར་འཁྲུངས་པའི་དབྱངས་གསལ་གྱི་རི་མོ་འདི་ལས་མེད་པའི་ཕུགས་བསམ་དང་དད་མོས་སེམས་ངོ་འཕྲོད་བྱུང་ལ།ཡུལ་དུས་གནས་བབ་གང་ལའང་། ལག་ནང་གི་སྙུ་གུ་འདི་མི་འདོར་བའི་ཆོད་སེམས་གོར་མ་རྡོ་བཞིན།ཡོམ་ཡོམ་ལྕུག་ལྕུག་མེད་པར་སེམས་ཀྱི་ས་གཞིར་སྲ་བཀན་ནེར་གདབ་སོང་པས། ཕྱོགས་གཞན་ཞིག་ནས་ཁྲི་མུན་བཙོན་གྱིས་ང་དང་སྙུ་གུའི་བར་ལ་བརྩེ་གདུང་དང་ཡིད་ཆེས་འདི་འདྲ་སྲ་མོ་ཞིག་བསྩལ་སོང་བར་བཀའ་དྲིན་ཞུས་ན་རེད་ཨང་།

IMG_2541རེད་དེ། མི་ཚེ་འདིར། ཁྱོད་ཀྱི་ཕུ་བོ་ང་བོད་ཀྱི་འགྲོ་བ་ལྟེ་ཐོགས་སུ་སྐྱེས། སྙུ་གུ་དང་ལས་འབྲེལ་རྙེད། བོད་ཀྱི་རིག་གནས་ཀྱི་བྱིན་ཐོབ།དབྱངས་གསལ་སུམ་ཅུར་གྲོགས་ཆགས། ཁྱད་པར་དུ་རྩོམ་རིག་ཅེས་པའི་རིག་པ་བླ་ན་མེད་པ་འདི་ལ་ཞེ་འདྲིས་སུ་སོང་པ་ནས། ཁེར་རྐྱང་དང་། གདུང་སེམས། བློ་ཕམ། འཇིགས་སྐྲག་སོགས་འདི་དང་འདི་ལ་བསྐྱབས་ཤིང་། རང་དབང་དང་། ཡིད་ཆེས། དད་མོས། ང་རྒྱལ། བརྩེ་གདུང་སོགས་ཀྱང་འདི་དང་འདི་ཡིས་བསྩལ་བ་ལགས་ན། སྐྱིད་སྡུག་གི་ཕུན་ཚོགས་འདི་དང་ཆགས་སྡང་གི་རོལ་མོ་འདི་འཛད་པ་དང་འཇགས་པ་མེད་ཨང་། ཡུལ་དུས་གང་ལའང་། མཛེས་པའི་ཕུགས་བསམ་འདི་སྙིང་ལ་ཕུར་བུར་གདབ་ཡོད་པས། དེ་ནི་དབང་ཤེད་གང་གིས་ཀྱང་གཏུབ་ཐུབ་པ་ཞིག གཅད་ནུས་པ་ཞིག འབལ་དོ་བ་ཞིག་ཡེ་ནས་མ་ཡིན།
རང་དབང་གི་བསམ་བློ་དང་དད་མོས་ནི་བསམ་པའི་ནང་ན་གནས་པའི་སྟོབས་ཤུགས་ཤིག་ཡིན་པ་ལས། ལག་མགོ་རྐང་མགོར་ཐོགས་པའི་འདོགས་ཆ་ཞིག་མིན་ན། རྐག་སྒྲོག་ལག་སྒྲོག་ལ་ནི་འཇིགས་དགོས་ཅི།ཁོ་བོ་དང་ཁོ་བོ་ལྟ་བུའི་བོད་མི་སྙུག་ཐོགས་པ་དག་གནས་མི་སྡུག་པ་འདི་འདྲ་ཞིག་ཏུ “གསོན་སྦས” བྱས་པ་ཡིས། ཁོ་བོ་དང་ཁོ་བོ་དག་གི “ནང་བླ་གསོན་དུར” བྱས་བཞག་ཡོད་སྙམ་ཡོད་ན། དེ་ནི་རྩ་བ་རྡོ་རྗེ་གདན་ནས་འཆུག་སོང་བ་རེད་ཅེས་སྨྲ་ཡི་ཡིན་ཏེ། དུས་དེ་རིང་ད་ལྟ་ཡང་། ཁྲི་མུན་བཙོན་གྱི་གནས་སུ་ངས་ང་ཡི་རང་དབང་གི་བསམ་བློའི་ངོས་ནས་སྐད་ཆ་སྨྲ་ཡི་ཡོད་པས་འདིས། སྒེར་གཅོད་པའི་ཕུགས་རེ་འདོད་མོས་ཇི་བཞིན་དུ་མ་འགྲུབ་པའི་གསལ་ཐམ་བརྒྱབས་པ་ཡིན་ནོ།།

སྙིང་ཉེ་བའི་སྲིང་ཆུང་། ཞེ་ཁྲལ་སེམས་གཅོང་མི་དགོས་ཏེ། ཁྱོད་ཀྱི་ཕུ་བོ་ང་ནི་མི་བུ་ཕལ་བ་ཉམ་ཆུང་བ་ཞིག་ཡིན་ནའང་། བླ་ན་མེད་པའི་རང་རེའི་རིག་གནས་སྙིང་སྟོབས་དང་། ཕུན་སུམ་ཚོགས་པའི་སྐད་དང་ཡི་གེ། ཡིད་དུ་འོང་པའི་རང་བྱུང་རི་ཆུ། ལྷུན་ཆགས་པའི་བག་ཆགས་འདུ་ཤེས་སོགས་ནི་དེ་འདྲའི་གཞོམ་གཞིག་མེད་པ་སྟོབས་འབར་བ་ཞིག་རེད་ཨང་། ད་ལྟ། དེ་དག་གིས་ང་རང་སྲུང་སྲུང་ལ་ཡོད། དོན་དུ་ང་ནི་དེ་དག་གི་ནང་དུ་གནས་བཅས་ཏེ་བསྡད་ཡོད་ཨང་། དེ་དག་ནི་ཁ་གྲག་ཤེས་པའི་བརྩེ་བ་དང་སྙིང་རྗེ་དང་སྟོབས་ཤུགས་བླ་ན་མེད་པ་ཞིག་རེད་ཨང་།

གཞན་ཡང་། ཁྱོད་ཀྱིས་བོད་ཀྱི་སྐད་ཡིག་ཟིན་བྲིས་སུ་རང་གི་གནམ་ས་ཁེར་ཚུགས་པ་ཞིག་ལ་བདག་བརྒྱབས་ནས་རྩོམ་འབྲི་བཞིན་ཡོད་པ་དེ་ལས་ཀ་ཡག་པོ་ཞིག་རེད། རྩོམ་འབྲི་བ་ནི་གཟབ་ནན་གྱི་ལས་ཀ་ཞིག་རེད། ལྷག་པར་དུ་པོད་ཁུག་ཏུ་རྩོམ་འབྲི་བ་ནི་ནན་ཏན་ཧ་ལས་པ་བྱེད་དགོས་པའི་ལས་ཀ་ཞིག་ཡིན། བོད་ཀྱི་སྐད་ཡིག་ཟིན་འདི་ལ་ང་རང་འདང་ཞེ་རྩིས་ཟབ་མོ་ཡོད། དེས་ང་ཡི་རྩོམ་འབྲི་དང་བསམ་གཞིག་ཐད་ལ་ས་མཚམས་རྡོ་རིང་ལྟ་བུའི་ཕན་ཐོགས་ཡོད།
ཡང་ཅིག་བཤད་ན། དེ་རིང་ཁྲི་མུན་འོབས་ན་གནས་པའི་ང་རང་། བོད་ཀྱི་སྐད་ཡིག་ཟིན་བྲིས་སུ་ཆགས་པའི “ཐེའུ་རང་གི་བཙན་ས” ཞེས་པའི་གཞིས་ཀ་དེ་ནས། རང་དབང་གི་བསམ་བློར་ཆིབས་བསྒྱུར་ཞིང་། གོ་མཚོན་རུ་དར་དག་ཀྱང་གཞིས་ཀ་དེ་ནས་ཕྱར་ཏེ་ཐོན་པ་ཞིག་ཡིན་བཞག ཁྱོད་ཟིན་བྲིས་སུ་ཞུགས་པ་ནས་ཁྱོད་རང་ཉིད་ཀྱི་གཏམ་སྦྱོར་ལ་འགན་འཁུར་དགོས་པ་དང་། དྲ་བའི་རིག་གནས་ཁོར་ཡུག་ལ་འགན་འཁུར་དགོས་པ་མ་ཟད། བོད་ཀྱི་སྐད་དང་ཡི་གེ་ལའང་འགན་འཁུར་དགོས། འགན་འཁྲིའི་འདུ་ཤེས་ལྕི་མོ་ཞིག་དང་། དཀྱེལ་ཡངས་ཀྱི་བློ་ཁོག་ཡངས་མོ་ཞིག དཀའ་ཐུབ་ཀྱི་སྙིང་རུས་སྲ་མོ་ཞིག ད་རུང་ཁེར་རྐྱང་གི་ངང་ཐག་རིང་མོ་ཞིག་དང་། ཚུགས་ཐུབ་ཀྱི་ལངས་ཕྱོགས་བརྟན་མོ་ཞིག་མེད་ན། ཟིན་བྲིས་གཉེར་ནས་རྩོམ་བྲིས། བགྲོ་གླེང་བྱས། བསམ་བློ་བརྡར། ཤེས་རབ་བསེད་པ་ནི་ལས་སླ་མོ་ཞིག་ཡེ་ནས་མ་ཡིན།

དྲ་ལམ་དུ་འུར་འདྲོག ཧོལ་རྒྱུག ཕོ་ཚོད། གཡོ་སྒྱུ། བཀའ་ལོག སྨད་དམོད་སོགས་ཀྱི་སྐད་སྒྲ་སྣ་ཚོགས་པ་ཚེར་མ་དང་མདའ་མདུང་གི་ཚུལ་གྱིས་རྣ་བར་ཟུག་རྒྱུ་མང་པས། རྟག་པར་དཔྱོད་ཤེས་དང་། གཟབ་ནན། བསམ་གཞིག འགན་འཁྲི། ཧུར་བརྩོན་བཅས་མི་འདོར་རྒྱུ་གལ་ཆེ་བ་ཡོད།
དྲ་ཐོག་རིག་གནས་བགྲོ་གླེང་ནི། སྟབས་བདེ་རང་དབང་ཅན་གྱི་བསམ་བློའི་གླེང་སྟེགས་ཤིག་ཡིན་པ་ལས། རང་དབང་གི་གོ་བ་དཀྱོགས་ལོག་ཏུ་འཁྱེར་ནས། རང་སྣང་གང་ཤར་གྱི་སྐད་ཆ་དག་བདག་མེད་དུ་གཡུགས་ཏེ་རྩོད་རྙོག་བཟོ་བ་དང་། མི་གཞིར་དམའ་འབེབས་པ། གྲགས་འདོད་སྒེར་ཁེ་གཉེར་བ། ཡི་གེའི་གད་སྙིགས་སྤུངས་པ་ཡིན་ན་ནི་རྩ་བ་དགུ་ནས་མ་འགྲིག་པ་རེད་ལ། རང་ཅག་ཚོ་སྣང་ཚུལ་ཕྱི་མ་དེར་གོམས་ཡོད་པས། རྣམ་པ་ཐམས་ཅད་དུ། བཙོག་པ་འཁོར་རྒྱུག་དང་ངན་པ་རུབ་འདུས་ཀྱི་རིག་གནས་མཁའ་དབུགས་དེའི་ནང་དུ་མི་ཐིམ་རྒྱུ་ཤིན་ཏུ་གལ། འུར་ཟིང་ཞོག་འདྲོག་གི་ཁོར་ཡུག་དེ་ནས། ཁྱོད་ཀྱིས་བདག་པོ་རང་གི་བློ་མིག་མི་འབོར་རྒྱུ་གཙོ་ལ། རང་ཉིད་བོད་ཅིག་ཡིན་པའི་བློ་མིག་དང་། མྱི་ཞིག་ཡིན་པའི་བློ་མིག་མི་འབོར་རྒྱུའང་དེ་བཞིན་དུ་གཙོའོ།།

མཐར། <ཕུ་བོས་ནུ་བོར་བཏམས་ཤིང་བསྟན་པའི་མདོ> ལས། ང་ཡི་ཡིད་སེམས་ཡོམ་ཡོམ་སྒུལ་མྱོང་བའི་ཚིག་ཀ་ཞིག་གིས་འཕྲིན་འདིའི་མཇུག་བསྡུ་བར་བྱེད་ལ། འདི་ཡང་ “ཕུ་བོས་ནུ་མོར་བཏམས་ཤིང་བསྟན་པའི་མདོ་རུ། དཔེ་དང་རྟེན་འབྲེལ་འགྲིག་སོང་སྙམ་ན་ལྷག་པར་གོ་བ་དང་བརྩེ་བ་ཡོད་བཞག་ལ། འདིས་ཁོ་བོའི་དེ་རིང་གི་གནས་སྟངས་ལ་བླ་ན་མེད་པའི་སྙིང་ཕུར་གདབ་སོང་བསམ་ན་དེ་བས་ཀྱང་རིན་ཐང་ཆེ་སྟེ། “བྱ་ངན་གཡོ་ཐབས་ཁོ་ན་བྱེད་བཞིན་གསོན་པོར་སྡོད་པ་ལས། དྲང་ཞིང་ཚད་མ་འབའ་ཞིག་བྱེད་བཞིན་ཤི་དགོས་བྱུང་ཡང་ཆོག་པ་ཙམ་གྱི་ནར་དུ་བསྲན་ཚུགས་པར་བྱ་དགོས་སོ”

ཞེས་སྤྱི་ལོ ༢༠༡༢ ལོའི་ཟླ ༤ པའི་ཚེས ༡༧ ཉིན། རྒྱ་མིའི་གྲོང་ན”བདེན་ཉེས”ཁུར་བའི་ཁྱོད་ཀྱི་ཕུ་བོ་སྙུག་ཐོགས་གང་དེས་ནག་པོ་བཙོན་ནས་སྤྲིངས་སོ།།

༼འཇམ་དབྱངས་ཀྱི་ངོ་དེབ་ལས་དྲངས།༽

འཕྲིན་ཡིག

Post navigation

Previous Post: ཨ་ཕོ་དགའ་དགའ་བཀའ་དྲིན་ཆེ།
Next Post: དབུ་མའི་ལམ་ནི་༸གོང་ས་མཆོག་༸སྐུ་འཚོ་བཞུགས་རིང་བོད་དོན་སེལ་ཆེད་ཀྱི་ཛ་དྲག་སྲིད་བྱུས་ཤིག་ཡིན་གསུངས།

Comments (2) on “སྙིང་བཏོན་ཏེ་གླེང་བ།—སྲིང་ཆུང་གུ་རུ་སྐྱིད་ལ་འཕྲིན་ལན་དུ།”

  1. དོལ་སྨྱོན། says:
    2016-06-09 at 5:00 pm

    ལུས་སེམས་གཉིས་བེར་བེར་ལ་བཏང་སོང་།

  2. ཨ་ཁུ་འབྲོག་པ། says:
    2016-06-10 at 7:16 am

    ནམ་རྒྱུན་དོན་རྐྱེན་ཅི་འདྲ་ཞིག་ཕྲད་རུང་བསམ་གཞིག་བྱེད་པར་གཞི་རྩ་ཞིག་བསྐྲུན་པ་ལས། ངུ་རྒྱུ་ཞིག་འོང་མྱོང་མེད་མོད། ད་རེས་ཡི་གེ་འདི་བཀླགས་པས་མགྲིན་པ་ཅུང་ཟད་བརྣངས་པའི་ཚོར་སྣང་ཞིག་བྱུང་བའི་རྒྱུ་མཆན་བཙལད་པར། ཡི་གེའི་སྡེབ་སྦྱོར་ཚིག་དོན་ཕུན་སུམ་ཚོགས་པའི་བོད་ཡིག་འདིས་དགའ་སྐྱོའི་ཚོར་བ་ཞིག་སྦྱིན་པ་ཤེས། མདོར་བསྡུས་ན། ཡི་གེ་འདིས་ཡིད་ཀྱི་བརྟན་པ་དབང་མེད་དུ་ཕྲོགས་པ་ཞིག་རེད་འདུག །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (18)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme