Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྙན་ངག་ལ་སྦྲན་པའི་སེམས།

Posted on 2013-03-032013-03-03 By ཁ་བརྡ་ 1 Comment on སྙན་ངག་ལ་སྦྲན་པའི་སེམས།

སྐྱིད:གངས་སྤྱན།

སྨག་ནག་གིས་ཟོས་ཚར་བའི་མཚན་ལྗོངས་འདིར
ངས་རང་ཉིད་ལ་དབང་མི་འོས་བའི་རྡོག་ཁྲེས་ཤིག་འཁུར་ནས
ཕྱིར་དྲན་གྱི་སྒོ་གླེགས་བར་ནས
དྲན་པ་འདིའི་ལྟག་རྒྱབ་ཀྱི་བདེན་པ་བརྡར་གྱིན་ཡོད

དོ་དགོང་ངས་རྨི་ལམ་རྨི་སྲིད་དམ
རང་ཉིད་ལ་མི་དབང་བའི་རྨི་ལམ་རྨི་སྲིད་དམ

རོལ་དབྱངས་ལ་བརྒྱུས་བའི་སྙན་ངག་འདི
རྨ་ཁ་ལས་བཞུར་བའི་ཁྲག་གི་སྙན་ངག་ཡིན་པས
སྒྲོལ་མ་ལ་བསྟན་པའི་སེམས་ཀྱི་ཁ་དོག་ལོས་ཡིན

རོལ་དབྱངས་ནི་སྨྱོན་པ་བཞིན
སྙན་ངག་རྐུན་མ་བཞིན
སྒྲོལ་མའི་མཛེས་སྡུག་ལ་ལྐོག་བལྟ་བྱེད་དུས
ངས་ད་གཟོད་ཤོག་བུ་དང་སྨྱུག་རྩེ་གཉིས་ཀྱི་བར་ཐག་ཤེས

ཨ་མའི་སེམས་ན་དགུ་ཆུ་ནི་རིང་མོ་ཞིག
ཨ་ཕའི་ངག་ན་ཙོང་ཆུ་ནི་དྭངས་མོ་ཞིག

དགུན་ཁའི་ཟི་ལིང་དང་འདྲ་བའི་ངའི་སེམས་པ
ནམ་མཁའ་ཐེད་པོ་འདིའི་འོག་ན
ས་གཞི་རྡིབ་པོ་འདིའི་སྟེང་ན
ཁེར་རྐྱང་གིས་འདར་ཞིང་ཁེར་རྐྱང་གིས་ངུ་

ངས་ནམ་རྒྱུན་སྒྲོལ་མ་ཟེར་བའི་བུ་མོ་ཞིག་རྨི་ལམ་དུ་རྨི
རྨི་ལམ་གྱི་སྒྲོལ་མ་ལ་རྨི་ལམ་མང་།༱
ཕལ་ཆེར་ང་ཡང་ཁོ་མོའི་རྨི་ལམ་ཞིག་ཡིན་འདུག
རྨི་ལམ་ལ་ཉན་ན……

རྒྱུད་སྐུད་ཀྱི་འདར་སྐྱོམ་བར་ནས
སྨྱུག་ཤོག་གི་གཙུབ་བརྡར་ཁྲོད་ནས
སྒྲོལ་མའི་མཛེས་སྡུག་ཡང་བསྐྱར་ཚར་གཅིག་ཀློག་དུས
ང་ལ་ཐོབ་པ་ནི་ཁ་སང་ཟེར་བའི་ལོ་རྒྱུས་ཤི་བོ་ཞིག་དང
མིག་ཆུ་མང་བའི་སྙན་ངག་ཅིག

བདག་ལ་གློ་བུར་དུ་ངེས་ཤེས་འདི་འདྲ་ཞིག་འཁྲུངས
ངས་སྙན་ངག་ལ་བཀའ་དྲིན་ཆེ་ཞུ་དགོས
སྙན་ངག་གིས་ང་ལ་སྒྲོལ་མར་དགའ་རོགས་དང
སྒྲོལ་མ་དྲན་རོགས། སྒྲོལ་མར་སྒུག་རོགས
ཐ་ན་སྒྲོལ་མ་བརྗེད་རོགས་ཀྱང་བྱས་མྱོང
བཀའ་དྲིན་ཆེ།
སྙན་ངག

༱འབྲོང་ཕྲུག་གི་ཚིག་གཡར་བ །

༢༠༡༢.༡༢.༢༩ཉིན་གྱི་མཚན་མོར་མལ་ཤག་དུ་སྦྱར།

སྙན་ངག

Post navigation

Previous Post: བློ་ཐག་རྦད་ཆོད་སྒོས་རང་སྲེག་ལ་ངོ་རྒོལ་གྱི་འཐབ་རྩོད་སྤེལ་ཏེ་དངོས་གནས་བོད་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་པ།
Next Post: ཆོས་པའི་མིག་ནང་གི་ལམ་དབུ་མ།

Comment (1) on “སྙན་ངག་ལ་སྦྲན་པའི་སེམས།”

  1. རེབ་སྐྱིད་མཚོ says:
    2013-03-04 at 12:46 pm

    སྐྱིད་གངས་ཅན་ལགས་ད་ཁྱེད་སྡུག་གཏམ་དེ་འདྲ་གནང་མ་གནང་ཡོད་མ་རེད་ངས་ལྟས་ན་ད་ཞག་ཁྱེད་ལ་འགྲེན་མི་ནུས་བའི་སྟག་རྒོད་ཅིག་གམ་གཤག་མི་ཐུབ་པའི་རྒྱ་མཚོ་ཞིག་འཕྲད་ཡོད་པ་འདྲ། ཡིན་ཡང་ཐུགས་ཕམ་གནང་དགོས་མ་རེད་འཇིག་རྟེན་འདིར་སྟོབས་ཆེ་ཆུང་ངམ་རྣམ་དཔྱོད་ཀྱི་རྩལ་གྲངས་མུ་མཐའ་མེད་ཕྱིར་དེ་ལ་སེམས་ཕྲེང་ས་ཡོད་མ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme