Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙིགས་དུས་ཀྱི་ཤཱཀྱ་ཐུབ་པ། (དགུང་ལོ་བརྒྱད་ཅུ་དང་ཞི་བདེའི་གཟེངས་རྟགས།)

Posted on 2015-12-082015-12-08 By ཁ་བརྡ 1 Comment on སྙིགས་དུས་ཀྱི་ཤཱཀྱ་ཐུབ་པ། (དགུང་ལོ་བརྒྱད་ཅུ་དང་ཞི་བདེའི་གཟེངས་རྟགས།)

གཡུ་སྒང་དགེ་འདུན།

 
༡༽ ས་ཆེན་འཛམ་གླིང་སྤར་གང་བྱེད་པའི་སྨད་ཀྱི་ཉི་མ་གཞོན་ནུ་ཞིག །
མཐོ་སྒང་ཕོ་བྲང་དམར་པོའི་རྩེ་ནས་དྲོད་ཁོལ་ཁ་བའི་ལྗོངས་སུ་འཕྲོས།།
བརྒྱད་ཟུང་བགྲང་བྱ་བྱིས་པའི་དུས་སུ་རྒྱལ་སྲིད་ཁུར་པོ་ཕྲག་ཏུ་བཞེས།།
ཀླ་ཀློ་གླང་ཆེན་སྨྱོན་པའི་གཏུམ་དྲག་ཞུམ་མེད་ཐབས་ཀྱིས་དོང་ལ་གཡུགས།།

༢༽ དམར་ཕྱོགས་བདུད་སྡེས་མེ་སྒྱོགས་སོ་ཁ་དམར་པོ་རི་ཡི་རྩེ་རུ་གཏད།།
རྔམ་བརྗིད་འཇིགས་རུང་དྲག་ཆས་རིགས་ལ་ལྷ་ཡི་དམག་ཀྱང་བྲོས་ལ་དོགས།།
དེ་ལྟའི་གཤིན་རྗེའི་འཐབ་རའི་དཀྱིལ་ནས་ལྷ་སྲུང་དམར་ནག་ཞལ་ལུང་བཞིན།།
ཡིད་ཆེས་བརྟན་པོའི་ཀི་བསྭོ་གཅིག་གིས་ཕྱི་རུ་བསྐྱོད་པའི་དཔའ་རྩལ་ངོམ།།

༣༽ གོས་སྔོན་སྲིན་པོས་སྡིག་དམོད་ཁྲོ་ཆུ་རྒྱལ་སྤྱིའི་སྐྱེ་འགྲོའི་རྣར་བླུགས་ཀྱང་།།
འཕྱོན་མའི་གཏམ་ཚོགས་སྣང་མེད་བཞག་པས་རྒྱན་མེད་སྒྲེན་མོའི་ཚུལ་དུ་གྱུར།།
དྲང་བདེན་ནོར་བུ་རྒྱབ་ཏུ་ཁུར་བའི་མ་ཧ་གྷན་ངྷི་གཉིས་པ་ཞིག །
འཛམ་གླིང་ས་ཆེན་ཞབས་ཀྱིས་བཅགས་པས་དགའ་སྤྲོའི་ཐལ་སྒྲས་གནམ་ས་བཀང་།།

༤༽ འཛམ་གླིང་གོ་ལ་ཟླུམ་པོའི་སྒང་ལ་དམ་ཆོས་གསུང་གི་སྦྲང་ཆར་བསྙིལ།།
བྱམས་དང་སྙིང་རྗེའི་བརྩེ་སེམས་དྲོན་མོས་ས་གསུམ་སྐྱེ་དགུའི་དང་བ་འདྲེན།།
ཐུགས་བཞེད་ཞི་བདེའི་ལྷ་བྱ་དཀར་པོས་གླིང་བཞིའི་ཁྱོན་ལ་ལྡིང་སྐོར་གྱིས།།
ལྷིང་འཇགས་འཚོ་བའི་གནས་མལ་དགོས་པའི་གསུང་དབྱངས་སྒྲོག་པར་ཀུན་གྱིས་བཀུར།།

༥༽ འཚེ་ལས་དངོས་ཤུགས་བརྒྱུད་གསུམ་བྱེད་པའི་དགྲ་ཡི་དྭངས་མ་བཟོད་པས་འདུལ།།
རྨོངས་འཐོམ་མུན་པའི་ཀློང་ན་ཉུལ་རྣམས་ཟབ་གསུང་སྣང་བས་ལམ་ཆེན་སྟོན།།
གོ་ལ་ཧྲིལ་པོ་ཞི་བདེར་འགོད་པའི་ཐུགས་དགོངས་རྒྱ་མཚོའི་མཐའ་ལས་ཡངས།།
སྙིགས་དུས་འདི་ལ་མགོན་ཁྱེད་ཤཱཀྱ་ཐུབ་པ་ཉིད་ལས་ཁྱད་པར་ཅི།།

༦༽ མི་རིགས་ཤིག་གི་བདེ་སྡུག་ཆེད་དུ་ཡོད་ཚད་བསྐྱུར་བའི་གྲྭ་རྐྱང་ཞིག །
མི་ལོ་ང་གྲངས་མི་ཡུལ་ཞིག་ནས་དཀའ་སྡུག་འབུམ་ལ་གདོང་ལེན་བྱས།།
མི་ལོ་བརྒྱད་ཅུ་གདན་དུ་བཏིང་བའི་འཛམ་གླིང་ཞི་བདེའི་དེད་དཔོན་ལ།།
མི་བུ་བདག་གིས་དད་གསུམ་མེ་ཏོག་མཆོད་པའི་ཕྲེང་བ་རྒྱན་དུ་འབུལ།།

༢༠༠༡༥ ཟླ་ ༡༢ ཚེས་ ༩ ཉིན་བྲིས།

སྙན་ངག

Post navigation

Previous Post: མར་ལེའི་རིང་ལུགས་ཀྱི་མཚན་ཉིད་རིག་པར་མཁས་པའི་མཁས་པ་ཆེན་པོ།
Next Post: ༄།། ༧པཎ་ཆེན་ངོ་མ་ཡིན་ན། གཙོ་འཛིན་ཟེར་དགོས་ཨེ་ཡོད།

Comment (1) on “སྙིགས་དུས་ཀྱི་ཤཱཀྱ་ཐུབ་པ། (དགུང་ལོ་བརྒྱད་ཅུ་དང་ཞི་བདེའི་གཟེངས་རྟགས།)”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-12-09 at 2:05 am

    ༸གོང་ས་མཆོག་ནི།
    བརྒྱ་ཕྲག་ཉེར་གཅིག་སྲོང་བཙན། །
    རྒྱལ་དབང་ལྔ་པའི་གདུང་ཚབ། །
    བཅུ་གསུམ་པ་ཡི་ཡང་སྲིད། །
    བཅུ་བཞི་ཐམས་ཅད་མཁྱེན་པ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme