Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་འཇེབས་རང་བྱུང་གི་པི་ཝཾ་རིན་པོ་ཆེ་ཞེས་བྱ་བ།

Posted on 2014-02-242014-02-24 By ཁ་བརྡ་ 3 Comments on སྙན་འཇེབས་རང་བྱུང་གི་པི་ཝཾ་རིན་པོ་ཆེ་ཞེས་བྱ་བ།

ཨེ་མ་ཧོ།

༧སྐྱབས་རྗེ་འཁོར་ལོའི་མགོན་པོ་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱི་འཁྲུངས་སྐར་ལ་ཕུལ་བ་སྙན་འཇེབས་རང་བྱུང་གི་པི་ཝཾ་རིན་པོ་ཆེ་ཞེས་བྱ་བ།

ན་མོ་གུ་རུ་ཨ་བྷྱ་ཛྙྰ་ན་ཡེ།
འཇིགས་མེད་གཟུངས་སྤོབས་བློ་གྲོས་མཁའ་དབྱིངས་ལས།།
སྲིད་ཞིའི་རྨོངས་མུན་བསལ་མཛད་འོད་སྣང་བདག །
སྣ་ཚོགས་གཟུགས་ཅན་རིག་འཛིན་རྒྱལ་བའི་སྲས།།
ངེས་དོན་ཆོས་ཀྱི་རྒྱལ་པོ་རྒྱལ་གྱུར་ཅིག །

༡༽
ལུང་རིགས་བྱེ་བ་འབུམ་གྱི་ཁ་རྒྱན་མཛེས།།
མན་ངག་སྙིང་པོའི་བདུད་རྩིས་ཡོངས་སུ་གཏམས།།
དགོངས་བརྒྱུད་རིག་པའི་ལྟོ་བ་ལེགས་པར་རྒྱས།།
རྫོགས་ཆེན་ཆོས་ཀྱི་བུམ༵་པ༵་རིན་པོ་ཆེ།།

༢༽
ཐོས་བསམ་སྒོམ་པའི་ལོ་འདབ་ཕྱོགས་ཀུན་བཞད།།
འཆད་རྩོད་རྩོམ་པའི་ཟེའུ་འབྲུ་ཡོངས་སུ་རྒྱས།།
སྐལ་ལྡན་རྐང་དྲུག་སྨིན་པར་ཟུམ་མེད་དཔལ།།
ཕྱག་ཆེན་དོན་གྱི་པདྨ་རིན་པོ་ཆེ།།

༣༽
འཇིག་ཚོགས་རི་བོ་བསྙིལ་བའི་སྟོབས་ཤུགས་ལྡན།།
ངེས་ཤེས་སྒྲོན་མེ་བརྟན་པའི་བྱིན་རླབས་མངའ།།
ལུས་ཅན་གདུལ་བྱའི་ཡིད་མཁར་མི་ནུབ་པའི།།
ཐེག་ཆེན་ཆོས་ཀྱི་རྒྱལ༵་མཚ༵ན་རིན་པོ་ཆེ།།

༤༽
སྐལ་བཟང་གདུལ་བྱའི་རྣ་བའི་བདུད་རྩི་མཆོག།
མཁས་པའི་ཁྱུ་ཚོགས་མགུ་བའི་ལེགས་བཤད་ནོར།།
སྲིད་ཞིའི་ཁོངས་ན་འཁྲོལ་བའི་གྲགས་སྙན་གླུ།།
སྤྲིན་ཆེན་བྱམས་བརྩེའི་དུང༵་དཀར༵་རིན་པོ་ཆེ།།

༥༽
ཐུབ་བསྟན་རྒྱ་མཚོའི་ལེགས་བཤད་འཁྱིལ་བའི་དབུས།།
ལུང་རིགས་རྣམ་དག་གསེར་གྱི་ཞུན་མས་མཛེས།།
རྣམ་དཔྱོད་འཁྱུག་འགྲོས་རྫོགས་པའི་ལང་ཚོ་ཅན།།
ཞི་བྱེད་རིག་པའི་གསེར་ཉ༵་རིན་པོ་ཆེ།།

༦༽
ཐུགས་མཆོག་གསང་བ་མི་འགྱུར་རྡོ་རྗེའི་གཤིས།།
སྤྲོས་མཐའ་བརྒྱད་བྲལ་འོད་གསལ་ཐིག་ལེའི་ཀློང་།།
ཡེ་ཤེས་རང་བཞིན་ཇི་བཞིན་མཁྱེན་བརྩེའི་གར།།
ཟབ་རྒྱས་གཏེར་སྟོན་དཔ༵ལ་བེའུ༵་རིན་པོ་ཆེ།།

༧༽
སྔ་འགྱུར་བཀའ་གཏེར་རིག་གཞུང་མུ་ཁྱུད་དཔལ།།
ལུང་རྟོགས་བཤད་སྒྲུབ་རི་མོའི་རྩིབས་སྟོང་བཀྲ།།
བརྒྱུད་གསུམ་གདམས་པའི་ལེགས་བཤད་རྒྱན་ཆ་ཅན།།
དཔལ་ལྡན་དུས་ཀྱི་འཁོར་ལོ་རིན་པོ་ཆེ།།

༨༽
རྟག་ཆད་མཐའ་རུ་ལྷུང་བའི་ཚ་གདུང་སེལ།།
སྲིད་ཞིའི་མཐའ་ལ་མི་གནས་བསིལ་སྦྱིན་བསྩལ།།
རྣམ་གྲོལ་མཆོག་གི་འཇུག་ངོགས་དམ་པའི་ཡུལ།།
ཕན་བདེའི་ཕྲིན་ལས་གདུག༵ས་དཀ༵ར་རིན་པོ་ཆེ།།

རིག་འཛིན་རྩ་བརྒྱུད་བླ་མའི་སྐུ་ཚེ་བརྟན།།
བཀའ་གཏེར་བདེ་བཤེགས་འདུས་པའི་བསྟན་པ་དར།།
ཐབས་མཆོག་མཁའ་འགྲོ་རྒྱ་མཚོའི་གསང་མཛོད་བརྙེས།།
མཁའ་ཁྱབ་འགྲོ་ཀུན་སངས་རྒྱས་སར་འགོད་ཤོག།

ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་རྒྱལ་ཟླ་བ་སྟེ་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་དམ་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པའི་འཁྲུངས་སྐར་དང་རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དགོངས་པ་ཆོས་དབྱིངས་སུ་མནལ་བའི་དུས་ཆེན་ཁྱད་པར་ཅན་ཉིན་སྐྱབས་རྗེ་དམ་པ་སློབ་དཔོན་་འཇིགས་མེད་བློ་གྲོས་ཀྱི་འཁྲུངས་སྐར་ལ་ཨེ་མ་ཧོས་གང་ཤར་དུ་ཀུན་བཟང་ཆོས་གླིང་གི་ཤར་རིའི་རི་རྩེ་རང་བྱུང་བྲག་ཕུག་གིས་མཛེས་པ་ནས་སུག་ལས་བགྱིས་པར་དགེའོ།། །།

སྙན་ངག

Post navigation

Previous Post: ཁྱེད་རང་འཆི་མེད།
Next Post: སྨན་ལོ་དེབ་ཀྱི་འགྲེམས་བརྡ།

Comments (3) on “སྙན་འཇེབས་རང་བྱུང་གི་པི་ཝཾ་རིན་པོ་ཆེ་ཞེས་བྱ་བ།”

  1. ཡེ་ཤེས་དཔལ། says:
    2014-02-24 at 7:13 am

    ཨེ་མ་ཧོ་ཟེར་བ་འདི་ཡང་སྤྲུལ་རྫུན་ཞབས་འདྲེན་དེའི་གཡོ་འོག་ཏུ་ཚུད་ཡོད་པའི་མི་ཞིག་རེད། ངོ་མ་བསྟོད་ཡུལ་གྱིས་ཕོངས་འདུག འདིའི་རིགས་མ་མཐའ་ངོ་ཚ་ཟེར་བ་དེ་ཡང་མི་འདུག གཤམ་ལ་གཟིགས་དང་ཆོས་རྗེ་ཡིད་བཞིན་ནོར་བུ་མཆོག་གིས་ཁྱེད་དུ་ཁྱེད་ཚོ་ལྟ་བུར་གདམས་པ་གནང་འདུག

    ཆོས་རྗེ་འཇིགས་མེད་ཕུན་ཚོགས་མཆོག་གིས་སྤྲུལ་སྐུའི་སྐོར་འདི་ལྟར་གསུངས་པ།

    དེ་རིང་ཁ་སང་སྤྲུལ་སྐུ་མང་པོ་འདུག སྔོན་ཆད་བླ་མ་དང་དཔོན་པོ་དེ་ཚོའི་བུ་སྤྲུལ་སྐུ་རེད། དེང་དུས་འབྱོར་ལྡན་དང་གདོང་པ་དཀར་པོ་དེ་ཚོ་སྤྲུལ་སྐུ་རེད། ཤམ་བྷ་ལ་དང་ཟངས་མདོག་དཔལ་རི་སོགས་ཞིང་ཁམས་དེ་ཚོའི་སྒོ་སྲུང་ཇེ་བཙན་དུ་སོང་ཡོད་ས་རེད། ཚང་མ་ཡར་ལ་མི་ཕེབས་པར་མར་ལ་ཕེབས་ཡོང་གི་འདུག ད་དུང་ཤི་གསོན་བྱེ་མའི་ལ་ཁ་ནས་ཚུར་ཡོང་དུས་རྡོ་ཕ་བོང་ཞིག་ལ་གདོང་ཐུག་བརྒྱབ་སྟེ་གས་འཐོར་དུ་སོང་བ་འདྲ། ཚུར་སླེབས་དུས་མང་པོ་ཞིག་ཆག་འདུག ཡོན་ཏན་དེ་ཡང་ཡང་སྤྲུལ་མང་པོ་ཡོད་པ་དེ་ཚོར་བགོ་བཤའ་བརྒྱབ་པའམ། ཡང་ན་དམྱལ་བའི་སྒོ་སྲུང་རྣམས་ཀྱིས་འཕྲོག་བཅོམ་བྱས་སོང་བ་འདྲ། གང་ལྟར་སྐུ་སྔོན་མ་ལས་བརྒྱ་འགྱུར་གྱིས་སྡུག་ཏུ་ཕྱིན་འདུག མང་ཆེ་བ་ཆོས་གོས་དང་ཕྱག་ཕྲེང་སོགས་ངོ་ཤེས་དུ་ཟེར་ནའང་ཐུགས་རྒྱུད་ཀྱི་ཡོན་ཏན་ནི་བརྗེད་ཚར་འདུག་པས་ཐ་ན་ཀ་ཁ་ཡང་སློབ་ཁག་པོ་རེད། ཡང་ཅུང་ཙམ་ནར་སོན་པའི་ཚེ་ཐོས་བསམ་སློབ་གཉེར་ལ་མི་བརྩོན་པར་དགོན་པའི་བསྟན་བདག་དང། ཁྲི་ཐོག་པའི་མིང་ཁུར་ནས་དབང་ཆ་དང་གོ་གནས་འཛིན་གྱི་འདུག མིང་ཁུར་ནས་བསྟན་པ་ལ་སྲིད་ཞུ་རེ་བསྒྲུབ་ན་འགྲིག་གི་རེད་དེ། འགའ་ཤས་ནི་བསྟན་བཤིག་གི་གཙོ་འཛིན་ལྟ་བུ་ཆགས་ཀྱི་འདུག དེ་སྐྱོ་གནས་ཤིག་རེད། གུང་ཐང་རིན་པོ་ཆེས། སྐུ་སྐྱེ་བསྟན་དོན་ལ་བྱོན་ན། བཤད་སྒྲུབ་ལག་རྗེས་རེ་འཇོག་དགོས། ཞེས་གསུངས་པ་བཞིན་སེམས་ཅན་གྱི་དོན་དུ་སྤྲུལ་ཡོང་བ་ཡིན་ཟེར་མཁན་དེ་ཚོ་བསྟན་འགྲོ་ལ་ཕན་ཐོགས་མཁན་དམིགས་བསལ་འདྲ་བོ་ཞིག་དགོས་པ་རེད། འོན་ཀྱང་དེང་དུས་སྤྲུལ་སྐུ་ཟེར་བ་དེ་ཚོ་མང་ཆེ་བ་བླ་བྲང་ཆེ་གེ་མོའི་ཤུལ་འཛིན་དང། བླ་མ་ག་གེ་མོའི་མཚན་གནས་བེད་སྤྱོད་བྱེད་མཁན། ཡང་ན་དཔལ་འབྱོར་འདུ་འགོད་ཀྱི་ལག་ཆ་ལྟ་བུ་གྱུར་འདུག་པས་ཧ་ཅང་གི་སྐྱོ་པོ་རེད། བདག་ཅག་གི་སྟོན་པས། ངའི་བསྟན་པ་འདི་ཕྱི་རོལ་གྱི་ལྷ་དང་བཅས་པ་བདུད་དང་བཅས་པ་སུ་གང་གིས་ཀྱང་གཞིག་མི་ནུས་མོད། ངའི་རྗེས་འཇུག་གི་གཟུགས་བརྙན་འཆང་བ་འགའ་ཞིག་གིས་བསྟན་པ་བསྣུབ་པར་འགྱུར་ནུས་ཞེས་ལུང་གསལ་པོ་གསུངས་ཡོད་པས། བསྟན་པའི་བདག་པོ་དང། སྤྲུལ་པའི་སྐུ། རིན་པོ་ཆེ་ཡིན་ཟེར་མཁན་དེ་ཚོ་གོང་གི་ལུང་བསྟན་གྱིས་ཟིན་པའི་མི་སྣ་གཙོ་བོ་ལྟ་བུ་ཆགས་སོང་ན་བློ་ཕམ་དང་ཐབས་སྡུག་རེད། ངས་ནམ་རྒྱུན་སྤྲུལ་སྐུ་དེ་ཚོ་ལ་དམའ་འབེབས་དང། ཁ་གཏད་གཅོག་པ་ལྟ་བུའི་ཚིག་མང་པོ་ཞིག་ཞུ་དགོས་ཐུག་གི་འདུག་ཀྱང། ཕྲག་དོག་ནི་བྱས་པ་མིན། དེ་བྱེད་དོན་མེད། ང་ཡང་ཆུང་དུས་ཞིག་ནས་སྤྲུ་སྐུ་ཞིག་ལ་ངོས་འཛིན་བྱས་པ་རེད། འོན་ཀྱང་བསྟན་པ་སྤྱི་དང་ཁྱད་པར་སྤྲུལ་སྐུ་དེ་ཚོ་ལ་ཕན་རེ་ཐོགས་ན་སྙམ་སྟེ་ཞུས་ཡིན། སྤྲུལ་སྐུ་འགའ་རེས་ངས་ཅིག་བཤད་བསྡད་དུས་མི་དགའ་བ་གནང་གི་འདུག ཡིན་ནའང་ངས་བསམ་པ་དཀར་པོ་ཡིན་སྙམ་ནས་འཚེར་གྱི་མི་འདུག འགྲོ་ཐུབ་མཁན་ཚོ་ཕྱི་རྒྱལ་གྱི་ལུང་པ་དང། འགྲོ་མི་ཐུབ་མཁན་རྒྱ་ནག་སོགས་ཡུ་གྲུ་དུ་མ་ལ་ཤིག་བཞིན་ཉུལ་ཏེ་ཞབས་འདྲེན་མང་པོ་བྱེད་ཀྱི་འདུག དེ་ལས་ཆུང་དུས་ནས་མཚན་ལྡན་བླ་མ་རེ་བསྟེན། བཤད་སྒྲུབ་ཀྱི་བསྟན་པ་ཡོད་སའི་དགོན་སྡེ་གང་རུང་རེ་ལ་སོང་ནས་ཐོས་བསམ་སློབ་གཉེར་བྱེད་རྒྱུ་གལ་ཆེན་པོ་རེད། སྤྲུལ་སྐུ་རྣམས་ཀྱིས་ཡག་པོ་བྱས་ན་མཚན་གནས་རྗེས་འབྲེལ་གྱིས་བསྟན་འགྲོ་ལ་ཕན་ཐོགས་ཀྱི་རེད། ཡག་པོ་མ་བྱས་ན་དེ་བཞིན་བསྟན་པ་ལ་གནོད་ཀྱི་འདུག་གོ །

  2. ཡེ་ཤེས་དཔལ། says:
    2014-02-24 at 10:10 am

    ཆེད་དུ་ཁྱེད་ཚོར་་་་་་་་་་

  3. པདྨ says:
    2014-02-24 at 10:49 am

    སྙན་ངག་རེད། དཔེ་དོན་མཚུངས་པ་དེ་འདྲའི་ཡག་པ་ལ་བཀྲིས་རྟགས་བརྒྱད་དང་སྒྲུབ་བརྒྱུད་ཤིང་རྟ་སོགས་ལ་སྦྱར་བར་ཡི་རང་ཞུ། སྤྲུལ་སྐུ་བདེན་པ་དེ་ཚོ་རྒྱལ་བར་གྱུར་ཅིག་གུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme