Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ཚོམས་ཁག་གཅིག

Posted on 2010-03-032010-03-03 By ཁ་བརྡ་ 2 Comments on སྙན་ཚོམས་ཁག་གཅིག

ཟླ་བ་གཞོན་ནུ།
༡
སེམས་འཕྲིན།

གསན་ཨེ་བྱུང༌།
སྙིང་ཉེ་ལགས།
ཕྱི་རོལ་ན་ཤུབ་བུར་ཟློ་བའི་ལྷགས་རླུང་ཆུང་ཆུང༌།
ངའི་ལྷད་མེད་ཀྱི་སེམས་ངལ་འཁུན་པའི་རྣམ་དག་གི་ཕོ་ཉ་ཡིན།

༢
དར་དཀར་གྱི་བརྩེ་བ།
མཛེས་པའི་ལྷ་ཟླ་དཀར་པོ།།
སྤྲིན་ནག་ཕག་ལ་མ་འགྲོ།
གྲོགས་མེད་ཨུཏ྄པལ་སྔོན་པོའི།།
འབྱེད་འཛུམ་ཁྱེད་ལ་བལྟོས་ཡོད།།

༣
ཉི་ཟླའི་འཁོར་སྐྱོད།
རི་བོང་མཚན་མས་སེམས་པ་གཡེང་བ་ལ།།
ཆེམ་ཆེམ་མུ་ཏིག་རྒྱུན་ཐག་སྨག་གིས་བཅད།།
གང་གི་གྲོགས་གྱུར་རྟ་བདུན་དབང་བོ་མཆོག།
མཛའ་མོའི་རིན་ཆེན་འཐུ་ཕྱིར་ཡང་ཡང་ལྷགས།།

༤
ཚོར་སྣང་ཟ་ཟི།
མཚན་མོ།
སེམས་པ་ལྟར་ལྷིང་འཇགས་ལ།
སེམས་པ།
མཚན་མོ་བཞིན་སྨག་ནག

སྙན་ངག

Post navigation

Previous Post: དགེ་འདུན་ཆོས་འཕེལ་གྱི་སྐོར་དྲན་ཚུལ་ཐོར་བུ།
Next Post: ཨ་རིའི་རྒྱལ་སར་བོད་དོན་ཞུ་གཏུགས་ཀྱི་ཉིན་མོའི་ལས་འགུལ།

Comments (2) on “སྙན་ཚོམས་ཁག་གཅིག”

  1. གཅན་བཟོད་རྒྱམ། says:
    2010-03-04 at 12:19 am

    གང་གའི་འགྲམ་གྱི་ཟླ་བ་གཉིས།

    མཚན་མོ་སེམས་པ་ལྟར་ལྷིང་འཇགས་ཤིང
    སེམས་པ་མཚན་མོ་བཞིན་སྨག་ནག་ན
    མགྱོགས་པོར་དགའ་མའི་སྐེ་ལ་དམ་དུ་འཁྱུད་ཅིག
    ཕྱི་ནང་མེད་པར་སེམས་གྱི་གསང་གཏམ་དེ་ཤོད་དང
    ཅི་ཡིན་མེད་པའི་བྱེད་སྨྱོན་དེ་བྱས་དང

    ཟླ་བར་བཅར་བ་དང་
    རི་བོང་དྲན་པ་ནི
    དགའ་མ་མེད་པའམ་ཁོ་མོ་དྲན་པའི་མཚན་མ་ཞིག་སྟེ
    དེ་མིན་ན་མཚན་མོ་གཅིག་པུར་རྒྱུ་ཞིང
    ནམ་མཁའི་ཟླ་བ་དང་དེའི་རི་བོང་ཡང་གཉིད་དུ་མི་འཇུག་དོན་ཅི

    གང་གའི་འགྲམ་གྱི་ལྷ་མོ་དེ་གང་གི་རེད
    སུ་ཞིག་ཡིན་ནམ
    ཨ་རི་དང་དབྱིན་ལན
    ཁོ་རི་ཡ་དང་འཇར་པན
    ཡང་ན
    གངས་དཀར་བོད་ཀྱི་སྲས་མོ་ཞིག

    ལྷག་རླུང་ལ་བསྐུར་བའི་རྣམ་དག་གི་སེམས་པ་དེ
    ཤུབ་བ་ཤུར་བུར
    རྒྱང་དུ་ཡང་ཡང་ཁུར་ནའང
    ཤིང་གྲུ་རྒྱག་མཁན་གྱི་རྒན་པོ་དེས་སྐད་ཆ་ལྡབ་ལྡིབ་ཀྱིས
    ཁོ་མོའི་ཅི་ཡང་གསན་པ་མ་བྱུང་ལགས

    ང་གང་གའི་འགྲམ་དང་ཤིང་གྲུ་ལ་སྡོད་ཐེངས་རེ་རེར
    ངས་མཐོང་ཞིང་ཐོས་པ་ནི
    ཡིད་འཕྲོག་པར་བྱེད་གཏམ་རྒྱུད་ཅིག་སྟེ
    མགྲིན་སྔོན་ཟླ་བ༼༡༽་རེད
    ཟླ་བ་གཞོན་ནུ་མ་རེད༼༢༽

    གང་གའི་ཕ་རོལ་ན་ནགས་ཚལ་ཆེན་པོ་དེ་༼༣༽ད་ལྟ་ཡོད་དམ
    རྒྱལ་སྲས་མགྲིན་སྔོན་ཟླ་བའི་བྱ་ཚང་༼༤༽དེ་ཡང་ད་ལྟ་ཡོད་དམ

    ཨོ ངའི་མཐོང་བའི་གང་གའི་ཕ་རོལ་ནི
    ཅི་འདྲའི་ཉམ་ང་ཞིང་བྱེ་ཐང་ཆུང་ཆུང་ངམ་ཡང་ཆེན་པོ་ཞིག་སྟེ
    ནགས་ཀྱི་ཚལ་ཆེན་པོ་དེ་ཡང་མེས་ཚིགས་སམ
    ཡང་ཆུ་ཡིས་བསྣུབས

    རྡོ་ཡི་ཕོ་བྲང་ན་ཅི་ཞིག་ཡོད་དམ
    ཅི་ཡང་མི་འདུག་སྟེ
    སྙིང་ནས་དུང་བའི་མགྲིན་སྔོན་ཟླ་བ
    རྡོ་རུ་གྱུར་འདུག

    ༼༡༽མགྲིན་སྔོན་ཟླ་བ་ནི་དུས་རབས་བཅོ་བརྒྱད་པའི་འགོར་སྟག་ཕུ་པ་བློ་བཟང་རྒྱ་མཚོས་མཛད་པའི་སྔ་རབས་རྒྱ་གར་གྱི་རྒྱལ་པོ་ལྷ་སྣང་སྟོབས་ལྡན་གྱི་སྲས། རྒྱལ་བུ་ཆོས་ཀྱི་དགའ་བ་ཞེས་བ་གྲོགས་ཀྱི་བསླུ་བྲིད་ལས་བྱ་ཁུ་བྱུག་གི་ལུས་རྟེན་ལ་འཕོས་པ་དང་། དེ་ནས་བྱ་དང་རི་དྭགས་སྣ་ཚོགས་ལ་ཕན་བཏེགས་པའི་སྐོར་ཀྱི་གཏམ་རྒྱུད་ཡིད་འཕྲོག་ཅིང་སེམས་སྐྱོ་བ་ཞིག་ཡིན།
    ༼༢༽ ཟླ་བ་གཞོན་ནུ་ནུ་གང་ག་དང་ཐག་རིང་བའི་གནས་ཆེན་ས་ར་ན་ཐིར་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེར་མོར་སློབ་གཉེར་གནང་བཞིན་པའི་བདག་གི་གྲོགས་པོ་ཞིག་ཡིན།
    ༼༣༽སྔར་གང་གའི་ཕ་རོལ་སྟེ་མགྲིན་སྔོན་ཟླ་བའི་ཕོ་བྱང་ཡོད་སའི་ཕྱོགས་དེ་ཚང་མ་ནགས་ཀྱི་ཚལ་ཆེན་པོ་ཞིག་ཡིན་པར་བཤད་རྟོགས་བརྗོད་དེ་ལས་གསུངས།
    ༼༤༽ རྒྱལ་སྲས་ཆོས་ཀྱི་དགའ་བ་རང་གི་གྲོགས་པོ། ཡབ་རྒྱལ་པོ་ལྷ་སྣང་སྟོབས་ལྡན་གྱི་བློན་པོ་སྟོང་དཔོན་ཡ་མཁས་(མིང་འདི་གསལ་བོ་ཞིག་མི་དྲན)ཀྱི་བུ་ལ་གཱ་ཨ་ནས་བསླུ་བྲིད་བྱས་ཏེ་གང་གའི་འགྲམ་དུ་རྩེད་འཇོར་རོལ་བར་བྱིན། འཕོ་བ་གྲོང་འཇུག་གི་གདམས་པ་ལ་བརྟེན་ནས་བྱ་ཁུ་བྱུག་གི་རོ་ལ་གྲོང་འཇུག་བྱས་ཏེ་གང་གའི་ཕ་རོ་དུ་འཕུར་ཏེ་ནགས་ཚལ་ཆེན་པོའི་ཤིང་འབྲས་སོགས་ལ་རོལ། གྲོགས་ལ་གཱ་ཨ་ནས་ལྐོག་ཏུ་གང་གའི་ཚུལ་རོལ་དུ་འཕུར་ཡོང་སྟེ་རང་གི་ཕུང་བོ་ཆུར་བསྐྱུར། རྒྱལ་བུ་ཆོས་ཀྱི་དགའ་བའི་ཕུང་པོར་གྲོང་འཇུག་བྱས་ཏེ་ཕྱིར་ཕོང་བྲང་དུ་ལོག རྒྱལ་སྲས་ཀྱི་བཙུན་མོ་འཁོར་བཅས་ལ་ལོངས་སྤྱད་པ་སོགས་ཡིད་སྐྱོ་ལ་སེམས་འདྲོངས་པའི་གཏམ་རྒྱུད་ཅིག་ཡིན།

    གྲོགས་ཟླ་བ་གཞོན་ནུ་ལགས། ད་ནངས་ཞོགས་པར་ལས་ཤག་ཏུ་འབྱོར་ནས་ཁྱོད་ཀྱི་སྙན་ངག་འདི་མཐོང་འཕྲད་རང་གིས་ཀྱང་འདི་འདྲ་བ་ཞིག་བྲིས་པ་ཡིན། ཡིག་གཏགས་སོགས་ལ་ནོར་འཕྱུག་གང་ཡོད་བཟོད་པར་གསོལ།

  2. ཟླ་བ་གཞོན་ནུ says:
    2010-03-04 at 3:12 am

    ང་གང་གའི་འགྲམ་དང་ཤིང་གྲུ་ལ་སྡོད་ཐེངས་རེ་རེར

    ངས་མཐོང་ཞིང་ཐོས་པ་ནི

    ཡིད་འཕྲོག་པར་བྱེད་པའི་གཏམ་རྒྱུད་ཅིག་སྟེ

    མགྲིན་སྔོན་ཟླ་བ༼༡༽་རེད

    ཟླ་བ་གཞོན་ནུ་མ་རེད༼༢༽

    ཨ་ཧ་ཧ
    བཟོད་རྒྱམ་ལགས།
    སྐྱིད་པོ་ཞིག་བྲིས་འདུག་ལ། འབྲི་སྟངས་ཀྱང་ཡག་པོ་འདུག
    བྱ་མགྲིན་སྔོན་གྱི་སྐོར་དེར་སྔོན་མར་ང་རང་ཡང་ཆ་རྒྱུས་ཅང་མེད་མོད། དྷ་ས་ནས་ཕེབས་པའི་གྲོགས་པོ་ཞིག་གིས་འདིར་ཡོང་སྟེ་དེར་ཡིན་གཅིག་འཁྲིད་དགོས་པའི་སྐོར་བཤད་བྱུང་བས། ང་རང་ཡང་ཐེངས་གཅིག་སོང་མྱོང༌། ཕལ་ཆེར་སྒྲུང་དེའི་སྐོར་འདིའི་ཁུལ་གྱི་མི་རྣམས་ལའང་ཅང་བཤད་རྒྱུ་མི་འདུག་ལ། དེ་འདྲ་ཞིག་ཡོད་པའང་ཤེས་ཀྱི་མི་འདུག ང་རང་གིས་ཀྱང་གྲོགས་པོ་དེ་ལ་བརྟེན་ནས་དེ་སྐོར་གོ་མྱོང་བ་ཙམ་ཡིན།
    རྗེས་ལ་དེབ་དེ་ཡང་ཐེངས་གཅིག་བཀླགས་དུས། ཆུང་དུས་གོ་མྱོང་བའི་སྒྲུང་ཡིད་སྐྱོ་བ་ཞིག་ཡོད་པ་དེ་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (84)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (33)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme