Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ཚིག་ཁག་གཉིས།

Posted on 2012-11-28 By ཁ་བརྡ་ 5 Comments on སྙན་ཚིག་ཁག་གཉིས།
ཁྲོ་གཏུམ།
ཁག་དང་པོ།
འཁྱགས་རླུང་མེད་རུང་གྲང་གི
དབྱར་དགུན་མེད་པའི་དུད་ཁྱིམ་ཞིག་ལ་གནས་ཚང་གཡར་བ
དེ་རིང་གི་གྲང་རེག་ལས་ཐར་བ་མ་ཡིན་འདུག
སང་ཉིན་གྱི་ཕུགས་འདུན་ཏེ
གང་ལྟར       ང་ད་དུང་གྲང་གི་འདུག
 
ལོ་ཟླའི་བང་རིམ་དུ་ཉི་མས་འཚིག་པའི་ངོ་གདོང་ལ
ད་ལོ་སོང་བའི་སྡོམས་རྩིས་ཀྱིས་མི་ཆོག་པར་འདུག
སང་ལོ་ཡི་རེ་བ་ལྷག་མ་སྟེ
གང་ལྟར ང་ད་དུང་གྲང་གི་འདུག
༢༠༡༢    ༡༡    ༢༨ཉིན་བྲིས།
ཁག་གཉིས་པ།
ཁྱོའི་ཁ་མཆུ་བཞུར་བར་རིན་ཐང་ཆེ་སོང་།
———ཁ་ཟླ་བའི་མ་ཁ་ནས་བཞུར་བ་དེ་བསྒྱུར་རྩོམ་ཡིན་ནམ།
གོང་མཛུབ་ཀྱིས་རྒྱའི་རྩོམ་ཡིག་ཅིག་གི་མིང་ཚིག་ཁེར་འདེད་བྱས་ཤིང
སྨྱུ་གུ་ཤོག་ངོས་སུ་རྟ་རྒྱུགས་བྱེད་ཀྱིན་འདུག
གྲལ་མཚེས་ཁྱོད་ཀྱི་དང་ཁར་ཧད་དེ་ཁོང་དགོད་ཅིག་ཤོར་སོང
ཁྱོད་ཀྱི་དང་ཁ་ན་ཁ་མཆུ་འབབ་ཀྱིན་འདུག
སྟོན་ཁའི་བསིལ་རྡོག་དག་བཞིན
ཨར་འདམ་གྱི་རྡོ་གཅལ་སྟེང་དུ་འཁྱིལ
ད་དུང་ཁྱོད་རང་བསྒྱུར་རྩོམ་གྱི་ངོགས་སུ་འཁྱམས་འདུག
མཇུག་མཐར     ངས་ཁྱོད་ཀྱི་བོད་ཟས་རྩོམ་ཡིག་དེར་རོལ་དུས
ཁྱོའི་ཁ་མཆུ་བཞུར་བར་རིན་ཐང་ཆེ་སོང
ཧ….ཧ….ཧ….ཧ
༢༠༡༢    ༡༡    ༢༨ཉིན་བྲིས།
“ངོས་སྦྱོར་ཡི་གེ་ཇི་ལྟར་འབྲི”ཞེས་པའི་རྒྱའི་རྩོམ་ཡིག་ཅིག་གྲོགས་ཁ་ཟླ་བས་བསྒྱུར་བ་མཐོང་རྗེས།
སྙན་ངག

Post navigation

Previous Post: སྤྱི་ཟླ་༡༡པའི་ཚེས་༧ཉིན་ཨ་མདོ་རྔ་བ་ནས་མེར་བསྲེགས་གནང་བའི་རྒྱལ་གཅེས་དཔའ་བོ་གསུམ་གྱི་སྐུ་པར།
Next Post: ཅིའི་ཕྱིར་ན་ཨ་མ་བཟང་།

Comments (5) on “སྙན་ཚིག་ཁག་གཉིས།”

  1. མེ་ཏོག་དཀར་པོ། says:
    2012-11-28 at 12:24 pm

    ཧ་ཅང་གི་སྙན་སོང་། གོ་རྒྱུ་འདུག་ལ་ཚོར་རྒྱུ་ཡང་འདུག

  2. བཙན་མེ་སྟག says:
    2012-11-28 at 1:21 pm

    ཡག་པོ་འདུག བམ་ཀློག་ཐེངས་གཅིག་བྱས་པ་ཡིན། རྗེས་སོར་ལྷོད་ཀྱིས་བཀླག་ཆོག

  3. རང་གྲོལ། says:
    2012-11-28 at 2:14 pm

    ཧ་ཅང་སྙན་མོོོོ་རེེེད་འདུག

  4. རང་གྲོལ། says:
    2012-11-28 at 2:23 pm

    ཁྲོ་གཏུམ་སྙན་ཚིག་ཁྲོ་བོ་གཏུམ་པོ་ཕྱག་དྲུག་པ་དངོས་སུ་ཕེབས་པ་འདྲྲ་ཞིག་རེད་ལགས།

  5. པད་བཀྲ། says:
    2012-11-28 at 10:02 pm

    ངས་རོལ་མྱོང་བྱེད་སྟངས།༼༡༽
    དང་པོ། སྙན་རྩོམ་ཐུང་ཐུང་འདི་ཡིས་ས་མཐའི་དཀའ་ངལ་དེ་ཧྲོལ་གྱིས་བསྟན་འདུག།
    གཉིས་པ། མ་འོངས་བའི་ཆེད་དུ་ད་དུང་དཀའ་ཚེགས་མྱོང་བཞིན་ཡོད་པ།
    གསུམ་པ། བཙན་བྱོལ་ལ་འབྱོར་བ་དཀའ་ངལ་སེལ་ཚར་བ་མིན་པར་ད་དུང་བརྩོན་པ་སྐྱེད་དགོས་བའི་སྐུལ་མ་དང་། ལྡོག་སྟེ། བཙན་བྱོལ་ལ་འབྱོར་བ་ནི་ཕ་ཡུལ་ལ་སླེབས་པར་སྙམ་པའི་སྙིང་མེད་རུས་མེད་དག་ལ་དགག་པ་བྱས་འདུག
    བཞི། འདས་སོང་ལ་གྲགས་ཀ་བརྩི་བ་ཙམ་དང་གླེང་ཙམ་གླེང་ཙམ་གྱིས་མི་ཆོག་པར། མ་འོངས་བ་ལa་བླ་ལྷག་གི་སྟ་གོན་དང་འཆར་གཞི་དགོས་པ་དང་་་དེ་མེད་པ་ན་དགག་པ་བྱས།

    སྤྱི་ཡི་ཆ་ནས་སྙན་རྩོམ་འདི་ན་སྐྱོ་བ་དང་རེ་བ། སྙིང་སྟོབས་གསུམ་གྱི་དྲི་ངད་ཅིག་ཡེ་འབྲུ་རེ་རེ་ཡི་གསེང་ལ་འཐིམས་འདུག།
    ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme